མདུན་ངོས།
About Us
  • English
Advertisement
བོད་ཀྱི་དུས་བབ།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
    • གླ་ཡོད་རིན་གོང་།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese
No Result
ཆ་ཚང་གཟིགས།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
    • གླ་ཡོད་རིན་གོང་།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese
No Result
ཆ་ཚང་གཟིགས།
བོད་ཀྱི་དུས་བབ།
English
No Result
ཆ་ཚང་གཟིགས།

ཁྱེད་དང་ང་།

བོད། ཤ་ཁྲག་རུས་གསུམ།
༢༠༠༩/༡༢/༠༡
Share on FacebookShare on TwitterShare on EmailShare on Whatsapp

ང་ནང་དུ་ཡོད
སུ་ནང་དུ་བཞུགས་མེད
གསུང་རོགས་ཞུ  ང་རང་ཁྱེད་ཀྱི་ཆེད་དུ་ཡོང་བ་རེད
ཁྱེད་རང་ང་ཡི་ཆེད་དུ་འདུས་པ་རེད
འུ་གཉིས་ཕན་ཚུན་ལ་སྡང་དགོས་དོན་མེད
ཁྱེད་རང་མེད་པའི་ང་རང་ཞིག་གསོན་སྙིང་མེད་ལ
ང་རང་མེད་པའི་མེད་པའི་ཁྱེད་རང་ཞིག་འདུག་དོན་མེད
དེའི་ཕྱིར འུ་ཅག་གིས་ལག་བརྡང་སྤྲེལ་ནས
ནང་དུ་ཕེབས་ཤིག ང་རང་གི་སྒུག་ནས་ཡོད
ང་རང་ཚོ་ལ་ནང་ཞིག་དགོས
ནང་མེད་པའི་ང་ཚོ་ནི་ཅི་འདྲའི་སྙིང་རྗེ་བ་ལའང་

རང་གིས་རང་ལ་སྙིང་རྗེ་བྱེད
རང་གིས་རང་ལ་བདག་པོ་བྱེད
རང་གིས་རང་ལ་ཤ་ཚ་བྱེད
རང་གིས་རང་ལ་ཡིད་ཆེས་བྱེད
རང་གིས་རང་ལ་དགའ་ཞེན་བྱེད
ང་རང་ཁྱེད་ཀྱི་ཆེད  ཁྱེད་རང་བདག་གི་ཆེད
ཁྱེད་དང་ང་ནི་གཅིག་རེད
ང་དང་ཁྱེད་ནི་དབྱེ་བ་མེད
དབྱེ་བ་མེད་པའི་ང་དང་ཁྱེད

དམིགས་ཡུལ་གཅིག་པའི་ང་དང་ཁྱེད
སྐྱིད་སྡུག་གཅིག་པའི་ང་དང་ཁྱེད
ལས་དབང་གཅིག་པའི་ང་དང་ཁྱེད
མི་རིགས་གཅིག་པའི་ང་དང་ཁྱེད
བླ་མ་གཅིག་པའི་ང་དང་ཁྱེད
ང་དང་ཁྱེད    ཁྱེད་དང་ང་
ནམ་ཡང་གཅིག་རེད  གཅིག་ཡིན་དུས
མཐུན་སྒྲིལ་ལོས་དགོས  ཆེ་བཀུར་ཆུང་བྱམས་ལོས་བྱེད
ལེགས་ཉེས་སྔོན་འགོག་ལོས་སྤྱོང་
སྐྱེ་རྒ་ན་འཆི་ལོས་དྲན   མ་འོངས་མདུན་པ་ལོས་གཅིག

འབྲེལ་ཡོད་གསར་འགྱུར།

པར་བོད་ཀྱི་དུས་བབ་ཀྱི་བསྒྲིགས།
བསམ་ཚུལ།

རྒྱ་ནག་གི་ཆུ་མཛོད་ཆེན་མོ་དེ་ནི་གཙང་པོའི་སྟོད་རྒྱུད་ཀྱི་ཆུའི་འབར་རྫས་ཤིག་རེད།

༢༠༢༦/༠༩/༡༣
AfD party members celebrate victory in Saxony-Anhalt on Sunday [Matthias Schrader/AP]
Mobile App

གཡས་ཐལ་རིང་ལུགས་པའི་མགོ་འཕངས་ཇེ་མཐོ་རེད།

༢༠༢༦/༠༩/༡༡
Hong Kong’s Tiananmen vigil organizers handed lengthy prison terms
Mobile App

དྲུག་བཞིའི་དོན་རྐྱེན་རྗེས་དྲན་ཞུ་མཁན་གསུམ་ལ་བཙོན་འཇུག་ཁྲིམས་ཐག་བཅད།

༢༠༢༦/༠༩/༡༡
ངོ་རྒོལ་ལས་འགུལ་སྤེལ་སྐབས། གཞོན་ནུ་ལྷན་ཚོགས་ཀྱི་པར།
Mobile App

ཞི་ཅིན་ཕིན་རྒྱ་གར་དུ་ཡོང་བར་ངོ་རྒོལ་ཡོད།

༢༠༢༦/༠༩/༡༡
Hong Kong's then Chief Executive Tung Chee-hwa listens during a Legislative Council meeting, October 14, 2004. (REUTERS)
Mobile App

ཧོང་ཀོང་གི་སྤྱི་ཁྱབ་ཏོང་ཅན་ཧྭའི་ཚེ་སྲོག་དང་ལྷན་དུ་རྒྱལ་ཁབ་གཅིག་ལ་ལམ་ལུགས་གཉིས་ཞེས་པའི་སྲིད་ཇུས་མཇུག་བསྒྲིལ།

༢༠༢༦/༠༩/༡༠
Advertisement for App

བོད་ཀྱི་ཟློས་གར་ཚོགས་པའི་ལས་བྱེད་ས་མིག་གསལ་བསྒྲགས།

༢༠༢༦/༠༩/༡༠

མཆན། 11

  1. sha tak ri sim says:
    ལོ་ 17 སྔོན།

    ཁྲ་གླག་སྤྱང་གསུམ་ལགས། ཉིད་ཀྱིས་རང་གི་གང་གསུངས་པ་དེར་སླར་ཡང་འགྲེལ་བཤད་བརྒྱབ་པ་དེར་ཐུགས་རྗེ་ཆེ་ལགས། ངས་ཉིད་ཀྱིས་ཤི་མ་ཐུབ་པའི་སྔ་གཞུག་གླེང་བ་ཟེར་བ་དེ་ཀློག་པ་རེད་སྙམ་སོང་། ཡིན་ཡང་། སྐུ་ཉིད་ཀྱིས་ཀློག་ཡོད་ས་མ་རེད།

    Reply
  2. sherabt says:
    ལོ་ 17 སྔོན།

    ངས། སྙན་ངག་ཡག་པོ་འདུག་ཟེར་བ་དེ། ཤི་མ་ཐུབ་པའི་སྔ་གཞུག ཅེས་ཚིག་འབྲུ་དྲུག་པོ་དེ་རང་ལ་གོ་རྒྱུ་ཆེན་པོ་འདུག་ཟེར་བ་ལས། མགོ་བརྗོད་དེ་བྱས་པའི་སྙན་ངག་འདྲ་ཡོད་ན་དེ་ལ་ཟེར་བ་མིན་ཏེ། མ་གཞི་ནས་དེ་འདྲ་ཞིག་དེ་སྔོན་མཐོང་མ་བྱུང༌།

    Reply
  3. sha tak ri sim says:
    ལོ་ 17 སྔོན།

    འཇམ་མགོན་ལགས། རེད་ལགས། ང་ཚོ་ས་སྒང་གཅིག་གི་མི་རེད། ང་ཚོ་ཤ་ཁྲག་རུས་རྒྱུད་གཅིག་པའི་སྤུན་རེད། ང་ཚོ་སྐྱིད་སྡུག་གཅིག་པའི་སྐྱབས་བཅོལ་བ་རེད་ལགས།

    ལྷག་པ་ཚེ་རིང་ལགས། གསར་དུ་ཕེབས་པ་དགའ་ནི་ཡིན། བསྟོད་པ་བྱས་པ་ཐུགས་རྗེ་ཆེ་ལགས།

    སྐར་ཁྲི་བཙན་ལགས། སྐུ་ཉིད་ཀྱིས་རང་གི་གོང་དུ་ཡོད་པའི་སྤུན་ཟླ་དེ་ལ་གསུངས་ཀྱི་ཡོད་པ་འདྲ།

    བསྟན་འཛིན་ཚེ་འཚོ་ལགས། ཡུན་རིང་ཞིག་ལ་རིག་རྒྱུ་མེད་པར་དྲན་ནི་ཞིག་རེད། དེ་རིང་འདིར་ཕེབས་ནས་སྙན་ངག་ལ་དགའ་རབས་བསྐོར་ཞིག་གསུངས་དེ་ཕེབས་ཟིན་འདུག ཕྱིན་ཆད་ཀྱང་ཕེབས་རྒྱུར་བལྟས་ནས་འདུག

    མེ་འོད་ལགས། ཉིད་ཀྱིས་གསུངས་པ་དེ་ནི་དངོས་ནས་བདེན་པ་རེད་ལགས། ཡིན་ཡང་། གོང་དུ་སྤུན་ཟླ་རེ་ཟུང་གིས་བསྟོད་པ་བྱས་པ་དེ་ནི་ཁོ་རང་ཚོ་དགའ་ཕྱོགས་ཤིག་གསུངས་པ་ཡིན་དུས། དེ་ལ་ངས་ཀྱང་འགག་བྱ་བྱེད་མི་སྲིད་ལ། ཁོང་ཚོས་ང་རང་ལ་བསྟོད་བསྔགས་བྱས་པ་དེ་ཙམ་གྱིས་ང་རང་གི་སྙན་ངག་ལེགས་པོ་ཞིག་འབྲི་གྱིན་ཡོད་གཏན་ནས་བསམ་མི་སྲིད་ལགས། ཁྱེད་རང་གི་གསུངས་པ་བདེན་པ་རེད། ང་ནི་དངོས་ནས་དྲང་གནས་ཀྱི་སྙན་ངག་པ་ཞིག་གཏན་ནས་མིན་ལགས། ང་ནི་ཟིན་བྲིས་པ་ཞིག་ལས། སྙན་ངག་བྲིས་དེ་མི་སེམས་སྒུལ་བའི་ཆེས་མཐོ་བའི་སྐད་ཆའི་སྒྱུ་རྩལ་དེ་འདྲ་དངོས་ནས་མེད་པ་དེ་ནི་རང་གི་ཤེས་ཀྱི་ཡོད་ལགས། ཉིད་ཀྱིས་དེ་རིང་བདག་ལ་རེ་སྐུལ་གནང་བ་དེར་བདག་གི་སེམས་གཏིང་དུ་གཉར་ངེས་ཡིན་ལགས། མི་ཤེས་ས་དང་མ་འགྲིག་ས་རེ་བྱུང་ན། ད་རེབས་ཀྱི་འདི་ལྟར། སྐད་ཆ་ཐད་ཀར་གསུང་རྒྱུ་དེ་ནི་བདག་གི་སྐུ་ཉིད་ལ་འབོད་སྐུལ་ཡིན་ལགས།

    ཁྲ་གླག་སྤྱང་གསུམ་ལགས། སྐུ་་ཉིད་ཀྱང་དངོས་ནས་སྙན་ངག་ལེགས་པོ་ཞིག་ཀློག་མཁན་ཞིག་ཡིན་པ་འདྲ། དངོས་ནས་བཤད་ན། བདག་ལ་ད་ལྟའི་བར་དུ་སྙན་ངག་ཟེར་ནས་སྟོན་རྒྱུ་ཞིག་ཡོད་མ་མྱོང་ལགས། རེད་དེ། སྐུ་ཉིད་ཀྱིས་བདག་གི་ཤི་མ་ཐུབ་པའི་སྔ་གཞུག་ཟེར་བའི་ཟིན་བྲིས་དེར་གདེང་འཇོག་བྱས་པ་ཐུགས་རྗེ་ཆེ་ལགས། རྗེས་ཕྱོགས་ཀྱང་གཡོ་གསེང་མེད་པར་གང་ཐུབ་ཅིག་གསུང་རོགས་ཞུ།

    བསེ་རུ་ལགས། སྐུ་ཉིད་ནི་དུས་བབ་ཚང་གི་ཁ་ཞེ་གཉིས་མེད་ཀྱི་རང་གི་ལས་དོན་ལ་མཇུག་མཁན་ཞིག་ཡིན་དུས། དུས་རྟག་དུ་འདི་ལྟར་ཐུགས་འཁུར་གནང་བཞིན་པ་དེར་དགའ་བཞིན་ཡོད་ལགས།

    Reply
  4. samkhar says:
    ལོ་ 17 སྔོན།

    དྲ་གྲོགས་ཚོ།

    སོང་ནི་ཞིག་རེད། ཡོད་ནི་ཞིག་རེད།
    དགོས་ནི་ཞིག་རེད། བསམ་ནི་རེད། དགའ་ནི་རེད་ཅེས་པ་ལ་སོགས་པའི་ནི་སྒྲ་འདི་ཡང་བསམ་བློ་གཏོང་དགོས་པ་ཞིག་རེད་འདུག།

    Reply
  5. sherabt says:
    ལོ་ 17 སྔོན།

    ནོར་བཅོས། སྒྱུ་རྩལ།

    Reply
  6. sherabt says:
    ལོ་ 17 སྔོན།

    ཁྱེད་ཀྱི་སྙན་ངག་ཐམས་ཅད་ཀྱི་ནང་ནས། ཤི་མ་ཐུབ་པའི་སྔ་གཞུག ཅེས་པ་དེ་རེད་འདུག དེ་ལ་སྙན་ངག་གི་ཉམས་ཆེན་པོ་འདུག ཚིག་ཉུང་ཉུང་དེས་གནས་ཚུལ་མང་པོ་ཞིག་དྲན་གསོ་གཏོང་བ་དང༌། ཕྱོགས་གཅིག་ནས་ལས་ལ་སྐུལ་བ། ཕྱོགས་གཞན་ཞིག་ནས་སྐྱོ་སྣང་ཡང་སྟེར་བ་སོགས། དངོས་གནས། སྙན་ངག་འདི་ནི་སྒྱུར་རྩལ་རི་མོ་Art དང་འདྲ་བ་གོ་དོན་མཐའ་ཡས་པ་ཞིག་བཟོས་འདུག

    Reply
  7. meawo says:
    ལོ་ 17 སྔོན།

    གྲོགས་པོ་ལགས། འདི་སྙན་ངག་ཡག་པོ་ཞིག་རྩ་བ་ཉིད་ནས་མ་རེད་མོད། དྲ་གྲོགས་ཁ་ཤས་ཀྱིས་ཡག་པོ་འདུག་ཅེས་བཤད་པ་ནི་ཁ་ཡག་ངོ་བསྟོད་ཡིན་རྒྱུ་རེད། དེ་ལྟར་བཤད་ན་བདེན་པ་ལ་ཉེ་དྲགས་ནས་གནོད་འགྲོ་གི་རེད། སྔོན་མ་རྒྱ་མཚོ་འམ་དོར་ཤུལ་རྒྱ་མཚོས་བྲིས་པ་དེ་དག་དྲན་གི་འདུག
    སྙན་ངག་ལ་སྙན་ངག་གི་ཁྱད་ཆོས་ཤིག་དགོས་ནི་རེད། སྙན་ངག་སྙན་ངག་ཏུ་འགྱུར་བྱེད་ཀྱི་སྒྱུ་རྩལ་ཞིག་དགོས་ནི་རེད། ཐ་སྙད་སྒྲིག་སྟངས་དང་ཚིག་སྦྱོར། མཚོན་ཐབས། སྐད་ཆའི་བཤད་ཐབས་སོགས་མང་པོ་ཞིག་འཛོམས་དགོས་ནི་རེད། སྙན་ངག་སྐད་ཆ་ཡིན་ཡང་ཚད་མཐོ་བའི་སྐད་ཆ་ཡིན་པའི་རྒྱུ་མཚན་ནི་གོང་གི་ཆ་རྐྱེན་དེ་དག་ཐུག་ཡོད་ནི་རེད་འདོད། སྙན་ངག་ཚོར་བས་ཟིན་དགོས་ཀྱང་ཚོར་བ་དེ་སྟོན་སྟངས་ཀྱི་སྒྱུ་རྩལ་ཞིག་མེད་ན་ཅི་ཞིག་རེད། གྲོགས་པོ་ཁྱེད་ཀྱི་ཚིགས་བཅད་སྙན་ངག་དེ་ཚོ་ཀློག་བདེ་བོ་ཞིག་ཡོད་མོད། རང་མོས་ལ་དེ་འདྲའི་ཁྱད་ཆོས་ཤིག་མི་འདུག
    འདི་ནི་དྲང་མོ་བཤད་པ་ཡིན། སེམས་ལ་ཕོག་རྒྱུ་མ་རེད་བསམ་ནས་བྲིས་པ་ཡིན།

    Reply
  8. Tentsetso says:
    ལོ་ 17 སྔོན།

    གྲོགས་པོ་ལགས། སྙན་ངག་ནི་ཚོར་བ་རེད། ཚོར་བས་བརླན་ས་ན་བདེན་པ་མང་། དེ་བས་ང་ཁྱོད་ཀྱི་སྙན་ངག་དུངས་ཤ་སྐྱེ།

    Reply
  9. Baichung says:
    ལོ་ 17 སྔོན།

    ཁྱོད་འདི་རིག་རྒྱུ་མེད་ཀྱི་གང་ཞིག་ལ་བུད་སོང་ནི་ཡིན་ན་བསམ་སོང་། དེ་རིང་འདི་གསེང་ཞིག་ནས་བུད་ཡོང་ནོ།

    Reply
  10. lhakpatsering says:
    ལོ་ 17 སྔོན།

    གྲོགས་ལགས། ཧ་ཅང་ཡག་པོ་བྲིས་འདུག ང་ནི་ཁྱེད་ཀྱི་ཀློག་པ་པོ་གསར་བ་ཞིག་ཡིན།

    Reply
  11. jamgon says:
    ལོ་ 17 སྔོན།

    བོད། ཤ་ཁྲག་རུས་གསུམ་ལགས། ང་དང་ཁྱེད་མི་ཚང་གི་གཅིག་ཡིན། ང་ཚོ་ཚང་མ་ཤ་རུས་གདོང་རྒྱུད་གཅིག་པ་ཡིན། མདོར་ན་སྒང་ཧྲིལ་བོར་འདི་མི་ཚང་གཅིག་ཡིན།
    གྲོགས་ལགས། ཁོམ་པ་འདྲ་བྱུང་ན་ངེད་ཚང་ལ་སྐོར་རྒྱག་རེ་བྱེད་རྒྱུ་མ་བརྗེད།

    Reply

དཔྱད་མཆན་སྤེལ། Cancel reply

Your email address will not be published. Required fields are marked *

སྤྱི་ཚོགས་དྲ་གནས།

ཁྱབ་བསྒྲགས།

དྲ་ངོས་ཀྱི་གནས་ཚུལ་ཚང་མའི་པར་དབང་བོད་ཀྱི་དུས་བབ་ལ་ཡོད།

གློག་འཕྲིན།

editor@tibettimes.net | office@tibettimes.net

ཁ་པར།

+91-98823-47075 | +91-92189-38041 | +91-81972-44372

Welcome Back!

OR

Login to your account below

Forgotten Password?

Retrieve your password

Please enter your username or email address to reset your password.

Log In

Add New Playlist

No Result
ཆ་ཚང་གཟིགས།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
    • གླ་ཡོད་རིན་གོང་།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese