མདུན་ངོས།
About Us
  • English
Advertisement
བོད་ཀྱི་དུས་བབ།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
    • གླ་ཡོད་རིན་གོང་།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese
No Result
ཆ་ཚང་གཟིགས།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
    • གླ་ཡོད་རིན་གོང་།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese
No Result
ཆ་ཚང་གཟིགས།
བོད་ཀྱི་དུས་བབ།
English
No Result
ཆ་ཚང་གཟིགས།

སྤྱིན་བདག་མི་དགོས། གྲྭ་བ་མི་བྱེད། {དངོས་སྒྲུང་།} ཞེ་གཅིག

བོད། ཤ་ཁྲག་རུས་གསུམ།
༢༠༠༩/༡༡/༡༨
Share on FacebookShare on TwitterShare on EmailShare on Whatsapp
་་་་་་་་་དངོས་སྒྲུང་འདི་བདག་ལ་རྒྱུས་མངའ་ཡོད་མཁན་གྱི་གྲྭ་བ་ཞིག་གི་ལོ་རྒྱུས་ཡིན།


ཞེ་གཅིག


བློ་བཟང་གིས་རྒན་པོ་ཚེ་རིང་དོན་འགྲུབ་ཀྱི་གྲོགས་པོ་ཞིག་གི་ཁང་བ་ཞིག་གོ་སྒྲིག་བྱས་ཡོད་པ་དེའི་ནང་དུ་ལྷོད་ལྷོད་བྱས་ནས་བརྙན་འཕྲིན་ཞིག་ལ་ལྟ་བཞིན་པའི་སྐབས་སུ། མི་ཞིག་གིས་སྒོ་ཕྱེ་ནས་ནང་དུ་སླེབས། དེ་ནི་རྒན་པོ་ཚེ་རིང་དོན་འགྲུབ་ཚང་གི་ཟ་ཁང་ནང་གི་ལས་ཀ་བ་བུད་མེད་ཅིག་ཡོད་པ་དེ་ཡིན་པ་དང་། ཁོ་མོས་བློ་བཟང་ལ། འདི་ཁྱེད་རང་གི་དགོང་ཟས་རེད། ཨ་ཅེ་འཚོ་མོ་དང་ཨ་རྒ་ཚེ་རིང་དོན་འགྲུབ་གཉིས་ཀྱིས་ཁྱེད་རང་ལ་བསྐྱལ་དུ་བསྔགས་སོང་ཞེས་བཤད་ཀྱིན། རང་གི་ལག་ནང་གི་ཧུབ་རིང་དཀར་ཡོལ་ཆེན་པོ་དེ་ཁོ་རང་གི་འཁྲིས་སུ་བཞག

བུད་མེད་དེས་སང་ཞོགས་ག་དུས་ཤིག་ལ་ཁྱེད་རང་ལ་ཞོགས་ཇ་འཁུར་ནས་ཡོང་ན་འགྲིག་མིན་ཞིག་སྐད་ཆ་དྲིས་ཤོག་ཟེར། བློ་བཟང་གིས་འཁང་ཆུང་གིས་ཚུལ་དང་བཅས། ད་ཁྱེད་ཚོ་ལ་དངོས་ནས་དཀའ་ལས་ཁག་པོ་བཟོ་བཞིན་འདུག ཁྱེད་ཚོས་གྲྭ་སྒྲིག་ཚང་མ་ཚར་ནས་ང་རང་ལ་ཞོགས་ཇ་འཁུར་ནས་ཡོང་བ་ཡིན་ན་འགྲིག་གི་འདུག་ཟེར་ནས་ཁོང་གཉིས་ལ་ཞུ་རོགས། ཁྱེད་རང་ལ་ཐུགས་རྗེ་ཆེ།

བུད་མེད་དེས། ཨོ་རེད། ཨ་རྒ་ཚེ་རིང་དོན་འགྲུབ་ཁོ་རང་གཅིག་བྱས་ན་དོ་ནུབ་ཁྱེད་རང་ཡོད་སར་ཡོང་ངེས་ཡིན་ཟེར་ནས་ཤོད། དགོས་རྒྱུ་འདྲ་ཡོད་ན་ཁོ་རང་གི་དེ་དུས་འཁུར་ནས་ཡོང་ཟེར་ནས་བཤད་སོང་།

བློ་བཟང་གིས་ཐུགས་རྗེ་ཆེ་ཟེར་ནས་བཤད་རོགས། ང་རང་ལ་འདི་ན་དགོས་པ་གང་ཡང་མི་འདུག ནང་དུ་བརྙན་འཕྲིན་ཡང་འདུག་ལ། ཉིན་བཀང་བོར་ལྟད་མོ་ལྟ་ས་ཡང་འདུག གཙང་སྤྱོད་སོགས་གང་ཅིའི་མཐུན་རྐྱེན་འཛོམ་པོ་ཡིན་པས་དངོས་ནས་དཀའ་ངལ་ཞིག་མི་འདུག་ཟེར་ནས་ཁོང་བཟའ་མི་གཉིས་ལ་ཞུ་རོགས།

བུད་མེད་དེས་སླར་ཡང་སྒོ་ཕྱི་ནས་སྒོ་ལྕགས་སྒྲོག་སེ་བརྒྱབ་དེ་སོང་བའི་སྒྲ་དེ་གོ་དུས། བློ་བཟང་གི་སེམས་ནང་དུ་རང་ཉིད་འདི་ལྟར་ཉི་མ་ག་ཚོད་གཅིག་ལ་འདུག་དགོས་སམ་སྙམ་ཞོར། སྒེའུ་ཁང་ནང་ནས་ཕར་བལྟས་ན་མཐོང་བའི་རྒྱ་ནག་གི་དར་དམར་དེ་མཐོང་དུས། མི་འདོད་བཞིན་དུ་སླར་ཡང་དར་དམར་འདིའི་འོག་ལ་ཡོང་ཡོད་པ་རེད་སྙམ་ཞོར། སྒྲ་ཕབ་འཕྲུལ་ཆས་ཆུང་ཆུང་ཞིག་གི་ནང་དུ་རོགས་མཐུན་བསྐོར་ཞིག་གྲགས་དུ་བཅུགས་དེ་མགོ་བོ་སྔས་ལ་བཞག་ནས་ཡུན་རིང་མ་སོང་མོད། སྒོ་ཕྱི་ནས་སྒྲོག་སྒྲ་ཞིག་ཐོས་བ་དང་སྙིང་ཆུང་ཡང་ལྷོག་ལྷོག་ཞིག་ལྡིང་ཞོར། དེ་ནི་རྒན་པོ་ཚེ་རིང་དོན་འགྲུབ་ཡིན་ངེས་སྙམ་ན་ཡང་། མི་གཉིས་གསུམ་ཞིག་གི་སྐད་གྲགས་བཞིན་པ་དེས་ཁོ་རང་ལ་རང་དབང་མེད་པར་དངངས་སྐྲག་ཞིག་ཕྱིན།

རྒན་པོ་ཚེ་རིང་དོན་འགྲུབ་ཀྱིས་བློ་བཟང་གི་ཕ་ཡུལ་གཅིག་པ་རིག་འཛིན་འཁྲིད་དེ་ཡོང་ཡོད་པ་དང་། ཡ ཨ་རོགས་སུན་བཞིན་མེད་ལ། ནང་དུ་བཙོན་མ་ལྟ་བུ་ཞིག་བྱས་དེ་བསྡད་ན་དཀའ་ལས་ཁག་པོ་འདུག་གམ་ཟེར་ནས་བཤད་དུས། བློ་བཟང་གིས་དཀའ་ལས་ཁག་པོ་མི་འདུག་ལ། སུན་སྣང་ཡང་མི་འདུག ཁྱེད་རྒན་རྒོན་གཉིས་ལ་དངོས་ནས་དཀའ་ལས་བཟོས་སོང་ཞེས་ཁ་ཡག་མིན་པའི་ཁ་ཡག་ཞིག་བཤད།

རིག་འཛིན་གྱིས། ཨ་རྒ་ཚེ་རིང་དོན་འགྲུབ་ཀྱིས་ཁྱེད་རང་འདི་རུ་སྐོང་ནས་བསྡད་ཡོད་པ་བཤད་སྟབས། ང་རང་དོ་ནུབ་ཁྱེད་རང་ཡོད་སར་འདུག་རོགས་བྱེད་དུ་ཡོང་བ་ཡིན། དོ་ནུབ་ང་ཚོས་སྐད་ཆ་འདྲ་མིན་རེ་གླེང་དེ་ལྷོད་ལྷོད་ཅིག་བསྡད་ན་འགྲིག་གི་རེད། ཆང་འཐུང་གི་ཨེ་ཡོད་ཅེས་དྲིས་དུས། བློ་བཟང་གིས་རྒན་པོ་ཚེ་རིང་དོན་འགྲུབ་ལ་དོག་ནས་མེད་ཟེར་ནས་ལན་བཏབ།

རྒན་པོ་ཚེ་རིང་དོན་འགྲུབ་ཀྱིས། བློ་བཟང་དེ་རིང་དངོས་ནས་ཁྱེད་རང་ལ་ལམ་འགྲོ་འདུག ངས་ཁྱེད་རང་ལ་ངའི་གྲོགས་པོ་ནང་དུ་སོང་ཞེས་བཤད་དེ་གྲོགས་པོ་དེའི་ལྷན་དུ་ཁང་བ་འདིར་བསྔགས་ནས་ཆུ་ཚོད་གཉིས་གསུམ་ཞིག་གི་རྗེས་སུ་ངའི་ཟ་ཁང་ནང་དུ་ནམ་རྒྱུན་མི་ཡོང་བའི་ཉེན་རྟོག་པ་ཁ་ཤས་ཤིག་སླེབས་ནས་མགྲོན་པོ་དག་ལ་སྐད་ཆ་འདྲི་བ་དང་། ལག་ཁྱེར་ཡོད་མེད་སོགས་སྐད་ཆ་མང་བོ་ཞིག་དྲིས་སོང་། དེ་དུས་ཨ་ཅེ་འཚོ་མོ་ཡིས་ང་ལ་ཁ་རོག་གེར་དེ་རིང་དངོས་ནས་བློ་བཟང་ཁྱེད་རང་གི་ངོ་ཤེས་དེའི་སར་བཏང་མེད་པ་ཡིན་ན་ཚར་འདུག་ཟེར་ནས་བཤད་སོང་། ད་དུང་། དེའི་ག་ལ་ཚད། ང་རང་གི་འདུག་ཁང་གི་སྒོ་ཕྱེ་ཟེར་ནས་ངའི་འདུག་ཁང་གི་སྒོ་ཕྱེ་ནས་ནང་ལོག་སྟོན་དགོས་བྱུང་སོང་།

བློ་བཟང་གིས་ཁྱེད་རྒན་རྒོན་གཉིས་ལ་ང་རང་འདི་ལྟར་བསྡད་ན་དཀའ་ངལ་འདྲ་འཕྲད་མི་ཡོང་ང་། དེ་འདྲ་ཞིག་ཡིན་ན་ང་རང་སང་ཉིན་རྐང་འཐུང་དུ་ཡིན་རུང་སྔ་བོ་ནས་འགྲམ་དང་ཁ་ཁར་ཐབས་བྱས་པ་ཡིན་ན་ཡག་པོ་མེད་འགྲོ་ཟེར་ནས་རང་གི་སེམས་ནང་གི་དངངས་འཚུབ་དང་ཁོང་བཟའ་མི་གཉིས་ལ་དཀའ་ངལ་འདྲ་སྤྲད་མི་ཡོང་ངམ་སྙམ་པའི་སྐད་ཆ་དེ་དག་བཤད་དུས། རྒན་པོ་ཚེ་རིང་དོན་འགྲུབ་ཀྱིས་ད་ནི་སེམས་འཁུར་མ་བྱེད། ཁྱེད་རང་འདི་ནས་ཁ་རོག་གེར་སྐོང་ནས་འདུག་ཐུབ་པ་ཡིན་ན་དེ་གས་འགྲིག་གི་རེད། མི་འགྱངས་པར་ཁྱེད་ཚང་གི་ཕ་རྒན་གྱིས་ཁྱེད་རང་ལ་ཐོབ་ཐང་ལག་ཁྱེར་སྐུར་ཡོང་ནས་འབྱོར་མ་ཐག ངའི་ཟ་ཁང་ནས་ཉིན་རྟག་པར་ཁ་ལོ་བ་མང་བོའི་ཟ་མ་ཟ་བཞིན་ཡོད་སྟབས། ང་རང་ལ་ཁ་ལོ་བ་ཡང་མི་ཉུང་བ་ཞིག་ངོ་ཤེས་ཡོད་པ་རེད། ནམ་ཐོན་ན་དེ་དུས་ལམ་དུ་ཆས་ཆོག་གི་རེད།

བློ་བཟང་གིས་ཉིན་དགུའི་རིང་དུ་རྒན་པོ་ཚེ་རིང་དོན་འགྲུབ་ཀྱི་་ངོ་ཤེས་དེའི་ནང་དུ་སྐོང་ནས་བསྡད་པ་དང་། ཉིན་དགུ་འགོར་བའི་ཞོགས་པ་དེར། ད་ནི་ལག་ཁྱེར་གང་འདྲ་ཞིག་ཆགས་ཡོད་སྟབས། དེ་རིང་སང་ཉིན་གང་ཞིག་ལ་སླེབས་ཀྱི་ཡོད་དམ་སྙམ་ཞོར་དུ་རང་གི་ཕྲེང་བ་རྩ་ཆེན་དེ་བླངས་ནས་མོ་ཞིག་བཏབ་དུས། ལག་ཁྱེར་དེ་ཉིན་ཁོ་རང་ལ་རེག་པ་ཞིག་འབབ་འདུག་ན་ཡང་། ད་ནི་ས་ཡང་རུབ་གྲབས་འདུག དེ་རིང་མོ་མ་ཐེབས་པ་ཡིན་ས་རེད་སྙམ་ཞོར་དུ། རང་གིས་རང་ལ་ཁེར་ལབ་ཅིག་རྒྱག་ཞོར་བརྙན་འཕྲིན་གྱི་ཁ་ཕྱེ་ནས་བསྡད་ཡོད་དུས། མི་ཞིག་ནང་དུ་ཡོང་བཞིན་པའི་རྐང་སྒྲ་ཐོས། མི་དེ་ནི་ཁོ་རང་གི་ཕ་ཡུལ་གཅིག་པ་རིག་འཛིན་ཡིན་པ་ཤེས་ནས་སྒོ་ཕྱེ་ཞོར་དུ། ཡ་ ཨ་རོགས། དེ་རིང་ཡང་ས་རུབ་ཁ་ཞིག་ལ་འདི་རུ་ཡོང་ཁོམ་ཡོད་པ་དངོས་ནས་བཟང་གི ཤོག་ཤོག་ཤོག

རིག་འཛིན་གྱིས། ད་ཁྱེད་རང་བཟུང་བཙོན་ལས་ཐར་སོང་བ་རེད། དོ་ནུབ་ཕྱི་ལ་འཁྱམ་དུ་སོང་ན་འགྲིག་གི་རེད། འུ་གཉིས་ལྷན་དུ་མཚན་མོའི་ཆང་ཁང་ཞིག་དུ་སོང་དེ་སྤི་རག་ཡིད་ཚིམ་པ་ཞིག་འཐུང་། འདི། ཁྱེད་རང་གི་ཐོབ་ཐང་ལག་ཁྱེར་ས་མཚམས་བར་དུ་ཡོང་ཆོག་པའི་ཡི་གེ་འབྱོར་འདུག་ཟེར་ནས་བློ་བཟང་ལ་བསྟན།

བློ་བཟང་སེམས་གཏིང་ནས་དགའ་བ་དང་ལྷན་དུ། ཡ་དེ་ན་འུ་གཉིས་དེང་ཐོག་ཟ་ཁང་ནང་དུ་སོང་དེ། ཁོང་རྒན་རྒོན་གཉིས་ལ་དོ་ནུབ་འུ་གཉིས་ལྷན་དུ་འདུག་རྒྱུ་ཡིན་རབས་བཤད་ནས་འོང་། ད་འགྲིག་སོང་ནི་རེད་ཅེས་སེམས་གཏིང་ནས་དགའ་ཞོར་དུ་ཕྱི་ལ་བུད།

བློ་བཟང་དོ་ནུབ་ཁྱེད་རང་རིག་འཛིན་དང་ལྷན་དུ་བསྡད་ན་འགྲིག་གི་རེད། ཕྱི་ལོག་ལ་འཁྱམ་ནས་མ་འདུག་མ་གཏོགས། ལག་ཁྱེར་ཡོད་ཀྱང་། ཁྱེད་རང་ས་ཁུལ་འདིས་མི་གསར་བ་ཡིན་པ་ཁོང་ཚོས་བལྟས་པ་ཙམ་གྱིས་ཤེས་ངེས་ཡིན། ངས་འདི་ནས་ཁྱེད་རང་སང་ཞོགས་སྔ་བོ་འགྲོ་མཁན་གྱི་ཁ་ལོ་བ་ཞིག་ལ་སྐད་ཆ་བཤད་དེ་བཞག་ཡོད། སང་ཞོགས་ཆུ་ཚོད་དྲུག་པ་ཏག་ཏག་ལ་སླེབས་ཐུབ་པ་བྱོས། ཁ་ལོ་བ་དེ་ངས་ངོ་ཤེས་ཤིག་ཡིན་སྟབས། ཁྱེད་རང་ལ་ལྷ་ས་བར་དུ་རྒྱ་སྒོར་ཉིས་བརྒྱ་ལས་བླངས་མ་སོང་ཞེས་བཤད།

རིག་འཛིན་གྱིས། འུ་གཉིས་ལ་འགྲོ་རོགས་བུ་མོ་གཉིས་ཡོད་ན་དངོས་ནས་ཡག་པོ་འདུག ང་རང་ལ་ངོ་ཤེས་བུ་མོ་ཞིག་ཡོད། ཁོ་མོ་སྐད་གཏོང་དུ་འགྲོ ཕོ་རྐྱང་གཉིས་སོང་དེ་སྤི་རག་འཐུང་ནས་བསྡད་པ་ཡིན་ན་ཞེ་དྲགས་སྐྱིད་པོ་ཡོད་པ་མ་རེད་ཟེར་ནས་ཆང་ཁང་ཆུང་ཆུང་ཞིག་གི་ནང་དུ་ཁྲིད། ཆང་ཁང་ཆུང་ཆུང་དེའི་ནང་དུ་བོད་པའི་བུད་མེད་གཉིས་ཡོད་པ་དང་རིག་འཛིན་མཐོང་མ་ཐག དེ་རིང་དངོས་ནས་ཉི་མ་ཡག་པོ་ཞིག་ཡིན་ས་རེད། གང་ཞིག་ནས་འདི་རུ་ཡོང་རྒྱུ་དྲན་སོང་ཟེར་ནས་བཤད་ཞོར་དུ་ཐལ་ལྕགས་ཀྱིས་ཡང་མོ་ཞིག་བརྒྱབས།

རིག་འཛིན་གྱིས། ཁྱེད་རང་དྲན་ནི་མིན་ནས་ཟེར་ཞོར་དུ། སྐེ་རུ་འཐམ་ཁུལ་བྱེད་ཞོར་དུ། འདི། ངས་ངོ་ཤེས་ཤིག་ཡིན། ད་རེབས་ལས་ཀ་ཞིག་གི་ཆེད་དུ་འགྲམ་དུ་ཡོང་བ་རེད། སང་ཉིན་ཕྱིར་འགྲོ་རྒྱུ་ཡིན་ཟེར་གྱི་འདུག་སྟབས། ངས་ཁྱེད་གཉིས་ཡོད་སར་ཆང་འཐུང་དུ་ཁྲིད་དེ་འོང་བ་ཡིན། སྤི་རག་ཤེལ་དམ་གཉིས་བསྔགས་ནས་ཚང་མས་ལྷན་དུ་འཐུང་ཟེར་ན་ཡང་། བུད་མེད་དེ་གཉིས་ཀྱིས་ངོ་ཚ་ཁུལ་བྱས་དེ་ཅུང་ཙམ་རིང་མ་འཐུང་མོད། ག་ལེར་ཁོ་གཉིས་དང་ལྷན་དུ་འཐུང་། རིག་འཛིན་གྱིས་འབོད་སྐུལ་བྱས་པ་ལྟར། བུད་མེད་དེ་གཉིས་ཀྱི་ནང་གི་གཅིག་ཁོ་གཉིས་ཀྱི་ལྷན་དུ་མཚན་ཚོགས་ལ་འགྲོ་རྒྱུ་ཁས་ལེན་བྱས།

བློ་བཟང་གིས། རིག་འཛིན་འུ་གཉིས་གོང་གི་ཟ་ཁང་དེར་གཅིག་སོང་ནས་ཕྱིར་ཡོང་ན་ག་འདྲ་འདུག དེ་རུ་ང་རང་གི་ངོ་ཤེས་ཤིག་ཡོད་ཅེས་བཤད་ནས་བུད་མེད་དེ་གཉིས་ལ་མགྱོགས་པོ་མཇལ་ཡོང་ཟེར་ནས། བློ་བཟང་ཁོ་རང་ཐོག་མར་འགྲམ་དུ་སླེབས་དུས་འགྲོ་སའི་ཟ་ཁང་དེར་ཕྱིན། ཟ་ཁང་དེའི་ནང་གི་བུད་མེད་ཆུང་ཆུང་དེས་བློ་བཟང་མཐོང་མ་ཐག གདོང་ལ་འཛུམ་ཞིག་བླངས་ཞོར་དུ་ནང་དུ་ཤོག སྤྱིན་བདག་ཕྱི་ལོག་དུ་བུད་སོང་མོད། མི་རིང་བར་ཡོང་ངེས་ཡིན་ཟེར་ནས་བཤད།

རིག་འཛིན་གྱིས་བུ་མོ་དེ་སྔ་ས་ནས་ཤེས་ཀྱི་ཡོད་འདུག ཡིན་ཡང་། ཟ་ཁང་དེ་ནས་ངོ་ཤེས་པ་ལས་དམིགས་བསལ་གྱིས་འགྲེལ་བ་གང་ཡང་མེད་པ་ཡིན་དུས། རིག་འཛིན་གྱིས་བུ་མོ་ཆུང་ཆུང་དེ་ནུབ་མཚན་ཚོགས་དུ་འགྲོ་བར་སྐུལ་ཡང་། ང་རང་མི་འགྲོ་ཟེར་ནས་ཨུ་ཚུགས་མཐའ་བསྐྱེལ་བྱས་དུས། བློ་བཟང་གིས་ཁྱེད་རང་དོ་ནུབ་ལས་ཀ་ཡོད་དམ་ཟེར་ནས་དྲིས།

བུད་མེད་ཆུང་ཆུང་དེས། མེད། འོན་ཀྱང་། ང་རང་ཕྱི་བོ་ཆགས་པ་ཡིན་ན། ཕྱིར་ནང་དུ་ཡོང་རྒྱུར་སྐྲག་གི་འདུག

བློ་བཟང་གིས། ཁྱེད་རང་ངེད་གཉིས་ལྷན་དུ་འགྲོ་འདོད་ཡོད་ན། ངས་ཁྱེད་རང་ཕྱིར་ནང་དུ་བསྐྱེལ་ཆོག དོ་ནུབ་ཀྱིས་མཚན་མོའི་ཞབས་བྲོ་ཁང་གི་ནང་དུ་སོང་ན་སྤི་རག་དང་མངར་ཁུའི་རིགས་ཀྱི་སྤྱིན་བདག་ངས་བྱེད་ཆོག་ཟེར་ནས་བཤད་དུས། བུད་མེད་ཆུང་ཆུང་དེས་སྤྱིན་བདག་ཕྱིར་ཡོང་དུ་བཅུགས་དང་། དེ་ནས་ཁྱེད་ཚོར་སྐད་ཆ་འདྲ་བཤད་རྒྱུ་ཡོད་ན་ཤོད་དང་། ཟ་ཁང་གི་སྒོ་སྔ་བོ་བརྒྱབ་པ་ཡིན་ན། ང་རང་ཁྱེད་གཉིས་ལྷན་དུ་འགྲོ་ཆོག་ཟེར་ནས་བཤད་དུས།

རིག་འཛིན་ཁོང་ཁྲོ་བླངས་པའི་རྣམ་འགྱུར་དང་བཅས་དེ། ཅི་རེད། འུ་གཉིས་འདི་ནས་ངོ་ཤེས་ཡུན་རིང་བོ་རེད། ངས་བཤད་ན་མི་འགྲོ་ཟེར་བ་དང་ངའི་རོགས་པའི་བཤད་ན་འགྲོ་ཟེར་དོན་ཅི་རེད་ཅེས་དྲིས་དུས། བློ་བཟང་གིས་དེ་འདྲ་མ་རེད། མོ་རང་གིས་སྐད་ཆ་ཁྱེད་རང་གི་གོ་བ་དེ་རེད་ཅེས་ཚིག་མཚམས་བཅད།

མུ་འགོད།

འབྲེལ་ཡོད་གསར་འགྱུར།

Mobile App

ཨ་རིའི་གྲོས་ཚོགས་གོང་མའི་ནང་བོད་ཀྱི་མ་འོངས་འགན་སྲུང་ཁྲིམས་འཆར་ངོ་སྤྲོད་གནང་།

སྐར་མ ༣ སྔོན་ལ།
Editorials

ཤོད་མཁན་ཇེ་མང་། ཉན་མཁན་ཇེ་ཉུང་།

ཆུ་ཚོད་ ༢༡ སྔོན་ལ།
Taiwan's President Lai Ching-te (2nd-L) and Defence Minister Wellington Koo (3rd-L) (Photo by I-Hwa Cheng / AFP via Getty Images)
Mobile App

ཐའེ་ཝན་གྱིས་དམག་ཤུགས་བསྐྱེད་ནས་རྒྱ་ནག་གི་བཙན་འཛུལ་ལ་འགོག་རྒོལ་བྱ་རྒྱུ་ཡིན་འདུག 

ཆུ་ཚོད་ ༢༡ སྔོན་ལ།
TTT
Mobile App

འབྲས་སྤུངས་ཁྲི་ཟུར་རྗེ་བཙུན་དཀོན་མཆོག་དཔག་བསམ་དཔལ་བཟང་པོ་མཆོག་དགོངས་པ་རྫོགས།

༢༠༢༦/༠༨/༡༡
State Map of Arunachal Pradesh | Source: Survey of India
གསར་འགྱུར།

རྒྱ་གར་གྱིས་ཨ་རུ་ན་ཅལ་མངའ་སྡེའི་ས་མིང་ ༢༧ གཏན་འབེབས་བྱས། 

༢༠༢༦/༠༨/༡༠
China is using AI to identify and track fish populations travelling through a fishway at Zangmu Hydropower Station on the Yarlung Tsangpo River in Tibet. Photo: China Out/AFP
Mobile App

རྒྱ་ནག་གཞུང་གིས་རིག་ནུས་ལ་བརྟེན་ནས་བོད་ཀྱི་ཉའི་རིགས་སྲུང་སྐྱོང་ཐུབ་ཀྱི་ཡོད་ཟེར།

༢༠༢༦/༠༨/༡༠

མཆན། 5

  1. chentsasopa says:
    ལོ་ 17 སྔོན།

    ཝེ། དེ་རིང་སྒྲུང་གི་མཇུག་བཀོད་མི་འདུག་ག མདང་རྒན་མོས་ཉལ་གི་མ་བཅུག་ནི་མིན་་ནམ། ཧཧཧཧཧཧ

    Reply
  2. sha tak ri sim says:
    ལོ་ 17 སྔོན།

    སྤུན་ཟླ་ཁྱེད་ཅག་འདི་ལྟར་ཕེབས་གནང་བ་དེར་ཐུགས་རྗེ་ཆེ་ལགས། དངོས་ནས་ང་རང་སྒྲུང་འདི་འབྲི་མཁན་ཡིན་པས་ཆ་ནས་ཁྱེད་ཅག་ལ་དུས་རྒྱུན་དུ་དགའ་བསུ་ཞུ་བཞིན་ཡོད།

    Reply
  3. tashi gonpo says:
    ལོ་ 17 སྔོན།

    ཁྱེད་ཆུ་མོ་བཞིན་དུ་ད་རུང་བཞུར་གྱིན་འདུག
    ཁྱེད་ཀྱི་ཐུགས་ལ་ངེས་དགོས་པ་ཞིག་ལ།
    དབྱར་དུས་ཚ་བ་ཆེ་བས་ཆུ་མོ་ལ་དཀའ་ངལ་འཕྲད་སྲིད་ལ།
    དགུན་དུས་གྲང་ངར་ཆེ་བས་ཆུ་མོ་ལ་དེ་བས་ཀྱང་དཀའ་ངལ་འཕྲད་ངེས།
    རེད་དེ་ཁེྱད་ཀྱིས་དཀའ་ངལ་དེ་ཚོ་ད་ལྟ་ནས་སེམས་ལ་ངེས་དགོས་ལ།
    དེ་དུས་ཀྱི་གྲལ་སྒྲིག་ད་ལྟ་ནས་ཡོད་དགོས་ལྷ་ཡི་བུ་མོ་འདྲ་བའི་བོད་ཤ་ཁྲག་ཚང་།

    Reply
  4. chentsasopa says:
    ལོ་ 17 སྔོན།

    དྲ་གྲོགས་སྐར་ཁྲི་བཙན་དང་ཤ་ཁྲག་གཉིས་ལ་མཆན་བུ་རིང་པོ་ཞིག་བྲིས་ནས་ཚར་གྲབ་ཡོད་དུས། རོ་གློག་འདི་ཆད་ཀི་ཐ། ད་ཡིན་ན་འབྲི་ཁོམ་མེད་ཀི ཁྱེད་གཉིས་ཀ་བདེ་མོ་བྱོས། བརྩམས་སྒྲུང་མུ་མཐུད་ནས་ཀློག་གིན་ཡོད།

    Reply
  5. Baichung says:
    ལོ་ 17 སྔོན།

    ད་ཡིན་ན་བློ་བདེ་སོང་། བློ་བཟང་ལ་བར་ཆད་བྱུང་མ་སོང་། ངས་ཁ་རྩང་ནས་ཅིག་འདོན་གི་ཡོད་པའི་དྲིན་ཡིན་ཐལ།

    Reply

དཔྱད་མཆན་སྤེལ། Cancel reply

Your email address will not be published. Required fields are marked *

སྤྱི་ཚོགས་དྲ་གནས།

ཁྱབ་བསྒྲགས།

དྲ་ངོས་ཀྱི་གནས་ཚུལ་ཚང་མའི་པར་དབང་བོད་ཀྱི་དུས་བབ་ལ་ཡོད།

གློག་འཕྲིན།

editor@tibettimes.net | office@tibettimes.net

ཁ་པར།

+91-98823-47075 | +91-92189-38041 | +91-81972-44372

Welcome Back!

OR

Login to your account below

Forgotten Password?

Retrieve your password

Please enter your username or email address to reset your password.

Log In

Add New Playlist

No Result
ཆ་ཚང་གཟིགས།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
    • གླ་ཡོད་རིན་གོང་།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese