མདུན་ངོས།
About Us
Advertisement
བོད་ཀྱི་དུས་བབ།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese
No Result
ཆ་ཚང་གཟིགས།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese
No Result
ཆ་ཚང་གཟིགས།
བོད་ཀྱི་དུས་བབ།
No Result
ཆ་ཚང་གཟིགས།

གཟུགས་མེད་ཅིག

བོད། ཤ་ཁྲག་རུས་གསུམ།
༢༠༠༩/༡༢/༠༥
Share on FacebookShare on TwitterShare on EmailShare on Whatsapp

ཁྱེད་རང་མི་མངོན་པའི་ཚུལ་གྱིས་ངའི་ཕྱི་ནང་བར་གསུམ་དུ་འཛུལ་དེ་འོང་དུས་སུ། ཁྱེད་རང་དངོས་ནས་ཤེས་འདོད་འདུག་པའི་ང་ལ་དེ་ལྟར་མ་བྱེད། ག་ལེར་མངོན་ནས་ཕེབས་ཤོག ངས་ཁྱེད་རང་གཟུགས་མེད་ཅིག་ལས་གཟུགས་ཡོད་ཅིག་དང་། གཟུགས་ཡོད་ཅིག་ནས་ང་རང་ལ་སྐད་ཆ་ཐད་ཀར་བཤད་འཕོད་མཁན་གྱི་སྨྲ་ཤེས་ཤིང་དོན་གོ་བ་ཞིག་དུ་མཐོང་འདོད་འདུག

མི་ལོ་འདི་ལ་སླེབས་རེག་བར་དུ། ངས་ཁྱེད་རང་ལ་གཏན་ནས་དྲི་བ་ཞིག་གཏོང་མ་མྱོང་། དོ་ནུབ་ལྷིང་འཇག་གི་མཚན་མོར་འདིར་ངས་ཁྱེད་རང་ལ་དྲི་བ་ཞིག་གཏོང་འདོད་འདུག ཁྱེད་ཀྱིས་ང་རང་ཆུང་དུས་ནས་བཟུང་དེ་འདི་ལྟར་སྲུང་དེ་འདུག་དོན་ཅི་ཡིན་ནམ། ཡང་ན། ང་རང་ལ་སྐྲག་སྣང་ཞིག་སློང་ཆེད་ཡིན་ནམ། དེ་མིན་ན་ང་རང་ལ་གསང་བ་གང་ཞིག་བཤད་འདོད་ཀྱི་གཡིབ་དེ་བསྡད་ཡོད་དམ།

དོན་དངོས་སུ་བོད་མི་དག་གིས་གཟུགས་མེད་ནི་འདྲེ་རིགས་སུ་འདོད་པའམ། ཡང་ན། མི་ལ་གནོད་འཚེ་གཏོང་མཁན་གྱི་རིགས་ཤིག་དུ་བསམ་བཞིན་ཡོད་པ་རེད། དེ་རིང་བདག་གིས་སུ་ཡང་མེད་པའི་མཚན་མོ་འདིར་ངས་ཁྱེད་རང་དངོས་སུ་མཐོང་འདོད་འདུག ཁྱེད་ཀྱི་ང་རང་ལ་སྐད་ཆ་གསལ་བོ་ཞིག་བཤད་རྒྱུར་བལྟས་ནས་ཡོད།

མི་ནི་དོགས་པ་རྣམ་དོག་གི་དབང་འོག་དུ་འཆི་མ་ཐུབ་པའི་ལུས་ཡོད་པའི་གཟུགས་ཅན་ཞིག་ཡིན་དུས། ང་རང་ཡང་དེ་ལས་རིང་དུ་བརྒལ་མེད་དུས། ངས་ངོ་མ་ཁྱེད་རང་ཤེས་འདོད་འདུག་ལ། ངས་ཁྱེད་རང་དངོས་སུ་མཐོང་འདོད་ཀྱི་མདུན་པ་དངོས་ནས་ཆེན་པོ་ཡོད་པ་ཁྱེད་ཀྱི་ཤེས་ན་རེད།

གཟུགས་མེད་ཟེར་དུས། གཟུགས་ཡོད་ཀྱི་མི་དག་གིས་མཐོང་བ་ཞིག་མིན་རབས་རེད་དེ། ཁྱེད་རང་དེ་ལྟར་མུ་མཐུད་དུ་མི་མཐོང་ས་ཞིག་དུ་སྐོང་དེ་བསྡད་པ་ཡིན་ན། ང་རང་གི་དོགས་པ་རྣམ་དོག་ཆེ་ཆེར་འགྲོ་བ་ལས། ངའི་ཕྱི་ནང་བར་གསུམ་ལ་འགྱུར་བ་འགྲོ་རྒྱུར་གང་ཡང་ཕན་གྱི་མི་འདུག་སྟབས། ང་རང་ལ་དངོས་ནས་གཟུགས་མེད་ཅིག་གི་ལྟ་སྐྱོང་ནི་རྨི་ལམ་ནང་གི་མེ་ཏོག་བདྨ་དཀར་པོ་དེ་དག་རི་ངོས་ཤིག་དུ་འོད་ལྷམ་ལྷམ་འཚེར་བ་དང་འདྲ་བར། རྨི་ལས་སད་དུས་རེག་རྒྱུ་མེད་པ་དང་། མིག་གི་མདུན་དུ་དངོས་སུ་མཐོང་རྒྱུ་མེད་པ་དེ་འདྲ་ཞིག་ནི་དགོས་དོན་མི་འདུག

དེ་མིན་ན། དོ་ནུབ་ནས་བཟུང་དེ་གཟུགས་མེད་ཁྱེད། ངའི་ཕྱི་ནང་བར་གསུམ་དང་ཁ་བྲལ་ནས་རིང་དུ་གྱེས་ཤིག གྱེས་པ་དེ་ཡང་ཤ་གསེང་རུས་གསེང་ནས་བུད་དེ་འགྲོ་རོགས་ཞུ། དེ་མིན་ང་རང་ནི་གཟུགས་ཡོད་ཀྱི་མི་ལུས་ཤིག་ཞིག་གི་དེ་འདྲ་ཞིག་མྱོང་འདོད་མི་འདུག་ལ། དོགས་པ་རྣམ་དོག་དེ་ཡང་ཇེ་ཆེར་གཏོང་འདོད་མེད་པ་ཤེས་པར་གྱིས་ཤིག

འབྲེལ་ཡོད་གསར་འགྱུར།

བོད་རེབ་གོང་རྫོང་མི་མང་སྲིད་གཞུང་ཟེར་བས་སྡེ་བ་བརྒྱད་ཀྱི་ནང་ནས་ས་ཆ་བསྡུ་རྒྱུ་ཡིན་པའི་བཀའ་བཏང་། ༢༠༢༣།༠༥།༢༩
Mobile App

རེབ་གོང་གི་སྡེ་བ་བརྒྱད་ཀྱི་ནང་ནས་ས་ཆ་གཞུང་བཞེས་གཏོང་རྒྱུ་ཡིན་པའི་བཀའ་བཏང་།

ཆུ་ཚོད་ ༡༨ སྔོན་ལ།
༧གོང་ས་མཆོག་དང་ཏུར་ཀིའི་སྲིད་འཛིན་ཨེར་ཌོ་གྷན། པར་དུས་བབ་ཀྱིས་བསྒྲིགས།
༸གོང་ས་མཆོག གསར་འགྱུར།

ཏུར་ཀིའི་སྲིད་འཛིན་ལ་བསྐྱར་དུ་རྒྱལ་ཁ་ཐོབ་པར་འཚམས་འདྲི་མཛད་འདུག

ཆུ་ཚོད་ ༡༩ སྔོན་ལ།
Representative image. Credit: DH Photo

Read more at: https://www.deccanherald.com/national/east-and-northeast/all-meat-shops-in-sikkim-to-remain-closed-till-june-4-in-view-of-tibetan-festival-1222433.html
Mobile App

ཧི་མ་ལ་ཡའི་རི་རྒྱུད་པ་ཚོས་གཞུང་འབྲེལ་ཐོག་ནས་ས་ག་ཟླ་བའི་རིང་ཤ་ཁང་སྒོ་བརྒྱབ།

ཆུ་ཚོད་ ༢༢ སྔོན་ལ།
༸གོང་ས་མཆོག གསར་འགྱུར།

ཕལ་ཆེར་ལོ་ཁ་ཤས་ནང་སྦྱོར་ལམ་གྱི་རྟོགས་པ་སྐྱེ་ཡོང་བསམ་པའི་རེ་བ་བྱེད་བཞིན་ཡོད་ཅེས་གསུངས།

༢༠༢༣/༠༥/༢༧
ཁྲི་ཟུར་ཟམ་གདོང་རིན་པོ་ཆེ་མཆོག་ནས་སཱི་ཤེས་ཡོན་སློབ་གསོའི་སྐོར་ལ་གསུང་བཤད་གནང་། ༢༠༢༣།༠༥།༢༥ དྲ་བརྙན་གྱི་པར།
Mobile App

སཱི་ཤེས་ཡོན་སློབ་གསོ་ནི་ཧ་ཅང་གཏིང་ཟབ་པའི་རིག་པའི་གཞུང་ལུགས་ཤིག་རེད་ཅེས་གསུངས།

༢༠༢༣/༠༥/༢༦
Mobile App

རྒྱ་ནག་གཞུང་གིས་མཐའ་མཚམས་སུ་གྲོང་ཚོ་གསར་པ་ཞིག་འཛུགས་སྐྲུན་བྱེད་བཞིན་འདུག

༢༠༢༣/༠༥/༢༦

མཆན། 5

  1. sha tak ri sim says:
    ལོ་ 13 སྔོན།

    ཇིང་སྲས་མིག་གསུམ་ལགས། རྨི་ལམ་ཞིག་བྲིས་མེད་ལགས།

    ཁ་བ་དཀར་པོ་ལགས། སྐུ་ཉིད་ཀྱིས་མཁྱེན་རྟོགས་གནང་བ་དེར་སྐུ་དྲིན་ཆེ་ལགས།

    སྐར་ཁྲི་བཙན་ལགས། གྲྭ་ཆས་གཡུགས་ཚར་བ་ཞིག་ལ། ཡང་བསྐྱར་གྲྭ་ཆས་གོན་རྒྱུ་སྐལ་བ་ཡོད་པ་མ་རེད་ལགས།

    ཨ་ཆགས་ཚེ་རྡོར་ལགས། སྐུ་ཉིད་ཀྱིས་རང་གི་སེམས་ཚོར་ཞིག་གསུངས་ཀྱི་ཡོད་པ་འདྲ་ལགས།

    Reply
  2. Tsedor Achack says:
    ལོ་ 13 སྔོན།

    གོང་གི་རྩོམ་ཡིག་འདིའི་བརྗོད་དོན་དངོས་ནི།དེངགི་་མིག་འཛགས་ལྐོག་དགའ་བྱ་མཁན་གྱི་ཕོ་གསར་མོ་སྐོམ་ཅན་ཞིག་གི་འཁྲུལ་སྣང་གླུ་རུ་གྱེར་བ་ཞིན་ཡིན་འདུག་་ཧཧཧཧ།

    Reply
  3. Baichung says:
    ལོ་ 13 སྔོན།

    དུམ་པ་བཅུ་གཉིས། ཨ་རོ་གྲྭ་ཆས་གྲ་སྒྲིག་ཡེ་གོ་གི་པ།

    Reply
  4. kawakarpo says:
    ལོ་ 13 སྔོན།

    ཁག་མེད་ཀི ང་ལ་ཉམས་མྱོང་ཡོད། ལྷོད་ལྷོད་ཞོགས་དང་ཉི་མ་གཅིག་རང་ཡལ་དུ་འགྲོ་བའི་གཟུགས་མེད་སྐོར་ཞིག་འདུག

    Reply
  5. free sopu says:
    ལོ་ 13 སྔོན།

    ཧཧཧཧཧཧཧཧཧཧཧཧ མདང་དགོང་ཁྱོད་ཀྱིས་རྨི་ལམ་འཇིགས་པོ་ཞིག་རྨིས་ཡོད་པ་འདྲ།

    Reply

དཔྱད་མཆན་སྤེལ། Cancel reply

Your email address will not be published. Required fields are marked *

སྤྱི་ཚོགས་དྲ་གནས།

ཁྱབ་བསྒྲགས།

དྲ་ངོས་ཀྱི་གནས་ཚུལ་ཚང་མའི་པར་དབང་བོད་ཀྱི་དུས་བབ་ལ་ཡོད།

གློག་འཕྲིན།

editor@tibettimes.net | office@tibettimes.net

ཁ་པར།

+91-98823-47075 | +91-92189-38041 | +91-81972-44372
No Result
ཆ་ཚང་གཟིགས།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese

Welcome Back!

OR

Login to your account below

Forgotten Password?

Retrieve your password

Please enter your username or email address to reset your password.

Log In

Add New Playlist