མདུན་ངོས།
About Us
  • English
བོད་ཀྱི་དུས་བབ།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
    • གླ་ཡོད་རིན་གོང་།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese
No Result
ཆ་ཚང་གཟིགས།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
    • གླ་ཡོད་རིན་གོང་།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese
No Result
ཆ་ཚང་གཟིགས།
བོད་ཀྱི་དུས་བབ།
English
No Result
ཆ་ཚང་གཟིགས།

སྤྱིན་བདག་མི་དགོས། གྲྭ་བ་མི་བྱེད། {དངོས་སྒྲུང་།} བཞི་བཅུ།

བོད། ཤ་ཁྲག་རུས་གསུམ།
༢༠༠༩/༡༡/༡༧
Share on FacebookShare on TwitterShare on EmailShare on Whatsapp
་་་་་་་་་དངོས་སྒྲུང་འདི་བདག་ལ་རྒྱུས་མངའ་ཡོད་མཁན་གྱི་གྲྭ་བ་ཞིག་གི་ལོ་རྒྱུས་ཡིན།


བཞི་བཅུ།


བུད་མེད་དེའི་རྒན་པོས་བློ་བཟང་ལ་ཞིབ་དུ་ལྟ་ཞོར་དུ། ང་འཚོལ་བཞིན་འདུག་ཟེར་བ་དེ་ཁྱེད་རང་ཡིན་ནམ། ཡ་་ རྒན་མོ་འདི་གཉིས་ཀ་ཇ་ཞིག་བླུགས།་ཟེར་ཞོར་དུ་བུད་མེད་ལོ་ན་ཉི་ཤུ་ལས་བརྒལ་བའི་བུད་མེད་དེར་བཤད་དུས། བློ་བཟང་གི་མི་དེ་ནི་བུད་མེད་དེའི་རྒན་པོ་ཡིན་པ་ཞོར་དུ་ཤེས་ནས། ཡིན། ཡིན། ཟེར་ཞོར་རང་ཉིད་ཀྱི་མགོ་ལ་ལག་པའི་རེག་ཞོར་དུ། དངོས་བཤད་ན། ངས་ཁྱེད་རང་ངོ་མི་ཤེས། དེའི་བསྐོར་གོང་ནས་ངས་ཁྱེད་རང་གི་རྒན་མོ་ལ་འགྲེལ་བཤད་བརྒྱབས་ཟིན་པ་ཡིན།

ཕོ་གསར་དེས་རང་ཉིད་གང་ནས་ཡིན་མིན་དང་། ཁོ་རང་གིས་བློ་བཟང་དང་དགེ་འདུན་རྒྱ་མཚོ་གཉིས་ལ་རོགས་པ་ཅི་ཞིག་བྱེད་ཐུབ་མིན་གྱི་བསྐོར་དྲིས་དུས། བློ་བཟང་གིས་ང་རང་རང་གི་ཉེ་འབྲེལ་ཞིག་འདི་རུ་ཟ་ཁང་ཡོད་པ་དེ་རུ་ཨ་རྒ་ཚེ་རིང་དོན་འགྲུབ་བཟའ་མི་གཉིས་ཀྱི་ཟ་ཁང་གང་དུ་ཡོད་མེད་ཅིག་སྟོན་རོགས་ཞུ། ངས་ཅ་ལག་དག་འདི་ནས་རེ་ཞིག་རིང་འཇོག་རོགས་གནོང་། རྗེས་སུ་ལེན་དུ་ཡོང་ཆོག དགེ་འདུན་རྒྱ་མཚོ་ལ། སྐུ་མཁྱེན་ཉིད་ཀྱིས་འདི་ནས་འདུག་ས་ཞིག་གྲྭ་སྒྲིག་ཞིག་བྱེད་རྒྱུའི་ཐད་དུ་སྐུ་ཉིད་ཀྱིས་རོགས་རམ་ཞིག་བྱེད་རོགས་གནོངས། ཁོ་རང་ལ་ཡི་གེ་གང་ཡང་མེད་པ་ང་དང་གཅིག་པ་ཡིན།

ཕོ་གསར་དེ་ནི་དངོས་ནས་མི་བཟང་ཞིག་ཡིན་པ་མ་ཟད། བློ་བཟང་གི་གང་བཤད་པ་ལྟར། ཁོ་གཉིས་ལ་རོགས་པ་བྱས་དེ། སྔོན་ཆད་ཁོ་གཉིས་ལ་དང་ཐོག་སྒོ་ཕྱེ་མཁན་གྱི་བུ་མོ་ཆུང་ཆུང་དེ་བློ་བཟང་བསྐྱེལ་དུ་བསྔགས། བློ་བཟང་། ཁྱེད་རང་ག་ལེར་ཁོ་མོས་རྗེས་སུ་གོམ་པ་ཁ་ཤས་ཤིག་བཞག་ནས་འགྲོ་དགོས། མོ་རང་གིས་ཁྱེད་རང་ལ་ཟ་ཁང་དེ་སྟོན་ངེས་ཡིན། ཅ་ལག་ཕྱི་དྲོ་ངས་ཁྱེད་རང་ཡོད་སར་བསྐྱེལ་ཆོག ཨ་ཁུ་འདི་ལ་ངས་འདི་ནས་ཁང་བ་ཞིག་གནས་སྐབས་ཀྱི་རིང་དུ་རྙེད་ཐུབ་བྱེད་ངེས་ཡིན།

དངོས་ནས་ལས་དྲང་ན་ལམ་དྲང་ན་ཟེར་བ་ཅི་མ་བདེན། བློ་བཟང་གིས་བུ་མོ་ཆུང་ཆུང་དེའི་རྗེས་སུ་འགྲོ་ཞོར་དུ་ཚོང་ཁང་ཞིག་ནས་ཐ་མག་སྒམ་ཆུང་བཀང་གི་གོང་ཚད་ལ་སྐད་ཆ་དྲིས་དུས། རྒྱ་སྒོར་བཅུ་རེད་ཅེས་ལན་བཏབ་དུས་ཁོ་རང་གི་སྣང་བ་ལ་གོང་ཁེ་བོ་རེད་སྙམ་ཞོར་དུ་ཉོས་དེ་ཐ་མག་ཞིག་ཁ་ནང་དུ་འཛུགས་ཤོར་དུ་རྒྱ་སྒོར་བཅུ་ཧིན་སྒོར་ག་ཚོད་ཅིག་གནས་མིན་བསམ་བློ་བཏང་དུས། དེ་ནི་ཧིན་སྒོར་ལྔ་བཅུ་ལས་བརྒལ་བའི་ཐ་མག་ཞིག་ཡིན་པ་དྲན་ཞོར་དུ། སེམས་པ་ལྷོད་དུ་འབབ་པའི་ཚུགས་ཀ་ཞིག་སྟོན་བཞིན། བུ་མོ་ཆུང་ཆུང་དེའི་རྒྱབ་ལོག་ལ་མིག་འཕེན་ཞོར་དུ་སོང་།

བུ་མོ་ཆུང་ཆུང་འགྲམ་གྱི་འགག་སྒོ་ཡོད་སའི་ཡར་འདབས་ཀྱི་ཚོང་ཁང་དང་ཟ་ཁང་མི་ཉུང་བ་ཞིག་བང་བསྒྲིགས་དེ་ཡོད་པ་དེའི་ཟ་ཁང་ཞིག་གི་ནང་དུ་འཛུལ་མ་ཐག ཁོ་རང་ཡང་ཟ་ཁང་དེའི་ནང་དུ་འཛུལ་དུས། བུ་མོ་ཆུང་ཆུང་དེས་ཟ་ཁང་ནང་གི་རྒན་པོ་ལོ་ན་ལྔ་བཅུ་ལས་བརྒལ་བ་ཞིག་ལ་སྐད་ཆ་བཤད་བཞིན་འདུག་པ་དེས། བློ་བཟང་མཐོང་མ་ཐག ཡ་་ ནང་དུ་ཤོག་ཟེར་ཞོར། བུ་མོ་ཆུང་ཆུང་དེར་ཁྱེད་རང་ཐུགས་རྗེ་ཆེ་ཞེས་ལམ་འཇུག་བྱས།

ཡ་དེ་ནས་བཙོག ཁྱེད་རང་གང་ནས་ཡོང་བ་ཡིན། སུ་དགོས་ཀྱི་ཡོད། ཕར་ཕྱོགས་ནས་ཡོང་བ་ཞིག་ཡིན་ནི་མིན་ན་ཟེར་ཞོར། ཟ་ཁང་གི་ནང་ནས་ཁང་ཆུང་ཞིག་གི་སྒོ་ཕྱེ་ཞོར་དུ་དྲིས། བློ་བཟང་གིས་ང་ཁྱེད་རང་གི་རྒན་མོ་ཨ་ཅེ་འཚོ་མོའི་ཉེ་འབྲེལ་ཞིག་ཡིན། ངས་ཀྱང་རང་ཉིད་ཀྱི་ཉེ་འབྲེལ་བསྐོར་གང་འདྲ་ཞིག་ཡིན་མིན་གསལ་བོ་ཞིག་བཤད་རྒྱུ་མེད་ཀྱང་། ཁྱེད་ཚང་གི་བུ་གྲྭ་བ་ཆོས་བཟང་དང་ང་ཚོ་ཨ་ཁུ་གཅིག་གི་དགེ་ཕྲུག་ཡིན་དུས་སུ་ང་རང་དངོས་ནས་ཆུང་ཆུང་ཡིན་ལ། ཁོས་ག་དུས་ཡིན་ཡང་། ང་ལ་ང་ཚོ་ཉེ་ས་ཡིན་ནི་རེད་ཟེར་ནས་བཤད་མྱོང་བ་དང་། ཉིན་ཁ་ཤས་ཀྱི་རྗེས་སུ་ཕར་ཕྱོགས་ནས་ས་འདི་བརྒྱུད་དེ་ཡོང་རྒྱུའི་སྐད་ཆ་བཤད་དུས། ཕ་མ་གཉིས་ཀྱིས་ཀྱང་། ཨ་ཅེ་འཚོ་མོ་འཚོལ་ནས་སོང་ཟེར་བ་དང་། ཉེ་ས་ཡིན་རབས་བཤད་སོང་།

རྒན་པོ་ཚེ་རིང་དོན་འགྲུབ་ཀྱིས། ཡ་ཡ་ ལམ་ནས་ཁག་མ་སོང་ངམ། དེས་ན་ནམ་ཐོན་ནི་ཡིན། འགྲམ་ནས་བསྡོད་ཆོག་པའི་ལག་ཁྱེར་ཡོད་དམ་ཟེར་ནས་དྲི་མཇུག་མ་རྫོགས་གོང་དུ་ཨ་ཅག་ཞིག་གིས་སྒོ་ཕྱེ་ནས་ནང་དུ་སླེབས། སྐབས་དེར་བློ་བཟང་ཡར་བླངས་དུས། བླངས་མི་དགོས། བསྡོད་བསྡོད་ཅེས་བཤད།

རྒན་པོ་ཚེ་རིང་དོན་འགྲུབ་ཀྱིས། འདི་ཁྱེད་རང་གི་ཉེ་འབྲེལ་ཞིག་ཡིན་ཟེར་བཞིན་འདུག ཁོ་རང་འཇིག་གྲོལ་ཚང་གི་བུ་ཡིན་ཟེར། ཁྱེད་རང་གི་ངོ་ཤེས་ཀྱི་ཡོད་དམ་ཞེས་དྲི་བ་རང་གི་རྒན་མོ་ལ་བཏང་།

ཨ་ཅེ་འཚོ་མོས། རེད་རེད། འཇིག་གྲོལ་ཚང་གི་ཡིན་ན་ང་ཚོ་ཉེ་ས་ཡིན་ནི་རེད། ད་དེ་ཚང་ལ་བུ་དང་བུ་མོ་ཁ་ཤས་ཤིག་ཡོད་པ་སྔ་ས་ནས་ཐོས་མྱོང་ཡོད་ཀྱང་། ཐུག་མྱོང་ཞིག་ཡོད་ནི་མ་རེད། ཡོད་པས་དབང་དུ་བཏང་ཡང་། དེ་ཚོ་དངོས་ནས་ཆུང་ཆུང་རེད། ང་རང་ནང་དང་ཁ་བཀར་ནས་ལོ་ངོ་བཅུ་ལྷག་ཞིག་འགྲོ་བཞིན་ཡོད་པ་ཁྱེད་རང་གི་ཤེས་གསལ་རེད། སྐབས་རེར་ནང་དུ་སོང་ཡང་ཟླ་རེ་ཟུང་ལས་འདུག་གི་ཡོད་པ་མ་རེད། ད་གང་ནས་ཤེས་ཟེར་བཞིན། བློ་བཟང་ལ་ཁ་ཕྱོགས་ནས།

ཡ་་ ཁྱེད་རང་གྲྭ་བ་ཡིན་ནམ།
སྔོན་ཆད་གྲྭ་བ་རེད། དེང་སང་མིན།
མི་མང་བོ་ཞིག་རྒྱ་གར་དུ་འགྲོ་དུས་གྲྭ་བ་ཡིན་ཡང་། ཕྱིར་ཡོང་དུས་གྲྭ་བ་ལོག་འདུག


བློ་བཟང་གིས་སྐད་ཆ་དེར་ལན་གང་ཡང་འདེབས་རྒྱུ་མེད་པ་ལྟར། ཁ་རོག་གེར་བསྡད་དུས། ཨ་ཅེ་མཚོ་མོ་ཡིས། ཡ་ འདི་ནས་བསྡོད་དང་། ང་ཚོས་ག་རེ་བྱེད་དགོས་མིན་ག་ལེར་ལྟ་ཆོག ཟ་ཁང་ནང་དུ་རོགས་པ་རེ་བྱོས་ན་འགྲིག་གི་རེད། སྔོན་ལ་ནང་དུ་ཁ་པར་ཞིག་གཏོང་དུ་སོང་། ཟ་ཁང་གི་འགྲམ་ཏག་ཏག་ན་སྤྱི་སྤྱོད་ཁ་པར་གཏོང་ས་ཞིག་ཡོད་པ་རེད། དེ་སོང་ནས་ཁ་པར་ཞིག་གཏོང་ནས་ཤོག ནང་གི་མི་ཚོས་སེམས་བདེ་འགྲོ་ནི་རེད།

ཨ་ཕ། ང་ཡིན། བློ་བཟང་། ད་ལྟ་ང་རང་འགྲམ་དུ་འབྱོར་ཡོད་ལ། ཨ་ཅེ་འཚོ་མོ་ཚང་གི་ནང་དུ་ཡོད་ཅེས་རང་གི་ཕ་རྒན་ལ་འཇིག་གྲོལ་ལ་བཤད་དུས། བློ་བཟང་གི་ཕ་རྒན་གྱིས། ད་དངོས་ནས་ཡག་པོ་རེད། ཨ་མ་ད་ནངས་ཀྱང་དགོན་པར་སོང་དེ་བསང་ཤུག་བཞག་པ་རེད། དེ་ནས་ས་མཚམས་བར་དུ་བསྐྱོད་ཆོག་པའི་ལག་ཁྱེར་རེག་མིན་ཐད་དུ་ཨ་རྒ་ཚེ་རིང་དོན་འགྲུབ་ལ་གསལ་བོ་ཞིག་དྲིས་ན། ཕལ་ཆེར་ཁོ་རང་གི་ཤེས་ངེས་ཡིན། ཡར་མར་དུ་འགྲོ་གི་མ་འདུག ཉེན་ཁ་ཆེ་རབས་གོ་རྒྱུ་འདུག ཨོ་དེས་ན་ད་དུང་། ང་ཚོའི་སྡེ་བའི་ནང་གི་རིག་འཛིན་ཡང་དེ་ན་ཚོང་བྱས་དེ་བསྡད་ཡོད་པ་རེད། དེ་ཐུག་ན་དེས་ཀྱང་རོགས་བྱེད་སྲིད་པ་ཡིན།

བློ་བཟང་གིས་རང་གི་ཕ་རྒན་གྱིས་སྐད་ཆ་དེ་དག་སེམས་སུ་བཟུང་དེ། ཕྱིར་ཟ་ཁང་དུ་སོང་ནས་རྒན་པོ་ཚེ་རིང་དོན་འགྲུབ་ལ་སྡེ་བ་གཅིག་པའི་ཕོ་གསར་རིག་འཛིན་བསྐོར་དྲིས་དུས། རིག་འཛིན་ཟེར་བའི་ཕོ་གསར་དེ་ནི་ཉིན་ལྟར་ཁོང་ཚང་གི་ཟ་ཁང་དུ་ཐེངས་རེར་བསྐོར་ར་རྒྱག་གི་ཡོད་རབས་བཤད་སྟབས། ཁོ་རང་ཡང་སེམས་ལྷོད་དུ་འབབ་ནས་ཟ་ཁང་གི་ཐབ་ཚང་ནང་དུ་ལས་རོགས་འདྲ་བྱས་དེ་ཉིན་བཀང་བོར་དེ་ནས་བསྡད། ས་རུབ་དེ་འོང་བའི་སྐབས་ཤིག་ལ། རྒན་པོ་ཚེ་རིང་དོན་འགྲུབ་ཀྱིས་བློ་བཟང་ལ་ཐབ་ཚང་ནང་དུ་ཡོད་པ་དེ་ནས་སྐད་བཏང་།

རིག་འཛིན་གྱིས་བློ་བཟང་མཐོང་མ་ཐག ཧ་ལས་པའི་ངང་དུ། ཨ་ཨ་། ད་གྲྭ་བ་ལོག་ཟིན་པ་འདྲ། ཡ་དེ་ནས་ནམ་ཐོན་ནི་ཡིན། སོགས་སྐད་ཆ་འདྲ་མིན་མང་བོ་ཞིག་གི་ནང་དོན་མཐར་ཐུག་ནི་ཁོ་གཉིས་ཀྱིས་འགྲམ་ནས་ཡར་མར་འགྲོ་བསྡོད་ཆོག་པའི་ས་མཚམས་བར་དུ་ཐོན་ཆོག་པའི་ལག་ཁྱེར་ཇི་ལྟར་རེག་མིན་བསྐོར་གླེང་དུས། རིག་འཛིན་གྱིས་ཁོ་རང་ལ་ངོ་ཤེས་ཤིག་ཡོད་ཀྱང་། དེ་གོང་ཆེན་པོ་ལེན་བཞིན་འདུག སྔོན་ཆད་ཡིན་ན། འགྲམ་རང་ནས་བཟོ་རྒྱུར་དཀའ་ངལ་ཡོད་པ་མ་རེད། ན་ནངས་ནས་བཟུང་དེ་ཡར་མར་དུ་འགྲོ་མཁན་མང་དུ་སོང་སྟབས། འདི་ནས་བཟོ་མཚམས་བཞག་ཡོད་པ་རེད། དེའི་སྟབས་ཀྱི་གཉན་ལམ་ནས་བཟོ་བཞིན་འདུག དེ་ཡང་རྒྱ་སྒོར་གཅིག་སྟོང་ནས་གཉིས་སྟོང་བར་རེད་འདུག འུ་གཉིས་སྡེ་བ་གཅིག་ཡིན་པ་དང་། ཁོ་རང་ཡང་ངས་ངོ་ཤེས་ཤིག་ཡིན་སྟབས། གོང་རན་པོ་ཞིག་བྱས་དེ་བཟོ་ཐུབ་ངེས་ཡིན། དེ་ལས་ནང་དུ་ཁ་པར་གཏོང་ཐུབ་པ་ཡིན་ན། གཟའ་འཁོར་གཅིག་ནང་དུ་ཕ་ཡུལ་ནས་བཟོ་ཐུབ་ངེས་ཡིན་ལ། སྒོར་མོ་ཡང་མང་བོ་ཞིག་འགྲོ་ནི་མ་རེད། ཁྱེད་རང་གི་ཐོག་མར་ནང་དུ་ཁ་པར་ཞིག་རྒྱོབས་དེ། ངས་དེ་ལྟར་བཤད་ཀྱི་འདུག་ཟེར་ནས་ཁྱེད་ཚང་གི་ཕ་རྒན་ལ་ཤོད་དང་། དེ་ནས་འུ་གཉིས་ཀྱིས་ལྟ་ཆོག སྤྱིར་ན་ཁྱེད་རང་ང་ཡོད་སར་འགྲོ་ཟེར་དགོས་པ་རེད་མོད། ང་རང་ཡང་བཟའ་ཚང་དང་འཐོར་ནས། དེང་སང་རང་གི་ཨ་ཅེ་ནང་དུ་བསྡད་ཡོད་སྟབས། བདེ་བོ་ཞིག་མ་རེད། སང་ཉིན་ཐུག་ཟེར་ནས་བུད་སོང་།

ཕ་རྒན་འཇིག་གྲོལ་གྱིས་རང་གི་བུ་བློ་བཟང་གིས་གང་བཤད་པ་ལྟར། ཕྱིར་ཉིན་ཁ་པར་གཏོང་རྒྱུ་བྱས་དེ། ཕྱིར་ཉིན་ཨ་ཅེ་འཚོ་མོ་བཟའ་མི་གཉིས་ཀྱིས་ཟ་ཁང་ནང་དུ་གང་ཐུབ་ཅིག་བྱས་དེ་ལས་རོགས་བྱེད་བཞིན་བསྡད་ཡོད་པ་རེད།

ཕྱིར་ཉིན་ཕ་རྒན་གྱིས་བློ་བཟང་ལ་ཁྱེད་རང་གི་དེ་ནས་སྒུག་བསྡོད་དང་། ལག་ཁྱེར་འདི་ནས་མགྱོགས་པོ་བཟོ་ཐུབ་ཀྱི་འདུག་ན་ཡང་། ཁྱེད་རང་གི་ཐོབ་ཐང་ལག་ཁྱེར་གྱི་འདྲ་བཤུས་ཤིག་དགོས། དཔར་གློག་བརྒྱབ་དེ་སྐུར་དགོས་ཀྱི་འདུག བློ་བཟང་གིས་རང་གི་ཐོབ་ཐང་ལག་ཁྱེར་དེ་མགྱོགས་འཕྲིན་དཔར་བཤུས་སྟེང་དུ་སྐུར་ནས། སྐར་ཆ་ཁ་ཤས་ཀྱི་རྗེས་སུ་ཕ་རྒན་ལ་སླར་ཡང་ཁ་པར་བཏང་དུས། འབྱོར་ཡོད་པ་ཤེས་པ་དང་། ཕ་རྒན་གྱིས་ཉིན་ལྔ་དྲུག་གི་རྗེས་སུ་ཁ་པར་ཞིག་ཡང་བསྐྱར་གཏོང་ཞེས་ཕ་རྒན་འཇིག་གྲོལ་གྱིས་བློ་བཟང་ལ་བཤད།

ཉིན་དགུའི་རིང་དུ་བློ་བཟང་གིས་རང་གི་གང་ཐུབ་ཀྱིས་ཟ་ཁང་ནང་དུ་རོགས་བྱེད་པ་དང་ཐབ་ཚང་ནང་དུ་རོགས་བྱེད་པ་སོགས་བྱས་དེ་བསྡད་ན་ཡང་གནས་ཚུལ་གང་ཡང་འཕྲད་མེད་མོད། ཉིན་དགུའི་ཉིན་གོང་དེ་འདྲ་ཞིག་ཕྱི་རྒྱལ་བ་ཁ་ཤས་ཤིག་ཟ་ཁང་དུ་སླེབས་པར། དེ་རུ་དབྱིན་སྐད་ཀྱི་གོ་བརྡ་འཕྲོད་མཁན་མ་བྱུང་སྟབས། རྒན་པོ་ཚེ་རིང་དོན་འགྲུབ་ཀྱིས་བློ་བཟང་ལ་ཁྱེད་རང་གིས་དབྱིན་སྐད་རྒྱག་ཤེས་ཀྱི་ཡོད་དམ་ཟེར་ནས་དྲིས།

ངས་ཅུང་ཙམ་ཞིག་ཤེས་ཀྱི་ཡོད།
དེས་ན་ཁོང་ཚོ་ལ་ཟས་རིན་འདི་དག་ངོ་སྤྲོད་ཅིག་གནོང་རོགས།


བློ་བཟང་གིས་ཟས་ཐོ་དེ་ལག་དུ་བཟུང་ནས་ཕྱི་རྒྱལ་བ་དེ་དག་གི་གམ་དུ་སོང་དེ་དབྱིན་སྐད་ཐར་ཐོར་ཞིག་ཤེས་པ་དེ་བཤད་དུས། ཕྱི་རྒྱལ་བ་དེ་དག་གིས་ཀྱང་གདོང་ལ་འཛུམ་མདངས་ཤིག་རྒྱས་ཤོར་དུ་བློ་བཟང་གི་འགྲེལ་བཤད་ལ་ཞིབ་དུ་ཉན།

གློ་བར་དུ་རྒན་པོ་ཚེ་རིང་དོན་འགྲུབ་ཀྱིས་བློ་བཟང་ལ། ད་ཁྱེད་རང་ངའི་ངོ་ཤེས་ཤིག་གི་སར་སྤོར་དགོས་ཀྱི་འདུག འགྲིག་མ་སོང་། དེ་སྔོན་ཁྱེད་རང་གིས་དབྱིན་སྐད་བཤད་བཞིན་པའི་སྐབས་དེར་ང་ཚོས་ཉམས་མ་བཞག་པར་ནང་གི་མགྲོན་པོ་དག་ལ་མ་བལྟས་པར་ཁྱེད་རང་ལ་ལོ་ཙྭ་བྱེད་དུ་བཅུགས་པ་དེ་ནོར་འདུག སྐབས་དེ་དུས་ཟ་ཁང་ནང་དུ་སོ་ཉུལ་བ་སྐད་གྲགས་ཡོད་པ་ཞིག་ཡོད་པ་དེ་འདི་རུ་འདུག

མུ་འགོད།

འབྲེལ་ཡོད་གསར་འགྱུར།

Mobile App

འདི་ལོ་བོད་པའི་སློབ་གྲྭ་ཁག་གི་ཡིག་རྒྱུགས་འཕྲོད་པའི་བརྒྱ་ཆ་ ༩༨།༥༨ རེད་འདུག

ཆུ་ཚོད་ ༡༣ སྔོན་ལ།
ttt
Mobile App

རྩོད་རྙོག་ཟེར་བ་དེ་བཟང་ཕྱོགས་སུ་བསྒྱུར་རྒྱུའི་ཐབས་ལམ་ཡོད།

ཆུ་ཚོད་ ༡༤ སྔོན་ལ།
༸གོང་ས་མཆོག གསར་འགྱུར།

༸གོང་ས་མཆོག་གིས་ཌ་སི་མོན་ཊུ་ཊུ་དམ་པ་དེ་ཉིད་སྙིང་ནས་བརྩེ་བའི་གྲོགས་པོ་ཞིག་ཡིན་གསུངས།

ཆུ་ཚོད་ ༡༨ སྔོན་ལ།
Donald Trump and Xi Jinping at a bilateral meeting. Photograph: Alex Wong/Getty Images
Mobile App

ཨ་རིའི་སྲིད་འཛིན་ཊོམ་ཕུ་མཆོག་དང་རྒྱ་ནག་གི་མགོ་ཁྲིད་ཞི་ཅིན་ཕིང་གཉིས་ཐུག་འཕྲད་གནང་།

༢༠༢༦/༠༥/༡༤
ཕྱག་འཁྱེར་གནང་བ།
Mobile App

ཀིརྟིའི་བྱེས་པ་གྲྭ་ཚང་གི་ཆེས་མཐོའི་བོད་ཀྱི་རིག་གནས་སློབ་གཉེར་ཁང་གི་སློབ་ཐོན་པ་ ༢༢ ལ་ཕྱག་འཁྱེར་གནང་།

༢༠༢༦/༠༥/༡༤
Because of high altitudes in the Himalayas, difficult terrain and often poor weather, the Kailash Manasarovar pilgrimage if one of the most challenging in the world [File: Purnima Shrestha/Reuters]
Mobile App

བལ་ཡུལ་གྱིས་ས་མཚམས་རྩོད་རྙོག་དང་འབྲེལ་ནས་རྒྱ་གར་གཞུང་ལ་ངོ་རྒོལ་བྱས།

༢༠༢༦/༠༥/༡༤

མཆན། 6

  1. sha tak ri sim says:
    ལོ་ 17 སྔོན།

    སྤུན་ཟླ་ཚོ་ཉིན་རེ་བཞིན་བློ་བཟང་ལ་་བསྐོར་ར་རེ་བྱེད་དུ་འོང་བ་དགའ་བཞིན་ཡོད། སྤྲོ་བཞིན་ཡོད། ལྟ་བཞིན་ཡོད། སྒུག་ནས་འདུག

    Reply
  2. Baichung says:
    ལོ་ 17 སྔོན།

    ཕ་བཟང་བུ་རྣམ་དཔྱོད་སྤྱོད་པའི་དུས་སུ་སླེབས་འདུག བལ་ཡུལ་ལ་གློག་གི་དཀའ་ངལ་ག་འདྲ་འཕྲད་ཀྱང་ངས་ཁྱོད་ལ་སེམས་ཁུར་བྱེད་ཁོ་ཐག་ཡིན་ལ་སྨོནལམ་ཡང་རྒྱག་ཁོ་ཐག་ཡིན །

    Reply
  3. free sopu says:
    ལོ་ 17 སྔོན།

    ཨ་ཤུ་རེ་གོ་རང་གི་རང་བཙོང་ན་འགྱོད་གི་རིས།

    Reply
  4. lhachapjinpa says:
    ལོ་ 17 སྔོན།

    རྟོགས་ལྡན་རིན་པོ་ཆེ་ལགས།ང་ཀ་རྡོར་སྒང་གསུམ་ལ་སོང་ནས་ཕྱིར་སླེབས་ཡོད།ཡིན་ནའང་དེ་ཕྱོགས་ནས་ཀྱང་ཁྱོད་ཀྱི་རྩོམ་ཡིག་འདི་བཀླགས་པ་ཡིན།འོན་ཀྱང་མཆན་འདེབས་སའི་བོད་ཡིག་མེད་སྟབས་དེ་རིང་བར་དུ་ལུས་སོང་བ་རེད།ཨོ་ཁྱོད་ཀྱི་ཕ་མ་གཉིས་གང་དུ་ཡོད།ང་དེ་རིང་ཞོགས་པར་རྡ་སར་འབྱོར་བ་ཡིན།ཐོག་མར་ཁྱོད་ཀྱི་ཟིན་བྲིས་སུ་འཛུལ་བ་ཡིན།

    Reply
  5. chentsasopa says:
    ལོ་ 17 སྔོན།

    རེད་རེད། ད་ཡིན་ན་འདིས་སོ་ཉུལ་འདྲ་ཡང་ས་ཁར་ཤོང་ས་རེད་ཀོ བུ་ངར་བ་འདི་ལ་ར་བ་འདྲ་ཡོད་ས་རེད་དཱ།

    Reply
  6. kawakarpo says:
    ལོ་ 17 སྔོན།

    སོ་ཉུལ་གྲགས་ཅན་དེ་བླ་བྲང་བསྟན་འཛིན་ཟེར་བའི་གསར་བུ་དེ་མིན་ནམ། ཁྲི་ཀའི་རིག་འཛིན་ཟེར་བའི་མི་ངན་དེ་མིན་ནམ། འདི་གཉིས་བལ་ཡུལ་དུ་དུས་རྒྱུན་བསྡད་ཡོད།

    Reply

དཔྱད་མཆན་སྤེལ། Cancel reply

Your email address will not be published. Required fields are marked *

སྤྱི་ཚོགས་དྲ་གནས།

ཁྱབ་བསྒྲགས།

དྲ་ངོས་ཀྱི་གནས་ཚུལ་ཚང་མའི་པར་དབང་བོད་ཀྱི་དུས་བབ་ལ་ཡོད།

གློག་འཕྲིན།

editor@tibettimes.net | office@tibettimes.net

ཁ་པར།

+91-98823-47075 | +91-92189-38041 | +91-81972-44372

Welcome Back!

OR

Login to your account below

Forgotten Password?

Retrieve your password

Please enter your username or email address to reset your password.

Log In

Add New Playlist

No Result
ཆ་ཚང་གཟིགས།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
    • གླ་ཡོད་རིན་གོང་།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese