མདུན་ངོས།
About Us
  • English
Advertisement
བོད་ཀྱི་དུས་བབ།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
    • གླ་ཡོད་རིན་གོང་།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese
No Result
ཆ་ཚང་གཟིགས།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
    • གླ་ཡོད་རིན་གོང་།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese
No Result
ཆ་ཚང་གཟིགས།
བོད་ཀྱི་དུས་བབ།
English
No Result
ཆ་ཚང་གཟིགས།

སེམས་ཁོང་ནས་རང་ཉིད་བོད་མི་ཡིན་པ་ཤེས་རན་རེད།

བོད། ཤ་ཁྲག་རུས་གསུམ།
༢༠༠༩/༡༢/༠༩
Share on FacebookShare on TwitterShare on EmailShare on Whatsapp

སྤུན་ཟླ་ཚོ། སེམས་པ་བོད་དུ་ཕྱོགས་ནས། བསམ་བློ་བོད་དུ་ཕྱོགས་ནས། དམིགས་ཡུལ་བོད་དུ་འཁོར་ནས། སྐད་ཆ་བོད་དོན་དུ་བཤད་དེ། རང་གི་ལུས་ངག་ཡིད་གསུམ་འདིའི་འབྱུང་ཁུངས་ལ་མ་ནོར་བའི་ལམ་ཁ་ཞིག་བཙལ་ནས། ཁྲག་དང་མིག་ཆུ། མནར་གཅོད་དང་གདུང་འབོད། མྱ་ངན་དང་གཉོས་བཅོས་ཁྲོད་དུ། ཕྱིར་མིག་གི་བལྟས་དེ་བཞུད་ཟིན་པའི་སྤུན་ཟླ་དག་གི་བསམ་པའི་རེ་བ་དང་། སྒུག་པའི་རྨི་ལམ་དེ་དག་ལ་བསམ་ནས་རྒྱ་ནག་པོའི་སྲིད་གཞུང་ལ་གཏན་ནས་ཡིད་ཆེས་མ་བྱེད་ཅིག

ད་ནས་་བཟུང་། འུ་ཅག་གིས་བོད་ནི་བསྐལ་བའི་བར་དུ་བོད་ལ་དབང་བ་ལས་རྒྱའི་སྲིད་གཞུང་ལ་མི་དབང་བའི་བདེན་པ་དེ་དག་ར་སྤྲོད་བྱེད་རྒྱུའི་ལས་སུ་འབད་རོགས་ཞུ། ས་མཐའ་གང་ཞིག་ཡོད་ཀྱང་ཆོག ལས་གནས་གང་ཞིག་དུ་ཡོད་ཀྱང་འགྲིག ང་བོད་ཡིན། ངས་བོད་པའི་བདེན་དོན་ཆེད་དུ་འགན་ཞིག་ལེན་དགོས། ང་རང་ལ་རང་གི་ཕ་ཡུལ་གྱི་བདེ་སྡུག་སྲུང་བའི་འགན་ཡོད། ང་རང་ལ་བོད་མི་གཅིག་གི་ཚེ་སྲོག་ཡིན་ཡང་། རང་གི་ཚེ་སྲོག་ལས་ཀྱང་གལ་ཆེ་བ་ཡིན་སྙམ་ནས། སྡུག་ན་སྡུག་རོགས། གསོན་ན་གསོན་རོགས། འཆི་ན་འཆི་རོགས་ཟེར་ནས་བློ་གཅིག་སེམས་གཅིག་གི་ལས་འགུལ་སྤེལ་མ་ཐུབ་ཀྱང་། བློ་གཅིག་སེམས་གཅིག་གིས་རང་ཉིད་བོད་ཡིན་པ་བརྗེད་མི་རུང་ལ། རང་ཉིད་བོད་ཀྱི་མགྲིན་ཚབ་པ་ཞིག་དང་། རང་ཉིད་ལ་ཡང་བོད་ཀྱི་ལུས་ཤིག་ཡོད་པ་སེམས་ཁོང་རུས་པའི་གཏིང་ནས་དྲན་ཐུབ་དགོས་ཀྱི་འདུག

དེ་ལྟར་དྲན་ནས་རྒྱའི་སྲིད་གཞུང་གི་རྒྱུགས་ཁྱི་བོད་རྒྱ་སུ་ཡིན་ཡང་། བོད་མི་རིགས་ཀྱི་དགྲ་བོ་དངོས་ཀྱི་དང་མར་བཟུང་དེ། དེའི་རིགས་ལ་འབྲེལ་ལམ་གཅོད་པ་དང་། མི་ངན་དེ་དག་གི་ལག་འོག་གི་རྩེད་ཆས་སུ་མི་གྱུར་བའི་ཐབས་ཤེས་གང་ཡོད་ཅིག་རང་གི་ཉེ་འབྲེལ་དང་ངོ་ཤེས། གཞན་མི་སོགས་བརྒྱུད་དེ། མི་གཅིག་གི་སྲོག་ཡིན་ཡང་། ལྟས་ངན་མི་སེམས་མེད་པའི་གདོན་འདྲེ་དེ་དག་གི་ངན་ཇུས་འོག་དུ་མི་འགྲོ་བའི་ལམ་ཁ་འཚོལ་བ་དང་ཞོར་དུ། རང་ས་ནས་རང་ཉིད་འཚོ་བའི་ཐབས་ལམ་བཙལ་ནས། རང་མི་ལ་རང་གིས་སྲོག་ལས་ཀྱང་། ཡིད་ཆེས་དང་བརྩེ་ཞེན་བྱེད་རྒྱུར་ཐག་ཇེ་ཉེར་གཏོང་རོགས་ཞུ།

ད་ལྟའི་འཆར་འུ་ཅག་ལ་བརྡ་འཕྲིན་གྱི་རྒྱུད་ལམ་མི་ཉུང་བ་ཞིག་ཡོད་པ་འདི་དམ་འཛིན་བྱས་དེ། བོད་མི་སྲུང་སྐྱོབས་ཀྱི་ཐབས་ཤེས་གང་ཡོད་པ་དག མི་ཁ་ནས་གཏམ་ཁ། འཕྲིན་ལམ་ནས་དྲ་ལམ། གློག་ལམ་ནས་ཁ་པར་གྱི་ལམ། བརྒྱུད་ལམ་གང་ན་ཡོད་ན་དེ་ནས་དུས་ཚོད་དམ་འཛིན་བྱེད་པའི་དུས་ཡིན་པ་ལས། རྒྱའི་སྲིད་གཞུང་གི་འདོད་ཐོག་ལ་འགྲོ་རུ་འཇུག་པའི་དུས་ཤིག་གཏན་ནས་མིན། བོད་མི་གཅིག་གི་ཚེ་སྲོག་ནི་བོད་ལ་མཚོན་ན་ཆེས་རིན་ཐང་གཞལ་དུ་མེད་པ་ཞིག་ཡིན་པ་ཤེས་སུ་འཇུག་དགོས་པ་དང་རང་ཉིད་ཀྱིས་ཀྱང་དེ་ལྟར་དྲན་ནས། ཤི་བ་ལས་གསོན་ན་ཐབས་ལམ་མང་བ་ངེས་སུ་འཛམ་གླིང་མི་མང་ལ་བདེན་དབུང་བྱེད་པ་དང་། གཞན་ལས་རང་གི་བྱེད་ཐུབ་པའི་ནུས་པ་དེ་དག་སྟོན་རན་རེད།

འབྲེལ་ཡོད་གསར་འགྱུར།

Mobile App

ཨ་རི་དང་ཨི་རན་དམག་འཁྲུག་གི་ཆོས་པ་དང་སྲིད་དོན་པའི་རྩོད་རྙོག་མགོ་བཙུགས།

ཆུ་ཚོད་ ༡༤ སྔོན་ལ།
བོད་རྨ་ཆུ་རྫོང་ཆུ་ཁ་མ་དགོན་པའི་དགེ་འདུན་པ་བསམ་གཏན་རྒྱ་མཚོ་ལགས་དང་འཇམ་དབྱངས་བསམ་གཏན་ལགས་གཉིས་འཛིན་བཟུང་བྱས་ཏེ་ལོ་གཅིག་ལྷག་ཕྱིན།   པར་འབྲེལ་ཡོད་ནས་འདི་ག་དུས་བབ་ལ་མཁོ་སྤྲོད་བྱས།
Mobile App

དགེ་འདུན་པ་གཉིས་འཛིན་བཟུང་བྱས་ཏེ་ལོ་གཅིག་ལྷག་ཕྱིན་འདུག

ཆུ་ཚོད་ ༡༥ སྔོན་ལ།
བསམ་ཚུལ།

ཀློག་དེབ་ལོ་ཙཱ་བ་དང་གྲོས་འདེབས་ཀྱི་གཏམ་ཟུར་གསུམ་མ།

ཆུ་ཚོད་ ༡༦ སྔོན་ལ།
མོན་གྷོ་འདོད་རྒུ་གླིང་གི་རུ་ཁག་ལ་ལོ་གསུམ་བསྟུད་མར་རྒྱལ་ཡུམ་ཆེན་མོའི་དྲན་རྟེན་གསེར་གྱི་རྟགས་མ་ཐོབ་སོང་། ཐད་གཏོང་ནས་པར་བླངས། ༢༠༢༦།༤།༡༦
Mobile App

མོན་གྷོ་འདོད་རྒུ་གླིང་རུ་ཁག་ལ་ལོ་གསུམ་བསྟུད་མར་རྒྱལ་ཡུམ་ཆེན་མོའི་དྲན་རྟེན་གསེར་གྱི་གཟེངས་རྟགས་ཐོབ།

༢༠༢༦/༠༤/༡༦
བོད་ཀྱི་ཟློས་གར་ཚོགས་པའི་ནང་མོན་ཡུལ་གྱི་སློབ་ཕྲུག་ ༡༢ རིན་མེད་ཐོག་སློབ་འཇུག་གནང་།
Mobile App

མོན་ཡུལ་གྱི་སློབ་ཕྲུག་ ༡༢ རིན་མེད་ཐོག་བོད་ཀྱི་ཟློས་གར་ཚོགས་པའི་ནང་སློབ་འཇུག་གནང་།

༢༠༢༦/༠༤/༡༦
Uncategorized

ངའི་མཐོང་ལམ་གྱི་མདོ་སྨད་སྤྱི་འཐུས་ཆོས་གྲགས་རྒྱ་མཚོ།

༢༠༢༦/༠༤/༡༦

མཆན། 7

  1. sha tak ri sim says:
    ལོ་ 16 སྔོན།

    སྤུན་ཟླ་ཁྱེད་ཅག་ཕེབས་ནས་ཐུགས་འཁུར་ཆེན་པོའི་ངང་དུ་བསམ་ཚུལ་རེ་གསུངས་དེ་ཕེབས་ཟིན་པ་དེར་དགའ་ནི་ཡིན། དེ་རིང་ང་རང་དྲ་ཐོག་དུ་འདུག་མི་ཐུབ། དེའི་སྐོར་ཚུར་སླེབས་དུས་སུ་ཞུ་ཆོག

    Reply
  2. chentsasopa says:
    ལོ་ 16 སྔོན།

    དྲ་གྲོགས་ལགས། ཤ་ཁྲག་ལགས་ལ་བསམ་ཚུལ་བྲིས་པ་བཟང་ཡང་དེང་གི་”ང་ཚོ་བོད་གཞིས་བྱེས་གཉིས་ཀྱི་བོད་མི་རྣམས་དེང་སྐབས་གཏད་སོ་གང་ཡང་མེད་པའི་གནས་ཞིག་ཏུ་གྱར་འདུག”ཅེས་དང་། ཡང་”དྲང་མོར་ཞུས་ན་འདི་ནི་ཅོལ་ཆུང་གི་བྱས་སྟངས་ཤིག་ཀྱང་རེད། “ཅེས་པ་སོགས་ནི་རང་ཚོད་མ་ཟིན་སྐད་ཆ་ཅིག་ལོས་ཡིན་སྙམ་པས་རྗེས་ཕྱོགས་”སྤྱི”ཞིག་ལ་སྐད་ཆ་བཤད་དུས་ཅུང་གཟབ་གཟབ་གནང་རོགས་ཞུ། ཤ་ཆ་བའི་གཏམ་ཡིན་ནོ།།

    Reply
  3. sherabt says:
    ལོ་ 16 སྔོན།

    བོད་ཤ་ཁྲག་ལགས། སྔོན་མ་མི་མང་པོས་ཁྱེད་ཀྱི་ཡིག་ནོར་ལ་སྐྱོན་བརྗོད་བྱེད་ཀྱི་འདུག དེ་སང་ཁྱེད་ཀྱི་དཔེ་ཡག་པོ་བྲིས་འདུག དུས་ཡུན་ཐུང་ངུ་ཞིག་གི་ནང༌ཡར་རྒྱས་དེ་ཙམ་ཕྱིན་པ་ཡིན་ནམ། དངོས་གནས་དཔེ་རང་རེད། དགའ་པོ་ཡོད། བསེ་རུས་ཀྱང་བསྟོད་པ་བྱེད་ངེས།
    ང་ཚོ་བོད་པ་ཚོས་ཤེས་དགོས་པ་དེ་རང་ཉིད་རྗེས་ལུས་ཡིན་པ་དེ་རེད། རྩ་བ་དེ་ནས་བཙུགས་དགོས་པ་འདྲ། གཉེན་ཤུལ་མཁྱེན་རབ་འོད་ཟེར་གྱི་གསུང་བཤད་ཅིག་ནང་དེ་འདྲ་ཞིག་འདུག་བསམ་པ་བྱུང༌།

    Reply
  4. jamgon says:
    ལོ་ 16 སྔོན།

    བོད། ཤ་ཁྲག་ལགས། བོད་མི་ཡིན་པ་ཤེས་རན་རེད་ཞེས་པའི་བསམ་ཚུལ་དེ་ད་ལྟའི་སྤྱི་ཚོགས་འདི་ཐོག་ལ་ཐད་གར་འབྲེལ་བ་ཆགས་འདུག
    ང་ཚོ་བོད་གཞིས་བྱེས་གཉིས་ཀྱི་བོད་མི་རྣམས་དེང་སྐབས་གཏད་སོ་གང་ཡང་མེད་པའི་གནས་ཞིག་ཏུ་གྱར་འདུག
    འདི་ལྟར་ལོ་ངོ་དུ་མ་ཞིག་ཕྱིན་ན་དཔལ་འབྱོར་འགྲན་རྩོད་ཀྱི་དུས་རབས་འདིའི་ནང་། ང་ཚོ་སྨུག་ལུང་དུ་མགོ་འཁོར་བའི་བྱིས་པ་བཞིན་སྤྱི་ཚོགས་འདིའི་རྗེས་ལ་སྙེགས་ཁུལ་བྱས་སྟབས། མི་རིགས་དང་སྐད་ཡིག་གི་དུང་ཤ་བརླག་བཞིན་འདུག
    དྲང་མོར་ཞུས་ན་འདི་ནི་ཅོལ་ཆུང་གི་བྱས་སྟངས་ཤིག་ཀྱང་རེད། ང་ཚོས་འདིའི་སྐོར་ལ་བགྲོ་གླེང་དང་ཡིད་གཟབ་གང་མང་བྱེད་དགོས་པ་འདུག

    Reply
  5. kkalsang says:
    ལོ་ 16 སྔོན།

    གྲོགས་ཤ་ཁྲག་ལགས།ཁྱོད་ཀྱི་ལྷག་བསམ་ལ་ཡི་རངས་ཡོད།

    Reply
  6. Dre Sha Zen says:
    ལོ་ 16 སྔོན།

    ད་ལྟའི་དུས་འདིར་བོད་རིགས་སྤུན་ཟླ།།
    ད་ནས་ཟུང་སྟེ་ཆོད་སེམས་བཞག་ཏེ།།
    ད་ཡོད་ལག་ལེན་འཁུར་ཆེན་སྣབས་ནས།།
    ད་རེས་བོད་དོན་སྙིང་ནས་སྒྲུབས་ཤོག།

    ན་ཚོད་སོན་པའི་ཆོལ་གསུམ་བོད་མི།།
    ན་ནིང་འདྲ་བའི་སྒྱུ་ལུག་དོར་ནས།།
    ན་ཟུག་ལྕི་མོ་བོད་ཀྱི་ལས་སྐལ།།
    ན་ནས་ཤི་ཡང་བརྗེད་དུ་མ་འཇུག

    Reply
  7. chentsasopa says:
    ལོ་ 16 སྔོན།

    ཁྱེད་ཀྱི་རྩོམ་ཡིག་འདི་ཁ་བརྡ་ཚང་ན་ཨ་ཁུ་ཀླུ་སྨྱོན་སྙན་ངག་པ་ཚོར་སྡིགས་བཞག་ཡོད་པ་དེའི་མཆན་བུ་རུ་བཏབ་འདུག ངས་དེ་ནས་བཀླགས་པ་ཡིན། ཡང་སུ་ཞིག་གིས་ཁྱོད་འདུག་གི་མ་བཅུག་ཐལ། ཚོད་ཚོད་ལ་ཅིག་ག་སྡིགས་ཀིན་ཡོད་པ་འདྲ་ཞིག་རེད་ལ། ཚོད་ཚོད་ལ་སྤོ་མ་ལངས་ཨེ་གོ

    Reply

དཔྱད་མཆན་སྤེལ། Cancel reply

Your email address will not be published. Required fields are marked *

སྤྱི་ཚོགས་དྲ་གནས།

ཁྱབ་བསྒྲགས།

དྲ་ངོས་ཀྱི་གནས་ཚུལ་ཚང་མའི་པར་དབང་བོད་ཀྱི་དུས་བབ་ལ་ཡོད།

གློག་འཕྲིན།

editor@tibettimes.net | office@tibettimes.net

ཁ་པར།

+91-98823-47075 | +91-92189-38041 | +91-81972-44372

Welcome Back!

OR

Login to your account below

Forgotten Password?

Retrieve your password

Please enter your username or email address to reset your password.

Log In

Add New Playlist

No Result
ཆ་ཚང་གཟིགས།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
    • གླ་ཡོད་རིན་གོང་།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese