མདུན་ངོས།
About Us
Advertisement
བོད་ཀྱི་དུས་བབ།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese
No Result
ཆ་ཚང་གཟིགས།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese
No Result
ཆ་ཚང་གཟིགས།
བོད་ཀྱི་དུས་བབ།
No Result
ཆ་ཚང་གཟིགས།

ལོ་ངོ་ཉི་ཤུ་འཁོར་བའི་དུས་དྲན་མཛད་སྒོ། {ཨེས་སུ་རལ།}

བོད། ཤ་ཁྲག་རུས་གསུམ།
༢༠༠༩/༡༢/༡༤
Share on FacebookShare on TwitterShare on EmailShare on Whatsapp

འདི་ནི་རྒྱ་གར་ནས་བོད་པའི་གཞིས་ཆགས་ཁག་ནས་ལོ་རེ་བཞིན་འབྱོར་བཞིན་པའི་ད་ལོའི་ལོ་འདིར་སླེབས་པའི་སོ་ནམ་སློབ་སྤྱོང་བ་དེ་དག་གི་བཟོས་པའི་དུས་དྲན་མཛད་སྒོ་ཚོགས་ཡུལ་གྱི་རྣམ་པ་དངོས་རེད།

 

གར་སྟེགས་འགྲམ་གྱི་མགྲོན་པོ་དག་ལ་གྲ་སྒྲིག་བྱས་པའི་རྐུབ་སྟེགས་གཡར་མ་ཡིན། མགྲོན་པོ་མི་ཉུང་བ་ཞིག་གིས་ཁོང་ཚོས་འཁྲབ་སྟོན་བྱེད་རྒྱུར་སྒུག་བཞིན་པའི་རྣམ་པ་རེད།

 

སོ་ནམ་སློབ་སྤྱོང་གི་ཞོར་དུ་ལས་ཀ་བྱེད་བཞིན་པའི་སློབ་མ་ལྔ་བཅུ་འདི་རུ་ཡོད་ལ། ཁོང་ཚོས་གཞས་སྣ་འཁྲབ་སྟོན་དང་གཏམ་བཤད་གྲུབ་རྗེས་སུ་ཚང་མའི་མགྲིན་གཅིག་དུ་བོད་རྒྱལ་ཁབ་ཆེན་མོའི་རྒྱལ་གླུ་ལེན་བཞིན་ཡོད་པ་རེད།

 སྤུན་ཟླ་ཚོ། ཁོང་ཚོས་རང་རང་གི་ཉིན་གཅིག་གི་ལས་ཀའི་སྒོར་མོ་དང་འགྲོ་སོང་སོགས་ལ་བསམ་བློ་མ་བཏང་བར་འདུ་འཛོམ་འདི་འདྲ་ཞིག་བྱས་པ་དེར་ཁྱེད་ཅག་གི་ག་འདྲ་ཞིག་བསམ་གྱི་འདུག་ལགས། ལྷག་པར་དུ་ཁོང་ཚོ་ལ་བོད་ཀྱི་རྒྱལ་དར་ཞིག་དང་། དར་ལྕོག་ཆ་གཅིག་ལས་མེད་ཀྱང་། རང་རང་གི་ནང་གི་ཉལ་གདན་གཙང་མ་རེ་འཁུར་ནས་འོང་དེ་གར་སྟེགས་ཀྱི་རྒྱབ་ཡོལ་བཟོས་པ་རེད། ཁོང་ཚོ་ཚང་མས་རང་གི་ཕ་ཡུལ་གཏན་ནས་རིག་མྱོང་མེད་ཀྱང་། རང་གི་རྒྱལ་ཁབ་ལ་བཅིངས་པའི་ཤ་ཞེན་ནི་དངོས་ནས་ཟབ་མོ་རེད། ཁོང་ཚོ་ལ་རིགས་ཞེན་ཟབ་མོ་འདི་འདྲ་ཞིག་གང་ནས་སླེབས་པ་རེད་དམ། ཡིན་ཡང་། ཁོང་ཚོས་ནང་དུ་དབྱིན་ཡིག་དང་དབྱིན་སྐད་མི་ཤེས་མཁན་མེད་པ་ཡིན། འོན་ཀྱང་། ཡ་ང་བ་ཞིག་ལ་ཁོང་ཚོས་ནང་དུ་བོད་ཡིག་གི་སྟེང་ནས་འཕྲིན་ཡིག་ལེགས་པོ་ཞིག་འབྲི་ཐུབ་མཁན་ཡང་དཀོན་པོ་ཆགས་ཡོད་པ་རེད། རྒྱུ་མཚན་དངོས་ནས་དེ་ནི་ཁོང་ཚོ་ལ་ནོར་འཁྲུལ་ཡོད་པ་རེད་དམ། ཁོང་ཚོ་བསྐྱེད་སྲུང་བྱེད་མཁན་གྱི་ཕ་མ་དེ་དག་གི་ནོར་འཁྲུལ་ཆགས་ཡོད་པ་རེད།

འབྲེལ་ཡོད་གསར་འགྱུར།

བོད་རེབ་གོང་རྫོང་མི་མང་སྲིད་གཞུང་ཟེར་བས་སྡེ་བ་བརྒྱད་ཀྱི་ནང་ནས་ས་ཆ་བསྡུ་རྒྱུ་ཡིན་པའི་བཀའ་བཏང་། ༢༠༢༣།༠༥།༢༩
Mobile App

རེབ་གོང་གི་སྡེ་བ་བརྒྱད་ཀྱི་ནང་ནས་ས་ཆ་གཞུང་བཞེས་གཏོང་རྒྱུ་ཡིན་པའི་བཀའ་བཏང་།

ཆུ་ཚོད་ ༢ སྔོན་ལ།
༧གོང་ས་མཆོག་དང་ཏུར་ཀིའི་སྲིད་འཛིན་ཨེར་ཌོ་གྷན། པར་དུས་བབ་ཀྱིས་བསྒྲིགས།
༸གོང་ས་མཆོག གསར་འགྱུར།

ཏུར་ཀིའི་སྲིད་འཛིན་ལ་བསྐྱར་དུ་རྒྱལ་ཁ་ཐོབ་པར་འཚམས་འདྲི་མཛད་འདུག

ཆུ་ཚོད་ ༢ སྔོན་ལ།
Representative image. Credit: DH Photo

Read more at: https://www.deccanherald.com/national/east-and-northeast/all-meat-shops-in-sikkim-to-remain-closed-till-june-4-in-view-of-tibetan-festival-1222433.html
Mobile App

ཧི་མ་ལ་ཡའི་རི་རྒྱུད་པ་ཚོས་གཞུང་འབྲེལ་ཐོག་ནས་ས་ག་ཟླ་བའི་རིང་ཤ་ཁང་སྒོ་བརྒྱབ།

ཆུ་ཚོད་ ༦ སྔོན་ལ།
༸གོང་ས་མཆོག གསར་འགྱུར།

ཕལ་ཆེར་ལོ་ཁ་ཤས་ནང་སྦྱོར་ལམ་གྱི་རྟོགས་པ་སྐྱེ་ཡོང་བསམ་པའི་རེ་བ་བྱེད་བཞིན་ཡོད་ཅེས་གསུངས།

༢༠༢༣/༠༥/༢༧
ཁྲི་ཟུར་ཟམ་གདོང་རིན་པོ་ཆེ་མཆོག་ནས་སཱི་ཤེས་ཡོན་སློབ་གསོའི་སྐོར་ལ་གསུང་བཤད་གནང་། ༢༠༢༣།༠༥།༢༥ དྲ་བརྙན་གྱི་པར།
Mobile App

སཱི་ཤེས་ཡོན་སློབ་གསོ་ནི་ཧ་ཅང་གཏིང་ཟབ་པའི་རིག་པའི་གཞུང་ལུགས་ཤིག་རེད་ཅེས་གསུངས།

༢༠༢༣/༠༥/༢༦
Mobile App

རྒྱ་ནག་གཞུང་གིས་མཐའ་མཚམས་སུ་གྲོང་ཚོ་གསར་པ་ཞིག་འཛུགས་སྐྲུན་བྱེད་བཞིན་འདུག

༢༠༢༣/༠༥/༢༦

མཆན། 12

  1. sha tak ri sim says:
    ལོ་ 13 སྔོན།

    སྲ་མོ་རྡོ་སྙིང་ཅན་གྱི་སྐུལ་ལྕགས་དང་།
    རྟ་འགྲིན་ཚེ་རིང་ལགས་ཀྱི་བསྟོད་བསྔགས་དང་།
    ཁ་བ་དཀར་པོ་ལགས་ཀྱི་གཟུར་ནས་དང་།
    སྐར་མ་ཁྲི་བཙན་ལགས་ཀྱི་ཉམ་མྱོང་དང་།
    གཅན་བཟོད་རྒྱམ་ལགས་ཀྱི་རྩེད་དགོད་དང་།
    དབུས་ཕྲུག་ཚེ་རིང་ལགས་ཀྱི་བརྟག་དཔྱད་སོགས།
    སྤུན་ཟླ་ཚང་མའི་ཚིག་གི་ནུས་པ་སོགས།
    བུ་ངའི་སེམས་སུ་འཛིན་པར་སྤྲོ་བ་ཡོད།
    ཡིན་ཡང་ལས་ངན་རྒན་པོ་བྲེལ་བ་ཡིས།
    ཡིག་ནོར་བསམ་བཞིན་འབྲི་བཞིན་མེད་ན་ཡང་།
    དེབ་དང་འདྲི་ས་མེད་པའི་ཁོར་ཡུག་ནས།
    མཚམས་རེར་ནོར་འཁྲུལ་བྱས་སར་ཚང་མ་ཡིས།
    ཐུགས་འཁུར་མུ་མཐུད་གནང་རྒྱུའི་རེ་བ་ཡོད།

    Reply
  2. tsering says:
    ལོ་ 13 སྔོན།

    དྲ་གྲོགས་བོད། ཤ་ཁྲག་རུས་གསུམ་ལགས། རྒྱུན་པར་ལྟ་ཀློག་བྱེད་ཀྱིན་ཡོད། དེ་ནི་ཁོར་ཡུག་དང་རང་ཉིད་ཕ་མ་ཚང་མར་ལྕི་ཡང་བཞིན་ནོར་འཕྲུལ་ཡོད་སྙམ།

    Reply
  3. chentsasopa says:
    ལོ་ 13 སྔོན།

    རྗེ་མ་ཞིག་ལ་ཁྱོད་ཀྱི་ཞི་མོས་ཁྱོད་ལ་༼རྒྱུ་མཚན་དངོས་ནས་དེ་ནི་ཁོང་ཚོ་ལ་ནོར་འཁྲུལ་ཡོད་པ་རེད་དམ། ཁོང་ཚོ་བསྐྱེད་སྲུང་བྱེད་མཁན་གྱི་ཕ་མ་དེ་དག་གི་ནོར་འཁྲུལ་ཆགས་ཡོད་པ་རེད། ༽འདི་ལྟར་མི་བཤད་པའི་ཆེད་དུ་ཁྱོད་རང་གིས་བོད་ཡིག་ཡར་རྒྱས་སྤྱི་དང་སྒོས་སུ་དག་ཆ་དང་ཕྲད་རྣམ་དབྱེ་སྦྱོར་སྟངས་སོགས་ལ་ཅི་བས་ཀྱང་ཡང་དག་ཅིག་སྦྱོངས་དགོས་འདུག་གོ།

    Reply
  4. chentsasopa says:
    ལོ་ 13 སྔོན།

    ཧ་ཧ་ཧ་ཧ། ད་ཐེངས་ད་ཤ་ཁྲག་རུས་གསུམ་ལ་དགེ་རྒན་རྒན་པ་ཞིག་རག་འདུག དགེ་བ་ཡོང་ང་། སྔོན་ཆད་བསེ་རུ་ངེད་གཉིས་ཀྱིས་ཅིག་ལབ་ཁུལ་བྱས་ནི་རེད། མ་བ་ནི་རེད། དེང་སང་ཨ་ཁུ་ཁ་བས་སློབ་བཞིན་འདུག་གཱ ཨ་རོགས་ཤ་ཁྲག་གློའུ་ཟིག་འདྲ་མོ། ད་ཐེངས་ད་ཁྱོས་ཡག་པོ་ཞིག་སྦྱོངས་མ་གཏོགས། ཡུམ་འདོན་ཁྱོད་ལ་རྣམ་སྨིན་ཡིན་ཡང་འཁོར་ཡོང་ད། ཞ་ཡེ་ཟིག་གི་ཕ་རྒན་ཆགས་འདུག་ན་ད་དུང་ཁ་ལེན་ཚིག་བརྩི་བྱེད་མི་ཤེས་ཀི ཁྱོས་རང་གི་བྱིས་པར་སློབ་གསོ་ཅི་ལྟར་སྤྲོད་རྒྱུ། ད་དུང་སྐྱོན་ལ་མཛུན་མོ་ཚུགས་ཡིན་ན་ཅིག་ཟེར་ནས། ཁ་རྒྱགས་པ་ལ་དཔེ་རེད་འདུག ཧ་ཧ་ཧ། ཨ་ལ་ངས་ཁྱོད་ལ་ཀུ་རེ་བྱས་ནས་ཡིན།

    ཨོ་རེད། ད་ཐེངས་ཁྱོད་ཀྱིས་རང་ཉིད་འདུག་སའི་ས་གནས་ཀྱི་བྱས་འབྲས་ཡིག་ཐོག་ཏུ་བཀོད་དེ་དྲ་གྲོགས་ཚོའི་སྤྱན་ལམ་དུ་དྲངས་པ་ཐུགས་རྗེ་ཆེ་ཞུ།

    Reply
  5. Baichung says:
    ལོ་ 13 སྔོན།

    དྲ་གྲོགས་ཤ་ཁྲག་རུས་གསུམ་ལགས་བཀླགས་ཟིན། གུས་པས་གཞིག་ན་སློབ་ཕྲུག་དེ་ཚོའི་བོད་ཡིག་གི་ཤེས་ཚད་དམན་པ་དེ་ཁག་མི་འདུག བོད་པའི་སྤྱི་ཚོགས་ཀྱི་ལས་སྣེ་བ་དག་གིས་དོ་སྣང་རེ་བྱས་ན་ཡག་པོ་འདུག་དྲན་བཞིན་ཡོད། རྒྱུན་དུ་བོད་པའི་རྩ་དོན་ཞེས་ནས་མ་ཎི་འདོན་འདོན་བྱེད་པ་ལས་ལག་ལེན་ངོ་མ་ཕྱིར་མངོན་རྒྱུ་དེ་གལ་ཆེ་བར་འདོད། མི་སུ་ཡིན་རུང་ཆུང་བྱིས་པའི་དུས་ནས་བསྐྱེད་སྲང་བྱེད་མཁན་ལ་རག་ལས་པ་ཆོས་ཉིད་ཀྱིས།

    Reply
  6. kyaba says:
    ལོ་ 13 སྔོན།

    ཉམས་མྱོང་ཡོད་ནའང་ཁ་འཁྲུལ་དང་ཕ་འཕྲུལ་གཉིས་ནོར་འདུག་པས་ངས་ཁྱོད་ཀྱི་ཟིན་བྲིས་ནང་ནས་བསྟན་ཡོད། ས་སུ་ག་བ་ད་དྲག་ཏུ་ངས་ཀྱང་ཤེས་ཀྱིན་ཡོད་མོད་ཆ་ཚང་བཟོ་བཅོས་བྱེད་ཁོམ་མི་འདུག

    Reply
  7. kawakarpo says:
    ལོ་ 13 སྔོན།

    མགྲིན་གཅིག་དུ་མ་རེད་མགྲིན་གཅིག་ཏུ་རེད། ས་སུ་ག་བ་ད་དྲག་ཏུ། །ཟེར་གི་ཡ། ཞོར་ལས་ཡིན། ལྷ་ཀླུ་གཉན་གསུམ་དང་སྲ་མོ་རྡོ་ཁྱོད་གཉིས་ཀས་མ་ཤེས་པའམ་མ་མཐོང་བ་གང་ཡིན་མ་ཤེས། མ་ཤི་བར་དུ་ཡིག་ནོར་འདིས་རྗེས་མི་གཏོང་། ང་ལ་ཉམས་མྱོང་ཕྲན་བུ་ཞིག་ཡོད།

    Reply
  8. love1 says:
    ལོ་ 13 སྔོན།

    དེ་ར་ཡག་པོ་འདུག

    Reply
  9. kyaba says:
    ལོ་ 13 སྔོན།

    ཁོ་ཚོ་སྐྱེས་དུས་བོད་བཙན་བྱོལ་གཞུང་འདི་ཟ་འཐུང་གི་དཀའ་ངལ་ལས་ཀྱང་ཐར་མེད་པས་ཁོ་ཚོའི་ཕ་མར་བཟང་ངན་དང་ཡག་རྩོག་གི་གདམས་ཀ་ཆེན་པོ་མེད་པ་དེ་ཤེས་བར་གྱིས། གཞན་སྐྱོན་བཤད་རྒྱུར་བྲེལ་བ་མ་ལངས། ཁྱོད་ལ་སུམ་རྟགས་དག་གསུམ་གྱི་དེབ་ག་ཚོད་དགོས་དགོས་ཡོད་པས། རང་གི་ཡིག་ནོར་དེ་དག་ལ་དག་བཅོས་བྱེད་པའི་ཐོབ་ཐང་སུས་འཕྲོག་སོང་།

    Reply
  10. sha tak ri sim says:
    ལོ་ 13 སྔོན།

    སྲ་མོ་རྡོ་ལགས། ཡིག་ནོར་གང་དུ་ཡོད་ན་དེ་རུ་འཛུབ་མོ་རེ་འཛུགས་རོགས་ཞུ། ང་ནི་མ་ཤེས་པར་ཡིག་ནོར་འབྲི་མཁན་དང་མཚམས་རེར་ཤེས་ཀྱང་བཏགས་ནོར་ཤོར་བ་སོགས་ཡོང་གི་ཡོད་པ་ཡིན་ལགས། ཐུགས་རྗེ་གཟིགས་ལམ་སྟོན་བྱེད་རྒྱུ་མ་བརྗེད་ཅིག་ལགས།

    Reply
  11. kyaba says:
    ལོ་ 13 སྔོན།

    རིག་གནས་སྲུང་སྐྱོབ་བྱེད་འདོད་ཡོད་པ་བདེན་ན་ཡིག་ནོར་འདི་དག་རྩ་མེད་ལ་གཏོང་རོགས། དེ་མིན་ཨ་ཕ་ན་བཞིན་འདུག་ཅེས་གཅར་བརྡུང་བྱས་བ་དང་གཅིག་པ་རེད།

    Reply
  12. kyaba says:
    ལོ་ 13 སྔོན།

    གཏམ་བཤད་འགྲུབ་རྗེས་སུ་ཚང་མའི་མགྲིན་གཅིག་དུ
    གཏམ་བཤད་གྲུབ་རྗེས་ཚང་མས་མགྲིན་གཅིག་དུ

    Reply

དཔྱད་མཆན་སྤེལ། Cancel reply

Your email address will not be published. Required fields are marked *

སྤྱི་ཚོགས་དྲ་གནས།

ཁྱབ་བསྒྲགས།

དྲ་ངོས་ཀྱི་གནས་ཚུལ་ཚང་མའི་པར་དབང་བོད་ཀྱི་དུས་བབ་ལ་ཡོད།

གློག་འཕྲིན།

editor@tibettimes.net | office@tibettimes.net

ཁ་པར།

+91-98823-47075 | +91-92189-38041 | +91-81972-44372
No Result
ཆ་ཚང་གཟིགས།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese

Welcome Back!

OR

Login to your account below

Forgotten Password?

Retrieve your password

Please enter your username or email address to reset your password.

Log In

Add New Playlist