མདུན་ངོས།
About Us
  • English
Advertisement
བོད་ཀྱི་དུས་བབ།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
    • གླ་ཡོད་རིན་གོང་།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese
No Result
ཆ་ཚང་གཟིགས།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
    • གླ་ཡོད་རིན་གོང་།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese
No Result
ཆ་ཚང་གཟིགས།
བོད་ཀྱི་དུས་བབ།
English
No Result
ཆ་ཚང་གཟིགས།

ཀརྨ་པ་མཆོག་ལྷོ་ཕྱོགས་སུ་ཕེབས་པ།

བོད་ཀྱི་དུས་བབ།
༢༠༠༩/༡༡/༠༦
Share on FacebookShare on TwitterShare on EmailShare on Whatsapp

༧དཔལ་རྒྱལ་བ་ཀརྨ་པ་རིན་པོ་ཆེ་མཆོག་རྒྱལ་སྤྱིའི་འཕྲུལ་རིགས་དང་གློག་བརྙན་བཟོ་བསྐྲུན་གྱི་ལྷན་ཚོགས་ཤིག་ཏུ་ཕེབས་ཡོད་པ་རེད།

ཕྱི་ཚེས་ ༤ ནས་ ༧ བར་གྱི་ཉིན་གསུམ་རིང་རྒྱ་གར་ལྷོ་ཕྱོགས་མེ་སོར་གྲོང་ཁྱེར་ནང་རྒྱལ་སྤྱིའི་འཕྲུལ་རིགས་དང་གློག་བརྙན་བཟོ་བསྐྲུན་གྱི་སྒྱུ་རྩལ་གྱི་ཚོགས་འདུ་ཞིག་སྐོང་འཚོགས་གནང་ཡོད་པ་དང་། ༧དཔལ་རྒྱལ་བ་ཀརྨ་པ་མཆོག་རྒྱལ་སྤྱིའི་ལྷན་ཚོགས་འདིར་མཉམ་ཞུགས་གནང་ཡོད་པ་རེད། ཐེངས་འདིའི་ལྷན་ཚོགས་སྟེང་རྒྱལ་སྤྱིའི་མི་སྣ་ ༡༠༠༠ ལྷག་ཕེབས་ཡོད་པ་མ་ཟད། གསུང་བཤད་གནང་མཁན་གྱི་ཁྲོད་དུ་ཨ་རིའི་སྲིད་འཛིན་ཟུར་པ་སྤེལ་ཁི་ལིན་ཊོན་མཆོག་དང་དབྱིན་ཇིའི་སྲིད་བློན་གྷོར་ཌེན་བྷུ་རོན་མཆོག འཛམ་གླིང་གློག་ཀླད་འཕྲུལ་རིགས་ཀྱི་ཆེད་མཁས་པ་བྷེལ་གྷེ་ཌུ་གཙོས་གཞན་ཚན་རིག་དང་སྒྱུ་རྩལ་སོགས་ལས་རིགས་འདྲ་མིན་གྱི་ཆེད་མཁས་མི་སྣ་མང་པོ་ཞིག་གིས་བགྲོ་གླེང་དང་གསུང་བཤད་གནང་རྒྱུ་ཡིན་འདུག་ལ། ༧དཔལ་རྒྱལ་བ་ཀརྨ་པ་མཆོག་ནས་ཀྱང་ལྷན་ཚོགས་དེའི་སྟེང་མཉམ་ཞུགས་གནང་སྟེ་ཕྱི་ཚེས་ ༧ ཉིན་གསུང་བཤད་གནང་རྒྱུ་ཡིན་པ་མ་ཟད། ཐེངས་འདིའི་ཆིབས་བསྒྱུར་གྱི་གོ་སྐབས་འདི་བརྒྱུད་ཉེ་བའི་དུས་སུ་ཆུ་ལོག་གི་གནོད་སྐྱོན་ཐེབས་པའི་རྒྱ་གར་ལྷོ་ཕྱོགས་ཀྱི་ཀར་ན་ཊ་ཀ་མངའ་སྡེའི་ནང་ཆིབས་བསྒྱུར་གྱིས་ཡུལ་དེའི་མང་ཚོགས་ལ་བསྔོ་སྨོན་གསོལ་འདེབས་གནང་འཆར་ཡོད་འདུག

འབྲེལ་ཡོད་གསར་འགྱུར།

TTT
Mobile App

རྒྱ་ནག་གཞུང་གིས་བོད་ནང་ལག་བསྟར་བྱེད་བཞིན་པའི་དྲག་གནོན་གྱི་སྲིད་ཇུས་ཁག་ལ་མཐའ་གཅིག་ཏུ་ངོ་རྒོལ་ཡོད།

ཆུ་ཚོད་ ༡༨ སྔོན་ལ།
Daily Hunt གསར་ཁང་གི་པར།
Mobile App

རྒྱ་ནག་གིས་ཨི་རན་ལ་གསང་བའི་ངང་དམག་མཚོན་གྱི་རོགས་འདེགས་བྱས་འདུག

ཆུ་ཚོད་ ༡༨ སྔོན་ལ།
TTTT
Mobile App

སྲིད་སྐྱོང་མཆོག་གིས་བོད་དོན་རྒྱབ་སྐྱོར་བ་ཞིག་གི་ནང་མིར་ཐུགས་གསོ་གནང་།

ཆུ་ཚོད་ ༢༢ སྔོན་ལ།
This picture taken and released by Taiwan’s Central News Agency (CNA) on April 7, 2026, shows Kuomintang Chairperson Cheng Li-wen (R) arriving in Shanghai Hongqiao International Airport. Taiwan's main opposition leader landed in China on Tuesday for a rare visit aimed at building cross-strait "peace", as the government warns Beijing will seek to stop US arms sales to the democratic island. (Photo by Lu Chia-jung / Central News Agency (CNA) / AFP) / Taiwan OUT - Macau OUT - China OUT / HONG KONG OUT
RESTRICTED TO EDITORIAL USE - MANDATORY CREDIT "AFP PHOTO / Central News Agency (CNA) Photo" - NO MARKETING - NO ADVERTISING CAMPAIGNS - DISTRIBUTED AS A SERVICE TO CLIENTS
Mobile App

ཐའེ་ཝན་གྱི་ཕྱོགས་འགལ་ཚོགས་པའི་ཚོགས་གཙོ་རྒྱ་ནག་ཏུ་ཕྱིན་འདུག

༢༠༢༦/༠༤/༠༧
tttt
Mobile App

ཨོ་གླིང་བོད་ཀྱི་གཞོན་སྐྱེས་ཆིག་སྒྲིལ་ལུས་རྩལ་འགྲན་ཚོགས་ཐེངས་བཅུ་བཞི་པ་དེ་འཚོག་འཆར་འདུག

༢༠༢༦/༠༤/༠༧
TTT
Mobile App

རྒྱལ་ཚོགས་ཀྱི་མདུན་དུ་ཆུ་ཚོད་དགུ་བཅུའི་རིང་ཟས་བཅད་ངོ་རྒོལ་བྱེད་བཞིན་འདུག

༢༠༢༦/༠༤/༠༧

མཆན། 60

  1. འཇམ་དབྱངས། says:
    ལོ་ 16 སྔོན།

    དྲ་གྲོགས་དངོས་བདེན་ལགས། དོན་དུ་ཁྱོད་རང་དངོས་བདེན་རེད་མི་འདུག ལེགས་བཅོས་གནང་ཐབས་ཡོད་ན་ཡག་པོ་རེད། གནང་ན་ཁོང་གཉིས་ཀྱིས་གསུང་པ་མ་ཟད་གཞན་པ་ཡང་གཅིག་མཚུངས་མ་རེད་དམ།

    Reply
  2. དངོས་བདེན། says:
    ལོ་ 16 སྔོན།

    ཤེས་རབ་ཉི་མ་དང་གྲགས་པ་རྒྱ་མཚོས་གསུང་པ་དངོས་གནས་ཡིན་ན། ད་བཟོད་ལེགས་བཅོས་བྱེད་པའི་དུས་ཚོད་མིན་ནམ།

    Reply
  3. བློ་བྷེ། says:
    ལོ་ 16 སྔོན།

    ༸རྒྱལ་དབང་ཀརྨ་པ་འདི་ངོ་མ་མ་འདྲ་བ་ཞིག་འདུག་མ་གཏོགས་ཞབས་འཁོར་འདི་ཚོའི་ངོ་སྡོང་ལ་བལྟས་ཚེ་སེམས་པ་སྐྱོ་དགོས་པ་རང་རེད། ཁོང་ཚང་གི་ཞབས་འཁོར་དེ་ཚོའི་ངོ་གདོང་ལ་གཅིག་ལྟོས་དང། སློབ་སྦྱོང་དང་། ལྷག་བསམ། སེམས་ཤུགས་དང། མཐུན་ལམ་སོགས་གང་ཡང་མེད་པའི་མི་ནག་སྐྱ་བོ་ཁྱུ་གཅིག་གིས་སོ་སོའི་བཟའ་ཟླ་བུ་ཕྲུག་རྣམས་ཀརྨ་པའི་དཀོར་གྱིས་གསོས་ཏེ་སྡོད་པ་ལས་གང་ཡང་མེད་པ་ཀུན་གྱིས་གསལ་བཞིན་པ་འདི་རེད། ངོ་མ་བཤད་ན་༸རྒྱལ་དབང་ཀརྨ་པ་ལ་དབུ་འོག་དཔུང་འདེགས་བྱེད་མཁན་གྱི་གྲྭ་པ་སྤུས་དག་པོ་གཅིག་ཀྱང་མཐོང་རྒྱུ་མི་འདུག མཚུར་ཕུ་བླ་བྲང་ཟེར་དུས་དེང་སང་རྡ་སའི་སྲང་ལམ་ནང་དུ་《བུད་མེད་ཚོགས་པ》ཞེས་འབོད་ཀྱི་འདུག་དེ་ནི་བོད་ཀྱི་བླ་ཆེན་ཞིག་གི་ཞབས་ཞུ་བ་མི་སྐྱ་དང་བཟའ་ཟླ་བུ་ཕྲུག་ཤ་སྟག་སོང་ཙང་མཐོང་སྣང་མ་དད་པ་བྱུང་བའི་ཟུར་ཟའི་སྐད་ཆ་ཡིན་པ་འདྲ། ད་དུང་ཕྱག་མཛོད་ཟོག་པོ་དེས་ད་ལྟ་བར་དུ་ཀརྨ་པ་ལ་གཟིམས་ཁང་ཐབས་ཆག་ཅིག་ཀྱང་ཐོན་མི་འདུག དེ་ལས་ཚབས་ཆེ་བ་ཞིག་ལ། ཁོ་རང་གཞུང་དཔེ་ཆ་ཟེར་བ་མིག་གིས་མཐོང་མྱོང་མེད་ཙང་ཀརྨ་པ་ལ་མཚན་ཞབས་པ་ཉུང་དུ་གཏོང་རྒྱུའི་ཐབས་བྱུས་སོགས་ཀརྨ་པའི་གསན་བསམ་ལ་དོ་ཕོག་ཤུགས་ཆེན་གཏོང་བཞིན་པའི་གནས་ཚུལ་མི་ཉུང་བཞིག་ཀྱང་འདུག་པ་འདི་ཚོ་ངོ་མ་ང་ཚོ་བོད་སྤྱིའི་མདུན་ལམ་རྩ་མེད་བཟོ་བ་དང་། ཁྱད་པར་ཀརྨ་པའི་མཛད་འཕྲིན་ལ་དེ་བས་ཚབས་ཆེན་གྱི་གནོད་པ་ཞིག་བསྟན་དགྲ་རྒྱ་དམར་གྱིས་ཀྱང་བཟོ་མི་ཐུབ།

    Reply
  4. གྲགས་པ་རྒྱ་མཚོ། says:
    ལོ་ 16 སྔོན།

    ཡི་མ་རངས་པའི་ཚིག་ཟེར་ལ་བཅོས་རོགས།

    Reply
  5. ཤེས་རབ་ཉི་མ། says:
    ལོ་ 16 སྔོན།

    རྒྱལ་བ་ཀརྨ་པ་ནི་དངོས་གནས་བླ་མ་ཡག་པོ་ཞིག་འདུག ཞབས་འཁོར་ཁ་ཤས་ནི་བཅོལ་འགྲོལ་དམག་དཔོན་སླེབས་པ་ལྟ་བུ་མཐོང་། དེང་སང་དབང་མཛད་བོད་ཀ་མ་ཟེར་མཁན་ཞིག་བཀའ་བརྒྱུད་སྨོན་ལམ་གྱི་དབང་མཛད་རེད་ཟེར། མི་གཞན་ལ་མཐོང་ཆུང་བརྙས་བཅོས། ཡི་རངས་པའི་ཚིག་ཟེར། དེ་འདྲ་མཐོང་རྒྱ་ཆུང་བའི་མི་ཞིག་འདུག ཀརྨ་པ་ཁོ་རང་ཡིན་བསམ་པ་ཞིག་ལས་གང་ཡང་མི་འདུག ཁོ་འདྲ་བ་དཔོན་པོ་ཆགས་ན་ཀརྨ་པ་ལ་དད་པ་ཡོད་མཁན་རྣམས་ད་གཟོད་བསོད་ནམས་ཟད་འདུག

    Reply
  6. སྨར་དྷི་ཟེར། says:
    ལོ་ 16 སྔོན།

    ལགས་སོ་ཡིན་ནའང་ཁྱེད་ཀྱི་གསུང་པའི་སྐད་ཆ་ལ་ངོས་ལེན་ཞུས་འདོད་མ་སྐྱེས་
    ཀྱང་འོན་ཀྱང་། གུར་རྒྱབ་ཁྱི་ལ་རྡོ་ཞུས་ན། །གུར་ནང་བླ་མ་ཐུགས་འཁྲོལ། ཞེས་པའི་དཔེར་ལྟ་འགྱུར་ཉེན་ལ་དོགས་རིང་ཞིང་འདུག་དགོས་བྱུང་།

    Reply
  7. སྙེ་བྲག་བསྟན་ཆོས། says:
    ལོ་ 16 སྔོན།

    སྐུ་ཞབས་སྨར་དྷི་ལགས་གང་ཉིད་ནས་ལྷག་བསམ་གྱི་དུང་སྒྲ་ལྕེ་རྩེར་ཁྱེར་ཏེ་དཔྱད་གཏམ་མང་པོ་ཞིག་གླེང་སྟེང་འདིར་བཀོད་འདུག་པས་རྗེས་སུ་ཡི་རང་ཞུས་འོས་སུ་མཆིས་ནའང་། གང་ཉིད་ནས་དཔལ་རྒྱལ་དབང་ཀརྨ་པ་མཆོག་རྒྱ་གར་ལྷོ་ཕྱོགས་སུ་ཆིབས་བསྒྱུར་བསྐྱངས་པ་དེའི་ཐོག་གང་ཉིད་རི་བོང་གནམ་བརྡིབས་ཀྱི་གདུང་བསྔལ་དང་གང་ཟག་རེ་ཟུང་ལ་ཟུར་ཟའི་དཔྱད་གཏམ་མང་པོ་ཞིག་གླེང་འདུག་པས་དེ་ནི་བསྐོར་རྒྱུ་ཕ་བོང་ལ་སྐོར་ཏེ་སྡིག་རྒྱུ་རི་བོང་ལ་སྡིག་ཞེས་པའི་དཔེ་ལྟར་གང་ཉིད་བོད་དོན་གྱི་སྤྱི་སེམས་ཁ་ལ་ཁྱེར་ཏེ་དཔལ་རྒྱལ་དབང་ཀརྨ་པ་མཆོག་ལ་འཁྱོག་བརྗོད་ཀྱི་གཏམ་གླེང་ཞིག་མིན་ན་གང་ཡིན། གང་ཉིད་ནས་བཤད་པའི་བླ་མས་སྲིད་ཀྱི་བྱ་བ་མཛད་ན་མི་མཛེས་ཞེས་པའི་ཚིག་དེ་ནི་ང་ཚོ་ཁ་བའི་ལྗོངས་འདི་ཞི་བདེ་བག་ཕེབས་ཀྱི་བཙན་པོ་ཆོས་རྒྱལ་མེས་དཔོན་རྣམ་གསུམ་གྱི་དུས་རབས་སྐབས་སུ་ཡིན་ན་གང་ཉིད་ནས་བཤད་པ་བཞིན་ཤིན་ཏུ་ལེགས་སུ་མཆིས་ཞིང་ཡིན་ནའང་ད་ལྟའི་གནས་སྐབས་སུ་ང་ཚོ་ཁ་བའི་ལྗོངས་འདི་ཆེས་གཉན་ཕྲང་ཅན་གྱི་དུས་ཚོད་གང་འདྲ་ཞིག་ལ་སླེབས་པ་ཁྱེད་ཀྱི་དགོངས་བསམ། ཁྱེད་ཀྱི་བཤད་པ་ལྟར་ན་བླ་མ་དམིགས་བསལ་བ་ཞིག་ཡིན་ན་མ་གཏོགས་ཆོས་སྲིད་བཟུང་འབྲེལ་གྱི་བྱ་བ་བྱེད་མི་དགོས་སྙམ་ན་ད་ལྟའི་དུས་སུ་ང་ཚོའི་བཀའ་བློན་མཁས་དབང་ཟམ་གདོང་རིན་པོ་ཆེ་ཡང་ཁྱེད་ལྟར་ན་མི་སྨྲ་བའི་བརྟུལ་ཞུགས་འཛིན་ཏེ་དབེན་པའི་གནས་སུ་བཞུགས་དགོས་པ་རེད་དམ། དེ་ཙམ་གྱི་མ་ཟད་ང་ཚོས་ཐག་རིང་དུ་བསམ་ཞིག་གཏོང་མི་དགོས་པར་ལོ་རྗེས་མའི་བཀའ་བློན་ཁྲི་པའི་འོས་འདེམས་དེ་ཡང་གོང་ས་སྐྱབས་མགོན་ཆེན་པོ་མཆོག་དང་བཀའ་བཤག་གིས་བཀའ་སློབ་ལམ་སྟོན་རབ་དང་རིམ་པ་མང་པོས་མ་འོངས་པར་བཀའ་བློན་ཁྲི་པ་དེ་གཞོན་སྐྱེས་ཞིག་ལ་འོས་འདེམས་བླུགས་དགོས་པའི་བཀའ་སློབ་ལྟར་ན་ཁྱེད་ཀྱིས་ང་ཚོའི་སྤྱི་ཚོགས་འདིའི་སྟེང་དུ་གཞོན་སྐྱེས་ལོ་ན་བཅོ་བརྒྱད་ནས་བཞི་བཅུའི་བར་གྱི་གཞོན་སྐྱེས་ཞིག་ཡུལ་ལུང་བྱེ་བྲག་རེ་ཟུང་ལ་ཕན་པའི་བཀའ་བློན་ཐོབ་སྲིད་ནའང་ཆོལ་གསུམ་སྤྱི་ལ་ཕན་པའི་ཤེས་འཇོན་ལྷག་བསམ་དང་འཛམ་གླིང་གི་གྲགས་ཅན་མི་སྣ་ལྷན་དུ་དཔུང་པ་མཉམ་གཤིབས་བྱས་ཏེ་བོད་དོན་ལ་ཕན་པའི་བྱ་བཞག་སྒྲུབ་མཁན་གྱི་གཞིས་བྱེས་བོད་མི་སྐྱ་བོ་ཞིག་ཁྱེད་ཀྱི་བརྙེས་སྲིད་དམ། ང་ཚོའི་སྤྱི་ཚོགས་འདི་རང་དབང་གི་བདེན་མཐའ་ཡང་གསལ་མེད་ལ་མ་འོངས་པར་ཡང་ད་དུང་ང་ཚོ་བཙན་བྱོལ་སྤྱི་ཚོགས་འདི་ཇི་འདྲ་ཞིག་ཏུ་འགྱུར་མིན་གང་ཉིད་ཀྱི་བློ་ཡུལ་དུ་འཁོར་མེད་པ་རེད་དམ། ཟུར་བལྟས་ལེབ་མཐོང་གི་དཔེ་ལྟར་ཉེ་ཆར་ཆོལ་ཁ་ཆོས་བརྒྱུད་ཀྱི་མང་ཚོགས་ནས་ལྷག་བསམ་གྱི་འདེམས་ཐོན་དང་རེ་བས་སྙེགས་པའི་སྤྱི་འདུས་ཚོགས་ཁང་ཆེན་མོར་ཡང་སྤྱི་འདུས་ག་གེ་མོ་ཞིག་གི་སྒེར་གྱི་གྲོས་ཆོད་དེ་ཉིད་རི་བོང་བཅལ་སྒྲོགས་ལྟ་བུ་གྱུར་ཏེ་ཚོགས་ཁང་ཆེན་མོ་གཏོང་ལྷང་ལྷང་དུ་གྱུར་ཞིང་གཞིས་བྱེས་བོད་མི་མང་ཚོགས་ཀྱི་སེམས་ཁོང་དེ་ཉིད་གྲང་ཤུར་ཤུར་དང་འཁྱག་ཤུར་ཤུར་བཟོས་པ་ཁྱེད་ཀྱི་ཨེ་གོ་ཨེ་རིག་ལག །ང་ཚོའི་སྤྱི་ཚོགས་འདིའི་སྟེང་རྒྱལ་དབང་ཀརྨ་པ་ཙམ་དུ་མ་ཟད་གཞོན་སྐྱེས་སུ་ཞིག་ཡིན་ནའང་གྲགས་ཅན་གྱི་མི་སྣ་ལྷན་དུ་སྤྱི་དོན་དང་སྒེར་དོན་གང་ཞིག་གིས་ཐོག་ནས་དཔུང་པ་མཉམ་གཤིབས་ཀྱི་གོམ་གང་མདུན་སྤོས་ཀྱི་གླེང་སྟེང་དེ་འདྲའི་སྟེང་དུ་ཕེབས་པ་ནི་ང་ཚོས་དགའ་སྤོབ་ཆེན་པོས་རྗེས་སུ་ཡི་རང་ཞུ་བ་ལས་ངན་རྨད་སྐྱོན་ཚང་གི་ཁ་ཕོ་དེ་མ་སྤྱོད་ན་མི་འཚམ་མམ། གང་ལྟར་ཁྱེད་ནི་རྣམ་དཔྱོད་དང་ལྷག་བསམ་ཅན་གྱི་བོད་མི་ཙམ་ཟན་ཞིག་ཡིན་ན་བོད་ཀྱི་རྩ་དོན་ལ་ཕན་པའི་རྩམ་ཆོས་ལས་ངན་ཚང་དང་འདོད་གཏམ་གྱི་རྩམ་ཆོས་རིགས་ལ་ཅུང་ཉུང་ཙམ་སྤེལ་བའི་རེ་འདུན་མཆིས་སོ།།

    མཛད་སྤྱོད་ཟབ་ཡངས་དཀྱིལ་ཆེའི་གཞོན་ནུ་ཀརྨ་པ། །ཁྱེད་ཀྱི་འོད་སྟོང་གོ་ལའི་ཁྱོན་འདིར་འོད་ཆིམ་ཆིམ། །
    སྐར་ཚོགས་གྲངས་མེད་ནང་ནས་ཁྱེད་ཉིད་ཁྲ་ལྷེམ་ལྷེམ། །ན་གཞོན་རྒྱུ་སྐར་ཚོགས་ན་ཁྱེད་ཉིད་བཀྲག་ཆེར་ཆེར། །
    ཁྱེད་ལ་རེ་སྙེགས་བཅང་བའི་ཁ་བའི་བུ་ཕྲུག་གི། །བདེན་མཐའི་ལམ་དུ་བཞུད་ཤིགས་རྒྱལ་མཆོག་ཀརྨ་པ། །
    མི་སྨྲའི་རྟུལ་ཞུགས་མི་བཞུགས་སེངྒེའི་ང་སྒྲ་ཞིག །གངས་ཅན་ལྗོངས་སུ་སྒྲོགས་ཤིགས་རྒྱལ་མཆོག་ཀརྨ་པ། །

    Reply
  8. ནོར་བུ་གླིང་ཁ། says:
    ལོ་ 16 སྔོན།

    ཀརྨ་པ་ལ་རྐུ་མ་བརྒྱ་ཡིས་བསྐོར༎
    རྐུ་མ་དེ་ཚོ་ཇེ་ཕྱུག་ཇེ་དར་རེད༎
    ཟེར་བའི་བཤད་སྲོལ་དེ་ངོ་མ་བདེན་པ་རེད། དེང་སང་ཀརྨ་པའི་སྐུ་འཁོར་འདི་ཚོར་གཅིག་བལྟས་ན་ཤེས་ཐུབ།

    Reply
  9. འཇམ་དབྱངས། says:
    ལོ་ 16 སྔོན།

    ཧ་ཧ་ཧ། བསྟན་པ་ཡར་འཕེལ་གྱི་ཁོག་ཏུ་མོ་འདྲེ་ཞིག་གིས་ཤུགས་རྐྱེན་ཐེབས་འདུག དྲང་མོ་བཤད་དང་། དངོས་གནས་རེད་དམ།

    Reply
  10. བསྟན་པ་ཡར་འཕེལ། says:
    ལོ་ 16 སྔོན།

    སྨར་དྷི་ཟེར་གྱི་སྐད་ཆ་ལ་རྒྱུ་མཚནམེད་པ་གཅིག་ཀྱང་མི་འདུག་གུས་པས་མཐའ་གཅིག་ཏུ་རྒྱབ་སྐྱོར་ཡོད།

    Reply
རྗེས་མ།

དཔྱད་མཆན་སྤེལ། Cancel reply

Your email address will not be published. Required fields are marked *

སྤྱི་ཚོགས་དྲ་གནས།

ཁྱབ་བསྒྲགས།

དྲ་ངོས་ཀྱི་གནས་ཚུལ་ཚང་མའི་པར་དབང་བོད་ཀྱི་དུས་བབ་ལ་ཡོད།

གློག་འཕྲིན།

editor@tibettimes.net | office@tibettimes.net

ཁ་པར།

+91-98823-47075 | +91-92189-38041 | +91-81972-44372

Welcome Back!

OR

Login to your account below

Forgotten Password?

Retrieve your password

Please enter your username or email address to reset your password.

Log In

Add New Playlist

No Result
ཆ་ཚང་གཟིགས།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
    • གླ་ཡོད་རིན་གོང་།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese