མདུན་ངོས།
About Us
  • English
Advertisement
བོད་ཀྱི་དུས་བབ།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
    • གླ་ཡོད་རིན་གོང་།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese
No Result
ཆ་ཚང་གཟིགས།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
    • གླ་ཡོད་རིན་གོང་།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese
No Result
ཆ་ཚང་གཟིགས།
བོད་ཀྱི་དུས་བབ།
English
No Result
ཆ་ཚང་གཟིགས།

ཁམས་སོག་རྫོང་གི་ན་གཞོན་ཚོ།

བོད་ཀྱི་དུས་བབ།
༢༠༠༩/༡༢/༠༣
Share on FacebookShare on TwitterShare on EmailShare on Whatsapp

ཁམས་སོག་རྫོང་དུ་འཇུ་བཟུང་བྱས་པའི་ན་གཞོན་བཞིའི་ནང་རྒྱལ་སེང་དང་ཉི་མ་དབང་ཕྱུག་གཉིས་ལ་ལོ་གསུམ་རེའི་ཁྲིམས་ཐག་བཅད་ཡོད་འདུག་ཀྱང་ད་དུང་ནང་མི་རྣམས་དང་ཐུག་འཕྲད་བྱེད་བཅུག་མི་འདུག
འབྲེལ་ཡོད་མི་སྣས་གནས་ཚུལ་མཁོ་སྤྲོད་བྱས་པ་ལྟར་ན། ད་ལོའི་ཕྱི་ཟླ་ ༡༠ ཚེས་ ༡ ཉིན་རྒྱ་ནག་གི་རྒྱལ་སྟོན་དུས་ཆེན་སྐབས་ཁམས་སོག་རྫོང་དུ་འཇུ་བཟུང་བྱས་པའི་ན་གཞོན་བཞིའི་ནང་རྒྱལ་སེང་དང་ཉི་མ་དབང་ཕྱུག་གཉིས་ལ་ལོ་གསུམ་རེའི་ཁྲིམས་ཐག་བཅད་ཡོད་འདུག་ཀྱང་ད་དུང་ནང་མི་རྣམས་དང་ཐུག་འཕྲད་བྱེད་བཅུག་མེད་པ་དང་།  ཁོ་ཚོར་མནར་གཅོད་བཏང་སྟེ་ཡན་ལག་སྐྱོན་ཅན་བཟོས་མེད་དམ་སྙམ་ནས་ཡུལ་མི་དང་ནང་མི་རྣམས་ཀྱིས་སེམས་ཁྲལ་བྱེད་ཀྱིན་ཡོད་འདུག ཡེ་ཤེས་ནམ་མཁའ་དང་ཨ་ནིས། ཕ་ཡུལ་སོག་རྫོང་ཁྲི་རྡོ་གྲོང་སྡེ་ནས་ཡིན་པ་དང་ལྷ་ས་ནས་འཇུ་བཟུང་བྱས་པ་ཐུབ་བསྟན་བཅས་ལ་ད་དུང་ཁྲིམས་ཐག་བཅད་མེད་པ་མ་ཟད་ས་གནས་གང་དུ་ཁྲིད་ཡོད་མེད་གསལ་ཁ་མི་འདུག

དེང་སྐབས་སོག་རྫོང་དུ་དེང་རབས་ཀྱི་སློབ་སྦྱོང་ཐོབ་པའི་ན་གཞོན་མང་པོ་ཞིག་ལ་རྒྱ་གཞུང་གིས་གནོན་ཤུགས་སྤྲོད་བཞིན་པ་མ་ཟད།  དབྱིན་ཡིག་ཤེས་མཁན་རྣམས་ལ་དོ་དམ་ནན་པོ་བྱེད་ཀྱིན་ཡོད་འདུག ན་ནིང་ཞི་རྒོལ་ཆེན་མོའི་སྐབས་འཛིན་བཟུང་བྱས་པའི་སོག་རྫོང་ཅུང་པ་ཉི་མ་གླིང་དགོན་པའི་གྲྭ་བསྟན་འཛིན་ཤེས་རབ་ལོ་ ༡༥ དང་ངག་དབང་བློ་གྲོས་ལ་ལོ་ ༡༧། ཚུལ་ཁྲིམས་བསྟན་དར་ལ་ལོ་ ༢༡ དང་།  སོག་རྫོང་གཡང་ངེ་ཤང་གཡོ་ནག་གྲོང་ཚོ་ནས་ཡིན་པ་ལོ་ ༥༢ ཅན་ཆམ་བུ་དགུ་གྲུབ།  སོག་རྫོང་ཐོག་ཏུ་སྦྱར་ཡིག་བཀྲམས་པའི་ཉེས་མིང་ཕོག་པ་སོག་ཙན་དན་དགོན་པའི་གྲྭ་མཆོག་ལྡན་ཚུལ་ཁྲིམས་རང་ལོ་ ༡༩ ཅན།  སོག་རྫོང་གི་ཁྲོམ་རའི་བཞི་མདོ་རུ་ལངས་ཏེ་བོད་རང་བཙན་ཡིན་ཞེས་སྐད་འབོད་བྱེད་མཁན་བསོད་ནམས་རྒྱལ་པོ་ལོ་ ༡༥ ཡིན་པ་བཅས་ལ་ད་དུང་ཁྲིམས་ཐག་བཅད་མེད་པ་དང་།  ཁོང་རྣམས་གང་དུ་བཙོན་འཇུག་བྱས་ཡོད་མེད་ཤེས་རྟོགས་མེད་པ་མ་ཟད། གསོན་པོར་གནས་ཡོད་མེད་ཀྱང་ཐེ་ཚོམ་རེད་འདུག་ཅེས་འགྲེལ་བརྗོད་བྱས་བྱུང་།

བང་ཆེན་གསར་འགོད་པ་ངག་དབར་ཐར་པས་མཁོ་སྤྲོད་བྱས།

འབྲེལ་ཡོད་གསར་འགྱུར།

པར་བོད་ཀྱི་དུས་བབ་ཀྱི་བསྒྲིགས།
བསམ་ཚུལ།

རྒྱ་ནག་གི་ཆུ་མཛོད་ཆེན་མོ་དེ་ནི་གཙང་པོའི་སྟོད་རྒྱུད་ཀྱི་ཆུའི་འབར་རྫས་ཤིག་རེད།

ཆུ་ཚོད་ ༡༢ སྔོན་ལ།
AfD party members celebrate victory in Saxony-Anhalt on Sunday [Matthias Schrader/AP]
Mobile App

གཡས་ཐལ་རིང་ལུགས་པའི་མགོ་འཕངས་ཇེ་མཐོ་རེད།

༢༠༢༦/༠༩/༡༡
Hong Kong’s Tiananmen vigil organizers handed lengthy prison terms
Mobile App

དྲུག་བཞིའི་དོན་རྐྱེན་རྗེས་དྲན་ཞུ་མཁན་གསུམ་ལ་བཙོན་འཇུག་ཁྲིམས་ཐག་བཅད།

༢༠༢༦/༠༩/༡༡
ངོ་རྒོལ་ལས་འགུལ་སྤེལ་སྐབས། གཞོན་ནུ་ལྷན་ཚོགས་ཀྱི་པར།
Mobile App

ཞི་ཅིན་ཕིན་རྒྱ་གར་དུ་ཡོང་བར་ངོ་རྒོལ་ཡོད།

༢༠༢༦/༠༩/༡༡
Hong Kong's then Chief Executive Tung Chee-hwa listens during a Legislative Council meeting, October 14, 2004. (REUTERS)
Mobile App

ཧོང་ཀོང་གི་སྤྱི་ཁྱབ་ཏོང་ཅན་ཧྭའི་ཚེ་སྲོག་དང་ལྷན་དུ་རྒྱལ་ཁབ་གཅིག་ལ་ལམ་ལུགས་གཉིས་ཞེས་པའི་སྲིད་ཇུས་མཇུག་བསྒྲིལ།

༢༠༢༦/༠༩/༡༠
Advertisement for App

བོད་ཀྱི་ཟློས་གར་ཚོགས་པའི་ལས་བྱེད་ས་མིག་གསལ་བསྒྲགས།

༢༠༢༦/༠༩/༡༠

མཆན། 6

  1. ཨ་ཆགས་ཚེ་རྡོར།་ says:
    ལོ་ 17 སྔོན།

    ཕྱི་ལོ་༢༠༠༨་ལོའི་ཞི་རྒོལ་སྐབས་འཛིན་བཟུང་བྱས་པའི་རྒྱལ་གཅེས་པ་དག་ད་དུང་གར་ཡོད་མ་ངེས་པ་འདི་རིགས་ལ་རྒྱ་ནག་རང་དབང་སྨྱུག་ཚོགས་བརྒྱུད་རྒྱ་གཞུང་གིས་ངོས་ལེན་ཡོད་པའི་ཁྲིམས་རྩོད་པ་བཙལ་འཚོལ་གྱིས་གར་ཡོད་གང་ཁྲིད་ཁྲིམས་ཐོག་ནས་བརྩད་ཞིབ་བྱ་ཐུབ་ན་དགེ་ཕན་ཆེ།་བོད་མི་རྣམས་ལྐོག་འཛིན་བཙན་ཁྲིད་བྱེད་བཞིན་པ་དག་རྒྱ་གཞུང་རྩ་ཁྲིམས་སུའང་རྩ་འགལ་ཆགས་ཡོད་ན།བྱ་སྤྱོད་འདི་རིགས་དམར་གཞུང་ཁོ་ནའི་ལྐོག་ཇུས་ཤིག་ཡིན་ཙང་བོད་ཀྱི་བདེན་པའི་དོན་དངོས་ཀྱི་རྒྱབ་ལྗོངས་རྟོགས་པའི་རྒྱ་རིགས་ཤེས་ཡོན་པའི་སྡེ་ཁག་དང་འབྲེལ་འཛུགས་ཀྱིས་འགུལ་བསྐྱོད་བྱེད་ཐུབ་རྒྱུ་གལ།

    Reply
  2. བདེ་བ་ཅན། says:
    ལོ་ 17 སྔོན།

    སྐྱོན་ཡོད་མ་རེད། ཁྱེད་རང་དེར་ཁ་བཤད་ནས་བསྡད་མཁན་ཞིག་ཡོད་པ་རེད་པཱ།

    Reply
  3. བོད། ཤ་ཁྲག་རུས་གསུམ། says:
    ལོ་ 17 སྔོན།

    བོད་དུ་སྤུན་ཟླ་རེ་རེ་བོད་དོན་དུ་གར་སོང་ཆ་མེད་རེད། བྱེས་སུ་སྤུན་ཟླ་རེ་རེ་རྒྱུ་འབྱོར་ཆེད་དུ་རེ་རེ་བཞིན་གར་སོང་ཆ་མེད་རེད། གཞིས་བྱེས་གཉིས་སུ་བོད་མི་དག་གར་སོང་ཆ་མེད་དུ་གྱུར་བ་ཡིན་ན། དངོས་ནས་སེམས་པ་སྐྱོ་བོ་རེད།

    Reply
  4. བདེ་བ་ཅན། says:
    ལོ་ 17 སྔོན།

    གོང་གསལ་རྒྱལ་གཅེས་པ་གཉིས་ཀྱི་གཙོས་པའི་བོད་ཁྱོན་ཡོངས་སུ་རྒྱ་དམར་གྱི་དབང་བསྒྱུར་འོག་སྡུག་སྦྱོང་མྱོང་བཞིན་པ་རྣམས་ལ་ག་དུས་ཡིན་ནའང་ང་ཚོས་གདུང་སེམས་མཉམ་སྐྱེད་ཡོད། དེ་མིན་ཁྲིམས་ཐག་བཅད་མེད་པའི་བོད་མི་རྣམས་ཀྱང་གང་མགྱོགས་འཆི་གསོན་གྱི་གནས་སྟངས་ཤེས་པ་དང་བདེན་པ་མཐའ་གསལ་ཡོང་རྒྱུར་ང་ཚོ་བོད་མི་ཀུན་གྱི་སྟོབས་ཤུགས་གཅིག་བསྒྲིལ་གྱིས་འབད་པ་བྱ་རྒྱུ་ཡིན༎

    Reply
  5. མཚོ་ཚང་བཀྲིས། says:
    ལོ་ 17 སྔོན།

    གཞིས་ལུས་ཆོལ་གསུམ་རྒྱལ་གཅེས་དཔའ་བོ་དཔའ་མོ་དག་གི་སྐུ་ཚེ་ལ་བར་ཆད་མེད་པར་སྨོན།

    Reply
  6. བསྟན་པ་ཡར་འཕེལ། says:
    ལོ་ 17 སྔོན།

    ཁམས་སོག་རྫོང་གི་རྒྱལ་གཅེས་པ་དག་སྐུ་ཚེ་ལ་བརཆད་མི་ཡོང་བར་སྨོན།

    Reply

དཔྱད་མཆན་སྤེལ། Cancel reply

Your email address will not be published. Required fields are marked *

སྤྱི་ཚོགས་དྲ་གནས།

ཁྱབ་བསྒྲགས།

དྲ་ངོས་ཀྱི་གནས་ཚུལ་ཚང་མའི་པར་དབང་བོད་ཀྱི་དུས་བབ་ལ་ཡོད།

གློག་འཕྲིན།

editor@tibettimes.net | office@tibettimes.net

ཁ་པར།

+91-98823-47075 | +91-92189-38041 | +91-81972-44372

Welcome Back!

OR

Login to your account below

Forgotten Password?

Retrieve your password

Please enter your username or email address to reset your password.

Log In

Add New Playlist

No Result
ཆ་ཚང་གཟིགས།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
    • གླ་ཡོད་རིན་གོང་།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese