མདུན་ངོས།
About Us
  • English
Advertisement
བོད་ཀྱི་དུས་བབ།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
    • གླ་ཡོད་རིན་གོང་།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese
No Result
ཆ་ཚང་གཟིགས།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
    • གླ་ཡོད་རིན་གོང་།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese
No Result
ཆ་ཚང་གཟིགས།
བོད་ཀྱི་དུས་བབ།
English
No Result
ཆ་ཚང་གཟིགས།

གོ་བརྡ་དག་དག་ཅིག་མ་འཕྲོད་པས་རྙོག་དྲ་བྱུང་བ་རེད།

༢༠༠༩/༡༢/༠༡
Share on FacebookShare on TwitterShare on EmailShare on Whatsapp

དྲ་གྲོགས་ཤ་ཁྲག་རུས་གསུམ་གྱིས་བདག་ལ་བཏབ་པའི་མཆན་བུ་ཞིག་གིས་ང་ལ་དྲན་གསོ་གཞན་ཞིག་སླང་བྱུང་།

 

ང་སྔོན་ཆད་མཐོ་སློབ་འགྲིམ་དུས་ཕྱི་ལོག་ནས་ཟབ་སྦྱོང་སྤྲོད་མཁན་འགའ་སླེབས་སོང་། སྐད་ཆའི་འགྱུར་བ་བརྒྱུད་ནས་རྙོག་ཟིང་བཟོ་བའི་སྐོར་རེད། མི་བཅོ་ལྔའམ་ཡང་ན་དུ་ཡོད་སྒོར་སྒོར་བྱས་བསྡད་ཏེ། གཅིག་གིས་རང་གི་འཁྲིས་ཀྱི་མི་དེའི་རྣ་བའི་ནང་ཅི་ཞིག་བཤད། དེ་ནས་རིམ་བརྒྱུད་ཀྱི་མི་དང་པོ་དེས་ཅི་བཤད་པ་ཇི་མ་ཇི་བཞིན་གཅིག་ལ་གཅིག་བརྒྱུད་དེ་རྣ་བར་བཤད་དེ་མཐར་སླར་ཡང་མི་དང་པོ་དེའི་རྣ་བར་བཤད་དགོས་པ་རེད། སྐབས་དེར་མི་དང་པོ་དེ་ཧང་དགོས་པ་ཆགས་ཀྱི་རེད། རྒྱུ་མཚན་ནི་སྐད་ཆ་གཅིག་རང་གཅིག་དེ་མི་དུ་མའི་ཁ་དང་རྣ་བ་བརྒྱུད་དེ་སླར་རང་གིས་གོ་དུས། སྔོན་མ་རང་གིས་བཤད་པའི་སྐད་ཆ་དེ་སྦད་དེ་གཞན་ཞིག་ཏུ་འགྱུར་ཚར་བ་མ་ཟད། རང་གིས་བཤད་པའི་སྐད་ཆའི་ཟུར་སྣེ་ཙམ་ཡང་བཙལ་ཀྱང་མི་རྙེད་པའི་ཚོད་དུ་ལྷུང་ཡོད་པ་དེ་རེད། དཔེར་ན་གོང་གི་ཤ་ཁྲག་གིས་ང་ལ་བཏབ་པའི་མཆན་བུ་འདི་ལས་ང་ཚོས་དོན་དག་དེ་དངོས་སུ་རྟོགས་ཐུབ་ཀི་རེད།

ལྟོས་དང་། སྐད་ཆ་འགྱུར་བ་འགྲོ་ས་གཤམ་གྱི་ཚིག་འདི་དག་ལས་གཞན་གཏན་ནས་མེད་པ་རེད།

1

བོད། ཤ་ཁྲག་རུས་གསུམ།
༢༠༠༩/༡༡/༣༠ ཉིན་འདོན་སྤེལ་བྱས།

བོད་པ་ཚང་ལ་འདི་ལས་ཀྱང་ཁ་དཔེ་འམ་སྲིད་པའི་གཏམ་ངོ་མཚར་ཅན་དེ་འདྲ་མང་བོ་ཡོད་པ་དང་བསྒྲགས་ནས་སྤེལ་ཐུབ་པ་ཡིན་ན་ཡག་པོ་འདུག་ལགས།

2

གཅན་བཟོད་རྒྱམ།

༢༠༠༩/༡༡/༣༠ ཉིན་འདོན་སྤེལ་བྱས།     

ཤ་ཁྲག་རུས་གསུམ་ཁྱོད་བཟང་ཐལ། གོང་བཀོད་འདི་ཚོ་ལེགས་བཤད་རང་རེད། གཏམ་དཔེ་དང་ཁ་དཔེ་ཟེར་བ་འདྲ་མ་རེད།

3

བོད། ཤ་ཁྲག་རུས་གསུམ།

༢༠༠༩/༡༡/༣༠ ཉིན་འདོན་སྤེལ་བྱས།

ལེགས་བཤད་ལེགས་པོ་རེད། གཏམ་དཔེ་ལེགས་པོ་མ་རེད་ཟེར་མཁན་ཁྱོད་ཡིན་མོ། གཅན་བཟོད་རྒྱམ་སེམས་ན་འཛིན་རྒྱུ་མ་བརྗེད་ཅིག ཧཧཧཧ

 

གོང་གི་མཆན་བུ་འདི་གསུམ་ལས་སྐད་ཆ་འགྱུར་བ་སོང་སྟངས་ཞིག་ང་ཚོས་ཤེས་ཐུབ་ཀི འཛམ་གླིང་གི་སྤྱི་ཚོགས་ཐོག་གི་རྙོག་དྲ་མང་ཆེ་བ་འདི་ལྟར་འབྱུང་གི་ཡོད་པ་རེད། དྲ་གྲོགས་ཚོས་འདི་ལས་འཕྲོས་ཏེ་སྤྱི་ཚོགས་ནང་རྙོག་དྲ་བྱུང་སྟངས་སྤྱི་དང་། དེ་སེལ་བའི་ཐབས་ལམ་ཡང་དག་ཅིག་འཚོལ་སྒྲུབ་ཇི་ལྟར་བྱ་དགོས་མིན་སྐོར་ལ་བགྲོ་གླེང་ལྷུག་པོར་གནང་རོགས་ཞུ།

འབྲེལ་ཡོད་གསར་འགྱུར།

Front Slider

བོད་མིའི་སྒྲིག་འཛུགས་ཀྱི་སྤྱི་ཐབ་སྐོར་ལ་བཅར་འདྲི།

༢༠༢༥/༠༥/༡༠
སྐྱབས་རྗེ་བཀའ་ཟུར་ཀིརྟི་རིན་པོ་ཆེ་མཆོག་གི་མཛད་རྣམ་ཤར་སྟག་མོའི་བུ་ཞེས་པའི་འཕྲུལ་དེབ་འགྲེམས་སྤེལ་གྱི་མཛད་སྒོ་དང་དཔྱད་བརྗོད་བགྲོ་གླེང་འཚོགས། བོད་ཀྱི་དུས་བབ་གསར་ཁང་གི་པར། ༢༠༢༥།༥།༩
Mobile App

བཀའ་ཟུར་༧སྐྱབས་རྗེ་ཀིརྟི་རིན་པོ་ཆེ་མཆོག་གི་མཛད་རྣམ་ཤར་སྟག་མོའི་བུ་ཞེས་པའི་འཕྲུལ་དེབ་འགྲེམས་སྤེལ་གྱི་མཛད་སྒོ་འཚོགས།

༢༠༢༥/༠༥/༠༩
Mobile App

བོད་རིགས་ཨ་རི་བ་ཨ་ཧྥ་ཊབ་ཀརྨ་སིང་པུ་རི་ཝལ་ལགས་སུ་འོས་བསྡུའི་ཁྲོད་རྒྱལ་ཁ་ཐོབ།

༢༠༢༥/༠༥/༠༩
The Dalai Lama offers blessings to his followers at his Himalayan residence in the northern hill town of Dharamshala, India, on December 20, 2024 [Priyanshu Singh/Reuters]
༸གོང་ས་མཆོག གསར་འགྱུར།

ཡུ་རོབ་གྲོས་ཚོགས་སུ་༧གོང་ས་མཆོག་གི་ཡང་སྲིད་དང་འབྲེལ་བའི་གྲོས་ཆོད་ཅིག་གཏན་འབེབས་བྱུང་། 

༢༠༢༥/༠༥/༠༩
༧གོང་ས་རྒྱལ་བ་རིན་པོ་ཆེ་མཆོག་ཡེ་ཤུའི་ཆོས་དཔོན་རོ་བྷི་ཌི་པེ་ཝེ་སི་མཆོག སྐུ་པར་བོད་ཀྱི་དུས་བབ་ཀྱིས་བསྒྲིགས། ༢༠༢༤།༥།༩
༧གོང་ས་མཆོག གསུང་འཕྲིན།

༧གོང་ས་རྒྱལ་བ་རིན་པོ་ཆེ་མཆོག་ནས་ཡེ་ཤུའི་ཆོས་དཔོན་གསར་པར་འཚམས་འདྲི་མཛད།

༢༠༢༥/༠༥/༠༩
བཙན་བྱོལ་བོད་མིའི་ཆོས་ཚོགས་ཐེངས་ ༡༤ པ་དབུ་འཛུགས་གནང་། ༢༠༡༩།༡༡།༢༧ དུས་བབ་གསར་ཁང་གི་པར།
Mobile App

 བཙན་བྱོལ་བོད་མིའི་ཆོས་ཚོགས་ཐེངས་བཅོ་ལྔ་པ་འཚོག་འཆར་འདུག

༢༠༢༥/༠༥/༠༩

མཆན། 30

  1. chentsasopa says:
    ལོ་ 15 སྔོན།

    སྒྲོལ་མཚོ་ལགས། བསད་ཚར་བ་དེ་གླེ་ཅན་གི་རེད་འདྲ་ཞིག་ཟེར་གི གསལ་བོ་ཞིག་ཤེས་མ་སོང་ལགས། རྗེས་མ་མུ་མཐུད་ནས་རྩད་གཅོད་ངེས་ཡིན།

    Reply
  2. ok3224 says:
    ལོ་ 15 སྔོན།

    ཨ་ཁ་བསད་ཚར་བའི་མི་དེ་གང་གི་རེད།

    Reply
  3. chentsasopa says:
    ལོ་ 15 སྔོན།

    ང་ཚོའི་ས་ཆ་དེ་ནས་ཁ་ཆེ་ཚོའི་ལག་ཆ་ཧ་ཅང་ཡག་པོ་ཡོད་པ་རེད། ཁྱིམ་ཚང་རེར་མེ་མདའ་རིང་ཐུང་གསུམ་ལྷག་རེ་ཡོད་པ་རེད། རྒྱ་གཞུང་གིས་ཀྱང་མ་ཤེས་ཁུལ་བྱས་བསྡད་ཡོད་པ་རེད། བོད་མི་ཚོར་ཡང་མེ་མདའ་ཡོད་ཡོད་པ་རེད་དེ། ཁ་ཆེ་ཚོ་ནང་བཞིན་མེ་མདའ་ཉོ་སྤྱད་ཡོད་པ་མ་རེད། བུ་ཁེར་ཐུག་བརྒྱབས་ན་བོད་པ་ཚོ་བཟང་རབས་སྔོན་ནས་གོ་རྒྱུ་མང་གི འོན་ཀྱང་ད་ཐེངས་གྱོང་རགས་སོང་ཟིག དོན་དག་འདིའི་རྒྱུན་འབྱམས་སུ་འགྲོ་ཁག་པོ་ཡིན་ནི་རེད། སྔ་ལོ་དང་ད་ལོའི་དོན་དག་དེ་གཅིག་པོ་མ་རེད། མི་ལོ་བརྒྱ་ཕྲག་གི་གོང་ནས་ངེད་ཚོ་ས་ཆའི་བོད་དང་རྒྱ་ཁ་ཆེ་གཉིས་འཁྲིག་འཁྲིག་པ་རེད། འདི་ལོ་རྒྱུས་ཀྱི་རང་བཞིན་ཙམ་རེད།

    Reply
  4. sha tak ri sim says:
    ལོ་ 15 སྔོན།

    གཅན་བཟོད་རྒྱམ་ལགས། རྒྱ་ཁ་ཆེ་དང་བོད་མི་གཉིས་ཀྱིས་འཁྲིག་འཛིང་གི་རྒྱུ་རྐྱེན་གང་ཡིན་གསལ་བོ་ཞིག་ཤེས་མ་སོང་ངམ། ཡ་ང་བ་ལ། ཆེ་ས་ནས་རྒྱའི་སྲིད་གཞུང་གིས་ཐུབ་ཚོད་དང་གཉོས་བཅོས་མྱོང་། ཆུང་ས་ནས་ས་ཁུལ་གཅིག་དུ་བསྡོད་པའི་རྒྱ་ཁ་ཆེ་དེ་དག་གིས་ཀྱང་བོད་མི་ཉམ་ཆུང་ཡིན་པ་ཤེས་ཀྱི་ཡོད་པ་ཡིན་རྒྱུ་རེད།

    Reply
  5. chentsasopa says:
    ལོ་ 15 སྔོན།

    དྲ་གྲོགས་སྨྱུག་རྒོད་དང་སྒྲོལ་མཚོ་གཉིས་ལ། ངས་དེ་རིང་ཕ་ཡུལ་དུ་ཁ་པར་བཏང་ཡང་ཁ་བརྡ་ཡུན་རིང་བྱེད་ཐུབ་མ་སོང་། རྒྱུ་མཚན་ནི་ཁ་པར་ཡང་ཡང་ཆད་ཀི་འདུག བརྡ་རྟགས་ཀྱང་ཡག་པོ་མི་འདུག་ཁར་སྐད་ཆ་གསལ་བོ་ཡང་གོ་གི་མི་འདུག
    ཁ་ཆེ་དང་མཉམ་དུ་འཛིངས་རེས་ཤོར་བ་བདེན་པ་རེད། ཕལ་ཆེར་ཉིན་གྲངས་བཅུ་གྲངས་ཤིག་འགོར་ཟིན་ཟེར། གྱོང་བོད་མི་ཚོར་རག་འདུག ད་དུང་བོད་མི་གཅིག་བསད་པ་དང་གཞན་འགར་རྨས་སྐྱོན་ཅུང་ཙམ་རེ་ཕོག་ཡོད་སྐད། ནོར་འཁྲུལ་བཟོ་མཁན་ཡང་བོད་མི་ཚོ་རེད་ཟེར། ཁོང་ཚོས་ཆང་འཐུང་མེད་རྒྱུ་ན་སྐབས་དེར་གྱོང་རག་ས་མ་རེད་ཟེར། ཕྱི་ཉིན་བོད་མི་དམག་ཚོགས་བརྒྱབས་ཏེ་དམག་ལ་ཆས་སྐབས་རྒྱ་གཞུང་གི་དམག་མིས་བཀག་འགོག་བྱས་ཏེ་འགྲོ་ཐུབ་མི་འདུག འཁྲུག་པ་བྱེད་སའི་ཁ་ཆེ་བ་ཚོ་སྔར་ལོའི་ཁ་ཆེ་དེ་ཚོ་རེད་ཟེར་ཡང་། གཞན་ཞིག་ནས་གོ་ཚོད་ལ། གྱམ་པ་གར་པོ་ནས་རེད་ཟེར། གསལ་བོ་ཞིག་ཤེས་མ་སོང་།
    རྗེས་སུ་རིམ་པས་སྐད་ཆ་གསལ་བོ་རེ་ཨེ་གོ་བལྟ་ཡོང་། དེ་ཙམ་ཡིན།

    Reply
  6. chentsasopa says:
    ལོ་ 15 སྔོན།

    བསེ་རུ་ལགས། སློབ་གྲྭའི་ཡིག་ཚང་གི་སྒོའི་ཐད་སོར་ཡོད་པའི་སྤང་ཁུག་དེ་ནས་འོས་ཤོག་བླུགས་པ་ངས་ད་དུང་གསལ་བོར་དྲན་གྱི་འདུག ངེད་ཚོ་སུ་སུ་ཡིན་པ་དང་སྐབས་དེའི་ངེད་ཚོའི་རྣམ་འགྱུར་ཚང་མ་ད་དུང་གསལ་ལྷང་ངེར་དྲན་གྱིན་འདུག
    རང་གིས་རང་ལ་འོས་ཤོག་ལྡུག་མཁན་ཁྱོད་མ་རེད་ལ་ང་ཡང་མ་རེད། འོན་ཀྱང་དེ་སུ་ཡིན་ཀྱང་གལ་ཆེན་པོ་མ་རེད།
    སྐབས་དེར་ཁྱོད་ལའང་ཁྱོད་རང་ཉིད་ལ་འོས་ཤོག་བླུགས་རྒྱུའི་བསམ་བློ་ཡོད་པ་མ་རེད། ཕལ་ཆེར་ང་ནང་བཞིན་ཡིད་ལའང་དྲན་ཡོད་རྒྱུ་མ་རེད་སྙམ།

    Reply
  7. samkhar says:
    ལོ་ 15 སྔོན།

    བསེ་རུས་དེ་འདྲའི་གནས་ཚུལ་བྱུང་ཡོད་མེད་ད་ལྟ་དྲན་ཐོག་ཏུ་མི་འདུག
    གཅན་བཟོད་རྒྱམ་ལགས། བདེ་ཆེན་སྒྲོལ་མས་བཤད་པ་ལྟར་རེད་དམ།

    གཅིག་བྱས་ན་བསེ་རུས་བསེ་རུར་འོས་ཤོག་བླུགས་པ་ཡིན་སྲིད། ཧ་ཧ་ཧ།
    དེ་འདྲ་ཡིད་ཆེས་སམ།།

    Reply
  8. chentsasopa says:
    ལོ་ 15 སྔོན།

    དྲ་གྲོགས་མ་སྒྲོལ་མཚོ་ལགས། ང་ད་ལྟ་ད་དུང་ལས་ཁུངས་ན་ཡོད། ལས་ཀ་གྲོལ་རྗེས་ལམ་སེང་ཕ་ཡུལ་ལ་ཁ་པར་གཏོང་དགོས་བསམ་བསྡད་ཡོད། ཁ་པར་བཏང་རྗེས་ལན་རེ་ཡོད་རྒྱུ་རེད་འདོད་ཀི

    བདེ་ཆེན་ལགས། ང་འདི་མི་དྲང་དྲག་ནས་དེ་དུས་རང་གིས་རང་ལ་འོས་ཤོག་ལྡུག་རྒྱུ་དེ་ཀླད་པའི་རྒྱ་ལ་ཡང་འཁོར་མ་ཤེས་ཟིག རྗེས་ནས་བསམས་དུས་ད་རེད་ཡ། གློའུ་གློའུ་ནག་རེད་འདུག་ཡ།
    ཨོ་རེད། ལས་ཀ་མ་གྲོལ་གོང་ལ་ཁྱེད་ཚང་ལ་སྐོར་ཞིག་བརྒྱག་གི་ཡིན། མཇལ་ཡོང་།

    Reply
  9. dechendolma says:
    ལོ་ 15 སྔོན།

    བཟོད་པ་ལགས།

    ངས་ཁྱོད་ལ་གད་མོ་ཞིག་སློང་ཡ། སྔོན་ཆད་བསེ་རུ་དང་ཁྱོ་ཚོ་རྩོམ་སྒྲིག་པ་ཡིན་དུས་ཤིག་ལ་ཐེངས་གཅིག་རྩོམ་སྒྲིག་པ་གཙོ་བོ་འདེམས་ཆེད་འོས་ཤོག་བླུགས་དུས་མི་ལྔ་ཡིས་བླུགས་ཡང་མི་གཅིག་ལ་འོས་ཤོག་ལྔ་ཆ་ཐོབ་པ་རེད་ཟེར་ནས་བཤད་སྲོལ་འདུག་གཱ། ཧཧཧཧཧ ཧཧཧཧ

    Reply
  10. dechendolma says:
    ལོ་ 15 སྔོན།

    ཁོམ་པ་ཡོད་ཚེ་ངེད་ཚང་ལ་ཕེབས་དང་ལན་ཐུང་ཞིག་བཞག་ཡོད།

    Reply
  11. ok3224 says:
    ལོ་ 15 སྔོན།

    ཨ་རོགས་བཟོད་རྒྱམ་ལགས་ཁྱོད་ཀྱིས་ཕ་ཡུལ་གཅན་ཚ་ལ་ཁ་པར་ཞིག་ཨེ་བཏང་དོན་དག་ཅི་བྱུང་ཐམས་ཅད་ང་ལ་ཅིག་བཤད་རོགས།

    Reply
  12. chentsasopa says:
    ལོ་ 15 སྔོན།

    ཧཧཧཧཧ།
    ཁྱོའི་མགོ་ཙོ་ཁོག་ན་ད། རང་གི་ཐ་མ་གཅོད་མ་ཐུབ་པ་མི་བཤད་པར་ཡང་ངས་ཅིག་ཅིག་ཅིག་མ་འགྲིག་ཡིན་ན་ཅིག ཁྱོད་ཁག་མེད། རང་གི་གཅོད་འདོད་ངས་ཅིག་བཤད་ལས་ཀོག་ནི་ཨེ་རེད། ཡང་སུ་ཟིག་གིས་སེམས་ཁམས་དཀྲུགས་དང་ནེ་སུས་ཤེས། རེད་རེད། ད་རུང་ད་གསར་རུ་ལོ་ཆུང་རེད་མེད། དུ་ཆང་ཙོ་བཅད་ལེ་ཆེད་ཀྱི། མ་ར་ཡིད་ཚིམས་ནི་འཐེན། འཐུང་། རྗེས་མ་ཨ་ཡེ་ར་ཞ་ཡེ་འདྲ་ཡོད་དང་དུས་དི་མོ་དེ་བྱས་ན་ཧྲ་ནི་མ་རེད། ངས་ར་ཁྱོད་ཆང་རྒྱ་ལི་གང་ཙོ་ཉོ་ཡ་ཉོ་ཡ། ཁོམས་དུས་ཞིག་ལ་ཡར་ཤོག རང་ང་རང་ང་འཛིངས་ཀི་མ་འདུག་ར། མེག་ལོར་བྷར་ནང་ལ་ཁྲིད་དགོས་ཞེས་བཤད་ཡོད་མོ། ཁྱོད་ཤོག་ར་བོ།

    Reply
  13. tsekar says:
    ལོ་ 15 སྔོན།

    ཨེ ཁྱི་སྐྱག ངས་ཆང་དང་ཐ་མ་སྤངས་བ་ཡིན་ཟེར་ན། ཁྱོད་ཀྱིས་ཆང་དང་ཐ་མ་སྤངས་ན་བཟང་རབ་དང་། གཟུགས་པོར་གནོད་པ་ཡོད་ཚད་མི་བཤད་པར། ང་ལ་ཆང་དང་ཐ་མ་མི་མཛའ་བའམ་ལན་པོ་མེད་ཚུལ་བཤད་ཡོད་ཀ
    ད་དེ་འདྲའི་ཡིན་ན་ང་འདི་རང་ལ་མི་མཛའ་ནོ་ལས་རྒྱུ་དགའ་བོ་ཡོད། དེ་རིང་ནས་བཟུང་ངས་ཐ་མ་འཐེན་གི་ཡིན། ཆང་འཐུང་གི་ཡིན། ཇོ་བོ་རིན་པོ། ངས་མི་མཛའ་ནོ་བྱེད་ཀི་ཡིན་ལོ། ཁྱོས་ང་ལ་ཆང་དང་ཐ་མ་ཡག་པོ་ཞིག་སྤངས་གི་མ་བཅུག་ད། ཞེ་ནག་ཁྱོད། བསམ་པའི་ཚོགས་ཀི་རྫོགས།

    Reply
  14. chentsasopa says:
    ལོ་ 15 སྔོན།

    དྲ་གྲོགས་སྨྱུག་རྒོད་ལགས། ངས་འདིའི་སྐོར་ནས་ཅི་ཡང་གོ་མ་སོང་། མ་གཞི་ངས་དེང་སྐབས་ཕ་ཡུལ་ལ་ཁ་པར་གཏོང་གི་མེད་ཡ། ངས་དེ་རིང་ཕ་ཡུལ་ལ་གཅིག་འདྲི་དང་། གཅིག་བྱས་ན་བདེན་ཡང་སྲིད།

    ཤ་ཁྲག་ཁྱོད་མྱི་འདྲ་མེད་ཟེར་ནོ་རེད་ཡ། ཡུམ་ངས་མདང་མཚན་གང་བོར་ཟེར་ན་ཤོབ་རེད་དེ། ཡུན་རིང་ཞིག་ལ་སྒུག་པ་ཡིན་མོད། ཁྱོད་ཡོང་མ་སོང་ང་། ཁས་ལེན་བྱོས་དང་ཧྲ་ནི་རེད། བློ་ཁོག་མེད་ན་ཁ་ཤོམ་མ་འཐེན་ལོ།། ཧཧཧཧ
    བསེ་རུའི་ཁ་ལ་ཞེ་དྲག་ཉན་ཡ་ཡོད་པ་མ་རེད། ཁོ་དྲ་ཁང་འདིའི་ནང་གི་དག་ཡིག་གསར་བསྒྲིགས་བྱེད་ན་འདོད་ཀི་ཡོད་རེད། ཡིན་ཀྱང་ངས་མཚམས་ལན་རེར་དག་ཡིག་ཀྱང་ཁས་མི་ལེན་པ་བྱེད་སྲིད་ཀི་རེད། ཧཧཧཧ
    བསེ་རུ་ལགས། ཞོར་ནས་རྩོམ་སྒྲིག་པ་བྱས་པ་ཡང་བཤད་སོང་ང་། ཁྱོད་འདི་ད་མི་རིག་རྒོད་ཟེར་ནོ་ཡིན་ཡ། ཧཧཧཧཧ

    Reply
  15. ttshamba says:
    ལོ་ 15 སྔོན།

    བཟོད་རྒྱམ་ལགས།
    ཁ་སང་ངའི་གྲོགས་པོ་ཞིག་གིས་ཁ་པར་ལས་དཔའ་ལུང་གི་ཁ་ཆེ་དང་གཅན་ཆ༹འི་བོད་མི་བར་ལ་ཡང་བསྐྱར་རྙོག་དྲ་བྱུང་འདུག་ཟེར། མྱི་ལྡིང་། གལ་སྲིད་གསར་འགྱུརའདི་བདེན་པ་ཡིན་ཆེ༹་འདིའི་སྐོར་ནས་ཟིན་བྲིས་ཞིག་སྤེལ་རོགས།

    Reply
  16. sha tak ri sim says:
    ལོ་ 15 སྔོན།

    ང་ལས་ཀ་ནས་ཕྱིར་མ་ཐོན་གོང་དུ། ཁྱེད་རང་ལ་བུ་མོ་སྒྲོལ་འཚོ་དང་བསེ་རུ་གཉིས་ཀྱིས་སྐྱོ་རོགས་བཤད་རོགས་ཉན་འདུག ཁུ་བཙུར་ལྕགས་འདྲ་བོ་ཁྱེད་རང་གི་ཐོག་ལ་གཡུགས་མ་དགོས་པ་རེད། ཧཧཧཧཧཧཧ

    Reply
  17. samkhar says:
    ལོ་ 15 སྔོན།

    ཡིག་ནོར་གྱི་སྐོར་དེ་ཁྱེད་དང་ངེད་གཉིས་ཀར་ཉམས་མྱོང་ཡོད་པ་ཞིག་རེད།
    དཔེར་ན། སྔོན་མ་མཐོ་སློབ་ཀྱི་དུས་དེབ་ཐོག་མའི་རྩོམ་སྒྲིག་ཚོགས་ཆུང་ནང་ཁྱེད་དང་ང་སོགས་མི་ལྔ་ཙམ་ཡོད་ཅིང་། ང་ཚོས་མཉམ་རུབ་ཐོག་ཞུས་དག་ཐེངས་ལྔ་ཙམ་བཏང་ཟིན་རྗེས། དུས་དེབ་པར་སྐྲུན་བྱས་ཏེ་ཐོན་པ་རེད། དེའི་རྗེས་ང་ཚོས་སླར་ཡང་ཀློག་སྐབས་ཡིག་ནོར་ནི་མཐོང་དང་མཐོང་མུས་རེད།
    འོན་ཀྱང་། ངས་རྒྱུན་གཏན་ནས་ཤོད་མུས་ལྟར་གང་ཟག་རང་ཉིད་ཀྱི་གཞི་རྩའི་སྐད་ཡིག་གི་ཤེས་ཚད་ཡར་རྒྱས་གཏོང་ཐབས་ལ་མ་འབད་ན། ཡིག་ནོར་ནི་གཟུགས་དང་གྲིབ་མ་བཞིན་དུ་ཡོང་ངེས་པ་ཞིག་རེད། འོན་ཀྱང་དེ་དཀའ་ལས་ཁག་པོ་དང་ཐབས་ཤེས་མེད་པ་ལྟ་བུར་བརྩིས་ན་རང་ཉིད་ཀྱི་མདུན་ལམ་དུ་རང་ཉིད་ཀྱིས་བཀག་རྡོ་བཞག་པ་དང་གཅིག་མཚུངས་རེད།
    ཤུགས་རྒྱོབས།

    ཨ་ཁུ་ཁ་བ་དཀར་པོར་ཡང་ངས་རེ་སྐུལ་ཞུས་ཡོད་ལ་ཁོང་གིས་ཀྱང་ཡིག་ནོར་ཐོག་ཐུགས་སྣང་ཆེ་རུ་སོང་བ་ཙམ་མ་ཟད། ཁ་ཡོད་ལག་ཡོད་ཀྱི་ལག་ལེན་དངོས་ཀྱི་ཁྲོད་ནས་ཡིག་ནོར་གླེང་གིན་འདུག
    ཁྱེད་ཀྱིས་གསུངས་པ་ལྟར་ངས་ཀྱང་ཁོང་རྣམས་ཀྱི་ལེགས་བཤད་ཁག་ཉན་གྱིན་ཡོད་ལ། ལེགས་ཆ་ཁག་ཀྱང་ལེན་གྱིན་ཡོད།།

    Reply
  18. chentsasopa says:
    ལོ་ 15 སྔོན།

    ཡིག་ནོར་གྱི་སྐོར་ལ་ཀླུ་སྨྱོན་གྱིས་ཀྱང་སྒོ་སྡེ་ལྷ་རམས་ཚང་ན་སྐད་ཅ་འགའ་བཤད་འདུག་ཉིད་ཀྱིས་དེར་ཡང་གཟིགས་ཙམ་གནང་རོགས་ཞུ།
    དངོས་གནས་དཀའ་མོ་རེད། ལྟོས་དང་། ཡིག་ནོར་མི་འབྲི་ཟེར་བཞིན་ཟེར་བཞིན་གོང་ནས་ཤོར་འདུག་གཱ ཡིག་ནོར་དང་གཏགས་ནོར་གཅིག་ཀྱང་མི་ཡོང་རྒྱུ་དངོས་གནས་དཀའ་མོ་རེད་ཡ། འདི་ལྟར་དམ་བཅས་རྗེས་ཁས་ལེན་དཀའ་སོང་བ་རེད། དེ་ནས་ནོར་བ་ནོར་བར་ཀས་ལེན་མ་ཐུབ་པར་རང་ནིད་ལོག་ལམ་དུ་ཞུགས་པ་རེད། འགྲེལ་ལོག་ཀྱང་བརྒྱག་དགོས་བྱུང་བ་རེད། ང་ལ་མཚོན་ན་དངོས་གནས་ཡིག་ནོར་གཅིག་ཀྱང་མི་ཡོང་རྒྱུ་དངོས་གནས་དཀའ་མོ་རེད།

    Reply
  19. samkhar says:
    ལོ་ 15 སྔོན།

    ཡ་ཡ་ད་ངེས་པར་དུ་ཨ་མདོ་བའི་བུ་མོ་ཞིག་ཡིན་མི་དགོས།
    ཁྱོད་ཀྱིས་ད་བར་འདྲིས་གཤིབ་བྱས་པའི་བུ་མོའི་ཁྲོད་དུ་ཨ་མདོའི་ཞི་མོ་ཅི་མོ་ཙམ་ཡོད་མེད་ཁྱེད་ལ་ལྐོག་གྱུར་རེད་དམ་མ་རེད།

    ང་བུ་མོ་ཞིག་ཡིན་པ་གཞིར་བྱས་ངེད་གཉིས་མཛའ་གླུ་འདྲ་བླངས་ན་ཡང་སྐབས་རེ་སྤྲོ་སྣང་རེ་སྟེར་སྲིད།

    མི་ཕོ་རྒོད་གཅན་བཟོད་རྒྱམ་ཁྱོད།།
    ངེད་ཉམ་ཆུང་བུ་མོར་རྣ་བ་གསོན།།
    དུས་དེ་རིང་སང་ཉིན་ནས་བཟུང་སྟེ།།
    ཁྱོད་ང་ལ་དགའ་བའི་དགའ་རབས་གླེང་།།

    Reply
  20. chentsasopa says:
    ལོ་ 15 སྔོན།

    རེད་རེད། ཁྱོད་ལ་ཐུགས་རྗེ་ཞུ། ཤུ་རེ་ཁོ། ཁྱོད་ཨ་མདོ་བ་ཞིག་ཡིན་རྒྱུ་ན། དེའི་ནང་ནས་ཀྱང་བུ་མོ་ཞིག་ཡིན་རྒྱུ་ན། ངས་ཁྱོད་ལ་ལ་གཞས་ཐོག་འདྲ་བ་འགས་ཡིད་སེམས་བཀུག་འཇོག་གི་ཡ། ཧཧཧཧ།
    རེད་རེད། རྗེས་མ་ནས་ཤུ་རེ་བྱ་རྒྱ་ཡིན།

    Reply
  21. samkhar says:
    ལོ་ 15 སྔོན།

    དྲ་གྲོགས་ཁྱེད་ཀྱི་མཆན་བུ་འདི་སླར་ཡང་འདིར་བཀོད་པ་ནི་གལ་པོ་ཆེ་ལ་ནན་ཏན་གྱི་ཚུལ་དུ་ཡིན་པ་རྟོགས་བྱུང་། ཐུགས་རྗེ་ཆེ།

    ངས་ཀྱང་འདི་དག་ཁ་སང་ནས་བཀླགས་ཟིན་ལ་དེར་བསམ་ཚུལ་ཡང་བཤད་ཟིན།

    མཆན་བུ་འདི་དག་གི་ནང་ཡིག་ནོར་མང་དུ་འགྲོ་གིན་འདུག་སྙམ་པའི་ཚོར་སྣང་ཡང་བྱུང་བས། ཁྱེད་ཀྱིས་གོང་དུ་གསུངས་པ་ལྟར་རྡོ་ཆག་བཙན་སྒྲིག་ཅེས་པའང་དག་ཆ་མེད་ན་དེ་བས་ཀྱང་དོན་གྱི་བསྟན་དོན་གོ་བརྡ་མི་འཕྲོད་པས་གཟབ་གཟབ་གནང་རོགས། འཛིན་གྲོགས་ལགས་སྙིང་གཏམ་ཡིན། དགའ་མ་ལ་མགོ་འཁོར་དྲགས་ནས་ཡིག་ནོར་མང་དུ་འགྲོ་གི་ཡོད་པ་ཡིན་ནམ། དེ་ཁྱེད་གཅིག་པུས་ཤེས། ཧ་ཧ་ཧ།

    ནང་སྦྱོང་།
    ཡིག་ནོར་རྣམས་ངོས་ཟུངས།

    Reply
  22. chentsasopa says:
    ལོ་ 15 སྔོན།

    “ཟིག”ཟེར་བ་དེ་ཨ་མདོའི་སྐད་བསམ་གཟས་ནས་བྲིས་པ་ཡིན། སྐད་ཆའི་བྲོ་བ་ཐོན་སླད་བྲིས་པ་ཡིན།

    གཞན་བདག་གི་བསམ་ཚུལ་བཀོད་པའི་མཆན་བུ་འདི་ཁ་སྔོན་ནས་ཁྱེད་ཀྱི་ཟིན་བྲིས་སུ་བཏབ་ཟིན་ཀྱང་འདི་བསྐྱར་དུ་དྲངས་ཡོད།
    རེད་རེད། ཡིན་ན་ཡང་མི་འགའ་རེས་དག་ཆ་ཙམ་ལས་ཚིག་གི་སྡེབ་སྦྱོར་ནི་རྡོ་ཆགས་བཙན་བསྒྲིགས་བྱས་པ་རང་རེད། ལོག་སྐད་འདྲ་བ་རྐྱང་རྐྱང་བྲིས་ཡོང་གི འདིའི་སྐོར་ལ་དྲ་གྲོགས་ཤིག་གིས་གསལ་འདེབས་བྱས་ཀྱང་རྩ་ནས་ཉན་མ་སོང་། མ་གཞི་ནས་གཞན་ལ་འཁྲེགས་མདོག་སྟོན་བཞིན་རང་གིས་དེ་ལྟར་བྱས་པ་མི་མཛེས་པར་སྙམ། འདི་ཡང་ཁྱེད་ལ་གསལ་འདེབས་ཙམ་བྱས་པ་ཡིན། འོན་ཀྱང་འདི་བྱེད་མཁན་ཁྱེད་རེད་ཟེར་གི་མེད།
    ཡང་གཞན་ཞིག་ནས་བཤད་ན། ཡུལ་ལུང་སོ་སོའི་སྐད་ཀྱང་རེ་ཟུང་བྲིས་པ་ང་ཚོར་ཁ་བྱང་རྣ་བྱང་དུ་སོང་རྗེས་དེ་ཡང་བོད་སྤྱི་བའི་སྐད་དུ་གྲུབ་ཟིན་པ་རེད། བཙན་བྱོལ་ནང་དུ་ང་ལྟ་བུ་ལ་མཚོན་ན། དབུས་སྐད་ལས་ལྷ་སའི་སྐད་ཡིག་བེད་སྦྱོད་སྟངས་དང་ལྷ་སའི་ཡུལ་སྐད་མང་པོ་ཞིག་ལ་འབྲེལ་འདྲིས་ཅུང་ཙམ་ལྡན་ཡོད། འདིས་ནི་ངའི་སྐད་ཀྱི་སྐད་ཡིག་སྤྱི་དང་ལྷག་པར་དུ་རང་ཉིད་ཀྱི་བོད་སྐད་ཇེ་ཕྱུག་ཏུ་དགའ་རབ་ཅིག་སོང་ཡོད་པ་ཤེས་ཐུབ། དེ་ནང་བཞིན་ཁྱེད་ལྟ་བའུ་དབུས་པ་ཚོས་ཀྱང་ཨ་མདོའི་སྐད་དང་ཀམས་སྐད་དག་ནས་ལེགས་ཆ་རེ་ཨེ་ལོན་ལྟོས་དང་། བོད་སྐད་ཡིག་ཡི་ཐ་སྙད་དང་ཚིག་གི་སྦྱོར་སྟངས་སོག་སགང་ཐད་ནས་ཕྱུག་པོ་ཆགས་པར་ཕན་ཐོག་བླ་ལྷག་ཏུ་ཆེ་གི འདི་ཚོར་ཆོ་མི་འདུག་མ་བསམ་རོགས། ཉམས་མྱོང་གི་སྐད་ཆ་ཡིན། ངས་ཁམས་སྐད་ཆེར་མི་ཤེས་ཀྱང་དབུས་སྐད་དབུས་པ་ཞིག་དང་ལྷན་དུ་ཡོངས་སུ་རྫོགས་པ་བཤད་ཐུབ་ཀི་ཡོད། ཁྱོད་ཀྱིས་ཁམས་དང་ཨ་མདོ་བའི་སྐད་ཅི་ཙམ་ཤེས་ཀི་ཡོད། འདི་ཡང་བློ་སྐྱེད་ཅིག་སྟེར་ཨེ་ཐུབ་ན་བསམ་ནས་ཞུས་པ་ཡིན། ཁྱོད་ལྟ་བུའི་བློ་ཡངས་ཤིག་ལ་བཤད་ན་ལས། ང་འདྲ་བའི་བློ་སྦུག་དོགས་པའི་མི་ཞིག་གིས་ཁས་ལེན་བྱེད་ཐུབ་ནི་་མ་རེད།

    Reply
  23. samkhar says:
    ལོ་ 15 སྔོན།

    རང་ལ་ལྟ་བའི་མེ་ལོང་དགོས།

    རྒྱ་དང་ཚགས་པར། དྲ་རྒྱ་དང་ཚགས་པར།

    Reply
  24. samkhar says:
    ལོ་ 15 སྔོན།

    གཅན་བཟོད་རྒྱམ་ལགས།
    ཁྱོད་དང་དྲ་གྲོགས་མི་ཉུང་བ་ཞིག་གིས་(ཟིག་)ཅེས་པའི་ཐ་སྙད་དེ་མང་པོ་ཞིག་བེད་སྤྱོད་གཏོང་གིན་འདུག
    དེ་མཐེབ་གཞོང་ནང་གི་དབྱིན་ཡིག་zའོག་ཏུ་ཟ་དང་ཞ་གཉིས་ཀ་ཡོད་པའི་རྐྱེན་གྱིས་བཏགས་ནོར་ཤོར་བ་རེད་དམ། ཡང་ན།
    ཡག་མ་ཟིག་དང་། ཆི་ཟིག ཞེས་པ་ཨ་མདོ་བའི་ཁ་སྐད་ལྟར་བྲིས་པ་རེད་དམ།

    དེ་ལྟར་ཡིན་ན། ངའི་བསམ་ཚུལ་ལ་རབ་བྱུང་ན། ཁ་སྐད་འདི་ཚོ་ཡིག་ཐོག་ཏུ་མ་ཕབ་ན་དགའ། ང་ལ་ཡང་ངའི་ལུང་ཁུག་གི་ཁ་སྐད་ཅིག་ཡོད་ངེས་ཡིན་ལ། ཡིག་ཐོག་ཏུའང་འབྲི་རྒྱུ་ལོས་ཡོད། འོན་ཀྱང་། ངས་ད་བར་ངའི་ལུང་ཁུག་གི་ཁ་སྐད་དེ་རིགས་ཡིག་ཐོག་ཏུ་ཕབ་པ་ཞིག་མེད་སྙམ།ཤེས་ཡོན་ཅན་ཚོས་ཡིག་རྨོངས་པ་རྒན་པོ་རྒན་མོ་ལྟར་གྱི་ཁ་སྐད་ཨུ་ཚུགས་ཀྱིས་རྒྱ་དང་ཚགས་པར། དུས་དེབ་སོགས་ཀྱི་ནང་བེད་སྤྱོད་བཏང་ན། ལུང་པ་དེ་དང་དེའི་དྲ་གྲོགས་ཚོས་གོ་བ་ལོན་སྲིད་ཀྱང་། གཞན་དང་གཞན་ཚོས་གོ་བ་ལོན་རྒྱུར་དཀའ་ངལ་ཡང་འཕྲད་སྲིད་པ་ཞིག་རེད། ད་དུང་དེང་སྐབས་རླུང་ལྟར་གྲགས་པའི་སྐད་ཡིག་གཅིག་གྱུར་གྱི་ཐོག་ལ་ཡང་ཕན་པ་ལས་གནོད་ཚབས་ཆེ་བ་འདུག་སྙམ་གྱི་འདུག

    དྲ་གྲོགས་ལགས། ངས་ཁྱོད་ཀྱི་སྨྲ་བརྗོད་རང་དབང་འཕྲོག་གིན་འདུག་མ་བསམ་རོགས། ངའི་སེམས་ནང་གི་སྐད་ཆ་ཡིན།

    སྒྲུང་རྩོམ་དང་གཏམ་བརྗོད། ཟློས་གར་སོགས་ལ་ཡུལ་དུས་གནས་སྐབས་དང་བསྟུན་ཏེ་ལུང་ཚན་བྱེ་བྲག་པའི་ཁ་སྐད་ངེས་པར་དུ་བེད་སྤྱོད་གཏོང་དགོས་པའི་སྐབས་ཀྱང་ཡོད་སྟབས། དེ་དོན་ཐུགས་ལ་འཇོག་རོགས།།

    Reply
  25. chentsasopa says:
    ལོ་ 15 སྔོན།

    ཨོ་ཨོ་ཨོ། ང་སྒོ་ལ་གཅིག་སོང་ནས་ཕྱིར་ཡོང་དུས་ཞི་མོ་ཞིག་ནང་དུ་ཡོང་ནས་ཕྱིར་སོང་རུང་རེད་འདུག ད་དུང་དྲི་ཆུ་ཡི་དྲི་མ་ངའི་ཁང་འཁྱོག་གི་ནང་ལ་ཁྱབ་ནས་བསྡད་འདུག ཨ་ལ་ལ་ལ། དྲི་མ་ཞིམ་སྲོལ་ལ་བལྟས་ན་ཡག་མ་ཟིག་ལོས་ཡིན་འདོད་ཀི ཨ་ཤུ་རེ་ཁོ། ད་ནང་ནས་སྒུག་བསྡད་ན་ཡང་བསྐྱར་ཡོང་རྒྱུ་ཨེ་ཡིན་ནམ། ཆི་ཟིག་ཡིན་ན་ཡིན། སྒུག་ནས་འདུག་དགོ་སོང་ནི་རེད།
    སྐྱབས་མགོན་མཁྱེན་་་་་་་ཡང་བསྐྱར་ཡོང་བར་སྨོན་་་་་་

    Reply
  26. chentsasopa says:
    ལོ་ 15 སྔོན།

    ཁྱོད་ཁོག་རྒྱ་ཆེ་ནོ་རིག་ནས་སེམས་བདེ་གི་ར། ཡིག་ནོར་མང་ནོར་བལྟས་ནས་ཞེ་སྨྲེང་གི་ཡ། ཧཧཧཧ།
    ཧ་བཟང་གི་བུ་ཟེར་ནོ་འདི། ཆང་མ་འཐུང་རུང་། གཏམ་ཁ་ལྕེ་ཟེར་ནོ་གློག་ཞགས་ཀི་མྱུར་ཡིན་ནོ་ཨེ་རིག་གི
    གཏམ་ཁ་ལྕེ་མེད་ན་སྤྱང་ལྟོགས་ངུས་འདྲ་ར། ཇ་འོ་མ་མེད་ན་ཆུ་ནག་འཐུང་འདྲ་ཟེར་ནི་རེད་ཡ་ཁོ་རེ། ཧཧཧ

    Reply
  27. ok3224 says:
    ལོ་ 15 སྔོན།

    དྲ་གྲོགས་ཚོ་འདིར་ཤོག་དང་འདི་ན་ལྟད་མོ་ཡོད་གི

    Reply
  28. chentsasopa says:
    ལོ་ 15 སྔོན།

    རེད་རེད། རྒྱ་གར་གྱི་དགུང་མོའི་དུས་ཚོད་༨་པའི་རྗེས་ལ་ཤོག་དང་ངས་སྒུག་ནས་འདུག
    ང་བཟོད་རྒྱམ་ཟེར་ན། སྟག་ཐུར་ར་རྒྱུགས་ན་ཐོང་གའི་འཛིན་ནི་ཞིག་ར། འབྲོག་ཐད་ཀའི་རྒྱུགས་ན་རྭ་ཡི་འཛིན་ན་ཟེར་ན་ལམ་བརྒྱབས་ནི་རེད་དྲ། ཡུམ་ཁྱོད་འུ་གཉིས་ཀ་ད། མགོར་སྐོར་ནས་ཐང་ང་དགུ་མི་རྒྱག་གི་ན། ཨོ་ལེད། ངས་ལྟད་མོ་སྒང་ནས་འཇོག གཏམ་བཟང་རླུང་ལ་གཅིག་མ་སྐུར་ན། ངའི་སྐེད་རགས་ཁྲ་མོ་ཁྱི་ལ་བཅིངས་ནས་གོ་ཨ་ཤ་ཁྲག་རུས་གསུམ། ཧཧཧཧཧ

    Reply
  29. sha tak ri sim says:
    ལོ་ 15 སྔོན།

    ཡ་ཡ་ གཅན་བཟོད་རྒྱམ་ལགས། དེ་རིང་གཡུལ་ས་ཁྱེད་རང་གི་གཤམ་འདུག དམག་འཁྲུགས་བྱེད་དུ་སུ་ཡང་འབྱོར་མི་འདུག སྐར་ཁྲི་བཙན་གྱིས་མགོ་འབུར་ཙམ་བྱས་དེ་ཕྱིར་བྲོས་ཚར་འདུག ད་སྐུ་ཉིད་ཀྱི་སུ་ཞིག་སྒུག་ནས་ཡོད། ང་རང་ལས་ཀ་ནས་གྲོལ་ནས་ཕྱིར་དགོང་མོ་ནང་དུ་འབྱོར་ན་ལྟ་ངེས་ཡིན། ཨ་ཤུ་གོ ཐབ་ཚང་ནང་གི་གྲི་རིང་དེ་ཁུར་ནས་མ་ཡོང་བ་ཡིན་ན་མི་ཐུབ་ན་ཐང་། དེ་འདྲ་ཡིན་ན་བཙན་སོང་ན་ཐང་། དེ་ལས་ཁུ་བཙུར་གཡུགས་སྟངས་ཤིག་ཤེས་པ་དེ་བསྐྱར་སྤྱོང་ཞིག་བྱས་དེ་འོང་ན་ཡིན་ས་རེད། ཧཧཧཧཧཧཧཧཧཧཧཧ
    སེམས་ཆུང་བྱོས། ཁུ་བཙུར་ཆུང་ཆུང་ཡིན་ན་ཡང་། མགོ་ལ་བརྒྱབ་དུས་ན་ཚ་གཏོང་སྲིད།
    གཏམ་ཀུ་རེ་མེད་ལ་བཤད་སྲོལ་མེད་ཟེར་བ་ལྟར་ཐུགས་འཇག་འཚལ།

    Reply
  30. Baichung says:
    ལོ་ 15 སྔོན།

    ཡ ཡ ཡ ཅི་ཡང་གོ་མ་ཐལ་མོད། ཅིག་བཤད་ཀྱི་ཡོད་རྒྱུ་རེད།

    Reply

དཔྱད་མཆན་སྤེལ། Cancel reply

Your email address will not be published. Required fields are marked *

སྤྱི་ཚོགས་དྲ་གནས།

ཁྱབ་བསྒྲགས།

དྲ་ངོས་ཀྱི་གནས་ཚུལ་ཚང་མའི་པར་དབང་བོད་ཀྱི་དུས་བབ་ལ་ཡོད།

གློག་འཕྲིན།

editor@tibettimes.net | office@tibettimes.net

ཁ་པར།

+91-98823-47075 | +91-92189-38041 | +91-81972-44372

Welcome Back!

OR

Login to your account below

Forgotten Password?

Retrieve your password

Please enter your username or email address to reset your password.

Log In

Add New Playlist

No Result
ཆ་ཚང་གཟིགས།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
    • གླ་ཡོད་རིན་གོང་།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese