མདུན་ངོས།
About Us
  • English
Advertisement
བོད་ཀྱི་དུས་བབ།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
    • གླ་ཡོད་རིན་གོང་།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese
No Result
ཆ་ཚང་གཟིགས།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
    • གླ་ཡོད་རིན་གོང་།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese
No Result
ཆ་ཚང་གཟིགས།
བོད་ཀྱི་དུས་བབ།
English
No Result
ཆ་ཚང་གཟིགས།

མཛད་རྣམ་བླུ་ཡོན་ཕྱེད་བཅག་གི་གསལ་བསྒྲགས།

བོད་ཀྱི་དུས་བབ།
༢༠༠༩/༡༡/༡༢
Share on FacebookShare on TwitterShare on EmailShare on Whatsapp

མཛད་རྣམ་བླུ་ཡོན་ཕྱེད་བཅག་གི་གསལ་བསྒྲགས།

 ༄༅།། འདི་ག་ནོར་གླིང་བོད་ཀྱི་རིག་གཞུང་གཅེས་སྐྱོང་ཁང་ནས། བོད་ཀྱི་རིག་གཞུང་སྤྱི་བྱེ་མ་ཉམས་རྒྱུན་འཛིན་དང་ཡུན་གནས་སླད་དུ། བྲིས་འབུར་སྐུ་བརྙན་བཞེངས་བསྐྲུན་དང༌། རིག་གཞུང་སློབ་གཉེར། ཉམས་ཞིབ། རྩོམ་སྒྲིག་བཅས་ཀྱི་སྣ་མང་ཞུ་སྒོ་ལས་གཉེར་ཁོངས། ཕྱི་ལོ་༢༠༠༩ ཟླ་༡༠ ཚེས་༢༦ ཉིན་ྋགོང་ས་ྋསྐྱབས་མགོན་བཅུ་བཞི་པ་ཆེན་པོའི་མཛད་རྣམ་རྒྱ་ཆེན་སྙིང་རྗེའི་རོལ་མཚོ་གླེགས་བམ་ལེགས་ཞེར་དྲུག་ཚན་ལྔ་བརྒྱ་པར་བསྐྲུན་གྲུབ་སྟེ་རྒྱལ་བ་ཀརྨ་པ་མཆོག་ནས་མཛད་རྣམ་ཞལ་དབྱེ་བསྐྱངས་པ་དང༌། ནོར་གླིང་བོད་ཀྱི་རིག་གཞུང་གཅེས་སྐྱོང་ཁང་ནས་རྒྱ་བལ་འབྲུག་གསུམ་ནང་ཡོད་བོད་ཀྱི་རིག་གཞུང་ལྟེ་གནས་དགོན་སྡེ་དང༌། དཔེ་མཛོད་ཁག་ཏུ་མཛད་རྣམ་རྒྱབ་ཤ་ཀོ་བ་ཅན་སྤུས་ལེགས་དེབ་ཕྲེང་དྲུག་ལ་མ་གནས་ཧིན་སྒོར་༥༩༠༠ནས་༢༩༥༠ དང༌། རྒྱབ་ཤར་སྤྱན་རས་གཟིགས་ཕྱག་བཞི་པའི་བརྙན་པར་ཚོན་ཁྲ་ཅན། མཛད་རྣམ་དེབ་ཕྲེང་དྲུག་ལ་མ་གནས་ཧིན་སྒོར་༢༩༠༠ ནས་༡༤༥༠ བླུ་ཡོན་ཕྱེད་བཅག་གིས་འགྲེམས་སྤེལ་བྱ་གཏན་འཁེལ་ན། ཐུགས་མཁོ་མཆིས་རིགས་ནས་ཡིག་ཐོག་ཞུ་སྙན་དང༌། བླུ་ཡོན་དང་སྦྲག་གླ་གཤམ་གསལ་དངུལ་ཁང་གི་ཨང་གྲངས་ཐོག་གཏོང་གནང་དང་འབྲེལ། ཟུར་གསལ་ཁ་བྱང་དུ་འབྲེལ་ལམ་ཡོང་བའི་གསལ་བསྒྲགས་སུ།  ནོར་གླིང་བོད་ཀྱི་རིག་གཞུང་གཅེས་སྐྱོང་ཁང་ནས། ༢༠༠༩ ཟླ་ ༡༡ ཚེས་ ༨ ཉིན།

སྒྲོལ་དཀར་སྐྱབས།
Norbulingka Institute
PO Sidhpur 176057
Dharamsala, HP
INDIA

Tel: 91-1892-246402/246405
Fax: 91-1892 246404
E-mail: normail@norbulingka.org
dolkarkyap@norbulingka.org
Bank A/ c No. 10551095865

(SBI Dharamsala)

འབྲེལ་ཡོད་གསར་འགྱུར།

This picture taken and released by Taiwan’s Central News Agency (CNA) on April 7, 2026, shows Kuomintang Chairperson Cheng Li-wen (R) arriving in Shanghai Hongqiao International Airport. Taiwan's main opposition leader landed in China on Tuesday for a rare visit aimed at building cross-strait "peace", as the government warns Beijing will seek to stop US arms sales to the democratic island. (Photo by Lu Chia-jung / Central News Agency (CNA) / AFP) / Taiwan OUT - Macau OUT - China OUT / HONG KONG OUT
RESTRICTED TO EDITORIAL USE - MANDATORY CREDIT "AFP PHOTO / Central News Agency (CNA) Photo" - NO MARKETING - NO ADVERTISING CAMPAIGNS - DISTRIBUTED AS A SERVICE TO CLIENTS
Mobile App

ཐའེ་ཝན་གྱི་ཕྱོགས་འགལ་ཚོགས་པའི་ཚོགས་གཙོ་རྒྱ་ནག་ཏུ་ཕྱིན་འདུག

ཆུ་ཚོད་ ༡༠ སྔོན་ལ།
tttt
Mobile App

ཨོ་གླིང་བོད་ཀྱི་གཞོན་སྐྱེས་ཆིག་སྒྲིག་ལུས་རྩལ་འགྲན་ཚོགས་ཐེངས་བཅུ་བཞི་པ་དེ་འཚོག་འཆར་འདུག

ཆུ་ཚོད་ ༡༡ སྔོན་ལ།
TTT
Mobile App

རྒྱལ་ཚོགས་ཀྱི་མདུན་དུ་ཆུ་ཚོད་དགུ་བཅུའི་རིང་ཟས་བཅད་ངོ་རྒོལ་བྱེད་བཞིན་འདུག

ཆུ་ཚོད་ ༡༢ སྔོན་ལ།
TTTT
Mobile App

གཞུང་ཆེན་རིས་མེད་བགྲོ་གླེང་སྟེང་ཤེར་ཕྱིན་གྱི་གཞུང་ལུགས་ཐོག་བགྲོ་གླེང་གནང་བཞིན་འདུག

༢༠༢༦/༠༤/༠༦
Photo: Tenzin Choephag
Mobile App

རྒྱལ་ཡུམ་ཆེན་མོའི་དྲན་རྟེན་གསེར་གྱི་གཟེངས་རྟགས་ཀྱི་རྐང་སྤོལ་འགྲན་བསྡུར་ཐེངས་ ༣༡ པ་དབུ་འཛུགས། 

༢༠༢༦/༠༤/༠༦
Mobile App

དེབ་ཀྱི་ཚོང་བྲིན་ལས་བརྗོད་བྱའི་ནང་དོན་ལ་བལྟ་རྒྱུ་གནད་འགག་ཆེན་པོ་རེད།

༢༠༢༦/༠༤/༠༣

མཆན། 17

  1. གསེར་རྟ་ཚུལ་ཁྲིམས་འོད་ཟེར། says:
    ལོ་ 16 སྔོན།

    ཨོ་ལགས་སོ། སྙིང་རྗེ།ཤ་ཚ།།

    Reply
  2. སྨར་དྷི་ཟེར། says:
    ལོ་ 16 སྔོན།

    ཀ་པོད་གསུམ་ཞེས་པ་དེ་ཀ་པོད་ལྔ་ཞེས་ནོར་བཅོས་ཡོང་བར་མཁྱཻན།

    Reply
  3. སྨར་དྷི་ཟེར། says:
    ལོ་ 16 སྔོན།

    ཉིན་ཤེས་དྲྭ་རྒྱ་སྒང་བཞུགས་ཁོམ་མ་བྱུང་རིང་སེར་རྟ་ཚུལ་ཁྲིམས་འོད་ཟེར་གྱི་ཁ་བཤད་དོན་ལ་མ་གནས་པའི་དགག་ཡིག་གི་ཚིག་དུམ་ཁ་ཤས་བཞག་འདུག
    རང་དོན་ཆོས་སྐུ་ཞིག་པའི་དེ་ཚུལ་ཁྲིམ་འོད་ཟེར་ཁྱེད་ལྟ་བུའི་ངོ་སྐལ་སྤྲེལ་ལད་འཁྲབ་ནས་འཐོབ་པའི་འབྲས་བུ་ཞིག་ལ་གོ་བ་གཏན་ནས་བླང་མི་རུང་། མ་ཟད་རང་དོན་ཆོས་སྐུ་ཞིག་པ་དེ་ཆོས་བརྒྱད་ཀྱི་རང་དོན་ལ་གོ་བ་དེ་ཁྱེད་སྤྱི་འཐུས་ཀྱི་འོས་ཤོག་མ་བླུགས་གོང་ཁྱེད་ཀྱི་དགའ་ལྡན་ཤར་རྩེ་དགེ་རྒན་བྱས་རབས་སོགས་མང་པོ་བརྗོད་འདུག །ཁྱེད་ཀྱི་དགེ་འཕྲུག་ཚོར་འདི་ལྟ་འབྲེལ་བཤད་རྒྱབ་ན་དགེ་འཕྲུག་ཚོར་ལམ་ལོག་ལ་ཁྲིདམཁན་གྱིས་དེད་དཔོན་རྣལ་མ་ཞིག་ཡིན་པར་རང་རྟགས་གསལ་པོ་སྟོན་འདུག །རང་དོན་ཆོས་སྐུ་ཞིག་པའི་མཐའ་ཐུག་གི་སངས་རྒྱས་སྤང་རྟོགས་ཀྱི་ཡོན་ཏན་ཡོངས་སུ་རྫོགས་པའི་འབྲས་དུས་ཀྱི་སངས་རྒྱས་ཁོ་ན་གོ་དགོས། དེས་ན་རྒྱལ་བ་རྫོགས་པའི་སངས་རྒྱས་ལ་གཞན་དོན་མ་ཡིན་པའི་རང་དོན་རྐྱང་པ་ཞིག་མངའ་བ་དེ་གཞུང་ཆེན་ཀ་པོད་གསུམ་ལ་ཚུལ་འོད་ཁྱེད་ཀྱི་རང་དོན་བསྒྲུབ་རྒྱུའི་ཆེད་གསར་དུ་བརྙན་པ་ཡིན་ན་ལས་གཞན་དབུ་མཇུག་གང་ཡང་མི་གསལ། འབྲོག་སྐད་མ་གཏོགས་མི་ཤེས་པའི་ཚུལ་འོད་ཁྱེད་ལྟ་བུའི་བོད་དམངས་ཀྱི་སྤྱི་འཐུས་ལ་སླེབས་པ་དེས་མི་དམངས་ནས་སྤྱི་འཐུས་ནང་མི་ཡག་པོ་དང་སློབ་སྦྱོང་ཅན་རང་ཚུགས་རྟེན་པོ་ཐུབ་མཁན་ཞིག་མི་དགོས་པའི་དཔེ་མཚོན་ཡག་ཤོས་གཅིག་ཁྱེད་རང་འགྱུར་འདུག །ཁྱེད་ལ་གནས་ལུགས་དང་རྒྱུ་མཚན་ཡོད་ན་མོན་གྷོ་ནས་ས་རྟགས་བསྡུ་རུབ་བྱས་ཏེ་སྤྱི་འཐུས་ལྷན་ཁང་ལ་འབུལ་དགོས་པའི་རྒྱུ་མཚན་གང་ལ་ཐུབ། ངས་མཐའ་མཇུག་ནང་གཏམ་ཞིག་ལ་ཁྱེད་རབ་བྱུང་ངུར་སྨིག་གྱོན་པའི་གྲྭ་རྒན་ཞིག་གིས་གང་ཡོད་པ་དང་གང་མཐོང་བ་གཉིས་པོ་གཙོ་བོ་གཟུང་སྟེ་དྲང་དོན་ལ་རྒྱབ་སྐྱོ་དང་སྐྱོན་ཅན་ཡོ་སྲང་བྱ་རྒྱུ་དེ་ཁྱེད་ཀྱི་མ་འོངས་ལོ་གཉིས་ཀྱི་ལས་འགན་རེད་དེ་དོན་དགོངས་འཇགས་འཚལ། གལ་སྲིད་གནས་ལུགས་དང་རྒྱུ་མཚན་འདྲེན་ན་སླར་ཡང་མཇལ་ཡོངས།

    Reply
  4. དགྲ་ལྷ་རྩེ་རྒྱལ། says:
    ལོ་ 16 སྔོན།

    ཚུལ་ཁྲིམས་འོད་ཟེར་བ་ཁྱོད་ལྟ་བུ་བོད་མི་མང་གི་སྤྱི་འཐུས་ཆགས་པ་ངོ་མ་ཁྱད་མཚར་རེད། ཁྱོད་རང་གི་རྐུབ་བཀྱག་བརྟན་པོ་ཡིན་བསམ་འུར་མ་ཤོད། གོང་གི་མིང་རྫུན་མ་འབྲི་མཁན་དེ་ཚོའི་སྐད་ཆ་ལ་བྲོ་བ་མི་འདུག་ན་ལན་གཅིག་གཅིག་གཉིས་གཉིས་རྒྱག་དགོས་དོན་ག་རེ་འདུག ཁྱོད་ལ་སྤྲེལ་ལད་ཡོད་ན་ཡོད་པ་རེད། འདུག་ལབ་པ་ལ་ཧ་ལས་རྒྱུ་གང་ཡང་ཡོད་མ་རེད། ལུང་མང་པོ་དྲངས་མ་དྲངས་ཡོད་མ་རེད། བོད་མི་མང་སྤྱི་འཐུས་ཤིག་ལ་བློ་རྒྱ་དེ་ལྟ་བུ་ལས་མེད་ན་ཐབས་སྐྱོ་པོ་རེད། མིང་ངོ་མ་བྲིས་ན་ཁྱོད་ཀྱིས་ག་རེ་བྱེད་རྩིས་ཡོད།

    གསེར་རྟའི་ཚུལ་འོད་འུ་ཤོབ་ཤོད་ལ་དགའ།།
    སྤྱི་འཐུས་རྐུབ་བཀྱག་བརྟན་པོ་ཉར་ལ་དགའ།།
    དོན་དག་མེད་སར་ལུང་འདྲེན་བྱེད་ལ་དགའ།།
    རང་ལ་ཕོག་དུས་རྫོགས་མེད་འབྲི་ལ་དགའ།།

    Reply
  5. སྐར་ཁྲི་བཙན། says:
    ལོ་ 16 སྔོན།

    གོ་བ་མེད་པའི་གཡག དྲ་གྲོགས་བར་སྔར་ནས་འཁོན་འཛིན་ཞིག་ཡོད་པ་ནང་བཞིན་ཚིག་རྩུབ་དེ་འདྲ་བེད་སྤྱད་ནས་ཨ ཁ ཁ

    Reply
  6. གསེར་རྟ་ཚུལ་ཁྲིམས་འོད་ཟེར། says:
    ལོ་ 16 སྔོན།

    སྨར་ལ་དགའ་བའི་སྨར་དྷཱི་སོགས།།
    སྨར་ཚད་ལོག་བཤད་འབའ་ཞིག་ཕྱིར།།
    སྨར་སྐྱོན་འདི་ཞེས་ཐེར་བཏོན་ན།།
    སྨར་བ་བཟང་བར་ཨེ་འགྱུར་སྙམ།།

    སྨྲ་བརྗོད་རང་དབང་སྤྱོད་དགོས་ཞེས།།
    རང་མིང་སྨྲ་བརྗོད་མི་ཕོད་འགལ།།
    སྤྲེལ་ལད་འཁྲབ་འདོད་མེད་ཞེས་དང་།།
    ཚོང་བར་སྤྲེལ་ལད་འཁྲབ་པ་འགལ།།

    ཐེག་ཆེན་ཉམས་ལེན་རྣམ་དག་ལ།།
    རང་དོན་སྤང་བྱས་ཁྱབ་ཞེས་དང་།།
    དུས་གསུམ་རྒྱལ་བ་རྒྱལ་སྲས་བཅས།།
    རང་དོན་ཆོས་སྐུ་མ་སྤངས་འགལ།།

    དབྱངས་ཅན་རོལ་བའི་འོ་མཚོར་ཁས་འཆེས་ཡང་།།
    དག་ཡིག་མཁས་པ་དགའ་སྐྱེད་མི་ཤེས་འགལ།།
    རང་སྐྱོན་རི་བོ་རང་གིས་མི་མཐོང་བར།།
    གཞན་སྐྱོན་འཚོལ་བསྒྲུབ་ཁོ་ནར་བརྩོན་པ་འཁྲུལ།།

    ཁེ་བཟང་ཞེས་པ་ཁེ་ཕན་བཟང་པོ་ཡི།།
    ཚིག་སྡུད་ཡིན་པ་ཙམ་ཡང་མི་ཤེས་པར།།
    སྦྲེལ་ལད་འཁྲབ་ནས་ཁེ་བཟང་མ་ཐོབ་ན།།
    གཞན་ནས་ཁེ་བཟང་མི་འབྱུང་བཤད་པ་འཁྲུལ།།

    དེའི་ཕྱིར་འགལ་འཁྲུལ་མི་གཙང་གད་སྙིགས་ཕུང་།།
    ལུང་རིགས་བསྐལ་བའི་མེ་ཡིས་བསྲེགས་བྱས་ཏེ།།
    ཐལ་བ་དང་གཙང་ཆུ་ཡིས་མ་བཀྲུས་ན།།
    གཟིར་གནས་བློ་ལྡན་དགྱེས་པར་ཅིའི་ཕྱིར་འགྱུར།།

    ཨ་ཅང་ཀུ་རེ་ཡིན་ནོ་དཔྱོད་ལྡན་དག།
    གོ་བ་མེད་པའི་གཡག་དང་བོང་བུ་སོགས།།
    རྒྱལ་བའི་བཀའ་ལས་དབྱུག་པས་འདུལ་སླ་ཞེས།།
    མཁས་པའི་གསུངས་བཞིན་གྱིས་དང་འཁྲུལ་བ་མེད།།
    སརྦ་མངྒ་ལྃ།
    རང་དོན་དུ་ཆོས་སྐུ་དང་། གཞན་དོན་དུ་གཟུགས་སྐུ་གཉིས་ལས་ཐེག་ཆེན་པས་རང་དོན་དུ་ཆོས་སྐུ་དོན་དུ་མི་གཉེར། རད་དོན་ལ་ཐེག་ཆེན་པའི་སྤངས་བྱས་ཁྱབ། ཅེས་སྐད་གཟེངས་མཐོ་བ་འདིས། ཅི་ཡང་མི་ཤེས་པའི་བླུན་པོ་འདིའི་རིགས་མགོ་འཕང་མཐོ་བ་མཚོན་ཡོད།
    འདི་འདྲ་ལ་བརྟེན་༧གོང་ས་༧སྐྱབས་མགོན་ཆེན་པོ་མཆོག་གིས་མི་མང་གི་ཆོས་ཀྱི་ཤེས་ཚད་ཧ་ཅང་སྐྱོ་བོ་རེད། ཡར་རྒྱས་གཏང་དགོས་འདུག ཅེས་གསུངས་དགོས་བྱུང་བ་རེད།

    Reply
  7. གསེར་རྟ་ཚུལ་ཁྲིམས་འོད་ཟེར། says:
    ལོ་ 16 སྔོན།

    བདེན་རྫུན་གོ་ལྡོག་བདེན་པའི་ལག་དམར་གྱིས།།
    འབྲི་བྱའི་རང་མིང་འབྲི་བར་མི་ནུས་པར།།
    རྫུན་མིང་ཁོ་ནས་རྫུན་གཏམ་སྤེལ་བ་འདིས།།
    ཕ་བརླ་འཚོང་བའི་ཕ་ངན་བུ་ཞིག་མཚོན།།

    ནོར་བུ་མེད་སའི་ནོར་གླིང་མིང་ཅན་སོགས།།
    མིང་དོན་འཐུན་པའི་མིང་ཞིག་ཡོད་ན་ཤོད།།
    བདེན་རྫུན་གནས་ལུགས་བདེན་པའི་རྟགས་ཀྱིས་འབྱེད།།
    རྒྱལ་ཕམ་ལྟད་མོ་རྒྱལ་ཁམས་ཡོངས་སུ་སྟོན།།

    Reply
  8. ནོར་བུ་གླིང་ཁ། says:
    ལོ་ 16 སྔོན།

    མོན་གྷོ་གཞིས་ཆགས་དགོན་སྡེ་ཐུན་མོང་གི༎
    དམ་ཕྲུག་ས་རྟགས་ཕབ་པའི་ཞུ་ཡིག་ནང་༎
    ཁྱེད་ཀྱི་མཛད་རྗེས་སྤྱི་འཐུས་ལྷན་ཁང་བརྒྱུད༎
    རྒྱལ་ཕམ་ལྟད་མོ་རྒྱལ་ཁམས་ཡོངས་ལ་གྲགས།།
    གསེར་རྟ་ཚུལ་ཁྲིམས་འོད་ཟེར་གྱི་ཉེ་ཆར་མཛད་རྗེས་ལ་བསྔགས་པ།

    Reply
  9. ནད་པ says:
    ལོ་ 16 སྔོན།

    ༸ གོང་ས་ ༸ སྐྱབས་མགོན་སྐུ་ཕྲེང་བཅུ་བཞི་པ་ཆེན་པོ་མཆོག་གིས་བོད་ཀྱི་རྒྱལ་ཁབ་དང་། བོད་མི་རིགས། ནང་པའི་ཆོས། བོད་ཀྱི་རིག་གཞུང་། བོད་ཀྱི་མི་དམངས།
    ད་དུང་འཛམ་གླིང་ནང་འགྲོ་བ་མིའི་རིགས་ཀྱི་བདེ་སྡུག སྙིང་རྗེ། ཞི་བདེ། ལམ་སྟོན། ཆོས་ལུགས་ཀྱི་མཐུན་ལམ། ལྷག་དོན་ཁོང་གིས་སྐུ་ན་ཆེས་ཕྲ་བའི་དུས་ནས་བསླབ་གཉེར་དང་འབྲེལ་རྒྱལ་ཁབ་དང་མི་རིགས་གཅིག་གི་འགན་འཁྲིར་དཀའ་ངལ་ཇི་ཙམ་འཕྲད་མིན།
    ད་དུང་བཙན་བྱོལ་དུ་ཕེབས་རྗེས་སུ་སྐུ་ངལ་ག་ཚོད་གཅིག་འཕྲད་པ་དང་དེའི་ཐད་ལ་སྐུ་ལས་ཇི་ཙམ་སྐྱོན་བཞིན་ཡོད་པ་དེ་དག་ཕྱི་ནང་བོད་རིགས་སྤྱི་དང་སྒོས་སུ་ནང་པ་སངས་རྒྱས་པ་དང་འཛམ་གླིང་མི་དམངས་ཡོངས་ཀྱིས་༸ རྒྱལ་བའི་མཛད་རྣམ་དེ་ཤེས་དགོས་པ་དང་ཤེས་ནས་དད་པ་ཐོབ་པ་ཞིག་དགོས་རྒྱུ་དེ་གཙོ་བོ་ཡིན།

    དེ་མིན་དེང་རབས་ཀྱི་ན་གཞོན་ཚོས་ཤེས་ནས་དད་པ་ཐོབ་པ་ཞིག་མ་བྱུང་ན་ཐ་མར་བོད་རྒྱལ་ཁབ་དང་། བོད་མི་རིགས། ནང་བསྟན་ཆོས་ལུགས། བོད་ཀྱི་ཆབ་སྲིད་སོགས་ཕྱོག་གང་ཐད་ལ་༸ གོང་ས་མཆོག་དང་བོད་གཞུང་གི་ལམ་ཕྱོགས་ལ་སྐྱོན་གནད་ཆེན་པོ་ཤོར་བ་ཡང་ངོས་འཛིན་བྱེད་མཁན་ཇེ་མང་ཕྱིས་འབྱུང་ཡོང་སྲིད་སྟབས་
    ༸ རྒྱལ་བ་རིན་པོ་ཆེ་དེས་སོ་སོའི་རྒྱལ་ཁབ་དང་། མི་རིགས། ཆབ་སྲིད། རིགསགཞུང་། དཔལ་འབྱོར། ཆོས་ལུགས། གོམ་གཤིས། སྐད་ཡིག ལེགས་བྱང་སོགས་ལ་སྐུ་ལས་ཇི་ཙམ་སྐྱོན་གནང་བ་དེ་དོན་དངོས་ཐོག་ཤེས་རྟོགས་ཐུབ་རྒྱུ་དེ་ཤིན་ཏུ་གལ་ཆེ་ཞིག་ཡིན་པའི་འཚོར་སྣང་བྱུང་བས་མཛད་རྣམ་དེ་ཡག་པོ་བྱུང་ཡོད་པའི་རེ་བ་ཆེ།

    Reply
  10. སྨར་དྷི་ཟེར། says:
    ལོ་ 16 སྔོན།

    གོང་གི་ཁོ་བོས་ཡག་པོ་འདུག་ཞུས་པ་དེ་ནོར་གླིང་གིས་ཕྱེད་ཅག་ཞུས་ནས་ཚོང་པ་དེར་ཞུས་པ་ཡིན། ཁྱེད་ཀྱི་གོང་གི་དགེ་ཆོས་ཀྱི་ལུང་སོགས་མང་པོ་བཤད་འདུག་ཀྱང་དེར་དགག་
    དགོས་པའི་རྒྱུ་མཚན་མ་མཐོང་། འོན་ཀྱངཐེག་པ་ཆེ་ཆུང་གང་གི་ནང་པ་ཡིིན་ན་དེའི་ངོས་སྐལ་གྱི་འཐོབ་བྱ་དེ་ཁེ་
    བཟང་ཡིན་གསུང་འདུག །མཁས་རློང་ཅན་ཁྱེད་ལྟ་བུ་ཡིན་ན་ལས་ཁེ་བཟང་ཞིག་པ་དེ་རང་དོན་གྱི་ཆེད་དུ་
    སྤྲེལ་ལད་ཁྲབ་ནས་རགས་པ་ཞིག་ལ་ཁེ་བཟང་གོ་དགོས། ཐེག་ཆེན་ལམ་གྱི་ཉམས་ལེན་རྣམ་དག་བྱེད་མཁན་ཞིག་ཡིན་ན་རང་དོན་ཞིག་པ་དེ་སེམས་པའི་ཡུལ་ལས་འདས་ཏེ་མཐའ་གཅིག་ཏུ་སྤང་བྱ་ཡིན་པའི་ཁྱབ་པ་རེད་།
    གུས་པ་བགྲོ་གླེང་འདིར་བཞུགས་དགོས་པའིརྒྱུ་མཚན་ཁྱེད་ལྟ་བུ་ཁེ་བཟང་ཞིག་གི་ཆེད་མ་ཡིན་པ་སྨྲ་བརྗོད་རང་དབང་གི་གོ་སྐབས་ལོངས་སུ་སྤྱོད་པ་ལས་སྤྲེལ་ལད་ཁྲབ་འདོད་མེད་ལ་ཤེས་མཁན་ཞིག་ཀྱང་མིན།

    Reply
  11. རྒྱང་རིང་ནས། says:
    ལོ་ 16 སྔོན།

    མགྱོགས་པོ་འགྲེལ་སྤེལ་ཞུ་ཐོབ་པའི་རེ་བ་དང་ མི་འགྱངས་བ་སྐད་རིགས་གཞན་དུ་བསྒྱུར་ཏེ་ས་ཕྱོགས་མང་པོ་ལ་འགྲེལ་སྤེལ་བྱེད་ཐུབ་ན་ཕན་ཐོག་ཡོད་ངེས་རེད།

    Reply
  12. བདེ་བ་ཅན། says:
    ལོ་ 16 སྔོན།

    ༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་གི་ 1960 ལོ་བར་གྱི་མཛད་རྣམ་རྒྱས་པ་ད་ལྟ་དངོས་སུ་རྒྱ་ཆེའི་ཀློག་པ་པོའི་སྤྱན་སྔར་བསྟར་ཐུབ་པ་འདི་ནི་དཔལ་ལྡན་སྐུ་སྒེར་ཡིག་ཚང་གི་ཐུགས་འགན་བཞེས་པའི་འོག་རྩོམ་སྒྲིག་ཡོངས་ནས་འཁུར་བླངས་པའི་འབྲས་བུ་ཞིག་ཡིན་པ་གདོན་མི་ཟ་བས་དེ་ནི་ང་ཚོ་བོད་མི་རིགས་ཡོངས་ལ་མཚོན་ན་ཤིན་ཏུ་གལ་འགངས་ཆེ་བའི་ལོ་རྒྱུས་ཀྱི་སྟོང་ཆ་ཞིག་ཁ་བསྐོང་བྱས་པ་ཞིག་ཡིན་པས་མཛད་རྣམ་རྩོམ་སྒྲིག་འབྲེལ་ཡོད་ཡོངས་ལ་བཀྲ་ ིས་བདེ་ལེགས་ཞུ་རྒྱུ་ཡིན། ༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་གི་མཛད་འཕྲིན་ནི་ཞལ་དུ་མེད་པ་ཞིག་ཡིན་ལ། བརྗོད་མི་ཚར་བ་ཞིག་ཡིན་པ་སྨྲོས་མེད་ཀྱང༌། གང་ཉིད་ཀྱི་སྐུ་ཚེའི་མཛད་འཕྲིན་རྒྱས་ཤོས་ཀྱི་དུས་སྐབས་འདེ་ནི་ 1959་ རྗེས་བོད་ནས་བཙན་བྱོལ་དུ་ཆིབས་བསྒྱུར་བསྐྱངས་རྗེས་རིམ་པས་འཛམ་ཡུལ་གྲུ་དུ་མར་ཞབས་ཀྱི་བཅགས་ཏེ་ཆོས་སྲིད་མཛད་འཕྲིན་བླ་ན་མ་མཆིས་པ་བསྐྱངས་དང་སྐྱོང་བཞིན་ཡོད་པས་མ་འོངས་མཛད་རྣམ་རིམ་པས་བཏོན་རྒྱུའི་ཐད་རྒྱུས་བབས་ཅན་གྱི་རྩོམ་སྒྲིག་པ་རྒན་གྲས་ཁག་ཅིག་ཕྱི་རོལ་དུ་ཐོན་འགྲོ་བ་དང་། ཤུལ་དུ་ལུས་པའི་གཞོན་སྐྱེས་རྣམས་ནས་ཤེས་རྩལ་གཅིག་པུར་བརྟེན་ནས་མཛད་རྣམ་ཞིབ་ཕྲ་ཞིག་འབྲི་རྒྱུར་དཀའ་ངལ་འཕྲད་སྲིད་པ་དེ་བསམ་གཞིགས་བྱ་དགོས་པ་ཞིག་མཐོང་གི་ཡོད་ལ། ལྷག་པར་དུ་མཛད་རྣམ་རྩོམ་སྒྲིག་སྐབས་ངེས་པར་དུ་ཆིབས་བསྒྱུར་ཁག་སོགས་སུ་གཙོ་བོའི་ཐུགས་འདྲིས་ཆེ་ཤོས་སུ་ཡོད་པའི་དཔལ་ལྡན་སྐུ་སྒེར་ཡིག་ཚང་གི་དྲུང་ཆེ་རྟ་ར་སོགས་འབྲེལ་ཡོད་དྲུང་ཆེ་དང་ཞབས་ཕྱི་རྒན་གྲས་རྣམས་ངེས་པར་མཛད་རྣམ་ཚོགས་ཆུང་ཁོངས་དགོས་རྒྱུ་དེ་ནི་ངེས་པར་ལག་ལེན་བྱ་དགོས་པ་ཞིག་མཐོང་གི་འདུག་པ་འདི་བསམ་ཚུལ་ཙམ་ཡིན༎

    Reply
  13. ནོར་བུ་གླིང་ཁ། says:
    ལོ་ 16 སྔོན།

    དྲྭ་གྲོགས་འདོད་ལྷའི་སྲས་ལགས། ཉིན་ལྟར་དུས་བབ་ཀྱི་དྲྭ་རྒྱ་སྒོ་ཕྱེས་རྗེས་ཐོག་མར་ཁྱེད་ཀྱི་ཟིན་བྲིས་ནང་ཐེངས་རེ་འཛུལ་བཞིན་ཡོད་ཀྱང་ཁྱེད་ཀྱི་སྐད་ཆ་གསར་པ་གང་ཡང་མ་མཐོང༌། རྗེས་སུ་མིང་དོན་མཚུངས་པའི་སྐད་ཆ་སྟེ། ཀུན་གྱིས་ཁ་ནས་སྨྲོས་པར་དཀའ་ཞིང་། སེམས་ནས་རྟག་ཏུ་ཉར་བའི་གནས་ལུགས་དེ་ང་ཚོའི་མིག་སྔར་གྱེར་རོགས་ཞུ།།

    Reply
  14. ཨ་ལ་ལ says:
    ལོ་ 16 སྔོན།

    ལུང་འདྲེན་བྱེད་ཀྱི་ཡིན་ན་དག་མོ་ཞིག་དྲོངས་དང་། ས་འབུ་མགོ་མེད་ཟེར་བ་མིན་ལ་ས་འབུ་རྐང་མེད་རེད་གོ། ཧ་རེ་ཧོ་རེ་མ་བྱེད་གོ་ཨ་ཁུ།

    Reply
  15. གསེར་རྟ་ཚུལ་ཁྲིམས་འོད་ཟེར། says:
    ལོ་ 16 སྔོན།

    དྲ་གྲོགས་སྨར་དྷི་ཟེར།མི་ཞིག་ལ་ཡག་པོ་འདུག་ཞུས་ཚད་ལ་སྦྲེལ་ལད་ཀྱི་སྐད་ཆས་ཁྱབ་ན་ཉིད་ཀྱིས་ཀྱང་ཕྲན་ལ་སྦྲེལ་ལད་ལས་མ་འདས་སོ།

    ཁྱོད་མ་དགའ་ཡང་བཟང་པོ་ལ་བསྟོད་པ་དང། ངན་པར་སྐྱོན་བརྗོད་བྱེད་ཀྱི་དེ་འཇིག་རྟེན་གྱི་ཆོས་ཉིད་རེད།

    ཇི་སྐད་དུ་མཁས་དབང་དགེ་ཆོས་ཀྱིས།

    གྲོག་མ་མིག་མེད་བདེ་བའི་ཆེད་དུ་རྒྱུག།
    ས་འབུ་མགོ་མེད་བདེ་བའི་ཕྱོགས་སུ་རྒྱུག།
    མདོར་ན་འཇིག་རྟེན་ཐམས་ཅད་བང་འགྲན་ནས།།
    གཅིག་ལས་གཅིག་མགྱོག་བདེ་བའི་ཕྱོགས་སུ་རྒྱུག། ཅེས་གསུངས་པ་དོན་ལ་གནས་སམ། གནས་ན་དེ་ཚོས་བདེ་བ་དོན་དུ་གཉེར་གསུངས་པ་དེ་ཁེ་བཟང་དོན་དུ་གཉེར་གསུངས་པ་མ་ཡིན་ནམ། དེ་ཡིན་ན་འཇིག་རྟེན་ཐམས་ཅད་ལ་གོ་སྐབས་མི་སྤྲད་མཁན་ཁྱེད་ནི་ཧ་ཅང་དཔའ་ཐལ་ལོ།།
    འཇིག་རྟེན་ཐམས་ཅད་ལ་གོ་སྐབས་མི་སྤྲད་པའི་ཤེས་འཇོན་ཁྱོད་ལ་ཅི་ཞིག་ཡོད་དམ། དེ་ལྟར་ཟེར་བ་དེ་ཁྱོད་ཀྱིས་ཅི་ཞིག་དྲན་པ་ཡིན་ནམ།
    དངོས་གནས་བྱས་ན་ཆབ་སྲིད་ཙམ་མ་ཟད་ཆོས་ཕྱོགས་ནས་བཤད་ཀྱང་རང་རེ་ཐེག་པ་ཆེ་ཆུང་གང་གི་ནང་པ་ཡིན་ཡང་གང་དུ་ཕེབས་ཀྱང་རང་གི་ངོས་སྐལ་གྱི་ཐོབ་བྱའི་ཁེ་བཟང་རེ་དོན་དུ་གཉེར་བཞིས་པ་སོགས་ཉིད་ཀྱིས་ཅུང་ཟད་རེ་ཤེས་ན་ཁྱེད་ཀྱི་སྐད་ཆ་དེ་ཚོར་རྒྱུ་མཚན་ཅུང་ཟད་རེ་ཡོད་པར་ཕན་ངེས་སོ།

    འོན་ཀྱང་ཁྱོད་ཁེ་བཟང་མི་དགོས་ས་ཞིག་ཡིན་ན་འདིར་བགྲོ་གླེང་ནང་ཞུགས་པས་ཅི་ཞིག་བྱེད།
    རང་གིས་མ་འཇོན། མི་ལ་ཕྲག་དོག་ཁཽ་ནས་ཡིན་ན་རང་སྡུག་ལས་གང་ཡང་མེད་དོ།
    མ་གཞི་ཁྱོད་ཀྱིས་རང་མིང་དང་འདུག་གནས་སོགས་གསལ་བོ་བཤད་ནུས་ན་ངས་ཁྱོད་ལ་ད་དུང་ཕན་སེམས་འབའ་ཞིག་གིས་ཚིག་གསུམ་བཤད་ཆོག

    རང་ཁྱིམ་ཕུགས་སུ་དཔའ་སྐད་སྒྲོག་པ་ལྟར།།
    རང་མིང་ཙམ་ཡང་མཁོ་སྤྲོད་མི་ནུས་ཀྱང་།།
    མིང་རྗུན་ཁོ་ནས་འཆལ་གཏམ་སྤེལ་བ་དེ།།
    ལམ་ཁའི་རྡོ་བཞིན་སྣང་མེད་བཞག་ན་བཟང།།

    Reply
  16. སྨར་དྷི་ཟེར། says:
    ལོ་ 16 སྔོན།

    ཡག་པོ་འདུག་འོན་ཀྱང་དེང་སང་མི་རེ་ཟུང་གི་སྤྲེལ་ལད་ཀྱི་སྐད་ཆ་བཤད་བཞིན་འདུག ག་པ་ཕེབས་ན་ཁེ་བཟང་ཞིག་རགས་ཐབས་གནང་མཁན་གྱི་གྲལ་ལ་གོ་སྐབས་་
    གཏན་ནས་འབུལ་རྒྱ་མེད།

    Reply
  17. གསེར་རྟ་ཚུལ་ཁྲིམས་འོད་ཟེར། says:
    ལོ་ 16 སྔོན།

    ༧གོང་ས་༧སྐྱབས་མགོན་ཆེན་པོ་མཆོག་གི་མཛད་རྣམ་འདི་ནི་གལ་ཆེའི་དུས་སྐབས་ཤིག་གི་བོད་མི་རིགས་ཀྱི་དངོས་བྱུང་ལོ་རྒྱུས་ཆགས་ཡོད།

    དེར་བརྟེན་ནོར་གླིང་གི་ངེས་སྟོན་པ་དཔལ་ལྡན་བཀའ་བློན་ཁྲི་ཟུར་སྐུ་ངོས་སྐལ་བཟང་ཡེ་ཤེས་མཆོག་གིས་དབུས་རྩོམ་སྒྲིག་པ་ལྷན་རྒྱས་ནས་ལོ་མང་རིང་ཐུགས་ཁུར་ཆེ་བཞེས་གནང་འབྲས་མཛད་རྣམས་དེབ་གཟུགས་དེ་དག་ལེགས་གྲུབ་བྱུང་བར་བཀྲ་ཤིས་བདེ་ལེགས་གྲངས་མེད་དང་ཐུགས་རྗེ་ཆེ་ཞུ།།

    Reply

དཔྱད་མཆན་སྤེལ། Cancel reply

Your email address will not be published. Required fields are marked *

སྤྱི་ཚོགས་དྲ་གནས།

ཁྱབ་བསྒྲགས།

དྲ་ངོས་ཀྱི་གནས་ཚུལ་ཚང་མའི་པར་དབང་བོད་ཀྱི་དུས་བབ་ལ་ཡོད།

གློག་འཕྲིན།

editor@tibettimes.net | office@tibettimes.net

ཁ་པར།

+91-98823-47075 | +91-92189-38041 | +91-81972-44372

Welcome Back!

OR

Login to your account below

Forgotten Password?

Retrieve your password

Please enter your username or email address to reset your password.

Log In

Add New Playlist

No Result
ཆ་ཚང་གཟིགས།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
    • གླ་ཡོད་རིན་གོང་།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese