མདུན་ངོས།
About Us
  • English
Advertisement
བོད་ཀྱི་དུས་བབ།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
    • གླ་ཡོད་རིན་གོང་།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese
No Result
ཆ་ཚང་གཟིགས།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
    • གླ་ཡོད་རིན་གོང་།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese
No Result
ཆ་ཚང་གཟིགས།
བོད་ཀྱི་དུས་བབ།
English
No Result
ཆ་ཚང་གཟིགས།

སྤྱིན་བདག་མི་དགོས། གྲྭ་བ་མི་བྱེད། {དངོས་སྒྲུང་།} སུམ་བཅུ།

བོད། ཤ་ཁྲག་རུས་གསུམ།
༢༠༠༩/༡༡/༠༧
Share on FacebookShare on TwitterShare on EmailShare on Whatsapp

་་་་་་་་་དངོས་སྒྲུང་འདི་བདག་ལ་རྒྱུས་མངའ་ཡོད་མཁན་གྱི་གྲྭ་བ་ཞིག་གི་ལོ་རྒྱུས་ཡིན།


སུམ་བཅུ།


ཉིན་བཀང་བོར་བློ་བཟང་ནོར་བུ་བཟང་མོ་དང་འགྲོག་ནས་ནང་དུ་བསྡད་ཡོད་ལ། སྙིང་གི་འཕར་ལྡིང་ཡང་སྔར་ལྟར་ལྡིང་བཞིན་ཡོད། ཕྱི་དྲོ་ཆུ་ཚོད་བཞི་དང་སྐར་མ་བཞི་བཅུའི་སྟེང་དུ། བློ་བཟང་གི་བསམ་པར་ད་ནི་ང་རང་ས་གཞན་ཞིག་དུ་བུད་འགྲོ་བ་དང་། ཁོ་མོ་ནི་མི་རིང་བར་སྐུ་ཞབས་ཨེས་ལ་དང་འགྲོག་ནས་ཕྱི་རྒྱལ་དུ་འགྲོ་ངེས་ཡིན། ད་ནི་ཕྱིན་ཆད་མི་ཚེ་ནང་དུ་ཐུག་མིན་ཡང་བཤད་དཀའ་ཚོད་རེད། ཚེ་གཅིག་གི་བཟའ་ཚང་མ་ཉན་རུང་། མཚན་གཅིག་གི་ཉལ་རོགས་བྱས་ཀྱང་མ་འགྲིག་པ་ཅི་ཡོད་ཟེར་སྲོལ་ཡོད་པ་ལྟར། སྔ་རང་ཕྱི་རང་རང་ཉིད་གྲྭ་བ་ནི་བྱེད་རྒྱུ་མ་རེད། རང་ཉིད་ཕར་དགའ་སའི་མི་ཞིག་ནི་རེག་ཚོད་མ་རེད། ཚུར་དགའ་མཁན་གྱི་ཁོ་མོའི་མི་ཚེའི་ནང་གི་ཆེས་ཐོག་མའི་ཕོ་མོའི་ལུས་འབྲེལ་ཞིག་བཞག་ན་མ་འགྲིག་པ་ཅི་ཡོད། འདོད་པའི་མི་ལ་འདོད་པ་སྤྱིན་པ་ན། དགེ་བ་མེད་ཀྱང་སྡིག་པ་ག་ལ་ཡོད་སྙམ་བཞིན། ག་ལེར་ནོར་བུ་བཟང་མོའི་འཁྲིས་སུ་བཙོག་ནས་སྐེ་རུ་འཐམ།

ནོར་བུ་བཟང་མོས་ཀྱང་། ཡུན་རིང་གི་སྐོམ་གདུང་ཞིག་ཟེར་ན་འདྲ། རང་ཉིད་ཆེས་དགའ་སའི་མི་དེའི་བརྩེ་བ་ཟེར་ན་རེད། ད་ནི་རང་ཉིད་ལ་ཐོབ་སོང་སྙམ་ཞོར་དུ། བློ་བཟང་ལ་འཐམ་ནས་ཁ་བསྐྱེལ་ཞོར་དུ། ཁྱེད་རང་གིས་དངོས་ནས་འགོར་འགྱངས་བྱེད་རྒྱུ་མང་སོང་ཞེས་བཤད།

བློ་བཟང་གི་རླངས་འཁོར་ནི་ཕྱི་དྲོ་དུས་ཚོད་དྲུག་དང་ཕྱེད་ཀའི་སྟེང་དུ་ཡིན། ཉིན་དེ་ནི་སྤྱི་ལོ་ཉིས་སྟོང་གཉིས། སྤྱི་ཟླ་བཅུ་གཅིག་ཚེས་ཉི་ཤུའི་ཕྱི་དྲོ། ཆུ་ཚོད་བཞི་དང་སྐར་མ་ཞེ་ལྔ་ཡིན། བློ་བཟང་གི་ཆེས་ཐོག་མའི་བུད་མེད་གཅིག་ལ་ལུས་འབྲེལ་སྐར་མ་ཁ་ཤས་ཤིག་རིང་གི་སྐྲག་སྣང་དང་དྲག་དུ་ལྡིང་བཞིན་པའི་སྙིང་ཆུང་གི་འཕར་སྒྲ་དང་བསྟུན་ནས་ཚོར་བ་དེ་ནི་གང་ཡིན་འདི་ཡིན་མེད་པ་ཞིག་གི་ཁྲོད་ནས། ཡུན་རིང་གཉར་བའི་དམ་ཚིག་དུ་འབོད་པའི་མོ་སྡོམ་དེ་ནས་བཏང་།

ཁ་བསྐྱེལ་ཞོར་དུ་ཉལ་ཁྲིའི་སྒང་ནས་ཉལ་ཐུལ་ལ་ལག་གཉོབ་བྱེད་ཀྱིན། རང་རང་གི་གོན་པ་ཡོངས་རྫོགས་འཕུད་དེ་ཉལ་ཐུལ་ནང་དུ་འཛུལ། བློ་བཟང་ནི་རྒྱ་སྟག་རི་ལས་ཤོར་བ། ཁྱི་ལྟོགས་པ་ལྟོ་དང་འཕྲད་པ། སྙིང་ཆུང་གི་འཕར་ལྡིང་དང་འགྲོག་ནས་སྐར་མ་ལྔ་དྲུག་རིང་གི་འབྲེལ་བ་དེ་ནི་འདི་རེད་ཟེར་ནས་ཚོར་བ་ཁྱད་དུ་འཕགས་པ་ཞིག་མྱོང་ཁོམ་སོགས་གང་ཡང་མ་བྱུང་བར་ཁུ་བ་ཤོར།

ནོར་བུ་བཟང་མོས། ཁྱེད་ཀྱིས་ད་ལྟའི་བར་དུ་ངའི་སྟེང་ལ་རང་ཚུགས་བཟུང་བ་རེད། གཞི་ནས་མགོ་འཛུགས་ཀྱང་། འདི་འདྲའི་དུས་ཚོད་ཅིག་གི་སྐབས་སུ་བྱུང་བ་ནི། དངོས་ནས་སེམས་པ་སྐྱོ་བ་ཞིག་རེད། ཆུ་ཚོད་གཅིག་གི་རྗེས་སུ་ང་དང་བྲལ་ནས་འགྲོ་ཁ་མ་འདི་འདྲ་ཞིག་ལ་ཟེར་ཞོར། ཐོབ་པ་དེ་ཤོར་ན་མི་འདོད་པའི་སྐད་ཆ་གློ་བུར་བ་ཞིག་ངག་ལས་ཤོར།

ནོར་བུ་བཟང་མོས་ཉལ་གོས་ལྡེབས་བརྩེགས་རྒྱག་ཞོར་དུ་བློ་བཟང་ལ་ཡར་ལོངས། ཁྱེད་རང་གི་གྲོགས་པོ་ཕྱིར་ནང་དུ་སླེབས་གྲབས་ཡོད་པ་རེད། འདང་བརྒྱབ་དེ་བསྡད་ནས་ཅི་བྱེད།

ངས་སྡོམ་པ་ཁྱེད་རང་ལ་བཏང་བ་རེད།
ཡིན་རྒྱུ་མ་རེད།
དངོས་ནས་ཡིན། ད་ལྟའི་བར་དུ་ང་རང་བུད་མེད་སུ་ལ་ཡང་འབྲེལ་བ་མེད།
ད་འདང་མང་བོ་མ་རྒྱག ཡར་ལ་ལོངས།


བློ་བཟང་གི་སྙིང་གི་འཕར་ལྡིང་ཡང་བཞག་ཡོད་པ་ཤེས་ནས། ད་འདི་རེད། ཞོགས་པ་ནས་སྙིང་གི་འཕར་ལྡིང་དྲག་དུ་ལྡིང་བ་དེར་མཚམས་འཇོག་བྱས་འདུག དོན་དག་འདི་འདྲ་ཞིག་བྱུང་གི་ཡོད་པ་ཤེས་པ་འདྲ་ཟེར་ནས་ནོར་བུ་བཟང་མོ་ལ་རང་གི་ཚོར་བ་དངོས་དེ་བཤད།

བློ་བཟང་ལ་བསམ་རྒྱུ་དྲན་རྒྱུ་གང་ཡང་མེད་པར་གདོང་འདོག་ཤོར་ནས་རླངས་འཁོར་ནང་དུ་འཛུལ་བཞིན་ཡོད་ལ། གྲོགས་པོ་རེ་ཟུང་དང་ནོར་བུ་བཟང་མོ་བཅས་ཁོ་རང་ལ་བསྐྱེལ་མ་བྱེད་དུ་ཡོང་ཡོད།

ལྡི་ལུར་ཉིན་གཉིས་ལུས་པའི་རིང་དུ་བློ་བཟང་ལ་ཟ་མ་ཟ་འདོད་ཀྱི་ཡི་ཀ་མེད་པར་འདང་རྒྱག་གི་ནང་དུ་ལྷུང་ཡོད་པ་དང་། ཐ་མག་རྔུབ་འཐེན་བྱེད་པ་དང་སྤི་རག་རེ་འཐུང་ནའ་རང་ཉིད་གཅིག་བུར་ལྷ་ས་མགྲོན་ཁང་ནས་མེ་འཁོར་འཛིན་བྱང་ལ་སྒུག་ཡོད། བློ་བཟང་གིས་རང་གི་ཉིན་ཐོ་འབྲི་དེབ་ཚུར་བླངས་དེ་སྒང་དུ་འདི་ལྟར་བྲིས།

བློ་བཟང་གི་ཉིན་ཐོ།

ངའི་སེམས་པ་འདི་འདི་ལྟར་ལྡིང་ཚར་སོང་། སེམས་གཏིང་གི་བརྩེ་མཐུན་མ། འུ་གཉིས་གྱེས་ཁར། ནམ་ཡང་བརྗེད་མི་ཐུབ་པའི་དྲན་ཤིང་འདི་ལྟར་འཇོག་དགོས་བྱུང་བ་ཅི་ཡིན་ནམ། ངའི་རང་ཉིད་ལ་ཡིད་ཆེས་བྱེད་ཐུབ་ཀྱི་མི་འདུག ད་ནི་ངས་ཡོད་ཚད་ཁྱེད་ལ་སྤྲད་ཟིན། བདེ་མོ་བྱོས། གཅིག་ཐང་ན། མྱུར་དུ་མཇལ་ཐུབ་ན་ཐང་། མི་ཡུལ་ན་ང་ལ་བདེ་སྣང་གི་ཚོར་བ་ཏུལ་འབྲི་ཙམ་ཡང་མེད་པའི་སྐབས་འདི་ལ། ངས་ཁྱེད་ལ་བཀའ་དྲིན་ཆེ་ཟེར་ན་འདོད།

༢༠༠༢།༡༡།༢༡ལ་བློ་བཟང་གིས་ལྡི་ལུ་ལྷ་ས་མགྲོན་ཁང་ནས།

མུ་འགོད།

འབྲེལ་ཡོད་གསར་འགྱུར།

པར་བོད་ཀྱི་དུས་བབ་ཀྱི་བསྒྲིགས།
བསམ་ཚུལ།

རྒྱ་ནག་གི་ཆུ་མཛོད་ཆེན་མོ་དེ་ནི་གཙང་པོའི་སྟོད་རྒྱུད་ཀྱི་ཆུའི་འབར་རྫས་ཤིག་རེད།

༢༠༢༦/༠༩/༡༣
AfD party members celebrate victory in Saxony-Anhalt on Sunday [Matthias Schrader/AP]
Mobile App

གཡས་ཐལ་རིང་ལུགས་པའི་མགོ་འཕངས་ཇེ་མཐོ་རེད།

༢༠༢༦/༠༩/༡༡
Hong Kong’s Tiananmen vigil organizers handed lengthy prison terms
Mobile App

དྲུག་བཞིའི་དོན་རྐྱེན་རྗེས་དྲན་ཞུ་མཁན་གསུམ་ལ་བཙོན་འཇུག་ཁྲིམས་ཐག་བཅད།

༢༠༢༦/༠༩/༡༡
ངོ་རྒོལ་ལས་འགུལ་སྤེལ་སྐབས། གཞོན་ནུ་ལྷན་ཚོགས་ཀྱི་པར།
Mobile App

ཞི་ཅིན་ཕིན་རྒྱ་གར་དུ་ཡོང་བར་ངོ་རྒོལ་ཡོད།

༢༠༢༦/༠༩/༡༡
Hong Kong's then Chief Executive Tung Chee-hwa listens during a Legislative Council meeting, October 14, 2004. (REUTERS)
Mobile App

ཧོང་ཀོང་གི་སྤྱི་ཁྱབ་ཏོང་ཅན་ཧྭའི་ཚེ་སྲོག་དང་ལྷན་དུ་རྒྱལ་ཁབ་གཅིག་ལ་ལམ་ལུགས་གཉིས་ཞེས་པའི་སྲིད་ཇུས་མཇུག་བསྒྲིལ།

༢༠༢༦/༠༩/༡༠
Advertisement for App

བོད་ཀྱི་ཟློས་གར་ཚོགས་པའི་ལས་བྱེད་ས་མིག་གསལ་བསྒྲགས།

༢༠༢༦/༠༩/༡༠

མཆན། 8

  1. lhasabu says:
    ལོ་ 17 སྔོན།

    དྲ་ཚིགས་ཞིག་གི་མགོ་ལ་སྡོད་པའི་དྲ་ལམ་རྩོམ་པ་བོ་ཞིག་ཡིན་ཚེ། ངེས་པར་དུ་དཔྱད་གཞི་ཡོད་པའི་རྩོམ་ཡིག་རེ་སྤེལ་རྒྱུ་གལ་ཆེན་པོ་རེད། ཐུགས་རྗེ་ཆེ།

    Reply
  2. lhasabu says:
    ལོ་ 17 སྔོན།

    གྲོགས་པོ་ལགས། པར་རྐྱང་རྐྱང་གིས་ཁ་བཀང་དོན་ཅི་ཡིན་ནམ། དྲ་ཚིགས་ཞིག་གི་མགོ་མཇུག་ལ་རྩོད་འགྲན་བྱེད་འདོད་པ་ག་ལ་ཡིན།

    Reply
  3. sha tak ri sim says:
    ལོ་ 17 སྔོན།

    སྡོམ་པ་རྒྱུད་ལ་དངོས་ནས་སྐྱེ་ཡོད་མེད་ཀྱི་ས་མཚམས་དེ་ལ་རྩོད་པ་མི་བྱེད། དངོས་ནས་ལས་ངན་བློ་བཟང་གི་ཁུ་བ་ནི་ཤོར་སོང་བ་རེད། ད་ནི་འདིས་གང་བྱེད་ཀྱི་ཡིན་མིན་དག་ག་ལེར་གཟིགས་པར་འཚལ་སྤུན་ཟླ་ཚོ།

    Reply
  4. Dre Sha Zen says:
    ལོ་ 17 སྔོན།

    ཨ་ཁ་ཁ། ངོ་བོ་ངེས་འབྱུང་བསམ་པས་ཀུན་བསློང་ནས། །གཞན་གནོད་གཞི་བཅས་སྤོང་བའི་ལུས་ངག་ལས་ཐོབ་པའི་སྡོམ་ཁྲིམས་གཅིག་འཇིག་རྟེན་ནས་ཆུད་ཟོས་ཤོར་སོང་ན་ད་ག་འདྲ་ཡིན་ན།
    བློ་བཟང་ལགས་ད་ནི་ཤོར་སོང་བ་ཕྱིར་འགྱོད་གྱིས། ཐོབ་ཟིན་པ་ལ་གཅེས་སྤྲས་བྱེད་རྒྱུ་ལས་ཅི་ཆ།

    Reply
  5. tendartashi says:
    ལོ་ 17 སྔོན།

    མུ་མཐུད་དུ་ཡིད་ཚིམ་པ་ཞིག་རེ་བ་ཡོད།

    Reply
  6. Baichung says:
    ལོ་ 17 སྔོན།

    ཡ་ཡ་བློ་བཟང་རྗེས་མ་ཁྱོ་ག་རེ་བྱེད་རྒྱུ

    Reply
  7. free sopu says:
    ལོ་ 17 སྔོན།

    ད་ཐེངས་བློ་བཟང་གི་ཡིན་ནི་ཟིག་བྱས་འདུག་ད་མུ་མཐུད་དུ་ཤོག

    Reply
  8. kawakarpo says:
    ལོ་ 17 སྔོན།

    སྐབས་འདིའི་བློ་བཟང་ལ་མཚོན་ན་སྡོམ་པ་ཤོར་ཟེར་བ་ལས་ཁུ་བ་ཤོར་ཟེར་ན་འགྲིག་གི་འདུག གང་ཡིན་ཟེར་ན་གྲྭ་པ་ཨ་ནེའི་སྡོམ་པ་ཟེར་བ་དེ་ནི་ངེས་འབྱུང་གི་བསམ་པ་ཞིག་གིས་རྒྱུ་བྱས་ནས་སྐྱེ་དགོས་པ་ཞིག་ཡིན་པས། བློ་བཟང་ལ་འཁོར་བར་ངེས་འབྱུང་མེད་པར་སྡོམ་པ་ཞིག་ག་ལ་ཡོད། གསར་བུ་ཞིག་ཡིན་པས་སྒོང་རྡོག་ནང་ན་ཁུ་བ་གང་འཚམ་ཞིག་ཡོད་པ་རེད། རྩ་བ་དེ་ནི་ཁུ་བ་དེ་ཕྱིར་བཏང་བ་རེད་མ་གཏོགས་སྡོམ་པ་དེ་དང་པོ་ནས་ཁོའི་རྒྱུད་ལ་སྐྱེས་ཡོད་ཟེར་མི་ཐུབ་པས་ནོར་བུ་བཟང་མོའི་སྟེང་དུ་སྡོམ་པ་བཏང་མི་འདུག

    Reply

དཔྱད་མཆན་སྤེལ། Cancel reply

Your email address will not be published. Required fields are marked *

སྤྱི་ཚོགས་དྲ་གནས།

ཁྱབ་བསྒྲགས།

དྲ་ངོས་ཀྱི་གནས་ཚུལ་ཚང་མའི་པར་དབང་བོད་ཀྱི་དུས་བབ་ལ་ཡོད།

གློག་འཕྲིན།

editor@tibettimes.net | office@tibettimes.net

ཁ་པར།

+91-98823-47075 | +91-92189-38041 | +91-81972-44372

Welcome Back!

OR

Login to your account below

Forgotten Password?

Retrieve your password

Please enter your username or email address to reset your password.

Log In

Add New Playlist

No Result
ཆ་ཚང་གཟིགས།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
    • གླ་ཡོད་རིན་གོང་།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese