མདུན་ངོས།
About Us
  • English
Advertisement
བོད་ཀྱི་དུས་བབ།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
    • གླ་ཡོད་རིན་གོང་།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese
No Result
ཆ་ཚང་གཟིགས།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
    • གླ་ཡོད་རིན་གོང་།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese
No Result
ཆ་ཚང་གཟིགས།
བོད་ཀྱི་དུས་བབ།
English
No Result
ཆ་ཚང་གཟིགས།

བོད་ནང་གི་འགྲོ་བ་མིའི་ཐོབ་ཐང་གི་གནས་སྟངས།

བོད་ཀྱི་དུས་བབ།
༢༠༠༩/༡༡/༠༦
Share on FacebookShare on TwitterShare on EmailShare on Whatsapp

མཉམ་འབྲེལ་རྒྱལ་ཚོགས་དང་ཡུ་རོབ་མཐུན་ཚོགས། བཙན་བྱོལ་བོད་གཞུང་ཕྱི་དྲིལ་ལས་ཁུངས་ཀྱི་འགྲོ་བ་མིའི་ཐོབ་ཐང་སྡེ་ཚན་བཅས་ཀྱིས་བོད་ནང་གི་འགྲོ་བ་མིའི་ཐོབ་ཐང་སྐོར་ལ་སྙན་ཐོ་ཞིག་བཏོན་ཡོད་པ་རེད།

ཕྱི་ཚེས་ ༤ ཉིན་བཙན་བྱོལ་བོད་གཞུང་ཕྱི་དྲིལ་ལས་ཁུངས་ཀྱིས་སྙན་ཐོ་དེ་བསྒྲགས་ཡོད་ལ། སྙན་ཐོའི་སྒང་དུ་རྒྱ་ནག་གི་མི་རིགས་སྲིད་བྱུས་ལ་བསྐྱར་ཞིབ་མདོར་བསྡུས་ཤིག་དང་བཅས་ཐོག་མར་བོད་ནང་གི་ཆབ་སྲིད་ཀྱི་བཙན་གནོན་སྐོར་ལ་བཤད་དོན། རྒྱ་ནག་གཞུང་གི་བཤད་ཚུལ་ལྟར་ན་ ༢༠༠༦ ལོའི་ལོ་མཇུག་ལ་རྒྱ་ནག་རྒྱལ་ཡོངས་སུ་གྲངས་ཉུང་མི་རིགས་ཀྱི་ལས་བྱེད་ས་ཡ་ ༢་༩༩༤ ཡོད་པ་དང་། དེ་ནི་ ༡༩༧༨ ལོ་དང་བསྡུར་ན་ལྡབ་ ༣་༨ ཀྱིས་འཕར་ཡོད་ཟེར། རྒྱ་ནག་འོག་གི་རང་སྐྱོང་ལྗོངས་ལྔའི་སྲིད་སྐྱོང་བ་རིམ་པའི་ལས་བྱེད་ཕལ་ཆེ་བ་ནི་གྲངས་ཉུང་མི་རིགས་ཡིན། ཡིན་ཡང་གྲངས་ཉུང་མི་རིགས་ཀྱི་ལས་བྱེད་འདི་དག་ནི་དོན་དངོས་ཐོག་སྲིད་བྱུས་ཐག་གཅོད་བྱེད་མཁན་གྱི་རིམ་པར་བཞག་མེད། བོད་ཁུལ་དུ་གཞུང་གི་ལས་བྱེད་བརྒྱ་ཆ་ ༥༠ ནི་བོད་རིགས་ཡིན། ཁོང་ཚོར་ཆབ་སྲིད་ཐག་གཅོད་ཀྱི་གོ་ས་སྤྲད་པ་དེ་དག་ཀྱང་མིང་ཙམ་དུ་ལྷག་ཡོད། རང་སྐྱོང་ལྗོངས་འདི་དག་གི་ལས་དོན་ཐག་གཅོད་ཀྱི་དབང་ཚད་ཡོད་མཁན་ངོ་མ་དེ་དམར་ཤོག་ཚོགས་པའི་དྲུང་ཆེ་ཡིན། ད་ལྟའི་ཆར་ལྗོངས་ལྔ་དེ་དག་གི་ནང་དུ་གོ་ས་འདི་གྲངས་ཉུང་མི་རིགས་ཤིག་གིས་བཟུང་བ་ཞིག་མེད། ༡༩༦༥ ལོར་བོད་རང་སྐྱོང་ལྗོངས་བཙུགས་པ་ནས་ད་བར་དུ་གོ་ས་འདི་བོད་པ་ཞིག་གིས་བཟུང་མྱོང་མེད་ཅེས་བཀོད་འདུག

དཔལ་འབྱོར་འཛུགས་སྐྲུན་གྱི་ཕྱོགས་ནས་བཤད་ན། རྒྱ་ནག་གཞུང་གིས་ ༡༠༨༠ གྱ་གྲངས་ནང་དུ་བོད་ཀྱི་དཔལ་འབྱོར་འཛུགས་སྐྲུན་ཐད་ལམ་ལུགས་གཉིས་བཏོད་ཡོད་ལ། དང་པོ་ནི་བོད་ནང་གི་དཔལ་འབྱོར་འཛུགས་སྐྲུན་ཁྲོད་བོད་མི་རྣམས་ཀྱིས་མཉམ་ཞུགས་དང་སྣེ་ཁྲིད་བྱེད་རྒྱུ་དེ་ཡིན་ལ། རིམ་པ་གཉིས་པ་ནི་ཉམས་མྱོང་དང་ལག་རྩལ་ཡོད་མཁན་གྱི་རྒྱ་རིགས་ཚོས་མགོ་ཁྲིད་པའི་རོགས་རམ་འོག་ནས་བོད་ནང་གི་དཔལ་འབྱོར་འཛུགས་སྐྲུན་བྱེད་རྒྱུ་དེ་ཡིན་ལ། བརྒྱད་ཅུ་གྱ་གྲངས་ཀྱི་དཀྱིལ་ནས་བཟུང་རྒྱ་ནག་གིས་རིམ་པ་གཉིས་པ་འདི་ལག་བསྟར་བྱས་ཡོད། ༡༩༩༤ ལོའི་བོད་ཀྱི་ལས་དོན་ཚོགས་འདུ་ཐེངས་གསུམ་པའི་སྟེང་དུ། དཔལ་འབྱོར་འཛུགས་སྐྲུན་བརྒྱུད་བརྟན་ལྷིང་དང་བདེ་འཇགས་ལ་སྟངས་འཛིན་བྱེད་རྒྱུའི་སྲིད་བྱུས་དེ་བཟུང་བ་དང་། ༢༠༠༡ ལོའི་བོད་ཀྱི་ལས་དོན་ཚོགས་འདུ་ཐེངས་བཞི་བའི་སྐབས་ནས་བཟུང་དཔལ་འབྱོར་ཅན་དུ་བསྒྱུར་བའི་ཁྲོད་ནས་མི་རིགས་ཀྱི་འདུ་ཤེས་རྩ་མེད་བཟོ་བའི་སྲིད་བྱུས་བཟུང་ཡོད། ཅེས་དང་།
རྒྱ་ནག་གཞུང་གི་འཛུགས་སྐྲུན་འཐབ་བྱུས་འདི་ལ་ཐོབ་ཐང་གཞིར་བཟུང་དང་དགོས་མཁོ་གཞིར་བཟུང་གི་ཁ་ཕྱོགས་མེད། བོད་ནང་རང་སྐྱོང་དངོས་མེད་པར་བརྟེན་བོད་མི་རྣམས་འཛུགས་སྐྲུན་གྱི་གོ་རིམ་ཁྲོད་དབང་ཆ་མེད་པ་དང་དབང་ཆ་ཐག་གཅོད་ཀྱི་བྱེད་མཁན་གྱི་དབང་འཛིན་མི་སྣ་ཆགས་མེད་པས་ཡིན་ལ། དགོས་མཁོ་གཞིར་བཟུང་གི་སྲིད་བྱུས་མེད་པ་ནི། རྒྱ་ནག་གཞུང་གིས་གཞུང་ལམ་དང་ལྕགས་ལམ་སོགས་འཛུགས་སྐྲུན་གྱི་རྣམ་གྲངས་གཙོ་བོར་བཟུང་སྟེ་བོད་མི་ཚོའི་གཞི་རྩའི་དགོས་མཁོར་བསྟུན་མེད་པས་ཡིན། གོང་གི་འཛུགས་སྐྲུན་འདི་དག་ནི་ཚོང་པ་དང་ཞབས་ཞུ་པ། གཞུང་གི་ལས་བྱེད་པ་བཅས་ལ་དམིགས་ཤིང་དེ་དག་ཁྲོད་བོད་མི་ཉུང་ཙམ་ལས་མེད། བོད་རིགས་བརྒྱ་ཆ་ ༨༠ ལྷག་ནི་ཞིང་འབྲོག་གི་འཚོ་བར་བསྟེན་ཡོད་སྟབས་བོད་མིའི་དགོས་མཁོར་འཚམ་པའི་དཔལ་འབྱོར་འཛུགས་སྐྲུན་བྱས་མེད། དེ་བཞིན་དཔལ་འབྱོར་དེ་སྲིད་དོན་གྱི་ལག་ཆར་སྤྱད་པ་དང་། གྲོང་ཁྱེར་འཛུགས་སྐྲུན་ལ་ཕྱོགས་པ། བོད་མི་རྣམས་མཐར་འདེད་བྱས་པ་སོགས་བཀོད་ཡོད།

སློབ་གསོའི་ཐད་ནས། རྒྱ་ནག་གིས་བོད་ལ་འཛིན་པའི་སློབ་གསོའི་སྲིད་བྱུས་ནི་ཆབ་སྲིད་བསམ་བློའི་སློབ་གསོ་ཡིན། བོད་མི་རྣམས་ཏང་དང་མེས་རྒྱལ་ལ་དགའ་དགོས་པ་དེ་རེད། ༢༠༠༩ ལོར་རྒྱ་ནག་གིས་རྒྱལ་གཅེས་ཀྱི་སློབ་གསོའི་ལས་འགུལ་བསྐྱར་དུ་སྤེལ་བ་དང་། སློབ་གསོའི་ལམ་ལུགས་དང་ཡིག་རྒྱུགས་སོགས་ཀྱི་ནང་དུ་གྲངས་ཉུང་མི་རིགས་མཐུན་སྒྲིལ་གྱི་རིགས་བཅུག་སྟེ་ཆབ་སྲིད་བསམ་བློའི་སློབ་གསོ་སྔར་ལས་ཇེ་དམ་དུ་ཕྱིན་ཡོད། རྒྱ་ནག་གི་སློབ་གསོའི་སྲིད་བྱུས་ནང་དུ་གྲངས་ཉུང་མི་རིགས་དག་གི་ལོ་རྒྱུས་དང་། གོམས་སྲོལ། སྐད་ཡིག སློབ་གསོ་སོགས་ལ་བརྩི་བཀུར་མེད་ལ་སློབ་ཁྲིད་ཀྱང་བྱེད་ཀྱིན་མེད་པར་ནག་གསུབ་གཏོང་བའི་དམིགས་ཡུལ་དེ་བཟུང་ཡོད། འདི་དག་ལ་བརྟེན་གྲངས་ཉུང་མི་རིགས་ཀྱི་བྱིས་པ་ཚོས་རང་ཉིད་ཀྱི་རིགས་རྒྱུད་ནི་དམའ་རིམ་ཞིག་ཡིན་པའི་ཚོར་སྣང་ཡོང་གི་ཡོད། བོད་ཀྱི་སྐད་ཡིག་གི་ཕྱོགས་ནས་བཤད་ན། སྐད་ཡིག་གི་དཀའ་རྙོག་ཐག་མ་བཅད་བར་དུ་སློབ་གྲྭའི་ནང་གི་སློབ་གསོ་ཡར་རྒྱས་ནི་ཡོང་ཐབས་མེད་པ་ཞིག་ཆགས་ཡོད། མཁས་དབང་དཔལ་ལྡན་ཉི་མས་བོད་ནང་གི་རྒྱ་སྐད་དང་འབྲེལ་བའི་དཀའ་རྙོག་ཐད་བཤད་དོན། བོད་ནང་ལ་རྒྱ་ནག་གི་དཔལ་འབྱོར་གྱི་ཤུགས་རྐྱེན་བསླེབས་པ་ནས་བཟུང་བོད་ཀྱི་སྐད་ཡིག་གི་གནས་སྟངས་སྔར་ལས་ཇེ་ཞན་དུ་གྱུར་ཡོད་ཟེར། རྒྱ་ནག་གཞུང་གིས་རྩ་ཁྲིམས་ནང་གྲངས་ཉུང་མི་རིགས་ཀྱི་སྐད་ཡིག་གི་ཐོབ་ཐང་ནི་ཁྲིམས་མཐུན་ཡིན་པར་བཀོད་ཡོད་ཀྱང་། བོད་ནང་དུ་རྒྱ་སྐད་ནི་འཛིན་སྐྱོང་དང་ཚོང་ལས་ཀྱི་སྐད་ཡིག་ལ་སྤྱོད་ཀྱིན་ཡོད། ༡༩༩༧ ལོ་ནས་བཟུང་བོད་ནང་གི་སློབ་གྲྭ་ཕལ་ཆེ་བའི་ནང་དུ་རྒྱ་སྐད་ནི་སྐད་བརྡའི་བརྒྱུད་ལམ་དུ་གྱུར་ཡོད་ཟེར།

བོད་ཀྱི་ནང་ཆོས་ཕྱོགས་ནས་བཤད་ན། ༢༠༠༨ ལོའི་ཞི་རྒོལ་གྱི་རྗེས་ནས་བཟུང་། རྒྱལ་གཅེས་སློབ་གསོའི་ལས་འགུལ་དེ་སྔར་ལས་ཤུགས་ཆེ་རུ་བཏང་སྟེ་དགོན་པ་ཁག་དང་གཞི་རིམ་མང་ཚོགས་ནང་སྤེལ་ཡོད། བོད་རང་སྐྱོང་ལྗོངས་ཀྱི་དམར་ཤོག་དྲུང་ཆེ་གཞོན་པ་ཧའོ་ཕིན་གྱིས་བཤད་དོན། གྲྭ་དམངས་རྣམས་རྒྱལ་གཅེས་ཅན་དུ་བསྒྱུར་རྒྱུའི་ལམ་སྟོན་སློབ་གསོ་ནི་རྒྱལ་གཅེས་ཀྱི་སློབ་གསོ་དེ་ཡིན་པར་ཟེར། འདི་ནི་པེ་ཅིན་གྱིས་ནང་ཆོས་འདི་དམར་ཤོག་ཚོགས་པའི་སྒྲོམ་གཞིའི་ནང་འཇུག་ཐབས་དེ་ཡིན་ལ། གནས་སྟངས་འདིའི་འོག་ནས་ནང་ཆོས་ལ་སློབ་གཉེར་འཐུས་ཚང་ཞིག་ཡོང་མི་ཐུབ་པ་ནི་གསལ་བོ་རེད། གཞུང་གི་བཀའ་མ་རྩིས་པར་བསྙད་དེ་གྲྭ་པ་དང་བཙུན་མ་སྟོང་ཕྲག་མང་པོ་འཛིན་བཟུང་དང་དགོན་པ་ནས་ཕྱིར་འབུད། བཀག་ཉར་སོགས་བྱས་ཡོད། ད་དུང་ཏཱ་ལའི་བླ་མར་དགག་རྒྱག་གི་ལས་འགུལ་སོགས་ཀྱང་ཡོད་ཟེར།

མི་རིགས་ཁྱད་གསོད་ཀྱི་ཐད་ནས། ༢༠༠༨ ལོའི་ཞི་རྒོལ་སྐབས་རྒྱ་གཞུང་གིས་འཁྱོག་བརྗོད་ཀྱི་དྲིལ་བསྒྲགས་ཤུགས་ཆེར་བྱས་པ་དེས་གྲངས་ཉུང་མི་རིགས་ལ་ཁྱད་གསོད་དང་རྔམ་དྲག་བསླངས་ཡོད། བོད་མི་རྣམས་ནི་སོ་སོ་བོད་པ་ཞིག་ཡིན་པའི་རྐྱེན་གྱིས་མགྲོན་ཁང་ནས་ཕྱིར་འབུད་བྱས་པའི་གནས་ཚུལ་ཡང་བྱུང་ཡོད། ལྷ་ས་ནས་མདོ་སྨད་དང་མདོ་སྟོད་ཀྱི་མི་གནས་སྡོད་ཆོག་མཆན་གྱི་ལག་འཁྱེར་མེད་མཁན་རྣམས་འཛིན་པ་དང་ཕྱིར་འབུད་སོགས་བྱས་ཡོད། དེ་བཞིན་བོད་མི་རྣམས་ནི་གྲངས་ཉུང་ཡིན་པར་བརྟེན་མཐའ་འཁོབ་པ་དང་རྗེས་ལུས་པ་ཡིན་པར་ངོས་འཛིན་བྱས་ཏེ། བོད་ཀྱི་རིག་གཞུང་ངོ་མ་དང་གོམས་སྲོལ་སོགས་ལ་སྲུང་སྐྱོབ་དང་གོང་སྤེལ་བྱེད་ཀྱིན་མེད་ཅེས་སོགས་བཀོད་ཡོད་པ་རེད།

འབྲེལ་ཡོད་གསར་འགྱུར།

Mobile App

འབྲས་སྤུངས་བླ་སྤྱི་ནས་དགེ་ལུགས་སྤྱི་འཐུས་གཉིས་དང་འབྲེལ་བའི་ཐག་གཅོད་བླངས་འདུག

ཆུ་ཚོད་ ༢༢ སྔོན་ལ།
A dozen Buddhist monks are trekking from Fort Worth, Texas, to D.C. to promote unity, compassion, and healing across the nation. (Walk for Peace/Facebook)
Mobile App

འཛམ་གླིང་ཞི་བདེའི་ཆེད་ནང་པའི་དགེ་འདུན་ ༡༩ ཡིས་གོམ་བགྲོད་གནང་བཞིན་པ།

༢༠༢༦/༠༡/༠༩
བོད་པའི་ཚོང་ཁང་ ༡༡ ལ་མེ་སྐྱོན་དོན་རྐྱེན་བྱུང་། དྲ་ལམ་གྱི་པར།
Mobile App

བོད་པའི་དགུན་ཚོང་ཁང་ ༡༡ ལ་མེ་སྐྱོན་བྱུང་།

༢༠༢༦/༠༡/༠༩
Trump on Wednesday signed a proclamation withdrawing the US from 31 United Nations organisations.
Mobile App

ཨ་རི་མཉམ་འབྲེལ་རྒྱལ་ཚོགས་ཀྱི་ཚོགས་སྡེ་ ༣༡ ནས་ཕྱིར་འཐེན་བྱ་རྒྱུ་ཡིན་འདུག

༢༠༢༦/༠༡/༠༨
Protesters wave pre-1979 Islamic Revolution flags of Iran during a demonstration against the Iranian regime's crackdown on protests, in central Paris, on January 4, 2026. (Photo by Blanca CRUZ / AFP)
Mobile App

ཨི་རན་ནང་སྲིད་འགྱུར་འབྱུང་ཉེན་འདུག

༢༠༢༦/༠༡/༠༧
The routes come from Indrunag, Gallu Devi, and Chamba over the Indrahar Pass
Mobile App

ཊི་རོན་ཌི་རི་སྒང་དུ་འགྲོ་བར་དམིགས་བསལ་ཆོག་མཆན་ཞུ་དགོས་ཀྱི་འདུག

༢༠༢༦/༠༡/༠༧

མཆན། 4

  1. སྨར་དྷི་ཟེར། says:
    ལོ་ 16 སྔོན།

    དྲྭ་གྲོགས་ནོར་གླིང་གི་གཏམ་དེ་གོ་ཡ་འདུག་་ཁ་སྔོན་ནོར་བུ་གླིང་ཁ་མཛད་རྣམ་
    རྩོམ་སྒྲིག་ཚོགས་མི་མཚན་ཐོ་མཐོང་མ་ཐག་ཏུ་བེ་འཇིག་གི་མཚན་དེ་མེད་པ་འགྱུར་དུས་ཅི་ཡིན་མི་ཤེས་པ་དོག་གཞི་ཞིག་སྐྱེས་སོང་་་་་་་མཛད་རྣམ་སྐོར་གྱི་གསར་
    འགྱུར་མཐར་དྲི་བ་ཞིག་ཕུལ་ཡིན་འོན་ཀྱང་སུ་གང་གི་ལན་སྤྲོད་མ་སོང་བློ་ཕམ་
    བྱུང་དེའི་ཐད་དངོས་ཉིད་མང་ཙམ་གླེང་གློང་བྱེད་མཁན་ཡོད་ན་དགའ་བསུ་ཡོད།

    Reply
  2. ནོར་བུ་གླིང་ཁ། says:
    ལོ་ 16 སྔོན།

    བེ་རི་འཇིགས་མེད་ལགས་ཀྱིས་ལོ་ཤས་སྔོན་ནས་ཚིག་བཅད་གཅིག་ལས་མ་བྲིས་ཀྱང་དེའི་མཇུག་བྱང་དུ་མཛད་རྣམ་རྩོམ་སྒྲིག་པ་ཞེས་ས་བསྒྲགས་གནམ་བསྒྲགས་བྱས་ཀྱང་དོན་ངོ་མ་འདི་ལོའི་མཛད་རྣམ་གྱི་རྩོམ་སྒྲིག་པའི་ཁོངས་སུ་ཟུར་ཙམ་ཡང་འཁོད་མེད་པ་སྙིང་རྗེ། དངོས་གནས་ནོར་གླིང་འགན་འཛིན་འདི་ཚོ་དྲང་པོ་དྲང་ཤག་རེད་འདུག་བསམ།

    Reply
  3. ས་དཀར་བུ། says:
    ལོ་ 16 སྔོན།

    ཡག་པོ་ཞེ་དྲག་བྲིས་འདུག།

    Reply
  4. ནོར་བུ་གླིང་ཁ། says:
    ལོ་ 16 སྔོན།

    བཀླགས་ཟིན།

    Reply

དཔྱད་མཆན་སྤེལ། Cancel reply

Your email address will not be published. Required fields are marked *

སྤྱི་ཚོགས་དྲ་གནས།

ཁྱབ་བསྒྲགས།

དྲ་ངོས་ཀྱི་གནས་ཚུལ་ཚང་མའི་པར་དབང་བོད་ཀྱི་དུས་བབ་ལ་ཡོད།

གློག་འཕྲིན།

editor@tibettimes.net | office@tibettimes.net

ཁ་པར།

+91-98823-47075 | +91-92189-38041 | +91-81972-44372

Welcome Back!

OR

Login to your account below

Forgotten Password?

Retrieve your password

Please enter your username or email address to reset your password.

Log In

Add New Playlist

No Result
ཆ་ཚང་གཟིགས།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
    • གླ་ཡོད་རིན་གོང་།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese