མདུན་ངོས།
About Us
  • English
Advertisement
བོད་ཀྱི་དུས་བབ།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
    • གླ་ཡོད་རིན་གོང་།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese
No Result
ཆ་ཚང་གཟིགས།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
    • གླ་ཡོད་རིན་གོང་།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese
No Result
ཆ་ཚང་གཟིགས།
བོད་ཀྱི་དུས་བབ།
English
No Result
ཆ་ཚང་གཟིགས།

ལག་ལེན་ལ་གཞོལ་བའི་མི། རྩོམ་སྒྲིག་པས།

བོད་ཀྱི་དུས་བབ།
༢༠༠༩/༡༢/༠༡
Share on FacebookShare on TwitterShare on EmailShare on Whatsapp

ད་ལྟའི་བཙན་བྱོལ་བོད་གཞུང་འདི་ནི་ལྟ་གྲུབ་དང་རིགས་ལམ་ལ་གཞི་བཅོལ་བའི་སྲིད་གཞུང་ཞིག་ཡིན། འདིའི་རྗེས་ཀྱི་སྲིད་གཞུང་དེ་ནི་ངེས་པར་དུ་ལག་ལེན་ལ་གཞི་བཅོལ་བའི་སྲིད་གཞུང་ཞིག་ཡིན་དགོས་ཀྱི་འདུག

བཙན་བྱོལ་སྤྱི་ཚོགས་ཀྱི་དམངས་གཙོའི་ཀ་བ་གསུམ་པོ་ལྟ་གྲུབ་ལ་གཞི་བཅོལ་ནས་བསླངས་པ་རེད། ཐ་ན་ང་ཚོའི་དམངས་གཙོ་འདི་ཡང་ལྟ་གྲུབ་དང་རིགས་ལམ་གྱི་སྒོ་ནས་དཔྱད་ཅིང་ལེགས་པར་འདོད་དེ་བཙན་བྱོལ་སྤྱི་ཚོགས་ཀྱི་ནང་འདིར་འཁྱེར་ཡོང་བ་མ་གཏོགས། ལག་ལེན་དངོས་ཀྱི་ཐོག་ནས་ར་འཕྲོད་ཅིང་བདམས་པ་མ་རེད། དེར་བརྟེན་ངས་ནམ་རྒྱུན་ང་ཚོའི་སྤྱི་ཚོགས་ནང་འདིར་བྱ་བ་ལེགས་ཉེས་གང་ཡིན་ཡང་། ལྟ་བ་དང་རིགས་ལམ་གྱི་ལམ་ནས་བརྩད་བསྡད་པ་མ་གཏོགས་ལག་ལེན་དངོས་ཀྱི་ཐོག་འབབ་དཀའ་བའི་གནས་སྟངས་དེ་མཐོང་ལ། བྱ་བ་ཕལ་ཆེ་བ་ནི་གཏམ་བཤད་ཀྱི་རིམ་པ་ནས་གླེང་བསྡད་པ་མ་གཏོགས་ལག་ལེན་ལ་མི་གཞོལ་བའི་དཀའ་ངལ་ཞིག་ཡོད།

བཀའ་ཁྲི་ཟམ་གདོང་རིན་པོ་ཆེ་མཆོག་གིས་ཀྱང་ཁོང་གིས་སྣེ་ཁྲིད་པའི་སྲིད་གཞུང་འདི་ནི་ལྟ་གྲུབ་ལ་གཞི་བཅོལ་བའི་སྲིད་གཞུང་ཞིག་ཡིན་སྐོར་ཐེངས་ཁ་ཤས་ལ་གསུངས་མྱོང་། བདེན་པ་དང་འཚེ་བ་མེད་པའི་ལྟ་གྲུབ་ཀྱང་གཞུང་འདིའི་རྒྱབ་རྟེན་ཡིན། ཡིན་ཡང་། ལྟ་གྲུབ་ལ་གཞི་བཅོལ་བའི་སྲིད་གཞུང་འདི་ནི་ལག་ལེན་ལ་ཧ་ཅང་ཐག་རིང་བོར་གྱུར་ཡོད་ལ། འདིའི་དཔེ་མཚོན་གསལ་ཤོས་ནི་བཀའ་ཁྲི་མཆོག་གི་སྲིད་བྱུས་གསར་པའི་སྐྱ་ཐིག་དོན་ཚན་ཉེར་གཅིག་ལས་ཤེས་ཐུབ། མི་ལོ་ ༡༠ རིང་སྲིད་བྱུས་འདི་དག་གི་ཕལ་ཆེ་བ་ཞིག་ལྟ་གྲུབ་ཙམ་ལས་ལག་ལེན་གྱི་རིམ་པར་བསླེབ་ཐུབ་མེད། ད་ནི་མི་ཚང་མས་སླར་ཡང་བཀའ་ཁྲི་འདིའི་བཟོད་གསོལ་རིང་མོ་དེར་བསྒུག་བསྡད་ཡོད།

དེང་སྐབས་བཙན་བྱོལ་སྤྱི་ཚོགས་ནང་དུ་ཐེངས་རྗེས་མའི་བཀའ་ཁྲི་གླེང་གིན་ཡོད། བཀའ་ཁྲི་དེའི་སྐོར་ཁ་སང་དེ་རིང་གི་གཏམ་བཤད་ཀྱི་རིམ་པར་བསླེབས་ཡོད། གཙོ་བོ་བཀའ་ཁྲིའི་འོས་མི་དེའི་ལྟ་གྲུབ་མ་གཏོགས་ལག་ལེན་ལ་གཞོལ་བའི་མི་ཞིག་འཚོལ་གྱིན་མེད་པ་འདྲ། ཚང་མས་གཏམ་བཤད་ཀྱི་རིམ་པ་ནས་གཏམ་བཤད་སྤེལ་མཁན་ཞིག་འཚོལ་བཞིན་པའི་སྣང་བ་སྟེར།

ང་ཚོས་བོད་མི་རིགས་རང་གི་བྱ་བཞག་བཙལ། དེ་ནས་བྱ་བཞག་དེ་སྒྲུབ་ཐུབ་མཁན་དང་ང་ཚོ་བྱ་བཞག་དེའི་དོན་དུ་སྣེ་འཁྲིད་མཁན་གྱི་བཀའ་ཁྲི་འཚོལ་གྱིན་མེད་པར། ཐོག་མར་ལྟ་བ་དང་རྟོགས་པ་ཡོད་མཁན་གྱི་མི་ཞིག་བཙལ། དེ་ནས་མི་དེའི་ཤེས་འཇོན་ལ་བསྟེན་ནས་བོད་མི་རིགས་ཀྱི་ལས་དོན་སྒྲུབ་དགོས་པའི་བསམ་ཚུལ་ཞིག་འཁྱེར་བསྡད་ཡོད།

ང་ཚོར་བཀའ་ཁྲིའི་འོས་གཞི་མི་རག་པའི་དཀའ་ངལ་ཡང་གཙོ་བོ་ལྟ་བ་དང་རྟོགས་པ་ཡོད་མཁན་ཞིག་མ་བརྙེད་པ་དེ་རེད། དེ་འདྲ་ཞིག་བརྙེད་ཚེ་བོད་མི་རིགས་ཀྱིས་ཡོད་ཚད་བློས་འགེལ་ཐུབ་ལ། མི་རིགས་ཀྱི་བྱ་བཞག་མཐའ་དག་མི་དེའི་ཕྲག་ལ་འཕེན་ངེས། དམངས་གཙོ་ཡིན་མིན་གང་ལྟར་ཡང་འདི་ནི་བོད་མི་རིགས་ཀྱི་གཤིས་ཀར་གྱུར་ཡོད།

གནས་ཚུལ་འདི་དག་ལ་བརྟེན་ནས་ང་ཚོས་བཀའ་ཁྲི་དེ་འཚོལ་སྐབས་ཐོག་མར་མི་རིགས་རང་གི་བྱ་བཞག་གལ་ཆེ་བ་དག་བང་རིམ་སྒྲིག་རྒྱུ་དང་། དེ་ནས་བྱ་བཞག་དེ་དག་ལག་ལེན་གྱི་ངོ་བོར་འབེབ་ཐུབ་མཁན་དང་བོད་མི་རིགས་འདི་བྱ་བཞག་དེ་དག་སྒྲུབ་པར་སྣེ་འཁྲིད་མཁན་ཞིག་འཚོལ་རྒྱུ་ནི་གལ་ཆེ་བར་འདོད།།

འབྲེལ་ཡོད་གསར་འགྱུར།

བོད་མིའི་སྒྲིག་འཛུགས་ཀྱི་འཛིན་སྐྱོང་སྦྱོང་བརྡར་ཁང་དུ། བོད་པའི་སློབ་གྲྭ་ཁག་གི་སཱི་ཤེས་ཡོན་སློབ་གསོའི་མཐུན་སྦྱོར་བ་རྣམས་ལ་སཱི་ཤེས་ཡོན་སློབ་གསོའི་སྦྱོང་བརྡར་སྤྲད། ༢༠༢༥།༥།༢༡ དུས་བབ་ཀྱི་པར།
Mobile App

འཛམ་གླིང་གི་རྒྱལ་ཁབ་ ༡༤༡ ནང་སཱི་ཤེས་ཡོན་སློབ་གསོ་ངོ་སྤྲོད་གནང་ཟིན་འདུག

ཆུ་ཚོད་ ༧ སྔོན་ལ།
FILE PHOTO: Salal Dam on the Chenab river, in Reasi district, J&K, Monday, May 5, 2025. All gates of Salal Dam on the Chenab River were closed following suspension of the Indus Waters Treaty in the aftermath of the Pahalgam terror attack.(PTI)
Mobile App

པཱ་ཀི་སི་ཐན་ནང་ཆུ་རགས་གསར་རྒྱག་གི་འཛུགས་སྐྲུན་ཇེ་མགྱོགས་སུ་བཏང་།

ཆུ་ཚོད་ ༨ སྔོན་ལ།
སྲིད་སྐྱོང་སྤེན་པ་ཚེ་རིང་མཆོག་གིས་ཁེ་ན་ཌའི་ཨོན་ཊ་རེའོ་བོད་མི་རྣམས་ལ་གསུང་བཤད་གནང་། ༢༠༢༥།༥།༡༨ བོད་མིའི་སྒྲིག་འཛུགས་ཀྱི་པར།
Mobile App

སྲིད་སྐྱོང་མཆོག་གིས་འདི་ལོའི་ཆོས་ཚོགས་ཐེངས་ལྔ་པའི་ཐོག་༧སྐུའི་ཡང་སྲིད་དང་འབྲེལ་བའི་གནད་དོན་ཁག་ཅིག་གསལ་པོ་ཆགས་རྒྱུ་ཡིན་སྐོར་གསུངས།

ཆུ་ཚོད་ ༡༠ སྔོན་ལ།
རྒྱ་ནག་བདེ་སྲུང་བློན་ཆེན་ལས་ཁུངས་ཀྱི་མགྲིན་ཚབ་པ་ཅང་པིན་(Jiang Bin)། དྲ་ལམ་གྱི་པར།
Mobile App

རྒྱ་ནག་གིས་དམར་དམག་སློབ་ཆེན་གསུམ་གསར་འཛུགས་བྱ་རྒྱུ་ཡིན་འདུག 

༢༠༢༥/༠༥/༢༠
བོད་ཀྱི་ཞོ་སྟོན་རྒྱས་པ་ཐེངས་ ༢༨ པའི་མཇུག་སྡོམ་མཛད་སྒོ་འཚོག་བཞིན་པ། བོད་ཀྱི་དུས་བབ་གསར་ཁང་གི་པར། ༢༠༢༥།༥།༢༠
Mobile App

ཞོ་སྟོན་ཐེངས་ ༢༩ པ་ཨོ་ཌི་ཤ་ཕུན་ཚོགས་གླིང་དུ་འཚོག་གཏན་ཁེལ་འདུག

༢༠༢༥/༠༥/༢༠
US Secretary of State Marco Rubio on Sunday demanded the immediate release of Gedhun Choekyi Nyima, the 11th Panchen Lama, who was abducted by Chinese authorities 30 years ago at the age of six. | X @CTA_TibetdotNet & File Pi
Mobile App

རྒྱལ་སྤྱིའི་གནད་ཡོད་མི་སྣས་༧པཎ་ཆེན་རིན་པོ་ཆེ་མཆོག་གང་མགྱོགས་ཀློད་གྲོལ་དགོས་པའི་འབོད་སྐུལ་གནང་།

༢༠༢༥/༠༥/༡༩

མཆན། 32

  1. བྱམས་རྒྱལ། says:
    ལོ་ 15 སྔོན།

    འོ་ལགས་སོ་ལགས། ཅོ་རི་བས་རྩོམ་སྒྲིག་པ་ལ་བྲིས་པའི་ལན་དེ་ཁྱེད་ཀྱིས་གནང་སོང་། དེ་ཙམ་གྱི་ཞུས་པ་ཡིན་ལགས། གོ་བ་ལོན་མི་ལོན་གྱི་སྐད་ཆ་མེད་ལགས། བཀྲ་ཤིས་བདེ་ལེགས་

    Reply
  2. ཨ་ལ་ལ says:
    ལོ་ 15 སྔོན།

    བྱམས་རྒྱལ་ལགས། ངས་བཤད་པའི་ཚིག་དེ་ཚོ་ཁྱེད་ཀྱིས་གོ་བ་ལོན་མེད་ཚོད་འདུག རིག་པ་སྒྲིམ་ནས་ཐེངས་ཁ་ཤས་ལ་འབད་པས་ཀློག་དང་གཅིག་བྱས་ན་ཁ་ཕྱོགས་ཙམ་ཤེས་པའི་རེ་བ་ཡོད།

    Reply
  3. བྱམས་རྒྱལ། says:
    ལོ་ 15 སྔོན།

    ཅོ་རི་བ་ཡིས་གནད་འདྲི་ཁ།
    ཨ་ལ་ལ་ཡིས་བཀག་དོན་ཅི།
    རིག་ལམ་ཁོ་ནར་མ་ཡིན་པའི།
    ལག་ལེན་དངོས་དེ་བསླབ་འདོད་ཆེ།

    Reply
  4. ཨ་ལ་ལ says:
    ལོ་ 15 སྔོན།

    ཅོ་རི་ལགས། ཁྱེད་ཀྱིས་རྩོམ་སྒྲིག་པ་ལ་དྲིས་པའི་ལན་དེ་རྩོམ་སྒྲིག་པས་འདེབས་དགོས་པ་ཡོད་ཀྱི་མ་རེད་ལ་ཁྱེད་ཀྱིས་ཀྱང་མ་མཁྱེན་པ་ཡོད་ཀྱི་མ་རེད། ཁ་གསལ་ན་ཀུན་སློང་ཞེས་པའི་མིང་ཚིག་འདི་ཁོ་ན་རེད། དེའི་རྐྱེན་ཀྱིས་ཀུན་སློང་བཟང་ངན་གྱིས་ལེགས་ཉེས་བཟང་ངན་འབྱུང་བཞིན་པ་མ་ཡིན་ནམ། དེས་ན་དུས་ད་ལྟ་བར་དུ་དྲང་བདེན་ལ་དགའ་མཁན་མང་པོ་ཞིག་གིས་རྒྱུན་དུ་སྨེ་ངག་འདོན་བཞིན་པའི་གནད་འགག་ཀྱང་འདི་ལ་ཐུག་ཡོད།

    Reply
  5. kunsal says:
    ལོ་ 15 སྔོན།

    བདེ་བ་ཅན་གྱི་བདེན་གཏམ་ལ།།
    མགྲིན་བཟང་བོང་བུས་སྐད་ངན་སྒྲོག།

    Reply
  6. ཅོ་རི་ཉི་མ། says:
    ལོ་ 15 སྔོན།

    རྩོམ་སྒྲིག་པ་ལུང་རིག་ལགས།
    ངས་གང་བཤད་པ་ནི། ༼ངས་ནམ་རྒྱུན་ང་ཚོའི་སྤྱི་ཚོགས་ནང་འདིར་བྱ་བ་ལེགས་ཉེས་གང་ཡིན་ཡང་། ལྟ་བ་དང་རིགས་ལམ་གྱི་ལམ་ནས་བརྩད་བསྡད་པ་མ་གཏོགས་ལག་ལེན་དངོས་ཀྱི་ཐོག་འབབ་དཀའ་བའི་གནས་སྟངས་དེ་མཐོང་ལ། བྱ་བ་ཕལ་ཆེ་བ་ནི་གཏམ་བཤད་ཀྱི་རིམ་པ་ནས་གླེང་བསྡད་པ་མ་གཏོགས་ལག་ལེན་ལ་མི་གཞོལ་བའི་དཀའ་ངལ་ཞིག་ཡོད། ༽ འདི་ཡིན། ཞེས་ཁྱེད་ཀྱིས་བསམ་ཚུལ་བྱས་ན་ལག་ལེན་ཐོག་ཏུ་འབབ་མི་ཐུབ་པའི་གནད་འགག་ཆེ་ཤོས་དེ་ག་པ་ཐུག་འདུག་གམ།

    Reply
  7. ཅོ་རི་ཉི་མ། says:
    ལོ་ 15 སྔོན།

    བདེ་བ་ཅན་ལགས།
    མི་ལོ་མང་པོ་རིང་དུ་བཙན་འབྱོར་གཞུང་གི་མི་དྲག་སྐུ་དྲག་དང་མཐར་ན་དགེ་རྒན་རྣམས་ཀྱང་གཅིག་རྗེས་གཉིས་མཐུད་ནས་ཡུང་རོ་དང་ཨ་མེ་རི་ཀའི་ནང་དུ་སྐྱབས་བཅོལ་ཕེབས་པ་མ་ཡིན་ནམ།
    བཙན་འབྱོར་བོད་ཀྱི་མི་དྲག་སྐུ་དྲག་ཚོས་བོད་ཡིག་སྦྱོང་མི་དགོས་པ་བོད་སྐད་རྒྱག་མི་དགོས་པ་ཕྱི་རྒྱལ་འགྲོ་ཆོག་པ་མ་ཟད་གཞུང་གིས་ཐོག་ནས་རྒྱབ་སྐྱོབ་ཡོད་པ་ཞིག་རེད། བོད་མི་ཉམ་ཐག་ཚོས་རང་གི་འགྲོ་སོང་ཐོག་ནས་ཕྱི་་རྒྱལ་ཕྱིན་ན་འགྲིག་གི་མེད་མདོག་མདོག་བོད་སྤྱི་དོན་ལ་འགྲིག་གི་མེད་པའི་བཤད་སྟངས་འདི་ནི། དྲང་བདེན་མེད་པའི་སྐད་ཆ་ཞིག་བོད་མི་ཉམ་ཐག་ལ་དབང་ཡོད་ཀྱི་སྐད་ཆ་ཞིག་མ་གཏོགས་ང་ཅོ་རི་ཤི་སྲོག་ལ་ཐུག་ཡང་ངོ་ལེན་བྱ་རྒྱུ་མིན་ཞེས་ངས་རྒྱལ་བ་རིན་པོ་དཔང་དུ་གཙུགས་ཆོག
    དྲོད་ཉི་མ་ཤར་ཡང་མ་བཞུར་ལེ་སྙིང་གངས་དཀར་དཀྱུལ་ཀྱི་འཁྱགས་པ་རེད།
    བཀའ་ཅི་ཙམ་ཕམ་ཀྱང་མ་ཕུན་ལེ་བོད་ཉམ་ཐག་རྣམས་ཀྱི་ཐོབ་ཐང་རེད།
    ངས་རེ་བ་ལ་སྤྱི་ཚོགས་དུ་སྐད་ཆ་བཤད་སྐབས་སུ་ངེས་པ་དུ་བོད་མི་ཉམ་ཐག་ཚོའི་དཀའ་སྡུག་མཐོང་ཐུབ་པའི་ཐོག་གསུངས་དགོས་པ་མ་གཏོགས་མི་དྲག་སྐུ་དྲག་ལ་རྒྱབ་སྐྱོབ་དང་ངོ་དགའ་ཐོག་ནས་བཤད་མི་རུང་ཞེས་ཞུ་རྒྱུ་ཡིན།

    Reply
  8. ཅོ་རི་ཉི་མ། says:
    ལོ་ 15 སྔོན།

    བདེ་བ་ཅན་ལགས་ཁྱེད་ཀྱང་མགོ་བོ་སྤྲིན་པའི་སྟེང་དུ་ཐོན་ནས་བོད་མི་ཉམ་ཐག་ཚོའི་འཚོ་བའི་དཀའ་སྡུག་མི་མཐོང་པའི་རྡ་སའི་མི་དྲག་གཅིག་ཡིན་པ་འདྲ།
    བོད་ནས་ཕེབས་པའི་གསར་འབྱོར་བ་ཇ་རིན་ཆུ་རིན་སྤྲད་ཀྱི་མེད་ནས་མེ་ལོ་གྷ་ཅུ་ལ་ཁྱམ་སྡོད་པ་ཚོ་མ་མཐོང་པ་འདྲ།
    དྲ་གྲོགས་སྐར་ཁྲི་བཙན་གྱི་ཁ་རྡའི་རྩོམ་བྲིས་དེ་གཅིག་ཀློག་རོགས།
    མ་ཟད་ཁྱེད་ཀྱི་གསུངས་དོན་དུ།
    དེ་ནི་དོ་བདག་སོ་སོས་ལག་ལེན་བསྟར་དགོས་པའི་ཆ་རྐྱེན་དང་པོ་དེ་རེད། དང་པོ་གཞན་གསོན་པོར་འཚོ་བ་འདི་གཞན་རྟེན་ལས་གཡོལ་ཏེ་རང་ཉིད་ཀྱི་རྐང་པའི་སྟེང་རང་ཉིད་ལངས་བཞིན་པའི་དངོས་ཡོད་ཀྱི་གནས་ཚུལ་ལ་བསྟུན་དགོས་པ་ལས་ནུབ་ཕྱོགས་པའི་ཁ་རྒྱུན་དུ་ཡོད་པའི་གཏམ་དཔེ་སྤྱད་དེ་བོད་ནང་གི་བོད་མི་ཚོ་སྐྱོབ་པར་རང་ཉིད་ལྟོ་གོས་འགྲིག་པ་དགོས་ཞེས་པ་འདི་ཁ་རྒྱུན་དུ་མི་འགྲོ་བར་བཀའ་ཁྲི་ཟམ་གདོང་རིན་པོ་ཆེས་རྒྱུན་དུ་གཞན་རྟེན་ལས་གཡོལ་དགོས་པའི་བཀའ་སློབ་དེ་དག་ལ་ཟབ་མོ་ཉན་དགོས་རྒྱུ་དེ་གལ་ཆེན་པོ་ཡིན། ཞེས་གསུངས་འདུག་ཀྱང་སྐུ་ཉིད་ནས་ཟམ་གདོང་བླ་མའི་བཀའ་སློབ་ཉན་འདུག་ཀྱང་དོན་མ་གོ་བ་འདྲ། ངས་གཞན་སྐྱོབ་པ་ལ་རང་ཉིད་ལྟོ་གོས་འགྲིག་པ་དགོས་ཞེས་པ་འདི་དང་བཀའ་ཁྲི་ཡིས་གཞན་བརྟེན་མ་ཡིན་པ་རང་རྐང་སྟེང་དུ་ལངས་དགོས་གསུངས་པ་འདི་གཉིས་དོན་གཅིག་ཀྱང་ལངས་སྟངས་མི་བ་སོ་སོར་ཡོད་པ་ཤེས་རྒྱུ་གལ་ཆེ།

    Reply
  9. ཅོ་རི་ཉི་མ། says:
    ལོ་ 15 སྔོན།

    འཛམ་གླིང་འདིའི་སྟེང་དུ་མི་སོ་སོར་འཚོ་བ་སྐྱེལ་སྟངས་མི་འདྲ་བ་རེ་དང་ཚོགས་པ་དང་སྤྱི་ཚོགས་སོ་སོར་འཚོ་བ་སྐྱེལ་སྟངས་མི་འདྲ་བ་རེ་ཡོད་པའི་ནང་ནས་ཞིང་ལས་ཀྱི་འཚོ་བ་འདི་ནི་དཀའ་ལས་ཆེ་ཤོས་ཤིག་དང་ཡོང་འབབ་ཉུང་ཤོས་ཤིག་ཡིན་པ་མ་ཟད་དཔེ་ན་རྒྱ་ནག་ཁྱིམ་ཚང་མོའི་ནང་དུ་ཡང་ཞིང་པ་མི་སེར་རྣམས་ཀྱི་འཚོ་བ་སྐྱོ་ཤོས་དང་རིག་གནས་སྐྱོ་ཤོས་རེད་ལ་རྒྱ་གར་ཡང་སྐུ་ཉིད་ཀྱིས་མཐོང་ཆོས་སུ་ཡོད་པ་དེ་རེད།
    མ་ཟད་བོད་ལ་ཆ་འཇོགས་ན་ངའི་ནང་མི་བརྒྱད་ཀྱིས་ལོ་གཅིག་རིང་ཞིང་ལས་ཡོང་འབབ་དེ་ངས་ཟླ་བ་གཅིག་གི་རིང་ནུབ་ཕྱོགས་སུ་ཐ་ལུ་བཀྲུ་པའི་ཡོང་འབབ་ཙམ་ཡང་མེད།
    དེ་མ་ཟད་རྒྱ་གར་གཞི་ཆགས་ཁག་ཞིང་ལས་ཡོང་འབབ་ཀྱི་འདོད་པ་མ་གང་ནས་ཕྱི་གླིང་དུ་ལས་ཀ་འགྲོ་དང་འགྲོ་བཞིན་པ་མ་ཡིན་ནམ།
    ཡོང་འབབ་དང་རིག་གནས་ཡར་རྒྱས་མེད་པའི་ཞིང་ལས་འདི་རྩ་བ་འཛིན་དགོས་དོན་ཇི་ཡིན་ནམ། དེང་རབས་ཉེར་གཅིག་ནང་དུ་བཀའ་བཀོད་རྒྱུད་འཛིན་གྱི་ཕྲན་གཡོག་ཞིང་ཕྲན་ལམ་ལུགས་འཛུགས་བསྐྲུན་བྱེད་ཀྱིན་ཡིན་ནམ། དེ་མིན་བོད་མི་རིགས་འདིས་རང་ཉིད་ལ་ཕྱག་འཚལ་པ་ཙམ་གྱི་འགྲིག་པ་ཡིན་ནམ།
    ང་ལྟ་བུ་ལ་མཚོན་ན་ནུབ་ཕྱོགས་ནང་དུ་དཔལ་འབྱོར་སྐྱོ་ཤོས་གྲལ་ཡིན་ཡང་ན་བ་ཚ་གསུམ་བྱུང་སྨན་རིན་དང་རྒ་ན་རྒའི་གསོ་ལས་ཀ་མེད་ན་ལས་མེད་གླ་ཕོག་ཡོད་པ་མ་ཟད་དེ་ལས་སྡུག་ན་སྐྱབས་གསོ་སོགས་ཡོད་པ་བཞིན་དུ་བོད་མི་རིགས་ཡོད་ཚོད་ཐམས་ཅད་ལ་འཚོ་བའི་སྲུང་སྐྱོབ་ང་ལྟ་བུ་ཡོང་ལ་འབད་བརྩོན་དང་རེ་བ་བྱ་བཞིན་ཡོད།

    Reply
  10. ཅོ་རི་ཉི་མ། says:
    ལོ་ 15 སྔོན།

    དྲ་གྲོགས་ལྷན་རྒྱས་ལགས་ང་ཚོས་དོན་མེད་ཁ་ངན་དང་ཚིག་ངན་བེད་སྤྱོད་མིན་པ་གནད་དོན་ཐོག་གླེང་མོ་གནང་རོགས་ཞེས་རེ་བ་ཞུ།
    མ་ཟད་དྲ་གྲོགས་བདེ་བ་ཅན་ཁྱེད་ཀྱིས་མཆན་རིང་པོ་ཞིག་བྲིས་འདུག་ཐུགས་རྗེ་ཆེ་ཞུ་རྒྱུ་དང་ཁྱེད་ཀྱིས་གསུངས་པ་དེར་ངས་གསལ་བཤད་ཞུ་ཆོག་པ་ཞིག

    Reply
  11. ཨ་ལ་ལ says:
    ལོ་ 15 སྔོན།

    རྩོམ་སྒྲིག་པས་བཤད་པ་བཞིན་རེད།་་བོད་ཀྱི་དོན་དག་དེ་ལས་དོན་ནང་དངོས་སུ་ཞུགས་དགོས་པ་ཞིག་ལས་ལྟ་གྲུབ་དང་རིགས་ལམ་གྱིས་བཤད་ནས་ཐག་ཆོད་པའི་འདོམས་བདེ་པོ་དེ་འདྲ་ཞིག་མ་རེད།་

    Reply
  12. བདེ་བ་ཅན། says:
    ལོ་ 15 སྔོན།

    མགྲིན་པ་ཟབ་མོ། ང་ལ་ཏན་ཏན་ཏན་སྡུག་བསྔལ་ཞིག་ཡོད། དེ་ནི་སྐྱེ་བོ་ཀུན་ལ་སྡུག་བསྔལ་རེ་ཡོད་པ་ལྟར་ང་ལའང་གཅིག་རང་ཡོད། སྡུག་བསྔལ་ལ་ན་ཟུག་ཡོད་པའང་ངས་ཤེས་ཀྱི་ཡོད། ཁྱོད་ལ་ཡང་སྡུག་བསྔལ་ཞིག་ཡོད་ཚོད་འདུག སྡུག་བསྔལ་དེ་ལ་ན་ཟུག་ཅིག་ཀྱང་ཡོད་ས་རེད།
    བཀའ་ཁྲི་ཟམ་གདོང་རིན་པོ་ཆེ་མང་ཚོགས་ཀྱིས་འོས་འདེམས་ཀྱིས་འོས་བླུགས་པ་ཞིག་ཡིན་སྟབས་ཁྱེད་རང་ནས་ངོས་ལེན་བྱས་མ་བྱས་ལ་ཁྱད་པར་མེད། དེ་ཁྱེད་རང་གི་རང་དབང་རེད། བོད་ཡིག་གི་གནས་སྟངས་ཡག་རབས་བཤད་ཡོད་མེད་གོང་དེར་གསལ་ཡོད།གང་ལྟར་ཁྱེད་ཀྱི་ཧམ་བཤད་ལྟར་ད་ལྟ་དེ་འདྲའི་ཐབས་སྡུག་པོ་ཞིག་སླེབས་མེད་པ་དཔེ་མཚོན་དུ་དྲངས་ཡོད། གང་ལྟར་འཕྲུལ་སྣང་མིན་པར་ངས་བརྗོད་པའི་དཔེ་མཚོན་དེ་དག་ནི་ད་ལྟ་མཐོང་རྒྱུ་ཡོད་པ་ཤ་སྟག་ཡིན། ཡིན་ནའང་དུས་རབས་དང་མཚམས་པ་ཞིག་མ་བྱུང་བར་འཐུས་སྒོ་མ་ཚང་བའི་གནད་དོན་འགའ་རེ་ཡོད་སྲིད་པ་རེད་ལ། དགེ་རྒན་གྱི་ཤེས་ཚད་ཀྱང་ཉམས་ཞན་དུ་འགྲོ་གི་ཡོད་པར་ངས་ངོས་ལེན་ཡོད། ཡིན་ནའང་ཁྱེད་ཀྱི་བཤད་པ་ལྟར་གྱི་འ་ཆད་འུ་ལ་ཐུག་པ་སྡུག་སྐད་རྒྱག་དགོས་པའི་དུས་ལ་བབས་མི་འདུག་སྙམ། བོད་ཡིག་དགེ་རྒན་ཆབ་བྲག་ལྷ་མོ་སྐྱབས་དཔེ་མཚོན་དུ་དྲངས་མ་ཡོང་རོགས། ཁོང་རང་མི་རིགས་ཀྱི་རིག་གཞུང་རང་གི་མི་རིགས་ཁྲོད་དུ་ཉམས་ཞན་དུ་འགྲོ་བར་མ་བཟོད་པར་བོད་མིའི་མཐོ་རིམ་སློབ་གྲྭ་ཞིག་གི་གོ་མིང་དོར་ནས་ནུབ་ཕྱོགས་ཡུལ་གྲུར་ཀ་ཁར་སློབ་པར་བསྐྱོད་པ་མ་རེད་དམ། ཁོང་གི་གསུངས་ཚད་ལ་ཆ་དེ་ཙམ་བཞག་རྒྱུ་ལུས་ཡོད་པ་མ་རེད། ས་ཧ་ར་སློབ་གྲྭར་ཁོང་རང་མ་བཞུགས་ཙང་ཉམས་ཞན་ཆགས་པ་རེད་དམ། ས་ཧ་ར་ཉམས་ཞན་དུ་ཕྱིན་པར་བརྟེན་ཁོང་ཡོ་རོབ་ཏུ་ས་ཧ་ར་ལས་ལེགས་པའི་ས་གནས་ཤིག་འདེམས་པ་རེད། དེའི་ཐད་ཁྱེད་རང་བ་སམ་བློ་ཡག་པོ་ཐོངས། ད་ངེད་གཉིས་དུས་བབ་ཀྱི་རྩོམ་སྒྲིག་པའི་ཆེད་བརྗོད་ཀྱི་རྒྱ་ལས་བརྒལ་ཏེ་ཚིག་ངན་ཕངས་པའི་དུས་ཚོད་དུ་སླེབས་གྲབས་འདུག་པས། ངས་མཚམས་འདི་ནས་མཆན་བཀོད་ཀྱི་མིན། བྱས་ཙང་ཁྱེད་རང་གང་འབྲི་འདོད་ཀྱང་རང་དགར་བྲིས། སུས་ཀྱང་ལན་རྒྱག་མཁན་ཡོང་གི་མ་རེད༎

    Reply
  13. མགྲིན་པ་ཟབ་མོ། says:
    ལོ་ 15 སྔོན།

    གོང་གི་ཚིག་དེ་འདི་ལྟར་བཟོ་བཅོས་ཡོང་བ་ཞུ། ༼ས་ར་དང་ནོར་གླིང་། ཝར་ན་བཅས་ནས་སྔ་ཕྱིར་ཐོན་དང་འཐོན་བཞིན་པའི་བོད་ཡིག་དགེ་རྒན་དེ་དག་གི་ཤེས་ཚད་ཀྱང་སྔ་མ་སྔ་མ་ལས་ཕྱི་མ་ཕྱི་མ་རྣམས་ཀྱི་ཤེས་ཚོད་སྐྱོ་རུ་འགྲོ་གིན་འདུག ༽

    Reply
  14. མགྲིན་པ་ཟབ་མོ། says:
    ལོ་ 15 སྔོན།

    བདེ་བ་ཅན། ཁྱོད་ལ་ཡང་སྡུག་བསྔལ་ཞིག་ཡོད་ཚོད་འདུག སྡུག་བསྔལ་དེ་ལ་ན་ཟུག་ཅིག་ཀྱང་ཡོད་ས་རེད།

    གང་ལྟར། ངས་ཟམ་གདོང་རིན་པོ་ཆེ་ཁོང་བཀའ་ཁྲིར་ངོས་ལེན་མ་བྱས་པ་མིན། གནས་སྟངས་ཤིག་བཤད་པ་ཡིན། ཡིན་ཡང་། ཁྱོད་ཀྱིས་སྟོང་བསམ་ཞིག་གི་ངང་ནས་བོད་ཡིག་གི་གནས་སྟངས་ཡག་རབས་ཟེར། འདི་ནི་ཁྱོད་ཀྱི་འཕྲུལ་སྣང་ཡིན་པ་འདྲ།

    གལ་སྲིད་བོད་ཡིག་གི་གནས་སྟངས་འགྲིག་བསྡད་ཡོད་ན་ཚང་མའི་སྡུག་སྐད་ཤོར་དོན་ཅི་རེད། ས་ར་དང་ནོར་གླིང་། ཝར་ན་བཅས་ནས་ཐོན་པའི་བོད་ཡིག་དགེ་རྒན་དེ་དག་གི་ཤེས་ཚད་ཀྱང་ལོ་རེ་ནས་ལོ་རེ་བཞིན་ཉམས་འགྲོ་གིན་འདུག་ཅེས་ཡོངས་གྲགས་ཀྱིས་སྡུག་སྐད་ཤོར་བཞིན་པ་འདི་ཁྱོད་ཀྱིས་ཡག་རྟགས་ཤིག་ལ་བརྩི་གིན་ཡོད་དམ། བོད་ཡིག་དགེ་རྒན་ཆབ་བྲག་ལྷ་མོ་སྐྱབས་ལགས་ཀྱིས་ཀྱང་ས་རའི་གནས་སྟངས་དེ་ལྟར་དུ་བཤད་པ་མིན་ནམ། བསམ་བློ་ཡག་པོ་ཞིག་གཏོང་རོགས།

    Reply
  15. བདེ་བ་ཅན། says:
    ལོ་ 15 སྔོན།

    ད་ལྟ་བཙན་བྱོལ་སྤྱི་ཚོགས་ཀྱི་བོད་ཡིག་གི་གནས་སྟངས་སྐྱ་ཆད་སྔོ་སྡུག་ཡིན་སྟབས་བོད་ཀྱི་གདན་ས་གསུམ་གྱི་གཙོས་ཆོས་སྡེ་ཁག་དང་། ས་ཧ་མཐོ་སློབ་དང༌། ནོར་གླིང་མཐོ་སློབ། ཝར་ན་མཐོ་སློབ་བཅས་ཀྱི་ནང་ལག་ཤེས་ཀྱི་སློབ་འཁྲིད་བྱ་གི་ཡོད་པ་རེད་དམ། གནས་སྟངས་སྐྱོ་པོ་དེ་འདྲ་རྩ་བ་ནས་སླེབས་མེད། ཟམ་གདོང་རིན་པོ་ཆེ་བོད་དང་རྒྱ་དཀར་ནག་སུ་ཡི་མཁས་པ་ཞིག་ཏུ་མཐོང་ཡང་དེ་ནི་ཁྱེད་ཀྱི་འཕྲུལ་སྣང་གི་ཚོར་བ་ཞིག་རེད། དོན་དངོས་ཐོག་ཁོང་ནི་བོད་མི་དམངས་ཀྱིས་མང་གཙོའི་ལམ་ནས་འོས་འདེམས་ཐེངས་གཉིས་བསྟུད་མར་བྱུང་བའི་ང་ཚོ་བོད་ཀྱི་བཀའ་བློན་ཁྲི་པ་ཐོག་མ་དེ་རེད། གལ་སྲིད་ཁྱེད་རང་གི་ཁོང་གི་ཡོད་ཚད་སྐྱོན་དུ་མཐོང་ཚེ་མཁྲིས་ནད་ཅན་གྱི་དུང་དཀར་སེར་པོ་མ་གཏོགས་མཐོང་རྒྱུ་མིན་པ་སྐྱེ་བོ་དམ་པས་སྔར་ནས་ཐག་གཅོད་ཟིན་པས་འདོད་རུང་མ་འདོད་རུང་གང་ལྟར་སྤྱི་ལོ་ 2011 བར་དུ་སྡང་སྐད་རྫོགས་མེད་དུ་སྒྲོགས་བཞིན་ཨང་༎༎༎༎༎༎༎༎།

    Reply
  16. མགྲིན་པ་ཟབ་མོ། says:
    ལོ་ 15 སྔོན།

    ངས་བཀའ་ཁྲི་ཟམ་གདོང་རིན་པོ་ཆེ་མཆོག་ག་དུས་མཐོང་ན་ཡང་ཁོང་ནི་རྒྱ་གར་གྱི་མཁས་པ་ཞིག་ཡིན་པ་ལས། བོད་ཀྱི་མཁས་པ་ཞིག་ཡིན་པའི་སྣང་བ་སྟེར་གི་མི་འདུག དེའི་ཁར་ཁོང་ཚང་གི་ང་རྒྱལ་གྱི་རྣམ་པ་དེ་ཡང་རྒྱ་གར་གྱི་མཁས་པ་ཚོ་དང་ཆབ་སྲིད་པ་ཚོའི་བཟོ་ཙམ་ལས། བོད་ཀྱི་བླ་ཆེན་དག་གི་ཐུགས་གཤིས་འདྲ་བ་ཞིག་ཁྱོན་ནས་མི་འདུག

    བོད་ནང་གི་མཁས་པ་དེ་དག་གིས་རང་རང་གི་བུ་སློབ་གལ་ཆེན་པོ་མང་པོ་བསྐྱངས་ཡོད་པ་རེད། ཡིན་ཡང་། མཁས་དབང་ཟམ་གདོང་རིན་པོ་ཆེ་མཆོག་ལ་བོད་ཀྱི་ཆོས་རིག་གི་ཕྱོགས་ནས་བུ་སློབ་གྲགས་ཅན་དེ་འདྲ་ཡོད་པའང་མཐོང་མ་སོང་།

    ཆབ་སྲིད་ཀྱི་གནད་དོན་ནི་གཞན་དབང་སྟབས་བསྟུན་ཡིན་པས་ཁག་མེད་དུ་ཆུག འོན་ཀྱང་། ཁོང་ཉིད་མཁྱེན་ཡོན་དང་དབང་ཚད་ཀྱི་རྩེར་བསླེབས་པའི་སྐབས་འདིར་ཡང་བོད་ཀྱི་ཆོས་རིག་རྒྱུན་འཛིན་གྱི་ཐད་ཕྱག་རྗེས་ཆེན་པོ་ཞིག་འཇོག་ཐུབ་མ་སོང་། ཤེས་ཡོན་སྲིད་བྱུས་གསར་པ་ཞིག་གཏན་འབེབས་བྱས་ཟིན་པ་ཡིན་རུང་། ད་དུང་ཡོངས་ཁྱབ་ཀྱིས་ལག་བསྟར་བྱེད་ཐུབ་ཀྱིན་མེད།

    བཙན་བྱོལ་སྤྱི་ཚོགས་ནང་དུ་བོད་ཡིག་གི་གནས་སྟངས་སྐྱ་ཆད་སྔོ་སྡུག་ཡིན་ལ། དེའི་ཁར་བོད་ནས་ཕེབས་མཁན་བོད་ཡིག་དང་བོད་ཀྱི་ཤེས་རིག་ལ་སྦྱངས་པ་ལེགས་མཁན་ཚོར་ཡང་བདག་པོ་རྒྱག་ཐུབ་མེད། ད་ནི་ཁོང་ལ་འདི་ལྟ་བུའི་གོ་སྐབས་ཤིག་རག་ཁག་པོར་གྱུར་ཡོད།

    Reply
  17. བདེ་བ་ཅན། says:
    ལོ་ 15 སྔོན།

    དྲ་གྲོགས་ཅོ་རི་ཉི་མ་ལགས། ཁྱེད་ཀྱི་གསུངས་པའི་དགོངས་ཚུལ་དེ་དག་ལའང་རྒྱུ་མཚན་ཡོད་བཟོ་འདུག བཀའ་ཁྲི་ཟམ་གདོང་རིན་པོ་ཆེ་མཆོག་གི་དབུ་ཁྲིད་པའི་བཙན་བྱོལ་བོད་གཞུང་གིས་བོད་ནས་གསར་དུ་ཕེབས་པ་དང་ལས་གནས་གོ་གནས་མེད་པའི་གཞིས་ཆགས་ཁག་གི་བོད་མི་ཉམ་ཐག་རྣམས་ཀྱི་འཚོ་བའི་དཀའ་ངལ་ལ་སོགས་མ་མཐོང་ཟེར་བ་དེ་ནི་བདེན་པ་ཞིག་ཏུ་རྩ་བ་ནས་ངོས་འཛིན་ཞུ་གི་མེད། ལས་གནས་གོ་གནས་མེད་པའི་ཉམ་ཐག་གཞིས་ཆགས་ཉམ་ཐག་རྣམས་ཀྱི་ཉམས་ཐག་ཞིབ་འཇུག་ཚོགས་ཆུང་བཙུགས་ཏེ་རོགས་རམ་ལས་གཞི་གནང་མུས་ཡིན་པ་དང༌། གཞུང་ཞབས་གསར་འདེམས་ཀྱི་ས་མིག་ཡོད་ཚད་བཀངས་ཏེ་ན་གཞོན་ཤེས་ཡོན་ཅན་ཚོར་ལས་གནས་གཏན་འཇགས་ཐོབ་རྒྱུར་གཞི་བརྟན་ངེས་ཅན་བསྐྲུུན་ཡོད་པ་དང༌། གཞིས་ཆགས་ཁག་ནང་སོ་ནམ་འདེབས་ལས་ཀྱི སྲོལ་རྒྱུན་ཡོང་ཐབས་སོགས་ལས་གཞི་དང་། ཕྱི་རྒྱལ་ཁག་ཏུ་སོ་ནམ་འདེབས་ལས་ཚུད་པའི་ལས་གཞིའི་ཆེད་སྦྱོང་བརྡར་སློབ་གཉེར་ཆེད་གཏོང་མུས་སོགས་ལས་གཞི་མང་དག་ཞིག་ཡོངས་གྲགས་མིན་པའི་ཐོག་ནས་འགྲོ་བཞིན་ཡོད་ཀྱང་མཉམ་ཞུགས་བྱ་མཁན་ཉུང་བའི་དཀའ་ངལ་ཡོད་པ་སོགས་རགས་བསྡུས་ཙམ་རེད། བོད་ནས་གསར་དུ་ཕེབས་པ་རྣམས་ཀྱི་ཆེད་དུ་ཐོག་མར་འབྱོར་སྐབས་ཀྱི་སྣེ་ལེན་གོ་སྒྲིག་ཞུ་སྒོ་དང་ལོ་ནའི་བབས་ཀྱི་ཁུངས་སོ་སོར་བཀོད་སྒྲིག་སྔར་བནཞིན་ཚགས་ཚུད་ཡོད་བཞིན་པ་སོགས་ནི་ཀུན་གྱི་མཐོང་ཆོས་སུ་ཡོད། དེ་མིན་བོད་ནས་གསར་དུ་འབྱོར་ཏེ་ལག་འཁྱེར་གང་ཡང་མེད་པར་ཁྲིམས་འགལ་ཐོག་རྒྱ་གར་ནང་གཏན་སྡོད་བྱས་ཏེ་བསྐོར་སྲུང་བས་འཛིན་བཟུང་བྱས་པ་སོགས་ཀྱི་གནས་ཚུལ་ཡང་དུ་ཡོང་བ་སེལ་ཐབས་ཆེད་བོད་ནས་གསར་དུ་འབྱོར་བ་ཚང་མར་རྒྱ་གར་ནང་འཛུལ་ཞུགས་ཆོག་པའི་དམིགས་བསལ་ལག་འཁྱེར་ཞུ་སྩལ་བྱུང་བ་དེས་གསར་འབྱོར་བ་ཚོར་ཡུལ་ཁྲིམས་དང་མ་འགལ་ཚེ་བསུུན་སྣང་སྐྱེ་དགོས་པའི་རྙོག་གཞི་ཡོང་གི་མེད་པར་རང་ཉིད་ཀྱི་ཕ་ཡུལ་གཉིས་པ་ལྟར་ཞི་ལྷོད་བསྡད་རྒྱུ་ཡོད་པ་སོགས་བྱུང་བ་དེ་རེད། འོན་ཏེ་བོད་ནས་ཐོག་མར་ཡོང་སྐབས་རྒྱ་གར་ནང་སྤྱན་རས་གཟིགས་ཞལ་མཇལ་གསུང་ཐོས་ཀྱིས་རང་དབང་ལུང་པའི་ནང་རང་དབང་ལོངས་སྤྱོད་བྱ་བར་ཡོང་གི་ཡོད་པ་རེད། གོ་སྐབས་དེ་དག་ཚང་མ་ཐོབ་ཀྱི་ཡོད། ཡིན་ནའང་རྒྱ་གར་ནང་འབྱོར་རྗེས་སླར་ཡང་ནུབ་ཕྱོགས་ཡུལ་གྲུ་ཞིག་གམ་ཡོ་རོབ་ཁུལ་སོགས་སུ་བསྐྱོད་འདོད་ཡོང་གི་ཡོད་པ་རེད། དེ་ལྟའི་བསམ་ཚུལ་འཁུར་མཁན་མང་དུ་ཕྱིན་པ་དེས་བོད་གཞུང་ངོས་ནས་བོད་མིར་ཕྱིར་གཏོང་རྒྱུར་དོ་འཁུར་བྱ་གི་མེད་པའི་བསམ་ཚུལ་ཡོང་གི་ཡོད། བཙན་བྱོལ་བོད་གཞུང་གི་བསྟི་གནས་རྒྱ་གར་དུ་ཡོད་ཅིང༌། བོད་གཞིས་བྱེས་གཉིས་ཀྱི་དོན་གྱི་བདག་པོ་མཆོག་ཀྱང་རྒྱ་གར་དུ་བཞུགས་ཡོད་པས་སླར་ཡང་ས་གནས་འདི་བཞག་སྟེ་གཞན་ཞིག་ཏུ་འཚོ་བ་འཚོལ་འདོད་བྱེད་པ་འདི་བོད་ནང་བཞུགས་པ་དང་བོད་ནས་འབྱོར་བ་ཚོས་སྤྱི་ཡོངས་སུ་འཁུར་རྒྱུའི་བསམ་ཚུལ་ཞིག་ཏུ་བཟུང་ན་འགྲིག་གི་རེད་དམ། ངས་བལྟས་ན་དེ་ནི་རྦད་དེ་ནོར་འཁྲུལ་རེད། མ་འོངས་པར་ནུབ་ཕྱོགས་སུ་འབྱོར་རྗེས་སླར་ཡང་གཞན་རྣམས་དཀའ་ངལ་སྤྱད་དེ་ཟླ་བའི་གྲོང་ཁྱེར་དུ་འཛུལ་སྐབས་ང་ཚོས་ཀྱང་དཀའ་ངལ་མ་བརྒྱབ་པར་གཞུང་ནས་རང་ཉིད་ཟླ་བའི་གྲོང་ཁྱེར་ནང་གཅིག་མཚུངས་འགྲོ་དགོས་པའི་འདོད་ཚུལ་འཛིན་ན་རྩ་བ་ནས་འགྲིག་ཐབས་མེད། དེ་ནི་དོ་བདག་སོ་སོས་ལག་ལེན་བསྟར་དགོས་པའི་ཆ་རྐྱེན་དང་པོ་དེ་རེད། དང་པོ་གཞན་གསོན་པོར་འཚོ་བ་འདི་གཞན་རྟེན་ལས་གཡོལ་ཏེ་རང་ཉིད་ཀྱི་རྐང་པའི་སྟེང་རང་ཉིད་ལངས་བཞིན་པའི་དངོས་ཡོད་ཀྱི་གནས་ཚུལ་ལ་བསྟུན་དགོས་པ་ལས་ནུབ་ཕྱོགས་པའི་ཁ་རྒྱུན་དུ་ཡོད་པའི་གཏམ་དཔེ་སྤྱད་དེ་བོད་ནང་གི་བོད་མི་ཚོ་སྐྱོབ་པར་རང་ཉིད་ལྟོ་གོས་འགྲིག་པ་དགོས་ཞེས་པ་འདི་ཁ་རྒྱུན་དུ་མི་འགྲོ་བར་བཀའ་ཁྲི་ཟམ་གདོང་རིན་པོ་ཆེས་རྒྱུན་དུ་གཞན་རྟེན་ལས་གཡོལ་དགོས་པའི་བཀའ་སློབ་དེ་དག་ལ་ཟབ་མོ་ཉན་དགོས་རྒྱུ་དེ་གལ་ཆེན་པོ་ཡིན། བཙན་བྱོལ་མི་མང་གི་ལྟོ་གོས་གྲལ་མ་འགྲིག་པའི་སྐོར་ཤོད་མཁན་འདི་ནི་རྒྱ་ནག་དམར་གཞུང་གི་ཁྲམ་རྫུན་རིང་ལུགས་པ་དེ་དག་ཡིན་པ་ལས་ང་ཚོས་བཙན་བྱོལ་སྤྱི་ཚོགས་གཞན་དང་མི་འདྲ་བའི་སྒྲིག་འཛུགས་ཞིག་ཡོད་པ་དེར་གཞུང་གི་སྒྲོམ་གཞི་ཆ་ཚང་ཡོད་པར་བརྟེན་རང་ཉིད་ཀྱི་གཞན་རྟེན་ལས་གཡོལ་རྒྱུའི་སེམས་ཤུགས་བཅངས་ཚེ་ད་ལྟ་བར་བཙན་བྱོལ་ནང་འཚོ་བ་མ་འཁྱོལ་བ་དང་ལྟོ་གོས་མ་འགྲིག་པའི་གནས་ཚུལ་ཐབས་སྡུག་དེ་འདྲ་ལྷག་ཤེས་སྟངས་མེད་པ་ཞིག་རེད། ཁ་གདངས་ཚད་དང་སེམས་འཁོར་ཚད་ལ་ནུབ་ཕྱོགས་པའི་ལད་ཟློས་ཀྱིས་མཐའ་དག་མ་ཚང་བ་དང་མ་འགྲིག་པ་ཞིག་ཏུ་ངོས་འཛིན་བྱས་ཚེ་དེའི་སྐྱོན་ཆ་ནི་ཁྱོད་རང་ཉིད་ཀྱི་ལུས་ཐོག་ཏུ་ཡོད་པས་རང་རང་སོ་སོས་སེལ་དགོས་པ་གལ་ཆེན་པོ་ཡིན། ང་ཚོ་བོད་ནས་འབྱོར་བ་ཚོའི་ནང་དུའང་བོད་ནས་འབྱོར་རྗེས་གཞིས་ཆགས་ཁག་ནང་བསྐྱོད་དེ་༸གོང་ས་མཆོག་གི་དབུ་ཁྲིད་པའི་བཙན་བྱོལ་སྤྱི་ཚོགས་ནང་མུ་མཐུད་རང་དབང་ལྡན་པའི་འཚོ་བ་བསྐྱལ་ཏེ་ང་ཚོའི་གཞུང་གི་གཞིས་ཆགས་སྲ་བརྟན་སོགས་ལ་ཕན་པའི་སེམས་ཤུགས་ཡོད་མཁན་མང་དུ་ཕྱིན་ཚེ་ང་ཚོར་འགྲོ་ཡུལ་མེད་པའི་དཀའ་ངལ་དེ་རྩ་བ་ནས་ཡོང་མི་སྲིད་པ་ཞིག་རེད། དེ་ནི་ངའི་བསམ་ཚུལ་འབའ་ཞིག་ཡིན་པ་ལས་ནོར་འཁྲུལ་ཡོད་ཚེ་དགོངས་འགལ་མེད་པ་ཞུ༎

    Reply
  18. མི་ནག་ཚང་ལུང་རིགས་རྒྱལ། says:
    ལོ་ 15 སྔོན།

    གསང་གཏོར་ལགས། དེ་ཙམ་གྱི་གོ་བ་གུ་དོགས་པོ་ལེན་དགོས་དོན་ཨེ་ཡོད། ལྟ་གྲུབ་དང་རིགས་ལམ་མི་དགོས་པའི་སྐད་ཆ་ཞིག་གོང་གི་བསམ་ཚུལ་དེའི་མགོ་རྔ་གང་དུའང་བཤད་མེད་པ་སྐུ་ཉིད་ཀྱིས་བསྐྱར་དུ་གཟིགས་ན་རྟོགས་ཐུབ།

    ངས་གང་བཤད་པ་ནི། ༼ངས་ནམ་རྒྱུན་ང་ཚོའི་སྤྱི་ཚོགས་ནང་འདིར་བྱ་བ་ལེགས་ཉེས་གང་ཡིན་ཡང་། ལྟ་བ་དང་རིགས་ལམ་གྱི་ལམ་ནས་བརྩད་བསྡད་པ་མ་གཏོགས་ལག་ལེན་དངོས་ཀྱི་ཐོག་འབབ་དཀའ་བའི་གནས་སྟངས་དེ་མཐོང་ལ། བྱ་བ་ཕལ་ཆེ་བ་ནི་གཏམ་བཤད་ཀྱི་རིམ་པ་ནས་གླེང་བསྡད་པ་མ་གཏོགས་ལག་ལེན་ལ་མི་གཞོལ་བའི་དཀའ་ངལ་ཞིག་ཡོད། ༽ འདི་ཡིན།

    སྐད་ཆ་འདིའི་དཔེ་མཚོན་དགོས་ན་བཀའ་ཁྲི་མཆོག་གི་སྲིད་བྱུས་གསར་པའི་སྐྱ་ཐིག་གི་དོན་ཚན་རེ་རེ་བཞིན་ཞིབ་ཀློག་བྱས་ན་གསལ་ཡོང་གི་རེད།

    Reply
  19. གསང་གཏོར། says:
    ལོ་ 15 སྔོན།

    བོད་ཀྱི་དུས་བབ་རྩོམ་སྒྲིག་པ་ལགས།་མཁས་འདོད་མ་བྱེད་ན་བཟང།་་མཁས་བྱེད་རྒྱུ་མང་དྲག་ན་གླེན་རྟགས་སྟོན་རྒྱུ་རེད།་་ལྟ་གྲུབ་དང་དང་རིགས་ལམ་མེད་ནས་ལས་དོན་བྱེད་ཤེས་ཐབས་མེད།་་དྲན་མ་ཐག་པའི་ལས་དོན་བྱེད་རྒྱུ་མཐའ་འཁྱོལ་ཐབས་མེད་པ་གསལ་པོ་རེད།་་དཔེར་ན་ཁྱེད་རང་བོད་ཀྱི་དུས་བབ་རྩོམ་སྒྲིག་པ་བྱས་ནས་ལོ་ཤས་འགྲོ་ཡི་རེད།་རྩོམ་སྒྲིག་པའི་གཏམ་ཐུང་དེ་འབྲི་སྐབས་བསམ་བློ་བཏང་རིག་ལམ་ཀྱི་སྒོ་ནས་དཔྱད་པ་བྱས་ནས་འབྲི་ཀྱི་ཡོད་རེད་བསམ་གྱི་འདུག་་གང་དྲན་དྲན་གྱིས་འབྲི་ཡོད་རེད་བསམ་གྱི་མི་འདུག་་་

    Reply
  20. ཅོ་རི་ཉི་མ། says:
    ལོ་ 15 སྔོན།

    མའོ་ཡིས་རྒྱ་ནག་མི་སྤྱི་མཐུན་རྒྱལ་ཁབ་བཙུགས་ནས་འགོ་སྲིད་འཛིན་ནས་མཐའ་ཞིང་པ་མི་སེར་བར་དུ་འཚོ་བའི་སྐྱིད་སྡུག་འདྲ་མཉམ་བྱས་ཀྱིན་ཡིན་ཞེས་པའི་སྐད་ཆ་སྙན་པོ་འདི་དང་གཅིག
    བཙན་བྱོལ་གཞུང་གིས་ལམ་དབུ་མ་ཟེར་ན་འདྲ་འཚེ་མེད་ཞི་བདེ་ཟེར་ན་འདྲ་ཐག་ཆེན་སེམས་བསྐྱེད་ཟེར་ན་འདྲ་བོད་མིའི་གཤིས་ཀ་ཟེར་ན་འདྲ་སེམས་ཅན་ཐམས་ཅད་བདེ་སྡུག་གཅིག་གྱུར་བྱེད་ཀྱིན་ཡིན་ཞེས་པའི་སྐད་ཆ་སྙན་པོ་འདི་གཉིས་ནི།
    མི་ཆེན་བླ་ཆེན་རྣམས་ཀྱིས་ཁ་མར་འཁོར་ནས་གཏམ་བཤད་སྦེལ་སྐབས་སུ་སྐྱེ་བོ་ཀུན་གྱི་ཡིད་དུ་འོང་བ་ཞིག་དང་གཟི་བརྗིད་ལྡན་པ་ཞིག་ཡིན་པ་མ་ཟད་སྐྱེ་བོ་ཕལ་པ་ཀུན་གྱིས་རང་ཉིད་ལ་བདེ་སྐྱིད་དང་ཁེ་ཕན་ཐོབ་པའི་རེ་བ་ཞིག་སླེབས་ཡོང་བ་འདི་ནི་རིག་གནས་འདི་གཉིས་ཀྱི་ཁྱད་ཆོས་རེད།
    རིག་གནས་འདི་གཉིས་སྤྱི་ཚོགས་ནང་དུ་ལག་ལེན་ཐོག་ཏུ་ཡོང་ཡ་ཡོད་མེད་ནི་ད་ལྟའི་མའོ་སྐྱེ་ཡུལ་གྱི་ཞིང་པ་མི་སེར་རྣམས་ཀྱི་འཚོ་བའི་སྐྱིད་སྡུག་ལ་གཟིགས་ན་རྟོགས་ཐུབ།
    བོད་རྒྱལ་ཁབ་ཀྱི་ཆེད་དུ་འབུ་ཞིག་མི་བསད་པ་མི་རིགས་ཤིག་སྐྱོང་ཐུབ་མིན་ནི་ད་ལྟའི་བོད་ཕྱི་ནང་གཉིས་ཀྱིས་གནས་སྟངས་ལ་གཟིགས་ན་རྟོགས་ཐུབ།
    དེ་མིན་དྲ་གྲོགས་ཚེ་རིང་རྒྱུ་ཁྱེད་ཚོས་ལག་ལེན་དང་ཉམས་ལེན་དགོས་གསུངས་པ་དེ་ཚོ་ངོ་སྤྲད་རེ་གནང་རོགས།

    Reply
  21. རོགས་ཆུང་ལོ། says:
    ལོ་ 15 སྔོན།

    ལོ་གཅིག་སྟོང་ལྷག་གི་རིང་། བོད་པས་ལྟ་བ་དང་ཉམས་ལེན་གཉིས་བཤད་པ་རེད། ག་ལེ་ག་ལེར་ལྟ་བ་དེ་མུ་མཐུད་དེ་བཤད་ཀྱིན་ཡོད་ནའང་། ཉམས་ལེན་ནི་ནམ་མཁའི་འཇའ་ནང་བཞིན་ཆགས་པ་རེད། མི་རབས་སྔོན་མ་ནང་བཞིན་མི་རབས་རྗེས་མ་དང་གསར་པ་དག་གིས་ངོས་ལེན་བྱེད་ཀྱི་མ་རེད། བོད་ཕྱི་ནང་གཉིས་ཀ་ནས་རང་བཞིན་གཅིག་པ་རེད།

    Reply
  22. མི་ནག་ཚང་ལུང་རིགས་རྒྱལ། says:
    ལོ་ 15 སྔོན།

    ང་ངྷ་སར་བསྡད་པའི་ལོ་འདི་དག་གི་རིང་། གཏམ་བཤད་མང་པོར་ཉན་པ་ཡིན། རེ་བ་ཞིག་འདུག་སྙམ་ནས་དགའ་སྤྲོ་སྐྱེས་པའི་གྲངས་ཀ་སོ་སོར་མི་ངེས་ཤིང་། དེ་བཞིན་དུ། ལོ་འདི་དག་གི་རིང་། གཏམ་བཤད་དེ་དག་ལ་འབྲས་བུ་མ་སྨིན་པའི་སྡུག་ཡུས་ཀྱང་རྫོགས་མཐའ་མི་འའདུག ངའི་བསམ་ཚོད་ལ། འདི་ནི་གཤིས་ཀའམ་ལུགས་སྲོལ་ཞིག་ལ་འགྱུར་བཞིན་པའི་མཐོང་སྣང་བྱུང་།

    Reply
  23. མི་ནག་ཚང་ལུང་རིགས་རྒྱལ། says:
    ལོ་ 15 སྔོན།

    དྲ་གྲོགས་ཚོ། དེ་རིང་གི་ངའི་བསམ་ཚུལ་འདི་གསལ་བོ་བྱུང་མེད་པ་ཐག་ཆོད་རེད། ཡིན་ཡང་། བསམ་ཚུལ་མག་མོག་ཅིག་གི་ནང་དུ་བགྲོ་གླེང་ངར་མ་ཞིག་ཡོང་བཞིན་པ་འདྲ། བོད་མི་རིགས་ཀྱི་གཤིས་ཀའི་ཡ་མཐའ་དང་མ་མཐའ་གཉིས་ཀ་མངོན་ཐུབ་པའི་བགྲོ་གླེང་རེ་གནང་རོགས།

    Reply
  24. ཅོ་རི་ཉི་མ། says:
    ལོ་ 15 སྔོན།

    བོད་ཀྱི་སྐད་ཡིག་ནང་དུ་དེང་རབས་གསར་པའི་ལག་ཤེས་དང་རིག་གནས་བསྒྱུར་ཙམ་མ་ཐུབ་པ་བོད་མི་རིགས་ལ་དུས་རབས་21་ནང་དུ་་འཚོ་བ་ཡག་པོ་ཞིག་སྐྱེལ་ཐུབ་པ་ཡོང་མི་སྲིད་པ་ཞིག་རེད།
    ཡང་མིན་ན་བོད་ཡིག་འདི་མི་རིགས་ཀྱི་སྲོག་རྩ་རེད་ཞེས་གསུངས་པ་གཞག་ནས་བཙན་བྱོལ་བོད་ཀྱི་མི་དྲག་སྐུ་དྲག་ཚོས་བྱས་པ་ནང་བཞིན་བོད་མི་ཉམ་ཐག་ཚོས་ཀྱང་དབྱིན་ཡིག་སྦྱོང་ནས་བོད་ཡིག་བརྗེད་ནས་མི་ཚེ་སྐྱེལ་ན་ག་འདྲ་འདུག་གམ།

    Reply
  25. ཅོ་རི་ཉི་མ། says:
    ལོ་ 15 སྔོན།

    བདེ་བ་ཅན་ལགས།
    ལྟ་གྲུབ་དང་རིགས་ལམ་གྱི་རྣམ་གཞག་མེད་པར་ཅི་ཞིག་ལག་ལེན་བསྟར་དགོས་པ་རེད་དམ། ལྟ་གྲུབ་དང་རིགས་ལམ་གྱི་རྣམ་དཔྱོད་ཅི་གང་འཁུར་རྒྱུ་མེད་པའི་མ་འོངས་པའི་སྐྱེ་བོ་སླེབས་སོང་ན་འདི་ནི་རྒྱུགས་རྩལ་ཆེ་བའི་རྟ་རྒོད་ལོང་བ་དང་མཚུངས་པས་དེས་ང་ཚོར་ཅི་ཞིག་ཕན་ཐོགས་བྱ་ཐུབ་ཀྱི་རེད་དམ།
    ཞེས་གསུངས་པ་དེར་བསམ་ཚུལ་ཞིག་ཞུ་འདོད་པ་ནི། དཔེ་ན་ཟམ་གདོང་བླ་མ་ཡང་ཚུལ་གསུམ་རྟོག་གེ་རིག་པ་ལ་བརྟེན་ནས་ལྟ་བ་རྟེན་འབྱུང་དང་སྤྱོད་པ་འཚེ་བ་མེད་པ་གཉིས་ཀྱི་གོ་བ་ལེན་ཐུབ་པའི་མཁས་དབང་ཞིག་ཡིན་པ་ནི་ཞུ་མ་དགོས་པ་ཞིག་རེད།
    ཡིན་ཡང་བཙན་བྱོལ་སྤྱི་ཚོགས་ནང་གི་དངོས་ཡོད་དཀའ་ངལ་བོད་ནས་ཕེབས་པའི་གསར་འབྱོར་བ་དང་བཙན་བྱོལ་གཞུང་གི་ལས་གནས་དང་གོ་གནས་མེད་པའི་གཞི་ཆགས་ཁག་གི་བོད་མི་ཉམ་ཐག་རྣམས་ཀྱི་འཚོ་བའི་དཀའ་ངལ་ལ་སོགས་མ་མཐོང་པ་དེ་ནི་རྟ་རྒོད་ལང་བ་ཞིག་དང་གཅིག་མཚུངས་རེད་དོ། དེས་རིགས་ནི་ལག་ལེན་ངེས་པ་དུ་བསྟར་དགོས་པ་རེད།
    ནུབ་ཕྱོགས་པའི་ཁ་རྒྱུན་ལ་མི་གཞན་སྲོག་སྐྱོབ་པ་ལ་རང་ཉིད་སྲོག་འགོ་ཐོན་པ་དགོས་ཞེས་ཟེར་སྲོལ་ཡོད་པ་བཞིན་དུ་ང་ཚོས་ཀྱང་བོད་ལ་ཡོད་པའི་བོད་མི་རྣམས་སྐྱོབ་པ་ལ་ཉུང་མཐའ་ཡང་རང་ཉིད་ལྟོ་གོས་འགྲིག་པ་དགོས། བཙན་བྱོལ་མི་མང་གི་ལྟོ་གོས་གྲལ་སྒྲིག་མེད་པའི་མི་ཞིག་གིས་བོད་ཕྱི་ནང་གཉིས་ཀ་ཡར་རྒྱས་བཏོང་ཐུབ་བམ། ནུབ་ཕྱོགས་པའི་ཟེར་སྲོལ་ལ་ཆབ་སྲིད་ཡོང་ཁུངས་མི་ཚང་རེད་ཞེས་པ་བཞིན་མི་ཚང་ཞིག་སྐྱོང་བས་ཉམ་མྱོང་མེད་པའི་མི་ཞིག་གིས་རྒྱལ་ཁབ་སྐྱོང་མི་ཐུབ་པ་དེ་ཡང་དངོས་ཡོད་རེད་དྲན་གྱིན་འདུག།

    Reply
  26. བསེ་རུ། says:
    ལོ་ 15 སྔོན།

    ལྟ་གྲུབ་དང་རིགས་ལམ་གྱི་རྒྱབ་རྟེན་ཡོད་དགོས་པ་ནི་འཆར་གཞི་ལྡན་པའི་འགྲོ་སྟངས་ཤིག་རེད་ལ། ལག་ལེན་གྱི་གོམ་སྟབས་ཤིག་སྤོ་མ་ཐུབ་ན། ལྟ་གྲུབ་དང་རིགས་ལམ་ནི་ཤོག་ཐོག་ཙམ་དང་ངག་ཐོག་ཙམ་དུ་ལུས་ཚེ། དེ་ནི་མེ་ལོང་ནང་གི་ངོ་གདོང་ཙམ་རེད་ཅེས་བཤད་ཆོག

    བསྟེན། བརྟེན།
    བརྙེད། རྙེད།

    Reply
  27. ཅོ་རི་ཉི་མ། says:
    ལོ་ 15 སྔོན།

    ནང་པ་སངས་རྒྱས་ལྟ་བ་རྟེན་འབྱུང་དང་སྤྱོད་པ་འཚེ་བ་མེད་པ་འདི་གཉིས་སྒྲུབ་བྱེད་ཀྱི་ཚུལ་གསུམ་རྟོག་གེ་རིག་པ་འདི་རྣམས་ནི་བོད་མི་རིགས་ཀྱི་རིག་གཞུང་ཟེར་ན་ཡང་འདྲ་བོད་མི་རིགས་རྒྱུ་ཟེར་ན་ཡང་འདྲ། འདི་ནི་བོད་མི་རིགས་ཀྱི་ཡོད་ཚད་ནས་ཡོད་ཚད་ཐམས་ཅད་འདི་རེད་དོ།
    འདི་མ་གཏོགས་བོད་མི་རིགས་འདི་ལ་དགྲ་ལ་ངོམ་གྱིས་དང་གཉེན་ལ་ཕྱར་གྱིས་ཅི་ཞིག་ཡོད་དམ།

    Reply
  28. མགྲིན་པ་ཟབ་མོ། says:
    ལོ་ 15 སྔོན།

    ང་ཚོ་བོད་ལ་ཡང་ངོ་མ་ལྟ་གྲུབ་འཆད་མཁན་ཡོད་ན། ལྟ་གྲུབ་དེ་དག་གྷན་རྡེ་ནང་བཞིན་ལག་ལེན་ལའང་འདེབས་ཐུབ་པ་ཞིག་དགོས་པ་དངོས་ཡོད་རེད། དེ་མིན་ཆོས་རྐྱང་རྐྱང་ངམ་ལྟ་གྲུབ་ཅིག་ལ་གཞི་བཅོལ་ཏེ་དེའི་སྐོར་རྐྱང་གསུང་ནས་བསྡད་པ་ཡིན་ན་ཕན་ས་ལོས་ཡོད་ཀྱང་། སྐབས་རེར་དེང་གི་དུས་རབས་ཀྱི་འགྲོས་དང་མི་མཐུན་པའི་བཟོ་འདུག

    ལྷག་པར་དུ་ཆབ་སྲིད་ཀྱི་ཕྱོགས་ནས་བཤད་ན། གལ་སྲིད་མང་གཙོ་ཡིན་ན་མང་ཚོགས་ཀྱིས་རང་གི་ཆབ་སྲིད་ཀྱི་དབུ་ཁྲིད་དེར་ལས་དོན་རེ་རེ་བཞིན་རྩིས་རྒྱག་དགོས་མོད། ང་ཚོར་འདིའི་ཕྱོགས་ནས་རྒྱང་ཐག་རིང་པོ་རེད།

    Reply
  29. ཅོ་རི་ཉི་མ། says:
    ལོ་ 15 སྔོན།

    རྩོམ་སྒྲིག་པ་དང་མཆན་འདེབས་པ་བདེ་བ་ཅན་རྣམས་ཀྱི་རྩོད་བཞིན་པའི་ལྟ་གྲུབ་དང་རིག་ལམ་ཞེས་ལྟ་གྲུབ་དེ་ནང་པ་སངས་རྒྱས་པའི་ལྟ་གྲུབ་ལ་གསུངས་ཀྱིན་ཡོད་དམ། ཆབ་སྲིད་ཀྱི་ལྟ་གྲུབ་ཤིག་ལ་གསུངས་ཀྱིན་ཡོད་དམ་རིག་ལམ་ཞེས་པ་འདི་ཚུལ་གསུམ་རྟོག་གེ་རིག་པ་གསུངས་ཀྱིན་ཡོད་དམ་དེ་མིན་པའི་རིག་ལམ་ཞིག་ལ་གསུངས་ཀྱིན་ཡོད་དམ།
    ང་ལྟ་བུ་མཐོང་རྒྱ་དང་ཐོས་རྒྱ་ཆུང་བའི་བོད་མི་ཞིག་གིས་གོ་བ་ལེན་ཁག་པོ་འདུག་དེར་བརྟེན་འགྲེལ་བཤད་ཤིག་གནང་རོགས།
    གྲོགས་མེ་འོད་ལགས་ཀྱི་བཆན་ཞིག་བཏབ་པ་དགའ་པོ་བྱུང་དེ་རིང་ཡང་ཇ་ཞིག་ཁོལ་ས་རེད་དམ།ཧཧཧཧཧཧ

    Reply
  30. བདེ་བ་ཅན། says:
    ལོ་ 15 སྔོན།

    ད་ལྟའི་བཙན་བྱོལ་བོད་གཞུང་འདི་ནི་ལྟ་གྲུབ་དང་རིགས་ལམ་ལ་གཞི་བཅོལ་བའི་སྲིད་གཞུང་ཞིག་ཡིན། འདིའི་རྗེས་ཀྱི་སྲིད་གཞུང་དེ་ནི་ངེས་པར་དུ་ལག་ལེན་ལ་གཞི་བཅོལ་བའི་སྲིད་གཞུང་ཞིག་ཡིན་དགོས་ཀྱི་འདུག་ཅེས་པ་འདིར་ང་ཚོས་གོ་བ་ལེན་ཁག་ཙམ་རེད།ལྟ་གྲུབ་དང་རིགས་ལམ་གྱི་རྣམ་གཞག་མེད་པར་ཅི་ཞིག་ལག་ལེན་བསྟར་དགོས་པ་རེད་དམ། ལྟ་གྲུབ་དང་རིགས་ལམ་གྱི་རྣམ་དཔྱོད་ཅི་གང་འཁུར་རྒྱུ་མེད་པའི་མ་འོངས་པའི་སྐྱེ་བོ་སླེབས་སོང་ན་འདི་ནི་རྒྱུགས་རྩལ་ཆེ་བའི་རྟ་རྒོད་ལོང་བ་དང་མཚུངས་པས་དེས་ང་ཚོར་ཅི་ཞིག་ཕན་ཐོགས་བྱ་ཐུབ་ཀྱི་རེད་དམ། ངས་བལྟས་ན་ལྟ་གྲུབ་དང་རིགས་ལམ་གྱི་རྩལ་ནུས་དགོས་ལ། དེ་ལས་བྱུང་བའི་རྣམ་དཔྱོད་ཀྱིས་ལག་ལེན་འཁུར་ཐུབ་མཁན་ཞིག་དགོས་ཀྱི་ཡོད། གང་ལྟར་ལོ་ངོ་བཅུའི་རིང་གི་དུས་ཡུན་ནང་ལྡེང་བའི་ཆ་དང་མི་ལྡེང་བའི་ཆ་གཉིས་ཀ་ཡོད་པ་ང་ཚོས་མཐོང་ཆོས་སུ་གྱུར་ཡང༌། ལྟ་གྲུབ་དང་རིགས་ལམ་འབའ་ཞིག་ལས་ལག་ལེན་ཅི་གང་མེད་པ་ཞིག་ཡིན་པར་ཡིད་ཆེས་བྱ་གི་མེད། ཡིན་ནའང་ད་ལྟ་ང་ཚོས་འཚོལ་བཞིན་པའི་མ་འོངས་པའི་བཀའ་བློན་ཁྲི་པ་འདི་ནི་ཆབ་སྲིད་པ་འགའ་ཞིག་གིས་ཡོང་མི་སྲིད་པ་དང་ཐོན་མི་སྲིད་པའི་ཚོད་དཔག་གི་ཚད་གཞི་ལས་འགལ་རྒྱུར་ང་ཚོར་ཡིད་ཆེས་ཡོད། དེ་གང་ལ་ཞུ་ན་འབྱུང་འགྱུར་གྱི་བཀའ་ཁྲི་འདེམས་ཕྱོགས་ཐད་ང་ཚོས་སྔོན་ཚུད་ནས་དེ་སྔ་ལས་ལྡབ་འགྱུར་གྱི་གླེང་སློང་དང་སྟ་གོན་བྱས་ཟིན་པས་སོ༎

    Reply
  31. མེ་འོད། says:
    ལོ་ 15 སྔོན།

    ལག་ལེན་དང་ལྟ་གྲུབ་བར་གྱི་འགལ་ཟླ་འདི་འཚབ་ཆེན་ཞིག་རེད། རྩོམ་ཡིག་འབྲི་མཁན་དེ་ཚོས་ཀྱང་ལྟ་གྲུབ་བྲིས་པ་མང་ཡང་ལག་ལེན་ལ་བསྟར་བ་ཉུང་ཉུང་རེད། སྤྱིར་ལྟ་གྲུབ་མཁས་ཤིང་རིགས་ལམ་ཡག་པའི་མི་ཞིག་ཡིན་ན་གནད་དོན་ལ་དཔྱད་བསྡུར་དང་དབྱེ་ཞིབ་བྱེད་པར་མཁས་པ་ཡིན། ཡིན་ནའང་ལག་ལེན་ལ་དགའ་བའི་མི་དེ་ལ་ཤེས་ཡོན་དང་རང་ཚུགས་ཀྱི་ཆ་རྐེྱན་འཛོམས་པོ་ཞིག་མེད་ན་དེ་ལས་ཐུ་མོ་ཞིག་ཡོད་ཚོད་མ་རེད།

    Reply
  32. བོད། ཤ་ཁྲག་རུས་གསུམ། says:
    ལོ་ 15 སྔོན།

    ད་རེབས་དངོས་ནས་རྩོམ་སྒྲིག་པ་ལགས་ཀྱི་སྐད་ཆ་གནད་དུ་འཁེལ་འདུག དངོས་ནས་ལག་ལེན་ལ་འབེབས་པའི་དུས་ཤིག་ལས། བཤད་ནས་བསྡོད་པའི་དུས་ཡུན་རྫོགས་ཟིན་པའི་བསྐོར་ལ་བདག་གིས་ཀྱང་ཐེངས་མང་བོ་སྐད་རྒྱག་ཁུལ་བྱས་པ་ཡིན། དེ་རིང་རྩོམ་སྒྲིག་པ་ལགས་ཀྱིས་ཐད་ཀར་འདི་ལྟར་གསུངས་དུས། མི་མི་ཉུང་བ་ཞིག་གི་རྣ་བ་ཀྲོང་ངེར་འགྲོ་བོར་ཤོག

    Reply

དཔྱད་མཆན་སྤེལ། Cancel reply

Your email address will not be published. Required fields are marked *

སྤྱི་ཚོགས་དྲ་གནས།

ཁྱབ་བསྒྲགས།

དྲ་ངོས་ཀྱི་གནས་ཚུལ་ཚང་མའི་པར་དབང་བོད་ཀྱི་དུས་བབ་ལ་ཡོད།

གློག་འཕྲིན།

editor@tibettimes.net | office@tibettimes.net

ཁ་པར།

+91-98823-47075 | +91-92189-38041 | +91-81972-44372

Welcome Back!

OR

Login to your account below

Forgotten Password?

Retrieve your password

Please enter your username or email address to reset your password.

Log In

Add New Playlist

No Result
ཆ་ཚང་གཟིགས།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
    • གླ་ཡོད་རིན་གོང་།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese