མདུན་ངོས།
About Us
  • English
Advertisement
བོད་ཀྱི་དུས་བབ།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
    • གླ་ཡོད་རིན་གོང་།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese
No Result
ཆ་ཚང་གཟིགས།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
    • གླ་ཡོད་རིན་གོང་།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese
No Result
ཆ་ཚང་གཟིགས།
བོད་ཀྱི་དུས་བབ།
English
No Result
ཆ་ཚང་གཟིགས།

བོད་ལ་རྒྱལ་དར་དགོས་དང་མི་དགོས།

བོད། ཤ་ཁྲག་རུས་གསུམ།
༢༠༠༩/༡༢/༡༧
Share on FacebookShare on TwitterShare on EmailShare on Whatsapp

ཅོ་རི་ཉི་མ་ལགས། མི་མ་ཤི་ན་རིག་རྒྱུ་མང་ཟེར་ནས་བོད་ཀྱི་སྲིད་པའི་གཏམ་དུ་ཡོད་པ་བཞིན། ང་ཚོ་ཁྲིམས་ལུགས་ཀྱི་མདུན་ན་དབུང་གཉེན་མེད་པ་ནི། སྐུ་ཉིད་ཀྱི་གསུངས་པ་ལྟར་བདེན་པ་ཡིན། དེ་ནི་ཁྲིམས་ལུགས་དབང་སྒྱུར་བྱེད་མཁན་དེ་ནི་འཛམ་གླིང་གི་ཕྱུག་བདག་ཚོ་དང་ དབང་ཆེན་ཚོ་ཡིན་དུས། ཕྱུག་བདག་དག་གིས་རང་གི་ཚོང་ལས་གཞན་ལ་མི་བསམ་པ་དང་། དབང་ཆེན་དག་གིས་རང་གི་གོ་གནས་ལས་གང་ལ་ཡང་བསམ་བློ་མི་གཏོང་བའི་འཛམ་གླིང་འདི་ ན། རང་རེའི་སྟོན་པ་ཐུགས་རྗེ་ཅན་གྱི་བདག་ཉིད་བདག་གི་མགོན་ཡིན་ནོ་ཟེར་བ་དེ་ལས་ འུ་ཅག་ལ་བསླབ་བྱ་ནམ་ཡང་དགོས་ཀྱི་མེད་པ་ཡིན་དུས། རང་རང་གིས་སྒྲུབ་པ་དག་གཞན་གྱི་ཡི་རུང་བྱེད་མིན་དེ་ནི་གཙོ་བོ་མ་ཡིན་པར་རང་ མི་རིགས་ཀྱི་དོན་དག་ལ་ལྷག་བསམ་རྣམ་དག་ཡིན་མིན་དང་། བདེན་མཐའ་གསལ་བ་ཟེར་བ་དེ་ནི་སྐད་འབོད་ཙམ་ཞིག་གི་གཏན་ནས་མི་འོང་བའི་གནས་ ལུགས་དེ་བོད་མི་མང་གིས་ཤེས་རན་ཡིན་པའི་བརྡ་སྐུལ་གང་ས་ནས་བྱོས་དང་། ང་ཚོ་ཚང་མ་རང་ཡུལ་ནས་གྱར་བའི་བོད་མི་ཤ་སྟག་ཡིན་ལ། རང་མི་དག་ལ་བསམ་བཞིན་དུ་རྒྱའི་སྲིད་གཞུང་གི་མེ་མདའི་འོག་གི་རྡེའུ་གཅིག་གི་ རིན་ལས་མེད་པར་གྱུར་ན་དངོས་ནས་འུ་ཅག་བོད་དུ་སྐྱེ་ཡང་ཟ་འདྲེ་དང་། བོད་སྐད་བཤད་ཀྱང་བོད་དོན་མི་ཤེས་པ། བོད་ཡིག་སྤྱོང་ཡང་མེས་པོ་དག་གི་སྐུ་དྲིན་མ་ཚོར་བ། རིགས་ཞེན་ཡོད་ཀྱང་ལག་ལེན་མེད་པ་སོགས་ཀྱི་རྒྱ་ལས་གྲོལ་དགོས་ན། རྐུབ་སྟེགས་ཆག་པོ་དེའི་མདུན་གྱི་དུས་ཚོད་ཚང་མིན་ལ་སྒུག་པ་ལས། དུས་ཚོད་ཚུར་ལ་སྟེར་རོགས་ཟེར་ནས་འཚོལ་དུ་ཡོང་བ་ཞིག་བྱེད་རྒྱུ་དེ་ནི། འུ་ཅག་ལ་མི་མེད་པ་མིན་ལ། འུ་ཅག་གིས་ལོ་ངོ་ལྔ་བཅུ་ལས་བརྒལ་བའི་རིང་དུ་དུས་ཚོད་རེ་ཟུང་གི་སྐད་འབོད་ དང་། ཉི་མ་རེ་གཉིས་ཀྱི་གོ་སྒྲིག་ཞིག་ལས་འཇམ་འཇག་གེར་སོང་བའི་ལན་པ་ཡིན་པའི་བརྡ་ ལན་དེ་ནི་བོད་མི་ཡིན་ཚད་ལ་བསྒྲགས་རན་རེད་ལ། སྐུ་ཉིད་ལ་ད་རེབས་མཉམ་འབྲེལ་རྒྱལ་ཚོགས་ཀྱི་མདུན་ཐང་ནས། དར་ཆ་མང་བོ་ཞིག་བསྒྲེང་བའི་ཁྲོད་དུ་བོད་ཀྱི་རྒྱལ་དར་མེད་པའི་ཚོར་བའི་རིགས་ ཞེན་དེ་ནི་བོད་མི་གནས་ཡུལ་གྱི་རྒྱལ་ཁབ་གཞན་དག་ཚང་མ་རུ་ཡོད་པ་རེད་ལགས། ད་ནི་རྒྱལ་དར་དེ་ནི་བོད་ལ་དགོས་དང་མི་དགོས། བོད་ཀྱི་རྒྱལ་གླུ་བོད་ལ་དགོས་དང་མི་དགོས། བོད་མི་ལ་བོད་མི་རིགས་ཀྱི་རིག་གཞུང་གོམ་གཤིས་དགོས་དང་མི་དགོས། བོད་མིས་བོད་མི་སྐྱོབས་པའི་ནུས་པ་ཡོད་དང་མེད་བཅས་པ་འུ་ཅག་གི་ཆེས་གནད་འགག་ གི་དྲི་བ་དང་། དྲི་བ་དེ་དག་ལན་ཡང་འུ་ཅག་གི་མི་རབས་འདིས་མ་འགྲུབ་པ་ཡིན་དུས། མི་རབས་རྗེས་མ་དག་ནི་རེ་བ་ཡོད་མེད་ཀྱི་སྐྱ་ཐིགས་ཤིག་ད་ལྟའི་བར་དུ་སུས་ཀྱང་ མཐོང་མེད་ཚོད་རེད།

ཉིན་གཅིག་གི་མཐོང་སྣང་ ཞེས་པ་བཀླགས་མ་ཐག་དྲ་ཐོག་ནས་ཤར་མར་རང་གི་སེམས་ཁོང་གི་ཟུག་རྔུ་འཇག་ཕྱིར་དུ་ ཐལ་སོང་། སྤུན་ཟླ་སུ་ཞིག་གིས་མ་འགྲིག་མ་འཐུས་ས་ཡོད་ན་ཞུ་དག་དང་སྐྱོན་བརྗོད་ཚ་བོ་ བྱེད་རོགས།

འབྲེལ་ཡོད་གསར་འགྱུར།

Front Slider

བོད་མིའི་སྒྲིག་འཛུགས་ཀྱི་སྤྱི་ཐབ་སྐོར་ལ་བཅར་འདྲི།

༢༠༢༥/༠༥/༡༠
སྐྱབས་རྗེ་བཀའ་ཟུར་ཀིརྟི་རིན་པོ་ཆེ་མཆོག་གི་མཛད་རྣམ་ཤར་སྟག་མོའི་བུ་ཞེས་པའི་འཕྲུལ་དེབ་འགྲེམས་སྤེལ་གྱི་མཛད་སྒོ་དང་དཔྱད་བརྗོད་བགྲོ་གླེང་འཚོགས། བོད་ཀྱི་དུས་བབ་གསར་ཁང་གི་པར། ༢༠༢༥།༥།༩
Mobile App

བཀའ་ཟུར་༧སྐྱབས་རྗེ་ཀིརྟི་རིན་པོ་ཆེ་མཆོག་གི་མཛད་རྣམ་ཤར་སྟག་མོའི་བུ་ཞེས་པའི་འཕྲུལ་དེབ་འགྲེམས་སྤེལ་གྱི་མཛད་སྒོ་འཚོགས།

༢༠༢༥/༠༥/༠༩
Mobile App

བོད་རིགས་ཨ་རི་བ་ཨ་ཧྥ་ཊབ་ཀརྨ་སིང་པུ་རི་ཝལ་ལགས་སུ་འོས་བསྡུའི་ཁྲོད་རྒྱལ་ཁ་ཐོབ།

༢༠༢༥/༠༥/༠༩
The Dalai Lama offers blessings to his followers at his Himalayan residence in the northern hill town of Dharamshala, India, on December 20, 2024 [Priyanshu Singh/Reuters]
༸གོང་ས་མཆོག གསར་འགྱུར།

ཡུ་རོབ་གྲོས་ཚོགས་སུ་༧གོང་ས་མཆོག་གི་ཡང་སྲིད་དང་འབྲེལ་བའི་གྲོས་ཆོད་ཅིག་གཏན་འབེབས་བྱུང་། 

༢༠༢༥/༠༥/༠༩
༧གོང་ས་རྒྱལ་བ་རིན་པོ་ཆེ་མཆོག་ཡེ་ཤུའི་ཆོས་དཔོན་རོ་བྷི་ཌི་པེ་ཝེ་སི་མཆོག སྐུ་པར་བོད་ཀྱི་དུས་བབ་ཀྱིས་བསྒྲིགས། ༢༠༢༤།༥།༩
༧གོང་ས་མཆོག གསུང་འཕྲིན།

༧གོང་ས་རྒྱལ་བ་རིན་པོ་ཆེ་མཆོག་ནས་ཡེ་ཤུའི་ཆོས་དཔོན་གསར་པར་འཚམས་འདྲི་མཛད།

༢༠༢༥/༠༥/༠༩
བཙན་བྱོལ་བོད་མིའི་ཆོས་ཚོགས་ཐེངས་ ༡༤ པ་དབུ་འཛུགས་གནང་། ༢༠༡༩།༡༡།༢༧ དུས་བབ་གསར་ཁང་གི་པར།
Mobile App

 བཙན་བྱོལ་བོད་མིའི་ཆོས་ཚོགས་ཐེངས་བཅོ་ལྔ་པ་འཚོག་འཆར་འདུག

༢༠༢༥/༠༥/༠༩

མཆན། 17

  1. sha tak ri sim says:
    ལོ་ 15 སྔོན།

    ཅོ་རི་ཉི་མ་ལགས། དེ་འདྲ་ཞིག་ཡིན་དུས། མི་ཁ་ལ་བརྟེན་ནས་ཐོབ་དགོས་པ་ཞིག་ཡིན་དུས། དངོས་ནས་རྒྱལ་དར་དགོས་མི་དགོས་དེ་ཡང་མི་ཁ་ལ་བརྟེན་ནས་ལེན་དགོས་པར་ཐུག་གི་ཡོད་པ་རེད་དམ་ལགས། དེ་འདྲ་ནི་ཡིན་རྒྱུ་མ་རེད་ལགས།

    སྐུ་ཉིད་ཀྱིས་༡ ང་ལ་རྒྱལ་དར་དགོས། ༢ང་ལ་རྒྱལ་ཁབ་དགོས། ༣ ང་ལ་རང་དབང་དགོས་ཞེས་གསུངས་ཀྱི་འདུག་པ་ལས། རྒྱལ་དར་དགོས་པའི་རྒྱུ་མཚན་དེ་ད་དུང་ཡང་གསལ་བོ་ཞིག་འདི་རུ་གསུངས་མི་འདུག་ལགས། དེ་ཡིན་དུས། འུ་ཅག་གིས་སྤུན་ཟླ་མི་ཉུང་བ་ཞིག་གིས་སྐུ་ཉིད་དང་འདྲ་བར་རྒྱལ་དར་དགོས་ཟེར་ནས་གླེང་བཞིན་ཡོད་པ་ལས་རྒྱལ་དར་དགོས་པའི་སྐོར་གྱི་རྒྱུ་མཚན་གསལ་བོ་ཞིག་ད་དུང་གསུང་མཁན་མ་བྱུང་བ་དེར་བདག་གི་སེམས་པ་སྐྱོ་ནས་བསྡད་ཡོད་ལགས།

    Reply
  2. chokri nyima says:
    ལོ་ 15 སྔོན།

    དེ་རིང་ང་འདིར་ཐོག་མ་ཡིན་པས་བཀྲ་ཤིས་བདེ་ལེགས་ཞུ།
    1 ང་ལ་རྒྱལ་དར་དགོས། 2 ང་ལ་རྒྱལ་ཁབ་དགོས། 3 ང་ལ་རང་དབང་དགོས།
    ང་ཚོར་རྒྱལ་ཁབ་དང་རྒྱལ་དར་དགོས་ཀྱང་སུ་སྤྲད་ཀྱིས་རེད་སུ་ལེན་ཐུབ་ཀྱིས་རེད་ཇི་ལྟར་བྱེད་ན་ལེན་ཐུབ་བམ།
    ང་རང་ཚོའི་རྒྱལ་ཁབ་དང་རྒྱལ་དར་དེ་སུ་ལག་ཡོད་མེད་ཀྱི་བསལ་ཚུལ་ཞིག་ཞུ་པ་ཡིན་
    རྒྱ་གར་སྲིད་བློན་ནིས་རོ་ཡིས་གསུངས་པ་ལྟར་ཨ་རི་སྲིད་འཛིན་ཀན་ལན་དན་གྱིས་ཀྱང་༡༩༩༧་ལོར་དབྱིན་ལན་གྱིས་ཧོང་ཀོང་དེ་ཕར་རྒྱ་ནག་ལ་སྤྲོད་པའི་ལོ་དང་སྐབས་ཁེལ་ཡོད་སྟབས་བོད་མི་རྣམས་ཀྱིས་དེར་དུས་རྒྱ་ནག་གི་ཆབ་སྲིད་ལ་འགྱུར་བ་ཆེན་པོ་འགྲོ་བའི་རེ་བ་དང།
    སྲིད་འཛིན་ཀན་ལན་དན་རྒྱ་ནག་ལ་མཚམས་གཟིགས་ཕེབས་སྐབས་སུ་བོད་དོན་གླེང་མོ་དང་བཟང་ཕྱོགས་ཤིག་གླེང་པས་རེ་བ་དང་རང་བཙན་རྒྱལ་ཁབ་ཤིག་ངོས་ལེན་ཡོད་པའི་ཐོག་ནས་གླེང་པས་རེ་བ་བྱ་ཁུ་ཡི་གནམ་ཆུ་དགུག་པ་བཞིན་དུ་སྡོད་ཡོད།
    ཡིན་ཡང་ཨ་རི་སྲིད་ཀས་ལན་དན་གྱིས་བོད་དེ་རྒྱ་ཁུངས་ཡིན་པ་ངོས་ལེན་ཡོད་པའི་ཐོག་ནས་བོད་དོན་ཚོང་ལ་བསྒྱུར་ནས་གླེང་ཁུལ་བྱས་མྱོང་ཡོད་རེད།
    སུད་སི་ཡིས་ཀྱང་བོད་པའི་སྐྱབས་བའི་ལག་ཁྱེར་ཐོག་ཏུ་ང་ཚོ་རྒྱ་ནག་མི་སེར་ཡིན་པ་ངོས་ལེན་ཡོད་པས་ཐོག་ནས་སྐྱབས་བཅོལ་ལག་ཁྱེར་ཐོག་ཏུ་རྒྱ་ནག་ཞེས་པའི་མིང་ཚིག་བཀོད་ཡོད།
    ༢༠༠༠ལོར་ངས་སུད་སི་སྐྱབས་བཅོལ་ལས་ཁུངས་དུ་ང་ཚོའི་ལག་ཁྱེར་ཐོག་ཏུ་རྒྱ་ནག་ཞེས་པའི་མིང་ཚིག་འདི་འགྲིག་གི་མི་འདུག་ཞེས་དང་བོད་རྒྱལ་ཁབ་འདི་ལམ་རྒྱུས་ཐོག་ནས་རང་བཙན་རྒྱལ་ཁབ་ཤིག་ཡིན་ཞེས་ཨུ་ཚུགས་ཀྱིས་ཞུ་བ་ཡང་ཡང་ཕུལ་བ་ཡིན།
    དེར་དུས་སུད་སི་ལས་བྱེད་པ་དེས་ང་ལ་གསུངས་དོན་དུ་བོད་རྒྱ་ནག་གིས་ཟས་པ་རེད་ང་ཚོ་ལ་ཐབས་ཤེས་མི་འདུག་དེ་ལས་ཕོ་གསར་ཁྱེད་རང་ཨུ་ཚུགས་མ་བྱེད་ཕེབས་རྒྱུག་གསུངས་བྱུང།
    འཛམ་གླིང་འདིའི་སྟེང་གི་རྒྱལ་ཁབ་མང་ཆེ་བས་བོད་དེ་རྒྱ་ཁུངས་མིན་པ་ཤེས་བཞིན་དུ་ཨུ་ཚུགས་ཀྱིས་ཐོག་ནས་བོད་རྒྱ་ཁུངས་ངོས་ལེན་བྱས་པར་གཞི་ན།
    ང་རང་ཚོའི་བདེན་མཐའ་གསལ་ཐུབ་མིན་དང་བདེན་པ་ཡིན་མིན་ཐག་བཅད་བྱེད་པས་བྱེད་པ་པོ་དེ་སུ་ཡིན་མིན་ཞིག་བཙལ་དུས།
    མཁས་དབང་དགེ་ཆོས་ཀྱི་གསུངས་ལས།
    ཡོད་མེད་ཡིན་མིན་བདེན་རྫུན་ལ་སོགས་པ། རྩོད་པས་འུ་སྒྲ་སྒྲོག་པའི་འཇིག་རྟེན་འདིར།
    མི་མང་གང་ལ་དགའ་དེ་བདེན་པ་དང། ཁ་མང་གང་ལ་མཐུན་དེ་གྲུབ་མཐའ་སྣང།
    ཞེས་གསུངས་པར་གཞི་ན་རྒྱལ་ཁབ་མང་ཆེ་བས་རྒྱ་ཁུངས་རེད་ཟེར་ན་རྒྱ་ཁུངས་དང་མང་ཆེ་བས་བོད་ཁུངས་རེད་ཟེར་ན་བོད་ཁུངས་མིན་འགྲོ་སྙམ། མ་རེད་དམ།

    Reply
  3. sha tak ri sim says:
    ལོ་ 15 སྔོན།

    གཅན་བཟོད་རྒྱམ་ལགས། སྐུ་ཉིད་ཀྱི་རྩོམ་ཡིག་དེ་བདག་གིས་སྐབས་དེར་དུས་ཐོག་དུ་ཀློག་ཡོད། འོན་ཀྱང་། བསམ་ཚུལ་གང་ཡང་བྲིས་མེད། ད་རེབས་ཀྱང་བསྐྱར་ལོག་ཐེངས་ཤིག་བྱས་པ་ཡིན་ལགས། རེད་དེ། དེ་རིང་བདག་གི་འདིར་སྤུན་ཟླ་དག་ལ་འདྲི་བཞིན་པ་ནི་བོད་ལ་རྒྱལ་དར་དགོས་དང་མི་དགོས་པའི་སྐོར་དེ་ཡིན། ད་ལྟའི་འཆར་བོད་ལ་པ་ཚང་ལ་ཕལ་ཆེར་དགོས་ཀྱི་མེད་པའི་སྣང་ཚུལ་ཞིག་ཡང་ཡང་སྟེར་གྱི་འདུག་སྟབས། དྲིས་པ་ཡིན། དེའི་སྐོར་ལ་དགོས་དང་མི་དགོས་པའི་སྐོར་གྱི་བསམ་ཚུལ་ཞིབ་མོ་ཞིག་འབྲི་རོགས་ཞུ་ལགས།

    Reply
  4. sha tak ri sim says:
    ལོ་ 15 སྔོན།

    གཅན་བཟོད་རྒྱམ་ལགས། སྐུ་ཉིད་ཀྱིས་དྲ་བྱང་ངོ་སྤྲོད་བྱས་པ་དེར་ཐུགས་ཆེ་ལགས། འདིས་སྔོན་དེར་ང་རང་ཁ་བརྡ་ཚང་དུ་སོང་མོད། རེག་མ་སོང་། ཕྱིར་སླེབས་དུས་འདི་རུ་ཉིད་ཀྱིས་དྲ་བྱང་འདྲེན་བཀོད་བྱས་འདུག་པ་དེར་དགའ་བོ་བྱུང་ལགས།

    Reply
  5. chentsasopa says:
    ལོ་ 15 སྔོན།

    ངས་རྒྱལ་དར་གྱི་སྐོར་ལ་ཅིག་བྲིས་ཡོད་ཁ་བརྡ་ཚང་གི་འདི་ན་ཡོད།http://www.khabdha.org/?p=4823
    བོད་ལ་རྒྱལ་དར་དང་རྒྱལ་གླུ་དགོས་པ་རེད། འོན་ཀྱང་རྒྱལ་དར་དང་རྒྱལ་གླུ་དགོས་པ་དེ་ཡང་དེ་རིང་འདི་ཁོ་ན་ལས་གཞན་དུ་བསྒྱུར་མི་ཆོག་པ་ཞིག་ཀྱང་མ་རེད། གང་ལྟར་རྒྱལ་དར་དང་རྒྱལ་གླུ་དགོས་པ་དོན་དངོས་རེད།

    དུས་བབ་ཟིན་བྲིས་སུ་ཡང་བཀོད་ཡོད་སྙམ་མོད། དེ་རིང་ངས་ཀྱང་བཙལ་ནས་རྙེད་མ་སོང་།

    Reply
  6. sha tak ri sim says:
    ལོ་ 15 སྔོན།

    སྐར་མ་ཁྲི་བཙན་ལགས། སྐོར་ཉུལ་ཞིག་བྱས་དེ་ཕེབས་འདུག རྗེས་སུ་ཕེབས་ནས་བསམ་ཚུལ་རེ་གསུངས་རོགས་ཞུ།

    འཇམ་མགོན་ལགས། ཉིད་ཀྱིས་གསུངས་པ་དེ་ཡི་ནང་དུ་དངོས་ནས་གོ་རྒྱུ་མང་བོ་ཞིག་འདུག་ལགས། རེད་དེ། བདག་གི་ད་ལྟ་བཤད་བཞིན་པ་འདི་ནི་བོད་པ་ཚང་ལ་རྒྱལ་དར་དགོས་དང་མི་དགོས་པའི་སྐོར་ཡིན་ལགས། རྒྱལ་དར་དགོས་ན་དགོས་པའི་བསམ་ཚུལ་དང་མི་དགོས་པ་ཡིན་ན་མི་དགོས་པའི་བསམ་ཚུལ་ཞིག་ཞུ་རྒྱུ་དེ་ཡིན་ལགས།

    དཀོན་མཆོག་ལགས། ཉིད་ཀྱིས་ཁག་དེ་ལྟར་འདྲི་བ་ཙམ་ལས་རང་ཉིད་ཀྱི་བསམ་ཚུལ་ཐད་ཀར་རྒྱལ་དར་དགོས་དང་མི་དགོས་སྐོར་ལ་བསམ་ཚུལ་ཞིབ་མོ་ཞིག་གསུང་ཐུབ་པ་ཡིན་ན་ཡག་པོ་འདུག་ལགས།

    དུག་ཚེར་ལགས། བསམ་ཚུལ་ཞིག་ཅིས་ཀྱང་འབྲི་རོགས་ཞུ།

    གཉན་མདང་ཕོ་ཉ་ལགས། བསམ་ཚུལ་རྒྱས་ཙམ་ཞིག་གསུང་རོགས་ཞུ། དེ་ཙམ་གྱི་རྒྱལ་དར་དགོས་དང་མི་དགོས་དེ་མཚོན་ཐུབ་ཀྱི་མི་འདུག་ལགས།

    ཁྲ་གླག་སྤྱང་གསུམ་ལགས། སྐུ་ཉིད་ལ་རང་ངོས་ནས་བསམ་ཚུལ་ཞིག་གསུང་རྒྱུ་མེད་དམ་ལགས།

    བསེ་རུ་ལགས། ངས་ད་ལྟ་ཞུ་བཞིན་པ་དེ་ནི་བོད་ལ་རྒྱལ་དར་དགོས་མིན་དེ་གླེང་གི་ཡོད་ལགས། དེ་ཡིན་དུས་རྒྱལ་དར་འབྲི་ཐུབ་མིན་སྐོར་ལ་བཀའ་འདྲི་ཞུས་མེད་པ་ཡིན་དུས། སྐུ་ཉིད་ཀྱིས་རྒྱལ་དར་དགོས་མིན་སྐོར་ལ་བསམ་ཚུལ་རེ་གསུང་རོགས་ཞུ་ལགས།

    རྨེ་རུ་ལགས། ངས་སྤུན་ཟླ་ཁྱེད་ཅག་ལ་བཀའ་འདྲི་ཞུས་པ་ནི། བོད་ལ་རྒྱལ་དར་དགོས་མིན་གྱི་སྐོར་ཡིན་དུས། དེའི་ཐད་དུ་བསམ་ཚུལ་རེ་གསུང་རོགས་ཞུ་ལགས།

    ལྷ་ཆབ་སྤྱིན་པ་ལགས། སྐུ་ཉིད་ཀྱི་ཐུགས་དགོང་ཡིན་ན་བོད་ལ་རྒྱལ་དར་དགོས་དང་མི་དགོས་ལགས། དགོས་ན་དགོས་སྟངས་ཤིག་གསུང་རོགས། མི་དགོས་པ་ཡིན་ན་མི་དགོས་ཚུལ་གྱི་བསམ་ཚུལ་ཞིག་གསུང་རོགས་ཞུ་ལགས།

    གཅན་བཟོད་རྒྱམ་ལགས། སྐུ་ཉིད་ཀྱི་རྒྱལ་དར་སྐོར་གང་ཞིག་བྲིས་ཡོད་མེད་དེ་ནི་ད་ལྟ་བདག་གི་མཐོང་མ་སོང་། ཡིན་ཡང་། ང་རང་ད་ལྟ་རང་བལྟ་རུ་འགྲོ་ཆོག འོན་ཀྱང་། ངས་ཞུ་བཞིན་པ་བོད་ལ་རྒྱལ་དར་དགོས་མིན་དེ་ཡིན་དུས། དེའི་སྐོར་ཞིག་གསུང་རོགས་ཞུ་ལགས།

    Reply
  7. chentsasopa says:
    ལོ་ 15 སྔོན།

    ངས་བོད་ཀྱི་རྒྱལ་དར་ལ་བལྟ་སྟངས་ནི་ངེད་རང་གིས་ཟིན་བྲིས་སུ་བཀོད་ཡོད་པ་དེ་བཞིན་ཡིན། རྩོམ་ཡིག་དེ་ཁ་བརྡ་ཚང་ལ་ཡང་བཀོད་ཡོད།

    Reply
  8. lhachapjinpa says:
    ལོ་ 15 སྔོན།

    རྒན་འཇམ་མགོན་གྱིས་གསུངས་པ་བདེན་པར་འདུགབོད་ཀྱི་རྒྱལ་གླུ་དང་རྒྱལ་དར་གྱི་འགྲེལ་བཤད་གཏིང་ཟབ་དྲགས་པ་རེད།དེང་སང་རང་རེའི་བཙན་བྱོལ་ནང་དུ་རྒྱལ་དར་ལ་རིན་ཐང་དམན་པོ་འདུག་པ་འདྲ།རྒྱུ་མཚན་ནི་རྒྱལ་དར་ནི་སྣ་ཕྱི་བཞིན་ག་སར་གཡུགས་ཡོད་པའང་མཐོང་སོང་།འདི་གོང་དུ་བཀུར་དགོས་པ་ཞིག་ཡིན།དགྱ་ནག་གིས་ལས་ཁུངས་ཤིག་དང་སློབ་གྲྭ་ལྟ་བུ་མགོ་འཛུགས་སྐབས་རྒྱལ་དར་བསྒྲེང་སྟེ་རྒྱལ་གླུ་ལེན་པར་བཤད་ལ།རྒྱལ་དར་ཞིག་བཙུགས་ཚུན་ཆད་ནས་ར་བ་ཙམ་ལས་མེད་ནའང་ལས་ཁུངས་སམ་སློབ་གྲྭ་རུ་ཆགས་ཚར་བའི་སྣང་བ་འཛིན་གྱི་ཡོད།

    Reply
  9. mheru says:
    ལོ་ 15 སྔོན།

    བཀླགས་ཚར་པ་ཡིན་མུ་མཐུད་བྲི་རིགས་གནང།
    བོད་ཀྱི་རྒྱལ་དར་དང་རྒྱལ་གླུའི་སྐོར་ལ་སྔོན་མ་ནས་བསམ་ཚུལ་མི་འདྲ་བ་ཡོང་གི་ཡོད་བསམ་ཚུལ་དེ་དག་གླེང་ཆོག་པ་ཞིག་དང་གླེང་འོས་ཤིག་ཡིན་མོད།
    བོད་ཀྱི་རྒྱལ་དར་དང་རྒྱལ་གླུ་གཉིས་བསྒྱུར་བཅོས་བཏང་ན་འགྲིགས་ཀྱི་ཡོད་སྲིད།ཡིན་ན་ཡང་ད་ལྟ་དགོས་དང་མི་དགོས་ཀྱི་ཐག་གཅོད་ཏོག་ཙམ་སྔ་དྲགས་པ་མིན་ནམ་སྙམ།
    བོད་གཞིས་བྱེས་མཉམ་འཛོམས་བྱུང་ན་འདིའི་སྐོར་གླེང་ན་ལེགས་པ་འདུག་སྙམ།

    Reply
  10. samkhar says:
    ལོ་ 15 སྔོན།

    “གྲབས”ཚིག་འདི་ཅི་འདྲའི་མཁོ་བ་ལ་ཨང་།

    གསོད་གྲབས།
    འཆི་གྲབས།
    འགྲོ་གྲབས།
    སྡོད་གྲབས།
    བསྐུར་གྲབས།
    འབྲི་གྲབས།
    བཤུ་གྲབས།
    རྒྱུག་གྲབས།
    གཡུག་གྲབས།
    ཉལ་གྲབས།
    འདི་རིགས་ངས་མི་ཚེ་གཅིག་བྲིས་ཀྱང་ཕལ་ཆེར་རྫོགས་ཀྱི་མེད་པ་འདྲ།

    Reply
  11. samkhar says:
    ལོ་ 15 སྔོན།

    རྒྱལ་ཁབ་ཅིག་གི་རྒྱལ་དར་ནི་ཡ་གིའི་སྲིད་འཛིན་ནས་མ་གིའི་སྤྲང་པོ་ཚུན་ནས་གནས་སྟངས་ཛ་དྲག་དང་དཀའ་ངལ་ཅན་ཇི་འདྲ་ཞིག་ཏུ་གྱུར་ཀྱང་ལས་སླ་པོའི་ངང་ནས་འབྲི་ཐུབ་པ་ཞིག་ངེས་པར་དགོས་པ་ཡིན། དཔེར་ན། ཇར་པན་གྱི་རྒྱལ་དར་བཞིན། ཞེས་བཤད་ན་དྲ་གྲོགས་ཚོར་དགོངས་ཚུལ་ཅི་ཡོད།།

    Reply
  12. sherabt says:
    ལོ་ 15 སྔོན།

    འཇམ་མགོན་གྱིས་གསུང་པ་དེ་ལ་རྒྱུ་མཚན་འདུག འདི་ལ་སྐྱོན་བརྗོད་བྱེད་མཁན་ཚང་མའི་ནང་ནས་འདི་ལ་བསམ་བློ་གཏོང་དགོས་པ་ཞིག་འདུག

    Reply
  13. tashi gonpo says:
    ལོ་ 15 སྔོན།

    བོད་ལ་
    བོད་ཀྱི་རྒྱལ་དར་དགོས་ལ
    བོད་ལ་
    བོད་ཀྱི་སྐད་ཡིག་དག་ཀྱང་ངེས་པར་དུ་དགོས
    ཡིན་ནའང་དེ་དག་དགོས་ཟེར་བ་ཙམ་གྱིས་མི་ཡོང་བ་མི་རེ་ངོ་རེ་ནས་བེད་སྤྱོད་གཏོང་སྟེ་སྲུང་སྐྱོབ་དང་
    ཁོར་ཡུག་བསྐྲུན་ཏེ་ཡང་རྒྱས་གཏོང་དགོས་པ་ཞིག་རེད་

    འདི་དག་གི་ཁོར་ཡུག་དེ་གཞུང་ཕྱོགས་དང་འབྲེལ་བ་དམ་ཟབ་ཡོད།

    Reply
  14. tenphel says:
    ལོ་ 15 སྔོན།

    ཆ་ཚང་བཀླགས་ཟིན་དུས་ཚོད་ཀྱིས་རྐྱེན་པས་བསམ་འཆར་འབྲི་མ་ཐུབ་ཐལ

    Reply
  15. konchok5 says:
    ལོ་ 15 སྔོན།

    བོད་གཞུང་དབང་འཛིན་པ་དག་གིས་བོད་ལ་གང་ཡང་མི་དགོས་ཟེར་ནས་རྒྱལ་ཁབ་འཚོང་ཟིན་པ་ཡིན་ནམ། ད་དུང་ང་ཚོ་གང་ཟག་རེ་གཉིས་ཤིག་གིས་འདི་ཚོའི་དོན་དུ་འཆི་གྲབ་བྱེད་ན་ཕན་ཐོག་གང་ཡོད་དམ།

    Reply
  16. jamgon says:
    ལོ་ 15 སྔོན།

    བོད། ཤ་ཁྲག་རུས་གསུམ་ལགས། ཉིད་ཀྱིས་འདི་ལྟར་གྲོས་གཞི་ཞིག་གླེང་དུས་ངས་མི་ཤེས་ཀྱང་ཤེས་ཁུལ་བྱས་ནས་ཚིག་འགའ་བཤད་འདོད་འདོད་བྱུང་།
    ང་ཚོའི་རྒྱལ་དང་རྒྱལ་གླུ་གཉིས་བརླག་ཉེན་འདུག གང་ལ་ཟེར་ང་ཚོའི་རྒྱལ་གླུ་ནི་དགེ་བཤེས་བཤེས་ཤིག་མིན་ན་ལས་སླ་བའི་ངང་འགྲེལ་བཤད་ཞིག་རྒྱག་མི་ཐུབ་ལ།
    དེ་ཉན་མཁན་ཡང་དེ་མཚུངས་ཀྱི་མི་ཞིག་མེད་ན་གོ་བ་ལེན་ཁག སློབ་གྲྭ་བའི་ཚོས་སྤྱིར་བཏང་གི་སྒྲུང་ཞིག་གི་མགོ་སྔ་ཙམ་ཞིག་རྟོགས་རྒྱུ་ལས་ཆོས་དང་འགྲེལ་བའི་འགྲེལ་བ་ཞིག་རྒྱག་དགོས་ཚེ་དོ་སྣང་མེད་ལ།
    ཤེས་རྟོགས་མ་ཐུབ་པ་དེ་ལ་དེ་བས་ཀྱང་སུན་སྣང་ཉན་འདོད་མི་བྱེད་པར་ཡུན་གྱིས་རྒྱལ་གླུག་བརླག་ཉེན་འདུག
    རྒྱལ་གླུ་ནི་ལོ་ཆུང་བྱིས་པ་དག་གིས་རྟོགས་ཐུབ་པ་དང་གོ་སླ་བ་ཞིག་ཡིན་ན་གཞི་ནས་རྒྱལ་ཞེན་དང་དོ་སྣང་ཅན་ཞིག་འགྱུར་ཐུབ།
    ད་དུང་བོད་ཀྱི་རྒྱལ་དར་ཡང་དེ་ལྟ་བུ་ཞིག་འདུག མི་རིགས་གང་ཞིག་གི་སོན་རྩ་རྣམས་རྒྱལ་ཞེན་ཅན་དུ་བསྒྱུར་དགོས་ན་རྒྱལ་དར་དེའི་རི་མི་འབྲི་སླ་བ་དང་།
    འབྲི་བདེ་བ་ཞིག་ཡོད་ན་ཚང་མའི་དོ་སྣང་དང་དགའ་མོས་བྱེད་ལ། དེའི་འགྲེལ་བཤད་ཀྱང་གང་སླ་སླ་ཞིག་དང་གང་བདེ་བདེ་ཞིག་ཡིན་ན་བཟང་། ང་ཚོའི་རྒྱལ་དར་ནི་དེ་ལས་ལྡོག་སྟེ་འགྲེལ་ཆོས་ཚིག་དང་བསྟུན་དགོས་ལ། རྒྱལ་དར་ངོས་ཀྱི་རི་མོ་སེང་གེ་གཉིས་ཀྱང་འབྲི་རྒྱུ་ཧ་ཅང་ཁག་པོ་ཞིག་ཡོད་སྟབས་ཕྲུ་གུ་ཚོའི་དེ་ལའང་དོ་སྣང་བྱེད་ཀྱི་མེད།
    དེ་བས་འདིའི་འང་བོད་ཀྱི་རྒྱལ་ཞེན་བརླག་ཉེན་འདུག མདོར་བསྡུས་ཙམ་ཡིན་རྗེས་སུ་ཡུན་གྱི་གླེང་བར་བྱ།

    Reply
  17. Baichung says:
    ལོ་ 15 སྔོན།

    བཀླགས་ཟིན བྲེལ་བ་ཡོད་འགྱོ་ནི། ཡང་གློག་ཤི་རྒྱུའི་ཉེན་ཁ་འདུག

    Reply

དཔྱད་མཆན་སྤེལ། Cancel reply

Your email address will not be published. Required fields are marked *

སྤྱི་ཚོགས་དྲ་གནས།

ཁྱབ་བསྒྲགས།

དྲ་ངོས་ཀྱི་གནས་ཚུལ་ཚང་མའི་པར་དབང་བོད་ཀྱི་དུས་བབ་ལ་ཡོད།

གློག་འཕྲིན།

editor@tibettimes.net | office@tibettimes.net

ཁ་པར།

+91-98823-47075 | +91-92189-38041 | +91-81972-44372

Welcome Back!

OR

Login to your account below

Forgotten Password?

Retrieve your password

Please enter your username or email address to reset your password.

Log In

Add New Playlist

No Result
ཆ་ཚང་གཟིགས།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
    • གླ་ཡོད་རིན་གོང་།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese