མདུན་ངོས།
About Us
  • English
Advertisement
བོད་ཀྱི་དུས་བབ།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
    • གླ་ཡོད་རིན་གོང་།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese
No Result
ཆ་ཚང་གཟིགས།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
    • གླ་ཡོད་རིན་གོང་།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese
No Result
ཆ་ཚང་གཟིགས།
བོད་ཀྱི་དུས་བབ།
English
No Result
ཆ་ཚང་གཟིགས།

སྤྱིན་བདག་མི་དགོས། གྲྭ་བ་མི་བྱེད། {དངོས་སྒྲུང་།} སོ་ལྔ།

བོད། ཤ་ཁྲག་རུས་གསུམ།
༢༠༠༩/༡༡/༡༢
Share on FacebookShare on TwitterShare on EmailShare on Whatsapp

་་་་་་་་་དངོས་སྒྲུང་འདི་བདག་ལ་རྒྱུས་མངའ་ཡོད་མཁན་གྱི་གྲྭ་བ་ཞིག་གི་ལོ་རྒྱུས་ཡིན།


སོ་ལྔ།


མི་ཞིག་གི་རང་ཉིད་ལ་འགྱུར་བ་གཏོང་རྒྱུ་དེ་ནི་ལས་སླ་བོ་ཞིག་མིན་ན་ཡང་། འགྱུར་བ་འགྲོ་བཞིན་པ་དེ་ནི་སྤྱི་ཚོགས་དང་ཁོར་ཡུག་དང་བསྟུན་ནས་འགྱུར་བཞིན་ཡོད་དུས། བློ་བཟང་འདི་ཡང་དེ་ལྟར་ལོས་ཡིན་ཟེར་ན་ཆོག་གི བློ་བཟང་དང་མགོན་སྐྱབས་རྡ་སར་འབྱོར་ནས་ཉིན་གྲངས་ཁ་ཤས་ཤིག་ཕྱིན་ཡོད་པ་མ་ཟད། བློ་བཟང་གི་བློ་ཡུལ་ལས་འདས་པ་ཞིག་ལ། ནོར་བུ་བཟང་མོ་ད་དུང་རྡ་ས་མེག་ལོར་དུ་ཡོད་པ་དེ་རེད།

བློ་བཟང་གི་སྐབས་དེར་རང་ཉིད་ཀྱིས་ས་ར་མཐོ་སློབ་དུ་ཟུར་ཞུགས་ཤིག་བྱེད་ཐུབ་ན། བོད་ཡིག་གི་ཤེས་ཚད་མཐོ་རུ་གཏོང་རྒྱུ་དང་རང་གི་འདོད་པ་འཁེང་བ་ཞིག་སྤྱོང་འདོད་ཀྱི་མདུན་པའི་ངོ་ཤེས་ཤིག་བརྒྱུད་དེ། ས་ར་སློབ་གྲྭའི་དགེ་རྒན་ཞིག་གི་དྲུང་ལ་སོང་དེ་རང་ཉིད་ད་ལོ་ཟུར་ཞིག་འཛིན་གྲྭར་ཞུགས་འདོད་ཡོད་ཚུལ་ཞུས་ཀྱང་། དགེ་རྒན་དེའི་ད་ལོ་ང་རང་གིས་དགེ་རྒན་རེ་ཡི་དངོས་ནས་ཟུར་ཞུགས་སློབ་མ་རེ་མཇུག་ཆོག་གི་ཡོད་པ་དེ་ནི་བདེན་པ་ཡིན་ཡང་། ངས་ཁྱེད་རང་གི་རེ་བ་དེ་ནི་སྐོང་ཐུབ་ས་མ་རེད། གང་ཡིན་ཟེར་ན་ལོ་ངོ་མ་ནས་བཟུང་དེ་མི་ཞིག་གིས་ང་རང་ལ་ཞུ་བ་འཐེན་ནས་ངས་མི་དེ་ལ་ཁས་ལེན་བྱས་ཡོད་པ་ཡིན། རེད་དེ། ཁྱེད་རང་གིས་ཡིག་རྒྱུགས་གཏོང་བའི་གྲངས་དུ་ཐོ་འགོད་བྱས་པ་ཡིན་ན་གོ་སྐབས་ཡོད་པ་རེད་ཅེས་བཤད་པ་རེད།

བློ་བཟང་དང་ཁོའི་གྲོགས་པོ་གཉིས་ཀྱིས་དགེ་རྒན་དེ་ལ་བཀའ་དྲིན་ཆེ་ཞུས་དེ་ཕྱིར་མེག་ལོར་དུ་ཡོང་བའི་ལམ་ཁར། བློ་བཟང་གི་སེམས་སུ་རང་ཉིད་ཀྱིས་ཡིག་རྒྱུགས་སྤྲོད་ཐུབ་པའི་གདེང་ཚོད་ཡོད་པ་ཡིན་ན། ཁོ་རང་ལ་ཞུ་བ་བྱེད་དུ་གང་ལ་འགྲོ་སྙམ་ཞོར། ཁོའི་གྲོགས་པོ་ལ་རྡ་ས་མེག་ལོར་རླངས་འཁོར་འབབ་ཚིགས་ནས། ཁྱེད་ཀྱིས་རོགས་རམ་གནང་བ་དེར་བཀའ་དྲིན་ཆེ་ཟེར་ནས་བཤད་དེ་རང་གི་བསྡོད་གནས་སུ་ལོག

ནོར་བུ་བཟང་མོས་ཀྱང་། སེམས་གཏིང་གི་དགའ་སར་གླེང་མྱོང་བའི་བློ་བཟང་ཕྱིར་རྡ་སར་འབྱོར་བ་དེ་ནི་མོ་རང་ལ་མཚོན་ན་ཆེས་དགའ་སྐྱིད་ཀྱི་ཉིན་མོ་ཞིག་ཡིན་པའི་ངང་ཚུལ་དག་བློ་བཟང་གི་ནང་དུ་ཡོང་ནས་ཡང་ཡང་དེ་སྟོན་བཞིན་ཡོད།

བློ་བཟང་གིས་ཀྱང་། རང་ཉིད་ཀྱི་མོ་སྡོམ་ཤོར་ས་ནི་ཁོ་མོ་ཡིན་པ་མ་ཟད། དམིགས་བསལ་གྱིས་དུངས་པ་ཞིག་སེམས་ཁོང་དུ་ཡོད་པ་ལྟར། ཁོ་མོ་རང་གི་ནང་ལ་རྒྱུན་དུ་ཡོང་བ་དེ་ནི་ཁོ་རང་ལ་མཚོན་ན་རང་གི་སེམས་ཐག་ཉེ་སའི་མཛའ་མོ་ཞིག་ཡིན་སྣང་སྐྱེ་བཞིན་ཡོད་པ་ལས། དེ་ནི་མི་གཞན་ཞིག་ལ་དབང་ཟིན་པའི་བུད་མེད་ཅིག་ཡིན་པ་དང་། རང་གི་ནག་ཉེས་བྱེད་ཀྱི་ཡོད་པ་སོགས་ལ་བསམ་བློ་ཏུལ་ཙམ་རེ་འཁོར་ཡང་།
ནོར་བུ་བཟང་མོ་ཁོ་རང་གི་ནང་དུ་ཡོང་སྟངས་རེ་དང་། མོ་རང་གི་ངོ་གདོང་གི་འཛུམ་མདངས་དེ་དག་གིས་ཁོ་རང་དབང་མེད་དུ་རང་ཚུགས་མེད་པའི་མི་ཞིག་དུ་གྱུར་བཞིན་ཡོད་པ་རེད།

ད་ནི་ནོར་བུ་བཟང་མོ་དང་བློ་བཟང་གཉིས་ལ་རང་དབང་གི་ལུས་འབྲེལ་དང་རང་དབང་གི་ཐུག་འཕྲད་བྱེད་པ་ལ་བར་ཆད་གཏོང་མཁན་གྱི་བདེ་གྲོལ་མེད་པ་རེད། བདེ་གྲོལ་ནི་ནོར་བུ་བཟང་མོའི་ཁྱོ་ག་སྐུ་ཞབས་ཨེས་ལ་ཡི་བཀའ་དྲིན་ལ་ཕྱི་རྒྱལ་དུ་ཕྱིན་ཚར་ཡོད་པ་རེད།

བློ་བཟང་གིས་ཁོ་རང་སླེབས་ནས་ཉིན་ཁ་ཤས་ཀྱི་རྗེས་སུ། ནོར་བུ་བཟང་མོ་སླར་ཡང་ལུས་འབྲེལ་མགོ་འཛུགས་སྐབས་ཤིག་ལ། བློ་བཟང་གིས་ཁང་ཆུང་དེའི་ནང་ནས་འཁྲིག་པ་དུས་གཅིག་ལ་གཉིས་ཙམ་སྤྱད་རྗེས་སུ། རང་ཉིད་ལ་སྔར་ལས་ལྷག་པའི་ཚོར་བ་ཞིག་སྤྱིན་པ་དེའི་སྟབས་ཀྱིས་ནོར་བུ་བཟང་མོ་ལ། ཁྱེད་རང་ཉིན་མ་མང་བོ་ཞིག་ལ་རྒན་པོ་དང་ལྷན་དུ་བསྡད་མེད་པ་འདྲ།

མེད།
ཅི་ཞིག་ལ།
ཉིན་ཁ་ཤས་ཀྱི་སྔོན་དུ་ཟླ་མཚན་སླེབས་པ་རེད།
དེས་ན་དེང་སང་ཟླ་མཚན་མི་འདུག་མོད།
ཡོད་ནི་མ་རེད།
འོ་ན་དེའི་རྗེས་སུ་ཁྱོ་ག་ལ་འབྲེལ་བ་མ་བྱས་པ་ཡིན་ནམ།
ཡིན།
ཅི་ཞིག་ལ།
ཁྱེད་རང་སླེབས་པ་གོ་ནས། ཉིན་མ་གཉིས་གསུམ་རིང་ལ་ཁྱེད་སྒུག་པ་རེད།


བློ་བཟང་གིས་སེམས་ནང་དུ་སྔར་མེད་ཀྱི་ཚོར་བ་ཞིག་སྐྱེ་སྟབས། དེས་ན་ཁྱེད་རང་གི་ཕྲུ་གུ་འགོག་བྱེད་ཀྱི་ཅ་དངོས་འདྲ་བཞག་ཡོད་དམ་ཟེར་ནས་དྲིས་དུས།

ནོར་བུ་བཟང་མོས། དེ་ནི་སྔ་ས་ནས་བླངས་ཚར་བ་རེད་ལ། ད་ནི་ཕྲུ་གུ་ཆགས་རྒྱུའི་གོ་སྐབས་ཡོད་པ་རེད། ང་རང་གི་མི་ཚེའི་ནང་དུ་ཁྱེད་རང་མ་དབང་ཡང་། ཁྱེད་རང་གི་བུ་རྒྱུད་ཅིག་རེག་ན་ཡང་འགྲིག་གི་ཡོད་ཅེས་བཤད།

བློ་བཟང་གིས་སྐད་ཆ་དེ་ཐོས་མ་ཐག དངོས་ནས་སེམས་ནང་དུ་དེ་བས་ཀྱང་བཤད་མི་ཤེས་པའི་ཚོར་བ་ཞིག་གི་སྣུན་དེ་འོང་ནས། གཅིག་བྱས་ན་དེ་རིང་ཁྱེད་རང་ལ་བྱིས་པ་ཆགས་ཡོད་སྲིད་པ་རེད་ཅེས་ཀུ་རེ་ཞིག་དང་བཅས། རྒྱུན་ལྡན་ལྟར་ཁོ་གཉིས་བློ་བཟང་གི་ནང་ནས་རོགས་པ་ལས་ཁར་སོང་ཤུལ་དུ་དགའ་དགའ་སྤྲོ་སྤྲོ་བྱོས་དེ་བསྡད་ཡོད་པ་རེད།

བློ་བཟང་གིས་རྒྱུན་དུ་གློག་ཀླད་ནང་དུ་རང་གི་ཉིན་ཐོ་དང་འབྲེལ་བའི་ཚོར་བ་དང་། རང་ཉིད་ཀྱི་གང་ཤེས་པའི་བསམ་ཚུལ་སོགས། རང་ཉིད་ཆེས་དགའ་ཕྱོགས་ལྟར། གློག་ཀླད་ནང་དུ་བརྙན་འཕྲིན་ཟློས་གར་སོགས་ལ་ལྟ་བཞིན་ཡོད་ལ། དུས་རྒྱུན་དུ་ཐ་མག་འཐེན་པ་ནི་དངོས་ནས་ཧ་ལས་པ་ཞིག་ཆགས་བཞིན་ཡོད་སྟབས། ཉིན་ཞིག་ནོར་བུ་བཟང་མོས་སྒེའུ་ཁུང་གི་འགྲམ་ངོས་སུ་བརྩིགས་ཡོད་པའི་ཐ་མག་གི་སྒམ་ཆུང་སྟོང་བ་ཚང་མ་འགྱིག་ཤོག་ཆེན་པོ་གཉིས་ཀྱི་ནང་དུ་གྲལ་དག་པོའི་སྒོ་ནས་བརྩིགས་དེ་བཀང་རེ་བྱས་དེ་གད་སྙིགས་ནང་དུ་འཕྱོ་རུ་འགྲོ་ཞོར་དུ། བློ་བཟང་ལ་ཐ་མག་ཇེ་ཉུང་དུ་གཏོང་ཐུབ་ན་ཡག་ས་རེད་ཅེས་བཤད་ཀྱང་། དེ་ནི་བློ་བཟང་གི་རྣ་བར་འཛུལ་གྱི་མེད་ན་ཡང་། ཡ་ཡ་ཟེར་ནས་མགོ་བོ་ལྡེབས་ཀྱིན་ནོར་བུ་བཟང་མོར་བསྐྱེལ་མ་བྱས།

བློ་བཟང་ལ་སླར་ཡང་ཨ་ཅག་ཚེ་འཛོམ་གྱིས་ཁ་པར་སླེབས་ནས། ཁོ་རང་ཡོང་ནས་རོགས་ཤིག་མི་བྱེད་ཐབས་མེད་ཆགས་རབས་ཀྱི་བསྐོར་མི་ཉུང་བ་ཞིག་བཤད་པ་དེའི་ངོ་མ་ལྡོག་པར། བློ་བཟང་གིས་རང་གི་རྒྱབ་ཁུག་ཆུང་ཆུང་དེ་འཁུར་ནས། ནོར་བུ་བཟང་མོ་དང་རང་གི་གྲོགས་པོ་སོགས་ལ་བདེ་མོ་བཞག་ནས་ལམ་དུ་ཆས།

སྐབས་དེར་བློ་བཟང་ལ་ཨ་ཅག་ཚེ་འཛོམ་གྱིས། བློ་བཟང་ཁྱེད་རང་ད་རེབས་ཡིན་གཅིག་མིན་གཉིས་ལ་རོགས་པ་ཞིག་བྱེད་དུ་ཡོང་རོགས། ང་ཚོས་ཟ་ཁང་གོང་མ་དེ་ཕྱིར་ཁ་འཆི་གང་ཡང་མེད་པ་བྱས་དེ་ཕྱིར་ཁང་བདག་རྒན་མོ་དེར་སྤྲད་པ་ཡིན་ལ། ང་ཚོས་ལྡི་ལུ་ནས་ཁང་རྙིང་ཞིག་ཉོས་ཡོད། དེ་རུ་ཁང་བ་ཞིག་རྒྱག་རྩིས་ཡོད་དུས། ང་རང་དང་བུ་དང་མནའ་མ་བཅས་ཚང་མ་དེ་རུ་སོང་བ་ཡིན་ན། ཟ་ཁང་འོག་མ་འདིར་ལྟ་སྐྱོང་བྱེད་མཁན་ཞིག་དངོས་ནས་ཁྱེད་རང་ལས་བློ་འཁེལ་ས་ཞིག་རེག་གི་མི་འདུག་སྟབས། ཁྱེད་རང་ཡིན་གཅིག་མིན་གཅིག་ལ་ཡོང་རོགས་ཞུ།

བློ་བཟང་གིས་ཉིན་ལྟར་ཟ་ཁང་དང་འདུག་ཁང་བཅས་ཀྱི་འགན་ཡོངས་རྫོགས་འཁུར་ནས་བསྡད་དེ་དུས་ཡུན་ཟླ་ངོ་ཁ་ཤས་ཤིག་གར་སོང་ཆ་མེད་དུ་ཕྱིན་པ་རེད། དེ་དུས་ཉིན་ཞིག་རང་གི་གྲོགས་པོ་ལ་རྡ་སར་ཁ་པར་ཞིག་བཏང་དུས། ནོར་བུ་བཟང་མོ་ལ་ཁྱེད་རང་གི་ཕྲུ་གུ་ཡོད་རབས་བསྐོར་ཞིག་ཁོ་མོའི་ཨ་ཅེ་ཡིས་བཤད་ཀྱི་འདུག ཨ་རོགས་བདེན་པ་ཨེ་ཡིན་ཞེས་དྲིས་དུས། བློ་བཟང་གིས་གང་ཡིན་འདི་ཡིན་མེད་པར། ཡིན་རྒྱུ་མ་རེད་ཟེར་བ་ལས་བཤད་རྒྱུ་མང་བོ་ཞིག་མ་རྙེད།

ཉིན་མ་དེ་ནས་བཟུང་། བློ་བཟང་གི་སེམས་སུ་དངོས་ནས་རང་ཉིད་ནི་བྱིས་པ་ཞིག་གི་ཕ་རྒན་ཆགས་པ་ཡིན་ནམ་སྙམ་ཞོར་སེམས་ནང་དུ་སྤས་གསང་བྱེད་དགོས་པའི་གཏམ་རྒྱུད་ཅིག་གི་སྒོ་མོ་ཕྱེ་ཡོད་ན་ཡང་། སུ་ལ་ཡང་རང་ཉིད་ཀྱི་བུ་ཕྲུག་ཞིག་ཡོད་རབས་ཀྱི་སྐད་ཆ་དེ་འདྲ་ཁ་ནས་བཤད་ཐུབ་ཀྱི་མེད་པ་རེད།

ཉིན་ཞིག་བློ་བཟང་གིས་ཕ་ཡུལ་དུ་ཁ་པར་བཏང་དུས། ཨ་མས། བློ་བཟང་ད་ཁྱེད་རང་དངོས་ནས་མགྱོགས་པོ་བོད་དུ་ཡོང་ཐུབ་པ་ཡིན་ན་དངོས་ནས་ཡག་པོ་འདུག ཨ་མྱེ་ཡང་ལོ་ཆེན་པོ་རེད་ལ། ཨ་ཁུ་ཡང་ལོ་ཆེ་སྟབས། རྗེས་མ་ཞིག་ལ་ཁ་ངོ་ཐུག་མིན་ཡང་བཤད་དཀའ་ཚོད་རེད་ལ། ངས་ཀྱང་དངོས་ནས་དྲན་ནས་ཉི་མ་མི་འགྲོ་བ་ཞིག་རེད། ཐུབ་ན་ཁྱེད་རང་གང་མགྱོགས་ཤིག་བོད་དུ་ཡོང་རོགས་ཞུ་ཟེར་ནས་ཁ་པར་གཏོང་ཐེངས་རེར་སྐད་ཆ་དེ་གཅིག་བུ་ལས་ཨ་མ་ལ་བཤད་རྒྱུ་མེད་སྟབས། བློ་བཟང་གིས་རང་ཉིད་འདི་ལྟར་ཕ་ཡུལ་དུ་ཕྱིར་ལོག་པ་ཡིན་ན་དངོས་ནས་ཡག་པོ་མི་འདུག་སྙམ་ན་ཡང་། ཐད་ཀར་ཨ་མ་ལ་གང་ཡང་བཤད་མ་ཐུབ།

མུ་འགོད།

འབྲེལ་ཡོད་གསར་འགྱུར།

པར་བོད་ཀྱི་དུས་བབ་ཀྱི་བསྒྲིགས།
བསམ་ཚུལ།

རྒྱ་ནག་གི་ཆུ་མཛོད་ཆེན་མོ་དེ་ནི་གཙང་པོའི་སྟོད་རྒྱུད་ཀྱི་ཆུའི་འབར་རྫས་ཤིག་རེད།

༢༠༢༦/༠༩/༡༣
AfD party members celebrate victory in Saxony-Anhalt on Sunday [Matthias Schrader/AP]
Mobile App

གཡས་ཐལ་རིང་ལུགས་པའི་མགོ་འཕངས་ཇེ་མཐོ་རེད།

༢༠༢༦/༠༩/༡༡
Hong Kong’s Tiananmen vigil organizers handed lengthy prison terms
Mobile App

དྲུག་བཞིའི་དོན་རྐྱེན་རྗེས་དྲན་ཞུ་མཁན་གསུམ་ལ་བཙོན་འཇུག་ཁྲིམས་ཐག་བཅད།

༢༠༢༦/༠༩/༡༡
ངོ་རྒོལ་ལས་འགུལ་སྤེལ་སྐབས། གཞོན་ནུ་ལྷན་ཚོགས་ཀྱི་པར།
Mobile App

ཞི་ཅིན་ཕིན་རྒྱ་གར་དུ་ཡོང་བར་ངོ་རྒོལ་ཡོད།

༢༠༢༦/༠༩/༡༡
Hong Kong's then Chief Executive Tung Chee-hwa listens during a Legislative Council meeting, October 14, 2004. (REUTERS)
Mobile App

ཧོང་ཀོང་གི་སྤྱི་ཁྱབ་ཏོང་ཅན་ཧྭའི་ཚེ་སྲོག་དང་ལྷན་དུ་རྒྱལ་ཁབ་གཅིག་ལ་ལམ་ལུགས་གཉིས་ཞེས་པའི་སྲིད་ཇུས་མཇུག་བསྒྲིལ།

༢༠༢༦/༠༩/༡༠
Advertisement for App

བོད་ཀྱི་ཟློས་གར་ཚོགས་པའི་ལས་བྱེད་ས་མིག་གསལ་བསྒྲགས།

༢༠༢༦/༠༩/༡༠

མཆན། 11

  1. sha tak ri sim says:
    ལོ་ 17 སྔོན།

    སྤུན་ཟླ་ཚང་མས་སེམས་འཁུར་དང་བཅས་དེ་ཡང་ཡང་བློ་བཟང་ལས་ངན་འདིས་གཏམ་རྒྱུད་ཀློག་དུ་ཡོང་བ་ང་རང་འབྲི་མཁན་གྱི་དངོས་ནས་དགའ་བཞིན་ཡོད། སྤྲོ་བཞིན་ཡོད། སྤུན་ཟླ་དག་གི་བསམ་ཚུལ་ཡང་དུས་ཐོག་དུ་ཀློག་བཞིན་ཡོད་ལ། སྤུན་ཟླ་རེ་རེ་ལ་ལན་རེ་རེ་འབུལ་མ་ཐུབ་པ་དེར་སེམས་གཏིང་ནས་དགོངས་དག་ཞུ་རྒྱུ་ཡིན།

    Reply
  2. free sopu says:
    ལོ་ 17 སྔོན།

    ད་བོད་ལ་ལོག་རྒྱུ་ཡིན་པ་འདྲ།

    Reply
  3. karmadentse says:
    ལོ་ 17 སྔོན།

    ཤ་ཁྲག་འདིས་བློ་བཟང་སྤྱོད་ལོག་ཅིག་ཏུ་ཁ་བསྒྱུར་སོང་།

    Reply
  4. chentsasopa says:
    ལོ་ 17 སྔོན།

    ཤ་ཁྲག་གིས་སྒྲུང་འདི་འགོ་བཙུགས་མ་ནས་ངས་བློ་བཟང་ཅིག་བཤད་ཁུལ་བྱས་པ་ཡིན་མོད། སྐབས་དེར་ཤ་ཁྲག་གིས་སྣང་བ་མ་སོང་མདོག་མདོག་བྱས་སོང་། ད་ཡིན་ན་ངའི་ཁ་ཐོག་ལ་སོང་འདུག་ག

    Reply
  5. Baichung says:
    ལོ་ 17 སྔོན།

    ཡ་ཡ་བློ་བཟང་ཡ། བཟའ་ཚང་བར་ལ་འཛུལ་ཐལ། གཞང་ཚོང་མ་ནི་ཉོས་ཐལ། ཡངཐ་མག་ནི་ཁ་ཟས་ནང་བཞིན་ལོབ་ཐལ། ཡར་རྒྱས་རེད་ད། བུ་རུད་པ་ཅན་ཞིག་མིན་ན་དཀའ་ཡ ཁག་འཇོག་ས་སྤྱི་ཚོགས་ཡོད་ར སྡར་མའི་ཁག་འཇོག་ས་བཟོད་པ། མེད་པོའི་ཁག་འཇོག་ས་ལས་དབང་རེད། རྐྱལ་སྟོང་གི་ཁག་འཇོག་ས་སྤྱི་ཚོགས་རེད།

    Reply
  6. arigman says:
    ལོ་ 17 སྔོན།

    དོན་དེ་ནོར་བུ་བཟང་མོ་བྱེད་ཐབས་ལ་རེག་ལས་བས་མོས་གང་བཤད་ཚད་མར་བཟུང་ན་འགྲིག

    Reply
  7. Deyar lang says:
    ལོ་ 17 སྔོན།

    སྐྱེས་རབས་ལས། བྱིས་པའི་དུས་ན་ཕ་མའི་དབང་གྱུར་ཅིང་།། དར་ལ་བབས་ཚེ་ཆུང་མའི་དབང་དུ་གྱུར།། རྒས་པའི་དུས་ན་བུ་ཚའི་དབང་གྱུར་པ།། བླུན་པོ་རང་དབང་རྟག་ཏུ་ཡོད་མ་ཡིན།།

    Reply
  8. kawakarpo says:
    ལོ་ 17 སྔོན།

    བྱིས་པ་དེ་སུའི་ཡིན་མིན་DINགྱི་བརྟག་ཐབས་བརྒྱུད་ན་ལེགས། ཡང་མིན་ན་བྱིས་པ་སྐྱེས་རྗེས་དེའི་ཤ་མདངས་དང་མིག་མདངས་ལ་ལྟོས། མགོ་སེར་བོང་མཇེའི་དེའི་ཡིན་ན་ཡང་ཐང་།

    Reply
  9. kawakarpo says:
    ལོ་ 17 སྔོན།

    བྱམས་པས་དམ་བཅས་པའི་སྨོན་ལམ་ལས། སྲེད་པའི་སྲད་བུས་དམ་བཅིངས་པ། །འཆིངས་པ་ཀུན་གྱིས་བཅིངས་བདག་ལ། །ཞེས་པ་དང་འབབ་ས་གཅིག་འདྲ་ཡིན།

    Reply
  10. kawakarpo says:
    ལོ་ 17 སྔོན།

    ད་མྱི་ལྡང་གི་སྐེ་ལ་སྒོ་ལྕགས་ལྕི་ཐག་ཆོད་ཅིག་དཔྱངས་ཚར་འདུག ངས་དང་པོ་ནས་གཟབ་གཟབ་བྱོས་ལབ་པ་ཡིན་ཡང་ཉན་མ་སོང་། ཨོ། ངས་བྱིས་པའི་མིང་ལ་སྒོ་ལྕགས་དང་སྐྱེས་སྨན་གྱི་མིང་ལ་རྐང་ལྕགས། ཁྱོ་གའི་མིང་ལ་ལག་ལྕགས་ཞེས་བཏགས་ཡོད།

    Reply
  11. Deyar lang says:
    ལོ་ 17 སྔོན།

    རྩོམ་པ་པོ་ལ་འདྲི་རྒྱུར། ཁྱོད་ཀྱི་སྒྲུང་རྩོམ་དེ་ཉིན་ལྟར་ཚན་པ་རེ་རེ་གཏོང་བཞིན་པ་ལྟར་མུ་མཐུད་དུ་ཀློག་གིན་ཡོད། འོན་ཀྱང་ང་ལ་ཡ་མཚན་པའི་དྲི་བ་གཅིག་ཡོད། བློ་བཟང་ཐེངས་གང་མང་ཞིག་ལ་ཨ་ཅག་ཚེ་འཛོམས་ཚང་དུ་ཕྱིན་པའི་རིང་ནོར་བུ་བཟང་མོ་དང་ཕན་ཚུན་ཁ་པར་གྱི་ཐོག་ནས་འབྲེལ་བ་གཅིག་ཀྱང་བྱུང་མེད་པ་དེ་ཅི་ཡིན་ནམ། འདི་ཡིད་ཆེས་དཀའ་བ་ཞིག་རེད། གསལ་བཤད་གནང་རོགས།

    Reply

དཔྱད་མཆན་སྤེལ། Cancel reply

Your email address will not be published. Required fields are marked *

སྤྱི་ཚོགས་དྲ་གནས།

ཁྱབ་བསྒྲགས།

དྲ་ངོས་ཀྱི་གནས་ཚུལ་ཚང་མའི་པར་དབང་བོད་ཀྱི་དུས་བབ་ལ་ཡོད།

གློག་འཕྲིན།

editor@tibettimes.net | office@tibettimes.net

ཁ་པར།

+91-98823-47075 | +91-92189-38041 | +91-81972-44372

Welcome Back!

OR

Login to your account below

Forgotten Password?

Retrieve your password

Please enter your username or email address to reset your password.

Log In

Add New Playlist

No Result
ཆ་ཚང་གཟིགས།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
    • གླ་ཡོད་རིན་གོང་།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese