མདུན་ངོས།
About Us
  • English
བོད་ཀྱི་དུས་བབ།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
    • གླ་ཡོད་རིན་གོང་།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese
No Result
ཆ་ཚང་གཟིགས།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
    • གླ་ཡོད་རིན་གོང་།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese
No Result
ཆ་ཚང་གཟིགས།
བོད་ཀྱི་དུས་བབ།
English
No Result
ཆ་ཚང་གཟིགས།

ཁོ་པེན་ཧ་གྷན་ནས་བོད་མ་བརྗེད།

བོད་ཀྱི་དུས་བབ།
༢༠༠༩/༡༡/༢༦
Share on FacebookShare on TwitterShare on EmailShare on Whatsapp

རྒྱལ་ཚོགས་ཀྱི་ཁོར་ཡུག་ཚོགས་ཆེན་སྐབས་བོད་ཀྱི་ཁོར་ཡུག་གནས་སྟངས་གླེང་རྒྱུ་མ་བརྗེད་ཅེས་བཙན་བྱོལ་བོད་མི་ཚོས་རེ་སྐུལ་ཞུས་འདུག

འཆར་ཟླའི་ནང་དུ་མཉམ་འབྲེལ་རྒྱལ་ཚོགས་ཀྱི་ཁོར་ཡུག་གི་ཚོགས་ཆེན་དེ་ཌན་མག་གི་རྒྱལ་ས་ཁོ་པེན་ཧ་གྷན་ནས་འཚོགས་རྒྱུ་ཡིན་ལ། སྐབས་དེར་བོད་ཀྱི་ཁོར་ཡུག་གནས་སྟངས་གླེང་རྒྱུ་མ་བརྗེད་ཅེས་བཙན་བྱོལ་བོད་གཞུང་གི་ཁོར་ཡུག་ཉམས་ཞིབ་པ་དོན་གྲུབ་སྒྲོལ་མ་ལགས་ཀྱིས་ཉེ་ཆར་བྷང་ལོར་ནས་རེ་སྐུལ་ཞུས་ཡོད།

དོན་གྲུབ་སྒྲོལ་མ་ལགས་ཀྱི་གཏམ་བཤད་དེ་ནི་ད་ལོར་བཙན་བྱོལ་བོད་མི་ཚོས་རྒྱ་གར་གཞུང་དམངས་གཉིས་ལ་བཙན་བྱོལ་གྱི་མི་ལོ་ ༥༠ རིང་གི་རོགས་སྐྱོར་ཐུགས་ཁུར་ལ་ཐུགས་རྗེ་ཆེ་བའི་དུས་སྟོན་གོ་སྒྲིག་བྱེད་བཞིན་པ་ལྟར། ཉེ་ཆར་བྷང་ལོར་ནས་དུས་སྟོན་དེ་ཚུགས་པའི་སྐབས་ཀྱི་གཏམ་བཤད་ཀྱི་ལས་རིམ་ཁྲོད་ནས་བཤད་པ་རེད།

དོན་གྲུབ་སྒྲོལ་མས་བཤད་དོན། གནམ་གཤིས་ཀྱི་ཚ་དྲོད་རྒྱས་པར་བརྟེན་བོད་ཀྱི་འཁྱགས་ཀླུང་དག་ཞུ་བཞིན་ཡོད་ལ། དེས་རྒྱ་ནག་དང་རྒྱ་གར། པཱ་ཀི་སི་ཐན། འབར་མ། ཐའེ་ལན་ཌི་བཅས་ཨེ་ཤ་ཡའི་རྒྱལ་ཁབ་མང་པོར་ཤུགས་རྐྱེན་ཐེབས་རྒྱུ་ཡིན་ལ། ཡུལ་ལུང་འདི་དག་གི་གཙང་བོའི་བརྒྱ་ཆ་ ༥༠ ནས་ ༦༠ ཡི་མགོ་ཁུངས་བོད་ཡིན་ཟེར་ལ། བོད་ནང་གི་གནམ་གཤིས་འགྱུར་ལྡོག་གི་ཆ་ཤས་ཤིག་ནི་རྒྱ་ནག་གིས་བོད་ནང་བཟུང་བའི་སྲིད་བྱུས་ལས་བྱུང་ཟེར།

མང་ཚོགས་ཀྱི་དྲི་བ་དྲི་ལན་སྐབས་ཕྱི་དྲིལ་བཀའ་བློན་སྟག་ལྷ་སྐལ་བཟང་གཡང་སྐྱིད་ལགས་ཀྱིས་གསུངས་དོན། བོད་ཀྱི་ཁོར་ཡུག་འདི་སྲུང་སྐྱོབ་བྱེད་མ་ཐུབ་ཚེ་ཨེ་ཤ་ཡ་སྤྱི་དང་རྒྱལ་སྤྱིའི་སྤྱི་ཚོགས་ཁྲོད་ཆུ་ཡི་དཀའ་ངལ་ཆེན་པོ་ཞིག་གང་མགྱོགས་ཡོང་རྒྱུ་རེད་ཅེས་དང་། ང་ཚོས་ཁྱེད་རྣམ་པར་བརྗོད་འདོད་པ་ནི། གལ་སྲིད་ང་ཚོས་བོད་ནང་གི་ཁོར་ཡུག་གཏོར་སྐྱོན་གྱི་གནས་སྟངས་དེར་གོ་རྟོགས་མ་ཐུབ་ཚེ་ང་ཚོས་མཐའ་གཅིག་ཏུ་སྡུག་བསྔལ་མྱོང་རྒྱུ་ནི་ཉག་གཅིག་རེད་ཅེས་ཀྱང་གསུངས་འདུག

འབྲེལ་ཡོད་གསར་འགྱུར།

In this image received on July 27, 2026, Foreign Secretary Vikram Misri holds talks with Sun Haiyan, Vice Minister of the International Department of the Central Committee of the Communist Party of China (CPC)
Mobile App

རྒྱ་དཀར་ནག་གཉིས་ཀྱིས་སྔར་ལས་ལྷག་པའི་མཉམ་ལས་བྱ་རྒྱུ་ཡིན་འདུག 

༢༠༢༦/༠༧/༢༨
TT
Mobile App

བོད་མཚོ་སྔོན་གྱི་རྩི་གོར་ཐང་རྫོང་དུ་ཚད་རིམ་མི་འདྲ་བའི་ས་ཡོམ་གཉིས་བསྟུད་མར་བྱུང་།

༢༠༢༦/༠༧/༢༨
tt
Mobile App

གཞོན་ནུ་ལྷན་ཚོགས་ཀྱིས་རྒྱ་ནག་གི་འཁྱོག་བརྗོད་ལ་གདོང་ལེན་དང་ཡོ་བསྲང་བྱ་རྒྱུ་ཡིན་འདུག

༢༠༢༦/༠༧/༢༧
Front Slider

གཞོན་ནུ་ལྷན་ཚོགས་ཀྱིས་ནེའུ་ཡོག་ཏུ་ལས་ཁུངས་བཙུགས་ཏེ་རྒྱ་ནག་གི་འགྲེལ་ལོག་ལ་གདོང་ལེན་གནང་རྒྱུ་ཡིན་འདུག

༢༠༢༦/༠༧/༢༧
ཕྱི་ལོ་ ༢༠༡༦ ལོར་བླ་རུང་སྒར་གཏོོར་བཤིག་གཏོང་སྐབས།
Mobile App

བླ་རུང་སྒར་གྱི་གྲྭ་ཤག་གཏོར་ཟིན་པའི་གྲྭ་བཙུན་རྣམས་རང་ཡུལ་དུ་ལོག་དགོས་པའི་བཀའ་ཁྱབ་བསྒྲགས།

༢༠༢༦/༠༧/༢༧
Front Slider

དགུང་ལོ་ ༩༨ ཡིན་པའི་ནོར་བུ་རྒྱལ་ལགས་ཐུགས་དམ་དུ་བཞུགས་ཡོད་པའི་སྐོར་ལ་བཅར་འདྲི་ཞུས།

༢༠༢༦/༠༧/༢༤

མཆན། 9

  1. འཁོར་ཡུག། says:
    ལོ་ 17 སྔོན།

    ཁོར་ཡུག་ལགས།
    ཁྱེད་ནི་ང་ཚིའི་རིན་བྲལ་གྱི་ནོར་བུ་སྲོག་ཀྱང་ཡིན།
    དེས་ན་ང་ཚོས་ཁྱེད་ཀྱི་ཐོག་བསམ་ཤེས་ཅི་ནས་ཀྱང་བྱེད་དགོས།

    Reply
  2. བོད་པ་ཚང་། says:
    ལོ་ 17 སྔོན།

    དུས་བབ་ཚགས་ཁང་ལགས་སུ།
    ཁྱེད་ཉིད་ཀྱིས་”འཆར་ཟླའི་ནང་དུ་མཉམ་འབྲེལ་རྒྱལ་ཚོགས་ཀྱི་ཁོར་ཡུག་གི་ཚོགས་ཆེན་དེ་ཌན་མག་གི་རྒྱལ་ས་ཁོ་པེན་ཧ་གྷན་ནས་འཚོགས་རྒྱུ་ཡིན་ལ།” ཞེས་བཀོད་ཀྱང་ཁོ་པེན་ཧ་གྷན་བྱ་བའི་ཡུལ་ཡིན་པ་མ་གཏོགས་འབྱུང་ཁུངས་མིན་པས། ནས་སྒྲའི་ཚབ་ཏུ་དུ་སྒྲ་བསྣན་དགོས་པ་དང་། ཡང་། “ཡུལ་ལུང་འདི་དག་གི་གཙང་བོའི་བརྒྱ་ཆ་ ༥༠ ནས་ ༦༠ ཡི་མགོ་ཁུངས་བོད་ཡིན་ཟེར་ལ།” ཞེས་པའི་ཐད་གཙང་པོ་དང་། འགོ་ཁུངས་ཞེས་དགོས་སྙམ། ང་ཚོ་ཚང་མས་བརྡ་སྤྲོད་དང་མཐུན་པའི་ཐོག་ནས་བྲིས་ན་ཁ་ཡོད་ལག་ཡོད་ཀྱིས་མ་འོངས་པའི་རྗེས་འཇུག་རྣམས་ལ་ཕན་ངེས། དེ་མིན་སོ་སོའི་རྒྱུ་མཚན་གསར་པ་དང་ཡུལ་སྐད་ལ་གཞིར་བཞག་ནས་བྲིས་ན། ནམ་ཞིག་འབྲུག་ཁུལ་གྱི་རྫོང་ཁ་ཞེས་པའི་སྐད་ལྟར་གྱུར་ཏེ། ཕྱིས་སུ་འགྱོད་པ་སྐྱེ་དགོས་པའི་གཞི་ཆགས་ངེས་རེད། དེ་བཞིན་སྔོན་གྱི་བོད་ཀྱི་མཁས་དབང་རྣམས་ཀྱིས་ཀྱང་ཆོལ་ཁ་དང་ཡུལ་ལུང་གང་ཡིན་མིན་ལ་མ་ལྟོས་པར་བརྡ་སྤྲོད་དང་མཐུན་པའི་གཅིག་འགྱུར་བྲིས་པར་མཛད་འདུག་ན། གཟབ་དགོས་པའི་གནས་ཡིན། ད་དུང་ཁྱེད་ཅག་གིས་སྲུང་བརྩི་ལ་སྲུང་གཙི་དང་། ད་རེས་ལ་ད་རེབ་ཅེས་བྲིས་པ་མང་། དེ་བཞིན་བང་ཆེན་ཚགས་ཁང་ནས་ཁམས་སྐད་བསྲེས་དབང་དུ་བཏང་ན། རྗེས་སོར་ཚད་འཛིན་བྱེད་ས་རག་དཀའ་བས། ངས་གང་བྲིས་པ་རང་གི་སྐད་ཡིག་ལ་ཞེན་ཆེ་བས་ཡིན་མ་གཏོགས། ཁྱེད་རྣམས་ལ་གནག་སེམས་བྱས་པ་དེ་འདྲ་རྩ་བ་ནས་མིན། དེར་བརྟེན་ཕྱིན་ཆད་དེ་དག་རྒྱུན་ལྡན་བཞིན་འབྲི་གནང་ཡོང་བའི་རེ་སྐུལ་གྲངས་མེད་ཞུ་ཡི་ཡོད། ཐུགས་རྗེས་གཟིགས། ཐུགས་རྗེས་གཟིགས། ཐུགས་རྗེས་གཟིགས། ཐུགས་རྗེས་གཟིགས། ཐུགས་རྗེས་གཟིགས།

    Reply
  3. བཀྲ་ཤིས་དོན་གྲུབ། says:
    ལོ་ 17 སྔོན།

    མཚམས་མཚམས་སུ་བསམ་ཕུལ་ཀྱང་ཡོང་གི་མི་འདུག

    Reply
  4. བཀྲ་ཤིས་དོན་གྲུབ། says:
    ལོ་ 17 སྔོན།

    མཚམས་མཚམས་སུ་བསམ་ཕུལ་ཀྱང་ཡོང་གི་མི་འདུག

    Reply
  5. གངས་ཕྲུག་བློ་བཟང་ངག་དབང་ says:
    ལོ་ 17 སྔོན།

    གྲགས་པ་རྒྱ་མཚོ་ལགས།་གལ་སྲིད་ང་ཚོས་རང་བཙན་གྱི་ལམ་དུ་བསྐྱོད་ན་ཁྱོད་ལ་ལམ་སྟོན་འདྲ་སྟོན་རྒྱུ་ཡོད་དམ།་དེ་མིན་སྔ་ལོའི་ནང་དུ་བོད་མི་ཇི་ཙམ་གྱི་ཚེ་སྲོག་ལ་རྒྱ་དམར་གྱི་ལག་རྩེད་བྱས་སོང་ངམ།་དེ་བཞིན་བཙོན་བཅུག་དང་ནད་གཅོང་མང་དག་ཞིག་ལས་དེ་མིན་གྱི་འགྲུབ་འབྲས་གང།་་དེ་ལས་བོད་ཕྱི་ནང་གང་དུ་བཞུགས་ཡོད་པའི་བོད་མི་ཚང་མས་རང་རེའི་རླབས་ཆེན་གྱི་དབུ་ཁྲིད་འཛམ་གླིང་ཞི་བདེའི་དེད་དཔོན་༸སྤྱི་ནོར་༸གོང་ས་སྐྱབས་མགོན་ཆེན་པོ་མཆོག་གི་ལམ་སྟོན་འོག་དམ་ཚིག་རྡོག་རྩ་གཅིག་བསྒྲིལ་ངང་མ་འོངས་ཕ་ཡུལ་གསར་པའི་ཆེད་དུ་རང་དགོས་ཕྱི་ནང་གཉིས་ཀྱི་ཤེས་ཡོན་ལ་འབད་བརྩོན་བྱས་ཏེ་རང་འཁྲིའི་ལས་དོན་གང་ཞིག་ཡོད་པ་དེ་ཧུར་ཐག་བྱས་ན།་དེ་ནི་རྒྱལ་བ་དགྱེས་པའི་མཆོད་སྤྲིན་དང་།གང་མགྱོགས་གཞིས་བྱེས་མཉམ་འཛོམས་ཐུབ་པའི་ལམ་ཁ་གཅིག་རང་དེ་ཡིན།

    Reply
  6. གྲགས་པ་རྒྱ་མཚོ། says:
    ལོ་ 17 སྔོན།

    བོད་དེ་རང་བཙན་ཐོབ་ཀྱང་འདྲ། མ་ཐོབ་ཀྱང་འདྲ། རང་བཙན་གྱི་ལམ་དུ་བསྐྱོད་ན་ལེགས་པར་སྙམ། བརྒྱ་ལ་མ་ཐོབ་ཀྱང་མ་འོངས་པར་གཞོན་སྐྱེས་ཚོར་ལམ་ཁ་ཡག་པོ་ཞིག་ལྷག དེ་མིན་ན་གང་ཡང་མེད་པ་ཆགས་གྲབས་འདུག་གོ།

    Reply
  7. གྲགས་པ་རྒྱ་མཚོ། says:
    ལོ་ 17 སྔོན།

    རྒྱ་ནག་སྟོབས་ཤུགས་ཆེ་དྲག་པས་རྒྱལ་ཁབ་གཞན་གྱི་བོད་པའི་སྐོར་བཤད་མི་སྲིད། གལ་སྲིད་བཤད་ཀྱང་ནུས་པ་གང་ཡང་མི་འཐོན་པར་སྙམ།

    Reply
  8. བོད། ཤ་ཁྲག་རུས་གསུམ། says:
    ལོ་ 17 སྔོན།

    བོད་ཀྱི་ཁོར་ཡུག་སྲུང་སྐྱོབས་ཡོང་དགོས་པ་ཡིན་ན། བོད་དོན་ཐད་ཀར་ཐག་གཅོད་བྱེད་རྒྱུ་ལས་སྐད་ག་ཚོད་ཅིག་བསྐུར་ཡང་གཙང་བོའི་ནང་དུ་རྡོ་འཕངས་པ་ལས་མེད། དེ་ནི་བདག་གི་བསམ་ཚུལ་ཡིན། ནོར་ཡོད་ན། སུ་ཡིས་ནོར་འཁྲུལ་དུ་གཟིགས་པ་དེར་དགོངས་སེལ་ཞུ་ཆོག

    Reply
  9. ཨ་རུ་ར། says:
    ལོ་ 17 སྔོན།

    རྒྱ་ནག་དམར་བོའི་སྲིད་སྐྱོང་བ་ཚོས་གནས་སྐབས་ཀྱི་ཧམ་སེམས་ཆེ་དྲག་པའི་བོད་ཀྱི་འཁོར་ཡུལ་གཏོར་བཅོམ་དང་གཏེར་ཁ་བརྔོག་འདོན་བྱས་འབྲས་ནི། མི་རིང་བར་ཤར་གླིང་ཨེ་ཤ་ཡའི་ཕྱིས་འབྱུང་ཁམས་མི་སྙོམས་པར་ཆགས་པའི་ཁར་ཉིན་རེའི་འཚོ་བ་ལ་མེད་དུ་མི་རུང་བའི་བཏུང་ཆུ་སོགས་རྩ་མེད་དུ་འགྲོ་སྲིད་པའི་དེ་ལ་བོད་པ་གཅིག་བུའི་སྐད་རྒྱུ་ཙམ་མིན་པར་ཨེ་ཤ་ཡའི་རྒྱལ་ཁབ་སོ་སོའི་ངོས་ནས་བསམ་གཞིག་བྱ་རན་ཆགས་ཡོད་པ་རེད།

    Reply

དཔྱད་མཆན་སྤེལ། Cancel reply

Your email address will not be published. Required fields are marked *

སྤྱི་ཚོགས་དྲ་གནས།

ཁྱབ་བསྒྲགས།

དྲ་ངོས་ཀྱི་གནས་ཚུལ་ཚང་མའི་པར་དབང་བོད་ཀྱི་དུས་བབ་ལ་ཡོད།

གློག་འཕྲིན།

editor@tibettimes.net | office@tibettimes.net

ཁ་པར།

+91-98823-47075 | +91-92189-38041 | +91-81972-44372

Welcome Back!

OR

Login to your account below

Forgotten Password?

Retrieve your password

Please enter your username or email address to reset your password.

Log In

Add New Playlist

No Result
ཆ་ཚང་གཟིགས།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
    • གླ་ཡོད་རིན་གོང་།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese