མདུན་ངོས།
About Us
  • English
Advertisement
བོད་ཀྱི་དུས་བབ།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
    • གླ་ཡོད་རིན་གོང་།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese
No Result
ཆ་ཚང་གཟིགས།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
    • གླ་ཡོད་རིན་གོང་།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese
No Result
ཆ་ཚང་གཟིགས།
བོད་ཀྱི་དུས་བབ།
English
No Result
ཆ་ཚང་གཟིགས།

སྤྱིན་བདག་མི་དགོས། གྲྭ་བ་མི་བྱེད། {དངོས་སྒྲུང་།} སོ་བདུན།

བོད། ཤ་ཁྲག་རུས་གསུམ།
༢༠༠༩/༡༡/༡༤
Share on FacebookShare on TwitterShare on EmailShare on Whatsapp

་་་་་་་་་དངོས་སྒྲུང་འདི་བདག་ལ་རྒྱུས་མངའ་ཡོད་མཁན་གྱི་གྲྭ་བ་ཞིག་གི་ལོ་རྒྱུས་ཡིན།


སོ་བདུན།


ཨ་ཅག་ཚེ་འཛོམ་གྱི་བུ་དང་མནའ་མ་གཉིས་བློ་བཟང་ཡོད་སར་འབྱོར་བ་དང་། བློ་བཟང་གིས་ཁོ་གཉིས་ལ་རྩིས་གཙང་མ་ཞིག་བརྒྱབ། ཁོ་རང་མ་སོང་བའི་ཡར་སྔོན་དེར་ཨ་ཅག་ཚེ་འཛོམ་གྱི་བུས། བློ་བཟང་། ད་རེབས་ངས་འུ་གཉིས་ལ་མེ་འཁོར་ཡག་ཤོས་དེ་བསྔགས་ཡོད། འུ་གཉིས་སང་ཉིན་ལམ་དུ་ཆས་ཆོག རེད་དེ། སང་ཉིན་ཁྱེད་རང་གིས་ང་ལ་རོགས་ཤིག་བྱེད་དགོས་ཀྱི་ཡོད།

མེ་འཁོར་ནང་དུ་ལམ་དུ་མ་ཆས་གོང་དུ། བློ་བཟང་གི་ལག་དུ་ཧིན་སྒོར་འབུམ་བཅུ་ཡོད་པའི་རས་འཐུམ་ཞིག་སྤྲད་དེ། འདི་ཁྱེད་རང་གི་སྐེད་པར་ཐོག འདི་ཟེར་ནས་རས་འཐུམ་གཞན་ཞིག་ཁོ་རང་གི་སྟོད་ཐུང་གི་ནང་རླན་ནང་དུ་བཅུགས། ཁོས་བློ་བཟང་ལ་བཤད་རྒྱུར། སྒོར་མོ་འདི་དག་ཁང་བ་གསར་དུ་བསླེང་བཞིན་ཡོད་དུས། འདི་ནས་མི་ལ་བུ་ལོན་གཡར་བ་ཡིན་ཚུལ་བཤད་པ་དང། ཕར་བདེ་འཇག་གི་སླེབས་དགོས་དུས། ང་རང་གཅིག་བུའི་འཁྱེར་ན་སྟབས་བདེ་མིན་ལ་བདེ་འཇག་ཡང་མིན་པར་འདུག

མེ་འཁོར་བཟང་ཤོས་ཀྱི་ནང་དུ་ཆ་རྐྱེན་ལེགས་པོ་ཡོད་པ་མ་ཟད། ཆུ་ཚོད་ཞེ་བརྒྱད་རིང་གི་འགྲོ་དགོས་སར་ཆུ་ཚོད་ཉེར་བཞིའི་ནང་དུ་སླེབས་ཐུབ་པ་མ་ཟད། ལམ་ཁ་ནས་ཟ་རྒྱུ་འཐུང་རྒྱུ་སོགས་རིན་མེད་ཡིན་པ་མ་ཟད། ནང་དུ་ཉལ་ཆོས་དང་གྲང་གློག་སོགས་ཚང་མ་ཡོད་པའི་ཁོ་གཉིས་དངོས་ནས་ལྷོད་ལྷོད་ཅིག་བསྡད་ན་འགྲིག་ཐག་གཅོད་རེད། ཡིན་ཡང་། ཁོ་གཉིས་མེ་འཁོར་ས་ཚིགས་བརྒྱུད་དེ་འགྲོ་དུས་སུ། ཨ་ཅག་ཚེ་འཛོམ་གྱིས་བུས་སྒོར་མོ་དེ་དག་སྐེད་པར་བཅིངས་མེད་པར་རང་གི་སྟོད་ཐུང་ཞིག་གི་ནང་དུ་བླུགས་་ཡོད་པ་དེ་ནི་ཅུང་མངོན་པའི་ཚུལ་ཞིག་ཡོད་པ་རྒྱ་གར་གཉེན་རྟོགས་པ་ཞིག་གི་འདི་ཅི་ཞིག་རེད་ཟེར་ནས་དབྱུགས་པ་བཙུགས།

ཁོ་རང་ནི་རྒྱ་གར་གྱི་སྐད་ལ་ཐོག་པ་མེད་པ་དང་། དེ་ནི་སྒོར་མོ་ཡིན་རབས་དང་རང་ཉིད་སློབ་གྲྭ་ཆེན་མོར་འགྲོ་མཁན་ཞིག་ཡིན་དུས་ལོ་གཅིག་གི་རིང་གི་ཟས་སོང་དང་། སློབ་གྲྭའི་སློབ་ཡོན་བཅས་རང་གི་མཉམ་དུ་འཁུར་ནས་འགྲོ་བཞིན་ཡོད་པ་སོགས་ཀྱི་གནས་ལུགས་གྲངས་མེད་པ་ཞིག་བཤད་སྟབས། གཉེན་རྟོགས་པ་དེས་ཀྱང་ངོ་འདོག་ཅུང་ཤོར་ནས་རང་གི་དབྱུགས་པ་ཕྲག་པར་འཁུར་ནས་ཁོ་གཉིས་དང་ཁ་ཁར།

ལྡི་ལུར་འབྱོར་ནས་ཨ་ཅག་ཚེ་འཛོམ་གྱིས། བློ་བཟང་ད་རེབས་དངོས་ནས་ངེད་ཅག་གི་ཁང་བ་གསར་བཟོ་བྱེད་ཀྱི་ཡོད་པས། ཁྱེད་རང་ལ་ལག་དངུལ་མང་བོ་ཞིག་དངོས་ནས་སྟེར་རྒྱུ་མི་འདུག་མོད། རྗེས་ཕྱོགས་ཁྱེད་རང་ལ་དཀའ་ངལ་ཡོད་དུས་ང་རང་ལ་བཤད་རྐྱང་བྱོས་དང་། ངས་ཐུབ་པ་ཡིན་ན་རོགས་བྱེད་ཁོ་ཐག་ཡིན་ཟེར་ཞོར་དུ། བློ་བཟང་ལ་ཧིན་སྒོར་གཅིག་ཁྲི་ཞིག་སྤྲད།

བློ་བཟང་གིས་ད་རེབས་དངོས་ནས་ང་རང་ལ་སྒོར་མོ་གང་ཡང་མེད་ན་འགྲིག་ས་རེད། ང་རང་རྡ་སར་སླེབས་རེག་བར་གྱི་འགྲོ་སོང་ཞིག་ཡོད་ན་འགྲིག་ཟེར་ནས་སྒོར་མོ་དེ་དག་མ་བླངས་མོད། མཐར་ཨ་ཅག་ཚེ་འཛོམ་གྱིས་དེ་འདྲ་བྱེད་རན་མེད་ཚོད་ཅེས་ཨུ་ཚུགས་དང་འབྲེལ་ནས་བཤད་པ་དེར་བློ་བཟང་གིས་དང་ལེན་བྱས།

བློ་བཟང་སླེབས་ཡོད་པ་བསྟན་འཛིན་ཚེ་འཚོ་ཡིས་ཤེས་ནས། མོ་རང་སླེབས་ནས་ཨ་ཅག་ཚེ་འཛོམ་ལ་བློ་བཟང་ཁོ་མོ་བསྡོད་སའི་སློབ་གྲྭའི་འགྲམ་གྱི་ཁང་བ་དང་སློབ་གྲྭ་སོགས་ལྟ་བསྐོར་བྱེད་དུ་འགྲོ་རྒྱུ་ཡིན་རབས་བཤད་པ་ལྟར། ཨ་མས་ཀྱང་མོས་མཐུན་བྱས། བསྟན་འཛིན་ཚེ་འཚོ་ཡིས་བློ་བཟང་ཁྲིད་དེ་མོ་རང་གི་འདུག་ཁང་དུ་སོང་ནས། རང་གི་གྲོགས་པོ་གྲོགས་མོ་དག་ལ་ངོ་སྤྲོད་བྱས་པ་དང་། དེའི་རྗེས་སུ་ལྡི་ལི་བོད་ཁྱིམ་མཐོ་སློབ་ནང་དུ་ལྟ་བསྐོར་ལ་ཁྲིད་དེ་འདི་ང་རང་གི་གྲོགས་མོ་ཚོ་དང་གྲོགས་པོ་ཚོ་ཉལ་ཁང་རེད་ཅེས་ནང་དུ་འཁྲིད་དེ། སློབ་གྲྭ་ཆེན་མོ་བོ་རྐྱང་རྐྱང་གི་ཉལ་ཁང་དུ་སླེབས་པ་ལྟ་བུའི་ཚོར་བ་ཞིག་གཏན་ནས་ཚོར་མི་ཐུབ་ལ། དེ་རུ་ཕོ་གསར་མོ་གསར་མགོ་སྟོང་ཏག་ཏག་གི་ཉིན་མ་འཕུད་ས་ལྟ་བུ་ཞིག་ལོས་ཡིན་སྙམ་པའི་སྣང་བ་ཞིག་ཁོ་ལ་སྤྲད་པ་རེད། རྒྱུ་མཚན་ནི་ཕོ་མོ་དེ་དག་གི་ཉལ་ཁང་ནང་དུ་དེབ་དང་འབྲི་དེབ་སོགས་ཀྱི་རིགས་མཐོང་རྒྱུ་ཉུང་ངུ་ཞིག་ལས་མེད་པར་མང་ཤོས་ལག་ཁྱེར་ཁ་པར་བཟང་ངན་རིགས་ཅོག་རྩེ་སྟེང་དུ་བཞག་ནས་ཡོད་པ་དང་། དེའི་འགྲམ་དུ་བརྙན་སྡེར་རོལ་དབྱངས་ཉན་བྱེད་ཀྱི་ཅ་དངོས་ཆེ་མ་ཆུང་གསུམ་ཡོད་པ། བརྩིགས་ངོས་སུ་གློག་བརྙན་འཁྲབ་མཁན་སྐད་གྲགས་ཅན་དང་། དེང་རབས་གྱོན་ཆོས་འགྲེམ་སྟོན་པ་སྐད་གྲགས་ཅན་དག་གི་འདྲ་དཔར་གྱི་བཀང་ནས་བསྡད་ཡོད་པ་རེད།

བློ་བཟང་གིས་དེ་དག་གི་བྱེད་སྟངས་དང་སློབ་སྤྱོང་བྱེད་སྟངས་བསྐོར་ལ་སེམས་པ་སྐྱོ་བའི་ངང་དུ་བསྟན་འཛིན་ཚེ་འཚོ་ལ་རང་གི་གང་མཐོང་བ་དག་བཤད་དུས། བསྟན་འཛིན་ཚེ་འཚོ་ཡིས་བོད་ནས་སླེབས་པའི་སློབ་མ་དག་དང་འདི་ནས་འཚར་ལོངས་བྱུང་བའི་སློབ་མ་དག་གི་བར་ན་དངོས་ནས་མ་འདྲ་བའི་ཆ་མང་རབས་དང་། བོད་ནས་སླེབས་མཁན་གྱི་མི་དག་མི་རིགས་ཆེད་དུ་སེམས་ཤུགས་ཆུ་ཚོད་ཉེར་བཞིའི་རིང་དུ་ཡོད་པ་དང་། འདི་ནས་འཚར་ལོངས་བྱུང་བའི་བོད་ཀྱི་བུ་ཕྲུག་དག་ལ་དེ་འདྲའི་སེམས་ཤུགས་མེད་པར། སེམས་ཤུགས་དེ་ཡང་སྐད་རྒྱག་དུ་སོང་བའི་སྐབས་ཀྱི་སེམས་ཤུགས་ཙམ་ལས་ཕྱིར་ཡོང་དུས་ཕན་ཚུན་ལ། ཀེ དེ་རིང་སྐད་རྒྱག་ས་ནས་ཁྱེད་རང་རྣམ་འགྱུར་སྟོན་དང་དངོས་ནས་མཇུག་གི་ཟེར་བ་དང་། དོ་ནུབ་མཚན་ཚོགས་གང་དུ་འགྲོ་ཟེར་བ་སོགས་བཤད་དེ་འདུག་གི་ཡོད་པ་རེད་ཅེས་བཤད། 

མཚན་མོར་དེར་བློ་བཟང་བསྟན་འཛིན་ཚེ་འཚོ་དང་འགྲོག་ནས་བུ་མོ་ལྔ་དང་བུ་ཁོ་རང་དང་བཅས་དེ་དྲུག་མཚན་མོའི་ཞབས་བྲོ་འཁྲབ་ས་ཞིག་དུ་ཕྱིན་ནས། མཚན་གུང་ཆུ་ཚོད་གསུམ་དང་ཕྱེད་ཀ་ཡོལ་ཙམ་ཞིག་ལ། ཞབས་བྲོ་ཁང་དེ་ནས་འཁྲུག་འཛིང་ཤོར་བ་བསྟུན་ནས་ཁོང་ཚོ་ཕྱིར་ལོག་ཡོང་ནས་བསྟན་འཛིན་ཚེ་འཚོ་དང་ཁོ་རང་གི་གྲོགས་དང་གྲོགས་མོ་ཚོ་བསྡོད་ས་དེར་ཡོང་། བསྟན་འཛིན་ཚེ་འཚོ་ཡིས་རང་གི་ཉལ་ཁང་བློ་བཟང་ལ་བཞག་ནས་མོ་རང་གྲོགས་མོ་དང་གྲོགས་པོ་དེ་དག་གི་ལྷན་དུ་ཉལ་དུ་སོང་ཤུལ་ནས་བློ་བཟང་དངོས་ནས་ལྷོད་ལྷོད་ཅིག་གཉིད་འཁུགས་མ་ཐུབ་ཀྱང་། རང་གི་བུས་མོ་རང་གི་རུམ་ནས་ཁ་རོག་གེར་གཉིད་དུ་གཡུར།

རྡ་ས་ནས་ཡུན་རིང་མ་བསྡད་པར་དེའི་རིང་དུ་རང་གི་ལས་ཀ་རེ་བྱེད་དགོས་པ་དེ་དག་བྱས་རྗེས་སུ། ཐད་ཀར་བལ་ཡུལ་ཕྱོགས་སུ་འགྲོ་བཞིན་པའི་སྐབས་སུ། ཨ་ཅག་ཚེ་འཛོམ་ལ་རང་ཉིད་བོད་དུ་འགྲོ་བཞིན་ཡོད་པ་དང་། ཁོ་རང་ལ་བྱེད་ཐུབ་པའི་ལས་ཀ་འདྲ་ཡོད་ན་བོད་དུ་བྱེད་ཆོག་ཚུལ་སོགས་བཤད་དུས། ཁྱེད་རང་བོད་དུ་སོང་བ་ཡིན་ན། རྒན་པོ་དོན་འགྲུབ་ཀྱི་སྤུན་མཆེད་དང་ཉེ་རིང་གང་རུང་ལ་ཐུག་འཕྲད་བྱེད་རྒྱུ་དང་། དེ་དག་གང་རུང་ཞིག་དང་ལྷན་དུ་ཡར་ལ་ཁ་པར་རེ་གཏོང་རྒྱུ་མ་བརྗེད་ཅིག ད་དུང་། རྒན་པོ་དོན་འགྲུབ་ལགས་མ་གྲོངས་གོང་དུ་སྒོར་མོ་མི་ཉུང་བ་ཞིག་ལྷ་ས་ནས་བསྡད་ཡོད་པའི་རྔ་བའི་ཚོང་བ་ག་གེ་མོ་ཞིག་གི་ལག་དུ་ཤོར་ནས་ཕྱིར་རེག་མེད། དེ་དག་ལ་རྩར་གཅོད་ཅིག་གནང་ཐུབ་ན། རྩར་གཅོད་ཅིག་བྱེད་རོགས་ཅེས་བཤད་པ་ལྟར། བློ་བཟང་གིས་ཀྱང་རང་གིས་གང་ཐུབ་ཐུབ་ཅིག་བྱེད་རྒྱུའི་ཁས་ལེན་བྱས།

བལ་ཡུལ་དུ་སླེབས་ནས་ཉིན་གྲངས་ཁ་ཤས་ཤིག་ལས་མ་སོང་གོང་དུ། ལས་དབང་ཟེར་བ་ནི་ལོས་ཡིན། སྔོན་ཆད་རྡ་ས་ནས་ངོ་ཤེས་པའི་ཆེས་ཐོག་མའི་ཁོ་རང་གི་གནས་ཚང་ལྷོ་ཕྱོགས་ཀྱི་གྲྭ་བ་དེ་ཡང་མཆོད་རྟེན་བྱ་རོང་ཁ་ཤོར་འགྲམ་ནས་འཕྲད་དེ། ཁོ་རང་བོད་དུ་འགྲོ་ཡི་ཡོད་པའི་གནས་ཚུལ་ཞིབ་དུ་བཤད།

གྲྭ་བ་དེས་ཀྱང་རང་གི་ངོ་ཤེས་ཤིག་ཀྱང་། ཁོ་རང་གི་ནང་དུ་བསྡད་དེ་འགྲོ་རོགས་ཤིག་ལ་སྒུག་ནས་བསྡད་ཡོད་པ་དང། ཁོ་རང་ལ་ཡང་ངོ་ཤེས་ལམ་པ་ཞིག་ཡོད་རབས་སོགས་བཤད་པ་དེའི་བློ་བཟང་གི་སེམས་པ་དངོས་ནས་བདེ་རུ་འབབ་པ་མ་ཟད། ལས་དབང་ཟེར་བ་ནི་ཅི་འདྲའི་ཨ་མཚན་ཞིག་རེད་ཨང་། སྔོན་ཆད་ང་རང་གྲྭ་ས་ནས་ཁ་གྱེས་དེ་ཐོག་མར་རྡ་སར་ཡོང་དུས་དཀའ་ངལ་གྱི་དུས་སུ་ཡང་ཁོ་རང་དང་འཕྲད་པ་དང་། དེ་རིང་ཡང་ང་རང་བོད་དུ་འགྲོ་བའི་ཐད་ཀྱི་སེམས་འཁྲལ་ཡོད་པའི་སྐབས་འདི་འདྲ་ཞིག་ལ་ཁོ་རང་དང་བསྐྱར་དུ་འཕྲད་པ་འདི་སྙམ་ཞོར་དུ། ངོ་ཤེས་རྙིང་བ་གྲྭ་བ་དེའི་རྗེས་སུ་སྙེགས་ནས་སོང་།

མུ་འགོད།

འབྲེལ་ཡོད་གསར་འགྱུར།

པར་བོད་ཀྱི་དུས་བབ་ཀྱི་བསྒྲིགས།
བསམ་ཚུལ།

རྒྱ་ནག་གི་ཆུ་མཛོད་ཆེན་མོ་དེ་ནི་གཙང་པོའི་སྟོད་རྒྱུད་ཀྱི་ཆུའི་འབར་རྫས་ཤིག་རེད།

༢༠༢༦/༠༩/༡༣
AfD party members celebrate victory in Saxony-Anhalt on Sunday [Matthias Schrader/AP]
Mobile App

གཡས་ཐལ་རིང་ལུགས་པའི་མགོ་འཕངས་ཇེ་མཐོ་རེད།

༢༠༢༦/༠༩/༡༡
Hong Kong’s Tiananmen vigil organizers handed lengthy prison terms
Mobile App

དྲུག་བཞིའི་དོན་རྐྱེན་རྗེས་དྲན་ཞུ་མཁན་གསུམ་ལ་བཙོན་འཇུག་ཁྲིམས་ཐག་བཅད།

༢༠༢༦/༠༩/༡༡
ངོ་རྒོལ་ལས་འགུལ་སྤེལ་སྐབས། གཞོན་ནུ་ལྷན་ཚོགས་ཀྱི་པར།
Mobile App

ཞི་ཅིན་ཕིན་རྒྱ་གར་དུ་ཡོང་བར་ངོ་རྒོལ་ཡོད།

༢༠༢༦/༠༩/༡༡
Hong Kong's then Chief Executive Tung Chee-hwa listens during a Legislative Council meeting, October 14, 2004. (REUTERS)
Mobile App

ཧོང་ཀོང་གི་སྤྱི་ཁྱབ་ཏོང་ཅན་ཧྭའི་ཚེ་སྲོག་དང་ལྷན་དུ་རྒྱལ་ཁབ་གཅིག་ལ་ལམ་ལུགས་གཉིས་ཞེས་པའི་སྲིད་ཇུས་མཇུག་བསྒྲིལ།

༢༠༢༦/༠༩/༡༠
Advertisement for App

བོད་ཀྱི་ཟློས་གར་ཚོགས་པའི་ལས་བྱེད་ས་མིག་གསལ་བསྒྲགས།

༢༠༢༦/༠༩/༡༠

མཆན། 5

  1. sha tak ri sim says:
    ལོ་ 17 སྔོན།

    སྤུན་ཟླ་དག་བློ་བཟང་འདི་བོད་ནང་དུ་དམིགས་ཡུལ་ཞིག་གི་ཆེད་དུ་འགྲོ་བཞིན་ཡོད་པ་འདྲ། དེ་ཡིན་དུས་འུ་ཅག་གིས་ཁོང་གི་དམིགས་ཡུལ་དེར་འགྲུབ་པར་རེ་བ་རྒྱག་དགོས་སམ།

    Reply
  2. kangtuk says:
    ལོ་ 17 སྔོན།

    ཡ་ཡ་ ད་ཡིན་ན་བློ་བཟང་འདི་འགྲོ་ས་ནོར་མི་འདུག
    བཟང་གི།

    Reply
  3. དགོ་རྭ says:
    ལོ་ 17 སྔོན།

    བློ་བཟང་གང་བྱེད་གར་འགྲོ།།
    ཤ་ཁྲག་ལགས་ཀྱི་དབང་རེད།།
    དྲ་གྲོགས་མོ་པ་རྣམས་ཀྱིས།།
    ཚོད་དཔག་གནང་ཐབས་མེད་དོ།།
    བསེ་རུ་ལགས་ལེའུ་ཉེར་དགུ་ནང་གི་མཆན་འདི་ལ་གཟིགས་རོགས།
    དངོས་གནས་རེད་དམ།

    Reply
  4. free sopu says:
    ལོ་ 17 སྔོན།

    བློ་བཟང་འདི་བོད་ལ་སོང་རུང་ཕྱིར་ར་ཡོང་རྒྱུ་བསམ་གི

    Reply
  5. samkhar says:
    ལོ་ 17 སྔོན།

    ཀློག་ཞོར་དུ་མཐོང་བའི་ཡིག་ནོར་ཡིན་ཞིང་། ད་དུང་ཞིབ་ཚགས་ཞུ་དག་བཏང་ན། ཡིག་ནོར་ཐོན་ངེས་པས་དེ་མུར་བཞག་ཡོད།
    དེ་རིང་ཁྱེད་ལ་ནང་སྦྱོང་ཞིག་ཡོད་པ་ནི་འོག་གི་ནོར་བཅོས་རྣམས་བློ་ལ་ངེས་པར་བྱོས།།

    མ་དག་པ། དག་པ།

    གཉེན་རྟོགས། ཉེན་རྟོག
    དབྱུགས་པ། དབྱུག་པ།
    ངོ་འདོག ངོ་མདོག
    ལྡི་ལུར། ལྡི་ལི།
    བྱ་རོང་། བྱ་རུང་།
    སེམས་འཁྲལ། སེམས་ཁྲལ།

    Reply

དཔྱད་མཆན་སྤེལ། Cancel reply

Your email address will not be published. Required fields are marked *

སྤྱི་ཚོགས་དྲ་གནས།

ཁྱབ་བསྒྲགས།

དྲ་ངོས་ཀྱི་གནས་ཚུལ་ཚང་མའི་པར་དབང་བོད་ཀྱི་དུས་བབ་ལ་ཡོད།

གློག་འཕྲིན།

editor@tibettimes.net | office@tibettimes.net

ཁ་པར།

+91-98823-47075 | +91-92189-38041 | +91-81972-44372

Welcome Back!

OR

Login to your account below

Forgotten Password?

Retrieve your password

Please enter your username or email address to reset your password.

Log In

Add New Playlist

No Result
ཆ་ཚང་གཟིགས།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
    • གླ་ཡོད་རིན་གོང་།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese