མདུན་ངོས།
About Us
  • English
Advertisement
བོད་ཀྱི་དུས་བབ།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
    • གླ་ཡོད་རིན་གོང་།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese
No Result
ཆ་ཚང་གཟིགས།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
    • གླ་ཡོད་རིན་གོང་།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese
No Result
ཆ་ཚང་གཟིགས།
བོད་ཀྱི་དུས་བབ།
English
No Result
ཆ་ཚང་གཟིགས།

གཙོ་བོ་སེམས་བཟང་བོ་བྱ་རྒྱུ་དེ་གལ་ཆེན་པོ་རེད།

བོད་ཀྱི་དུས་བབ།
༢༠༠༩/༡༡/༡༣
Share on FacebookShare on TwitterShare on EmailShare on Whatsapp
ཁ་སང་ཕྱི་ཚེས་ ༡༢ ཉིན་སྤྱི་ནོར་༧གོང་ས་མཆོག་སྡེ་རཱེང་རྫོང་ལ་ཞབས་སོར་བཀོད་དེ། དེར་ལྷོ་ཕྱོགས་དགའ་ལྡན་བྱང་རྩེའི་དགེ་འདུན་པ་ཐུབ་བསྟན་ལགས་ཀྱིས་དགོན་པ་གསར་པ་ཞིག་བཞེངས་འཆར་ཡོད་པ་དེར་ཕེབས་ཏེ་ཐུགས་སྨོན་དང་ཤིང་སྡོང་འདེབས་འཛུགས་གནང་ཡོད་ལ། ཕྱི་ལོ་ ༡༩༨༣ ལོར་དུས་འཁོར་དབང་ཆེན་གནང་ཡུལ་གྱི་དུས་འཁོར་ཕོ་བྲང་ལ་ཕེབས་རྗེས། ཁྲོམ་རྭའི་རྩེ་ཐང་དུ་ཞབས་སོར་བཀོད་དེ། མི་མང་ཆིག་ཁྲི་༡༠༠༠༠ལྷག་ལ་མ་ཎིའི་ལུང་སོགས་ཀྱི་ཆོས་འབྲེལ་དང་བསྟུན་ཏེ། ཤེས་ཡོན་སློབ་སྦྱོང་དང་ཁོར་ཡུག་སྲུང་སྐྱོབ། འཕྲོད་བསྟེན་བཅས་ཀྱི་ཐད་བཀའ་སློབ་གནང་སོང་།
ཉིན་དེའི་ཕྱི་དྲོ་གནམ་གྲི་བརྒྱུད་འབུམ་སྡེ་ལར་ཆིབས་བསྒྱུར་བསྐྱངས་ཡོད། དེ་རིང་ཞོགས་པའི་ཆུ་ཚོད་ ༩ སྟེང་། འབུམ་སྡེ་ལའི་ཁྲོམ་གཞུང་གི་རྐང་རྩེད་སྤོ་ལོ་རྩེད་ཐང་ནས་མི་དམངས་ཉིས་ཁྲི་ ༢༠༠༠༠ ལྷག་ལ་སྒྲོན་དཀར་གྱི་ཚེ་དབང་དང་བཀའ་སློབ་གསུང་ཆོས་བསྩལ་ཡོད། དེ་དང་མཉམ་དུ་ཚེ་དབང་དང་དགེ་བསྙེན་གྱི་སྡོམ་པ་བཅས་གནང་ཡོད། སྐབས་དེར་༧གོང་ས་མཆོག་གིས་གསུངས་དོན། རབ་བྱུང་དགེ་འདུན་པའི་སྡེ་དང་། ཁྱིམ་པ་དགེ་བསྙེན་གྱི་སྡེ་བཅས་གཉིས་ཡོད་པ་ལས་ཁྱེད་ཅག་གིས་སོ་མཐར་བྱང་སེམས་ཀྱི་སྡོམ་པ་བཞེས་འདོད་ཡོད་རིགས་ཚོས་དེ་རིང་འདིར་དགེ་བསྙེན་གྱི་སྡོམ་པ་བཞེས་ཐུབ་ན་ཡག་པོ་ཡོད་པ་རེད། དེ་ལ་སྲོག་གཅོད་དང་ལོག་གཡེམ། མ་བྱིན་ལེན་པ། ཆང་འཐུང་བ། རྫུན་བཤད་པ་བཅས་སྤང་དགོས་པ་རེད། རབ་བྱུང་ན་དེ་དག་ལྔ་བོ་སྤང་དགོས་ལ། དེ་མ་བྱུང་ཚེ་གོང་གི་དེ་དག་ལས་གཉིས་དང་གསུམ། བཞི། ག་ཚོད་ཐུབ་ཐུབ་ཅིག་སྤངས་ཏེ་ཁས་ལེན་བྱས་ནའང་འགྲིག་གི་རེད། ཅེས་དེ་གའི་ཁྱིམ་པ་ཕོ་མོ་མང་པོ་ཞིག་ལ་དགེ་བསྙེན་གྱི་སྡོམ་པ་བསྩལ་སོང་།
༧གོང་ས་མཆོག་གིས་ཚེ་དབང་གི་སྐོར་ལ་གསུངས་དོན། ཚེ་རིང་པ་ཙམ་གྱིས་དོན་སྙིང་ཆེན་པོ་ཡོད་པ་མ་རེད། ཚེ་རིང་བ་དོན་དང་ལྡན་པ་ཞིག་བྱ་རྒྱུ་གལ་ཆེན་པོ་རེད། མི་ཚེ་དོན་དང་ལྡན་པ་ཞིག་ཡོང་རྒྱུའི་རྩ་བ་སེམས་ལ་བདག་པོ་རྒྱག་རྒྱུ་དེ་རེད། སེམས་པ་བཟང་པོ་ཡོད་ན། ཤེས་བྱ་ཡོན་ཏན་ཡོད་ཀྱང་རུང་ལ་མེད་ཀྱང་རུང་། རྒྱུ་ནོར་ལོངས་སྤྱོད་ཡོད་ཀྱང་རུང་ལ་མེད་ཀྱང་རུང་། སོ་སོ་རང་ཉིད་སྐྱིད་པ་དང་རང་གི་ཉེ་འཁོར་དུའང་བརྡབ་གསིག་མ་སོང་བ་ཡོང་གི་རེད། སེམས་པ་བཟང་པོ་མེད་ན་རྒྱུ་དངོས་པོ་མང་པོ་ཡོད་ཀྱང་ཆགས་སྡང་དང་ཕྲག་དོག་ཆེན་པོ་སྐྱེ་གི་རེད་ལ།ཤེས་བྱ་ཡོན་ཏན་ཡོད་ཀྱང་སེམས་མ་འདུལ་ན་ཡོན་ཏན་དེ་ལའང་རེ་བ་དང་དོགས་པ་མང་པོ་ཞིག་སྐྱེས་ཏེ་མ་སྐྱིད་པ་ཡོང་གི་རེད། སྤྱིར་ཤེས་བྱ་ཡོན་ཏན་ངེས་པར་དུ་དགོས་པ་རེད་ལ། རྒྱུ་ནོར་ལོངས་སྤྱོད་ཀྱང་ངེས་པར་དུ་དགོས་པ་རེད། དེ་དང་ཆབས་གཅིག་གཙོ་བོ་སེམས་བཟང་པོ་བྱ་རྒྱུ་དེ་གལ་ཆེ་ཤོས་རེད། ཅེས་གསུངས་བྱུང་།
ཁོང་གིས་མུ་མཐུད་དུ་འཛམ་གླིང་གི་ཆོས་ལུགས་ཁག་ཚང་མས་འཆམ་མཐུན་དང་ཕན་ཚུན་ལ་གུས་བརྩི་བྱ་དགོས་པའི་སྐོར་གསུངས་དོན། འཛམ་གླིང་གི་ཆོས་ལུགས་ཁག་ཚང་མས་མི་ལ་ཕན་ཐོགས་ཀྱིན་ཡོད། ཆོས་ལུགས་ཆེ་ཁག་ཕལ་ཆེ་བས་རང་དོན་མི་བསམ་པར་སྤྱི་ཚོགས་ལ་ཕན་བདེ་བསྒྲུབ་པའི་བསམ་པ་དང་སྤྱོད་པ་འཁྱེར་བསྡད་ཡོད། དེར་བརྟེན་ཆོས་ལུགས་གང་ལ་དད་པ་བྱེད་མཁན་ཡིན་ན་ཡང་། རང་རང་གི་ཆོས་གཞུང་ན་བཤད་ཡོད་པའི་བསླབ་བྱ་དེ་རིགས་ཁ་ཞེ་གཉིས་མེད་ཀྱིས་ལག་ལེན་འཁེལ་ཐུབ་པ་ཡིན་ན་ཕན་ཐོགས་ཆེན་པོ་ཡོད་པ་གསལ་བོ་རེད།འཛམ་གླིང་འདིར་ཆོས་ལུགས་མི་འདྲ་བ་མང་པོ་ཡོད་པ་དེར་ཕན་ཐོགས་ཆེན་པོ་འདུག་དྲན་ཡོད། གང་ཡིན་ཟེར་ན། དུས་རབས་མི་འདྲ་བ་དང་།ས་གནས་མི་འདྲ་བའི་མི་རིགས་སོ་སོར་གོམས་གཤིས་མི་འདྲ་བ་རེ་ཡོད། ད་ལྟ་འཛམ་གླིང་འདིར་མི་ཐེར་འབུམ་ཆུང་བ་དྲུག་ཙམ་ཡོད།དེ་དག་གི་ཁམས་དང་མོས་པ་སྣ་ཚོགས་རེད། དེར་བརྟེན་ཆོས་ལུགས་མི་འདྲ་བ་དེ་དག་གིས་མི་རིགས་མི་འདྲ་བ་དང་།ཁམས་དང་མོས་པ་མི་འདྲ་བར་ཕན་ཐོགས་ཆེན་པོ་ཡོང་གིན་ཡོད་པ་རེད། ཅེས་དང་།
རྒྱ་གར་ནང་ཆོས་ལུགས་འདྲ་མིན་ཡོད་ཀྱང་ལོ་ངོ་སྟོང་ཕྲག་རིང་འཆམ་མཐུན་མཉམ་གནས། ཕན་ཚུན་ལ་གུས་བརྩིའི་ཐོག་ནས་དར་རྒྱས་བྱུང་བ་རེད། དེའི་རྩ་བ་གང་ལ་ཐུག་ཡོད་ཟེར་ན།ཨ་ཧིམ་སཱ་འཚེ་བ་མེད་པའི་ལྟ་གྲུབ་ལ་ཐུག་ཡོད།  ང་རང་འཛམ་གླིང་གི་ས་ཆ་གང་ལ་སོང་ན་ཡང་། ངས་ང་རྒྱ་གར་གྱི་སྐད་འཁྱེར་བ་ཡིན་ཟེར་གི་ཡོད། གང་ཡིན་ཟེར་ན། ངས་བཤད་བསྡད་པ་དེ་དག་རྒྱ་གར་གྱི་དཔལ་ན་ལེན་ཊའི་ཆོས་བརྒྱུད་དང་།འཚེ་བ་མེད་པ། ཆོས་ལུགས་ཚང་མས་ཕན་ཚུན་གུས་བརྩི་བཅས་གཙོར་འདོན་བྱེད་ཀྱིན་ཡོད། དེ་ནི་རྒྱ་གར་གྱི་སྲོལ་རྒྱུན་བཟང་བོ་ཞིག་རེད་མ་གཏོགས་ང་ཚོས་གསར་བཟོ་བྱས་པ་ཞིག་མ་རེད། དེ་རིང་འདིར་འཛོམས་བསྡད་པ་ཚང་མས་ཕན་ཚུན་ངོ་ཤེས་པ་བྱ་དགོས་པ་རེད། ཅེས་གསུངས་བྱུང་།
སྐབས་དེར་གསར་འགོད་པའི་བསྟན་འཛིན་སྒང་བོད་མིའི་གཞིས་ཆགས་ཀྱི་ས་གནས་མགོ་འཛིན་རྡོ་རྗེ་རིག་འཛིན་ལགས་སུ་བཅར་འདྲི་ཞུས་པར་ཁོང་གིས་གསུངས་དོན། དེ་རིང་འདིར་འབུམ་སྡེ་ལ་ཁུལ་གྱི་བོད་རིགས་གཙོས་པའི་བསྟན་འཛིན་སྒང་གཞིས་ཆགས་དང་སྡེ་རཱེང་། དེ་བཞིན་ས་གནས་ཁག་གི་ཁ་ཐོར་མི་མང་བཅས་བོད་རིགས་ཧ་ཅང་མང་པོ་ཕེབས་འདུག་ལ། མོན་པ་དང་གློ་བ། བལ་ཡུལ། རྟ་མང་བ། ཁུ་ནུ་སོགས་ཧི་མ་ལ་ཡའི་རི་རྒྱུད་ཀྱི་ནང་ཆོས་ལ་དད་པ་བྱེད་མཁན་གྱི་མི་རིགས་ཀྱང་མང་པོ་ཞིག་འབྱོར་འདུག་ཅེས་གསུངས་བྱུང་།
 

ཡང་ཁོང་ལ་བསྟན་འཛིན་སྒང་ས་གནས་གཞིས་མགོའི་འོག་ཏུ་བོད་མི་ག་ཚོད་ཡོད་སྐོར་དྲིས་པར། བོད་མིའི་གཞིས་ཆགས་གཙོ་བོ་བསྟན་འཛིན་སྒང་གཅིག་པུ་རེད། གཞན། མོན་རྟ་དབང་དང་འབུམ་སྡེ་ལ། སྡེ་རཱེང་བཅས་སུ་བོད་མི་ཁ་ཐོར་མང་པོ་ཡོད། ཉེ་ཆར་གྱི་མི་འབོར་ཞིབ་བཤེར་གཞིར་བཞག་བྱས་ན། བསྟན་འཛིན་སྒང་གཞིས་མགོའི་འོག་ཏུ་བོད་པ་ཆིག་སྟོང་གསུམ་བརྒྱ་ ༡༣༠༠ ཙམ་འདུག་ཅེས་ངོ་སྤྲོད་གནང་བྱུང་། ཚེ་དབང་གྲུབ་རྗེས་འབུལ་ལ་ཁུལ་གྱི་མི་མང་ཚོས་རིག་གཞུང་འཁྲབ་སྟོན་བྱས་ཡོད་ལ། ཉིན་རྒྱབ་ཆུ་ཚོད་ ༣ སྟེང་འབུམ་ལ་དགོན་རྩེ་དགའ་ལྡན་རྣམ་རྒྱལ་གླིང་དུ་ཆིབས་སྒྱུར་གྱིས་ཐེངས་འདིར་གསུང་ཆོས་ཞུ་བར་བཅར་མཁན་འབུམ་ལ་ཁུལ་གྱི་བོད་རིགས་མི་མང་ཆིག་སྟོང་ཡས་མས་ཤིག་ལ་དམིགས་བསལ་གྱི་བཀའ་སློབ་ལམ་སྟོན་གནང་ཡོད། །

འདི་གའི་གསར་འགོད་པ་དོན་འགྲུབ་བཀྲ་ཤིས་ཀྱིས་འབུམ་སྡེ་ལ་ནས་སྤེལ།

འབྲེལ་ཡོད་གསར་འགྱུར།

this photo provided by the North Korean government, its Foreign Minister Choe Son Hui, right, and her Chinese counterpart Wang Yi pose for a photo at the Kumsusan Palace of the Sun in Pyongyang, North Korea, Thursday, April 9, 2026. | Photo Credit: AP
Mobile App

རྒྱ་ནག་དང་བྱང་ཀོ་རི་ཡའི་ཚོང་དོན་མཉམ་ལས་བྱས་ནས་མི་ལོ་རེ་ལྔ་འཁོར་འདུག 

༢༠༢༦/༠༤/༡༠
ལམ་བྲག་རིན་པོ་
Mobile App

༸སྐྱབས་རྗེ་ལམ་བྲག་རིན་པོ་ཆེ་མཆོག་དང་སྐུ་ཞབས་ཡངས་གླིང་རྡོ་རྗེ་རྣམ་གཉིས་སྐུ་ཚེ་འཕེན་པ་རྫོགས།

༢༠༢༦/༠༤/༡༠
A poster of the documentary film by ITV
Mobile App

བོད་དོན་འཐབ་རྩོད་ཅེས་པའི་དངོས་བྱུང་གློག་བརྙན་ཞིག་ཨ་རིའི་ཨེ་མི་གཟེངས་རྟགས་ཁོངས་སུ་མིང་བཏོན་བྱས།

༢༠༢༦/༠༤/༡༠
tibettimes
Mobile App

བོད་ཀྱི་ཆབ་སྲིད་བཙོན་པ་ཡེ་ཤེས་བཟང་པོ་ལགས་ཀློད་གྲོལ་བཏང་འདུག

༢༠༢༦/༠༤/༠༩
Mobile App

དཔལ་ས་སྐྱའི་ཁྲི་འཛིན་ཞེ་གསུམ་པ་ཛྙན་བཛྲ་རིན་པོ་ཆེ་མཆོག་ཨོ་གླིང་གི་དཔལ་འབྱོར་བློན་ཆེན་དང་མཇལ་འཕྲད་གནང་བ།

༢༠༢༦/༠༤/༠༩
TTTT
༸གོང་ས་མཆོག གསར་འགྱུར།

༸གོང་ས་མཆོག་ནས་ཨོ་གླིང་གི་ཡེ་ཤུའི་ཆོས་དཔོན་བྷིལ་ཁི་རུ་སི་མཆོག་ལ་མཇལ་ཁ་བསྩལ།

༢༠༢༦/༠༤/༠༩

མཆན། 7

  1. ནོར་བུ་གླིང་ཁ། says:
    ལོ་ 16 སྔོན།

    མོན་གྷོ་གཞིས་ཆགས་དགོན་སྡེ་ཐུན་མོང་གི༎
    དམ་ཕྲུག་ས་རྟགས་ཕབ་པའི་ཞུ་ཡིག་ནང་༎
    ཁྱེད་ཀྱི་མཛད་རྗེས་སྤྱི་འཐུས་ལྷན་ཁང་བརྒྱུད༎
    རྒྱལ་ཕམ་ལྟད་མོ་རྒྱལ་ཁམས་ཡོངས་ལ་གྲགས།།
    གསེར་རྟ་ཚུལ་ཁྲིམས་འོད་ཟེར་གྱི་ཉེ་ཆར་མཛད་རྗེས་ལ་བསྔགས་པ།

    Reply
  2. ཤེལ་དཀར་བློ་བཟང་། says:
    ལོ་ 16 སྔོན།

    ཚུལ་ཁྲིམས་ལྡན་ཞིང་འདུལ་བའི་ཆོ་ག་ཤེས།
    ནད་པར་སྙིང་བརྩེ་འཁོར་ནི་དག་པ་དང་།
    ཆོས་དང་ཟང་ཟིང་ཕན་ཐོག་ལ་བརྩོན་པ།
    དུས་སུ་འདོམས་པ་དེ་ཉིད་བླ་མར་བསྔགས།

    གསར་འགོད་པ་དོན་འགྲུབ་བཀྲ་ཤིས་ལགས་ཀྱིས་དེ་གའི་གནས་ཚུལ་ཞིབ་ཕྲ་སྤེལ་པར་བསྔགས་བརྗོད་དང་འབྲེལ། འབྱུང་འགྱུར་ཡང་དེ་བཞིན་སྤེལ་ཐུབ་པའི་རེ་སྐུལ་ཞུ་རྒྱུ་ཡིན།

    Reply
  3. གསེར་རྟ་ཚུལ་ཁྲིམས་འོད་ཟེར། says:
    ལོ་ 16 སྔོན།

    ཇི་སྐད་དུ་རྒྱལ་ཚབ་ར་སྒྲེང་རིན་པོ་ཆེའི་ཞལ་སྔ་ནས།

    མགོན་མེད་གངས་ཅན་ཞིང་འདིའི་འགྲོ་བ་རྣམས།།
    ཇི་སྲིད་འཁོར་བའི་ཕྱི་མཐའ་མ་རྫོགས་པ།།
    དེ་སྲིད་མཚུངས་པ་མེད་པའི་གསང་གསུམ་གྱིས།།
    སྡེ་བཞིའི་དཔལ་ལ་སྦྱོར་བཞིན་བརྟན་པར་བཞུགས།།

    ཉམ་ཐག་སྨག་རུམ་འཐིབས་པའི་གངས་ཅན་འདིར།།
    མགོན་ཁྱོད་ཐུགས་རྗེའི་སྒྲོན་མེ་འབར་བའི་གཟིས།།
    ཕན་དང་བདེ་བའི་སྣང་བ་འགྱེད་བཞིན་དུ།།
    སྲིད་ཞིའི་བར་དུ་མི་གཡོ་རྟག་བརྟན་ཤོག།
    ཞེས་གསུངས་པ་དང།

    རྫོང་སར་མཁྱེན་བརྩེ་འཇམ་དབྱངས་ཆོས་ཀྱི་བློ་གྲོས་པའི་ཞལ་སྔ་ནས།

    སྲིད་པ་གསུམ་ན་ངོ་མཚར་ཟླ་མེད་པ།།
    ཨུ་དམ་ཝཱ་ར་ལྟར་འཕགས་ཐམས་ཅད་མཁྱེན།།
    འཛམ་གླིང་བསྟན་འགྲོ་ཡོངས་ཀྱི་གཙུག་ནོར་ཆེ།།
    རྒྱལ་མཆོག་ཕྱག་ན་པདྨོ་ཞབས་བརྟན་ཤོག།

    ཅེས་གསུངས་པ་ལྟར་འགྲུབ་པར་སྨོན།

    Reply
  4. བསྟན་འཛིན་ཚེ་དཔག says:
    ལོ་ 16 སྔོན།

    དོན་བཀྲ་ལགས།

    འདི་ལྟར་ཡིག་ནོར་ཇེ་ཉུང་དང་སྤུས་ཇེ་དག་ལ་འགྲོ་བཞིན་པར་སེམས་གཏིང་ནས་དགའ་བ་ཞིག་འཕེལ་བར་གྱུར། དོལ་རྒྱལ་སྐོར་སོགས་ལ་བསྩལ་བའི་བཀའ་སློབ་དང་བཅས་པའི་གསར་གནས་ཤིག་བཀོད་སོང་བ་དེ། བསུབ་ནས་མཐོང་རྒྱུ་མེད་པ་ཆགས་སོང་བ་དེ་ཅིས་ཡིན་ནམ། ག་རེ་བྱས་པ་རེད།

    གཤམ་གྱི་འདི་ཚོ་བཟོ་བཅོས་ཤིག་ཐུགས་འདོགས་འཚལ་ཞུའོ།།

    རྩེ་ཐང༌། རྩེད་ཐང༌།
    གནམ་གྲི། གནམ་

    Reply
  5. བསྟན་འཛིན་ཚེ་དཔག says:
    ལོ་ 16 སྔོན།

    དོན་བཀྲ་ལགས།

    འདི་ལྟར་ཡིག་ནོར་ཇེ་ཉུང་དང་སྤུས་ཇེ་དག་ལ་འགྲོ་བཞིན་པར་སེམས་གཏིང་ནས་དགའ་བ་ཞིག་འཕེལ་བར་གྱུར། དོལ་རྒྱལ་སྐོར་སོགས་ལ་བསྩལ་བའི་བཀའ་སློབ་དང་བཅས་པའི་གསར་གནས་ཤིག་བཀོད་སོང་བ་དེ། བསུབ་ནས་མཐོང་རྒྱུ་མེད་པ་ཆགས་སོང་བ་དེ་ཅིས་ཡིན་ནམ། ག་རེ་བྱས་པ་རེད།

    གཤམ་གྱི་འདི་ཚོ་བཟོ་བཅོས་ཤིག་ཐུགས་འདོགས་འཚལ་ཞུའོ།།

    རྩེ་ཐང༌། རྩེད་ཐང༌།
    གནམ་གྲི། གནམ་གྲུ།
    སྒྲོན་དཀར། སྒྲོལ་དཀར།
    གསར་འགོད་པའི། གསར་འགོད་པས།

    Reply
  6. འབྲོག་རུ་ཆོས་གྲགས། says:
    ལོ་ 16 སྔོན།

    ཚེ་རིང་བོ་ཙམ་གྱིས་དོན་སྙིང་ཆེན་པོ་ཡོད་པ་མ་རེད།
    ཚིག་འདིས་དངོས་གནས་རྒྱབ་ལྗོངས་མཐུག་པོ་ཞིག་སྟོན་གྱིན་འདུག
    ཚིག་འདིས་ཐག་རིང་ཐག་རིང་གི་དམིགས་འདུན་ཟབ་མོ་ཞིག་ལ་ང་ཚོས་ཧུར་ཐག་བྱ་རྒྱུ་སྟོན་གྱིན་འདུག

    Reply
  7. དགུ་ཚིགས་སྐྱ་མོ། says:
    ལོ་ 16 སྔོན།

    ཡིག་ནོར དག་བཅོས
    སོ་མཐར་བྱང་སེམས་ཀྱི་སྡོམ་པ༽ སོ་ཐར་བྱང་སེམས་ཀྱི་སྡོམ་པ
    དོགས་པ་མང་པོ་ཞིག་སྐྱེས་ཏེ་མ་སྐྱིད་པ་ཡོང་གི་རེད༽ མི་སྐྱིད་པ་ཡོང་གི་རེད
    མ་འོངས་པའི་དགག་སྒྲ་སྦྱར་དགོས་ལགས།

    Reply

དཔྱད་མཆན་སྤེལ། Cancel reply

Your email address will not be published. Required fields are marked *

སྤྱི་ཚོགས་དྲ་གནས།

ཁྱབ་བསྒྲགས།

དྲ་ངོས་ཀྱི་གནས་ཚུལ་ཚང་མའི་པར་དབང་བོད་ཀྱི་དུས་བབ་ལ་ཡོད།

གློག་འཕྲིན།

editor@tibettimes.net | office@tibettimes.net

ཁ་པར།

+91-98823-47075 | +91-92189-38041 | +91-81972-44372

Welcome Back!

OR

Login to your account below

Forgotten Password?

Retrieve your password

Please enter your username or email address to reset your password.

Log In

Add New Playlist

No Result
ཆ་ཚང་གཟིགས།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
    • གླ་ཡོད་རིན་གོང་།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese