མདུན་ངོས།
About Us
  • English
Advertisement
བོད་ཀྱི་དུས་བབ།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
    • གླ་ཡོད་རིན་གོང་།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese
No Result
ཆ་ཚང་གཟིགས།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
    • གླ་ཡོད་རིན་གོང་།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese
No Result
ཆ་ཚང་གཟིགས།
བོད་ཀྱི་དུས་བབ།
English
No Result
ཆ་ཚང་གཟིགས།

ཟས་ལྷག

བོད། ཤ་ཁྲག་རུས་གསུམ།
༢༠༠༩/༡༢/༡༨
Share on FacebookShare on TwitterShare on EmailShare on Whatsapp

བོད་པ་དག་གིས་རྣམ་རྒྱུན་དུ་འཚོ་བའི་ནང་དུ་ཟས་ལྷག་འཇོག་སྲོལ་མེད་པ་ནི། བོད་ཁུལ་ཡོངས་སུ་གཅིག་མཚུངས་ཡིན་ཟེར་ན་འགྲིག་པ་མ་ཟད། དེའི་བག་ཆགས་དེ་ཡི་རྐྱེན་པའི་ང་རང་ཡང་འཚར་ལོངས་ཀྱི་རྒྱུད་རིམ་ནང་དུ་རང་གི་ཕོར་བ་ལས་ཟས་འབྲུ་ལྡོག་གཅིག་ཡིན་ཡང་། ས་རུ་འཕོ་བ་དང་རྐང་རྫུས་བྱེད་པ་སོགས་བྱེད་ཐུབ་ཀྱི་མེད་ལ། དེ་ནི་ལས་འབྲས་དང་སྐྱེ་བ་སྔ་ཕྱི་ལ་ཡིད་ཆེས་བྱེད་མཁན་གྱི་བོད་པ་ཚང་གི་གོམས་གཤིས་བཟང་བོ་ཞིག་རེད་ཟེར་ན་འགྲིག་པ་དང་། དེ་ལྟར་བྱེད་པ་ནི། འབྲུ་རིགས་འདེབས་མཁན་གྱི་ཞིང་བ་ཆེས་མང་བོ་ཞིག་གི་དྲིན་ལན་ལ་ཆེད་དུ་བསམ་ཤེས་བྱས་པ་རེད་ཟེར་རྒྱུ་ཁག་ན་ཡང་། དོན་དངོས་ཐོག་དེ་འདྲ་བསམ་ཤེས་རེད་ཟེར་ན་འགྲིག འོན་ཀྱང་། ཆོས་ལུགས་ཡོད་ཀྱང་ཚེ་སྔ་ཕྱི་མི་བསམ་པ་དང་དགེ་སྡུག་སྤང་ལུང་བཤད་ཤེས་མཁན་གྱི་མི་གྲངས་མང་དུ་འཕེལ་བཞིན་དེང་གི་འཛམ་གླིང་གསར་བ་འདིར་ཟས་ལྷག་འཇོག་མཁན་ནི་དེང་རབས་ཅན་གྱི་རྒྱལ་ཁབ་ལས་མང་བོ་ཞིག་བྱུང་དུ་ཡོད་ལ། འཛམ་གླིང་འདིར་སྐྱེ་བོ་ཁྲི་ཕྲག་མི་ཉུང་བ་ཞིག་ཉིན་རེ་བཞིན་ཟས་སྐོམ་གྱི་སྡུག་བསྔལ་འོག་ནས་ཤི་བཞིན་ཡོད་པ་རེད།

ཕྱོགས་དངོས་གཞན་ཞིག་ནས་གླེང་བ་ཡིན་ན། འབྲུ་ལྡོག་གཅིག་ཕར་ཞོག ཟས་ཀྱི་བཟང་ངན་དང་ཤ་ཡི་ཞིམ་འདུག ཟ་མའི་བྲོ་བ་ཆེ་མིན་ལས་ཟ་མ་འདི་རང་གི་ལག་ནང་དུ་སླེབས་རེག་བར་གྱི་མི་ཆེས་མང་བོ་ཞིག་རྔུལ་ཆུའི་རྒྱུད་རིམ་ཁྲོད་ནས་ཐོན་སྐྱེད་བྱེད་ཀྱི་ཡོད་པ་སོགས་ལ་བསམ་བློ་ཞིག་གཏན་ནས་འཁོར་གྱི་མེད་པ་དང་། དེ་དག་གི་ལོ་ཟླའི་དཀའ་ཚེགས་གྲངས་མེད་ཅིག་རྒྱུད་དེ་ད་གཟོད་ལོངས་སུ་སྤྱོད་རྒྱུའི་སྐལ་བ་དེ་ལྡན་པར་བསམ་བློ་གཏོང་གི་མེད་ལ། བསམ་བློ་གཅིག་རང་གཏོང་བཞིན་ཡོད་པ་དེ་ནི་ངས་སྒོར་མོ་སྤྲད་དེ་ཉོས་པ་ཡིན། དེ་ནི་ཞིམ་པོ་མེད་ན་ཟ་འདོད་མིན་དེ་ནི་རང་ཉིད་ཀྱི་ཐག་གཅོད་བྱེད་ཆོག་པར་འདོད་ཀྱི་ཡོད་པ་དེའི་དབང་གིས་དེང་རབས་པ་ཆེས་མང་བོ་ཞིག་གིས་ཟ་མ་འདི་ལྟར་འཕྲོ་བརླག་དུ་གཏོང་བཞིན་ཡོད་ལ། ཉིན་རེ་བཞིན་འཛམ་གླིང་འདིར་ཟས་སྐོམ་འོག་འཆི་བཞིན་པའི་སྐྱེ་བོ་དེ་དག་གི་འཚོ་བ་དང་། རང་གི་འཚོ་བ་དེ་ཡང་འཛམ་གླིང་གི་མིའི་རིགས་དང་འབྲེལ་བ་དམ་ཟབ་ཡོད་པ་ཞིག་གཏན་ནས་ཚོར་ཐུབ་ཀྱི་མེད་པ་རེད།

སྤུན་ཟླ་ཚོ། ཁྱེད་ཅག་གི་ཞིབ་དུ་གཟིགས་དང་། འདྲ་དཔར་འདི་དག་ནི་དེང་སང་ཚོང་ཡག་པོ་མེད་དུས་ཀྱི་ཟ་ཁང་ཞིག་གི་ནང་གི་སྐུ་མགྲོན་དག་གིས་ཟས་ལྷག་གི་རྣམ་པའི་ཟུར་ཞིག་རེད། གལ་སྲིད། འུ་ཅག་བོད་པ་མི་ཉུང་བ་ཞིག་གི་གོམས་གཤིས་ནང་དུ། ཐ་ན་རང་གི་བ་མའི་ནང་གི་ཟས་འཕྲོ་ཉུང་ངུ་ཞིག་ཀྱང་འཇོག་སྲོལ་མེད་པར་གཙང་མ་བྱེད་ཀྱི་ཡོད་ན། ཁྱེད་ཅག་གི་འདི་དག་གིས་ཟས་ལ་གདེང་འཇོག་མེད་པའི་འདྲ་དཔར་འདི་དག་མཐོང་དུས་ག་རེ་དྲན་གྱི་འདུག་ལགས།

སྔོན་ཆད་ཅིག་ལ་དྲ་ཐོག་གི་སྤུན་ཟླ་ཞིག་གིས་རང་གི་ཕོར་བའི་ནང་གི་འབྲས་ལྡོག་གཅིག་གི་སྐོར་ཞིག་གླེང་མྱོང་ཡོད་ཀྱང་། དེ་དུས་སྤུན་ཟླ་མི་ཉུང་བ་ཞིག་གིས་དེ་ལ་ཞེ་དྲགས་བསམ་ཚུལ་གང་ཡང་གསུངས་མ་སོང་། ད་རེབས་སྤུན་ཟླ་དག་གིས་ཟས་ལྷག་གི་སྐོར་ལ་རང་རང་གི་གང་དྲན་པ་དག ཞིབ་དུ་གསུང་རྒྱུར་རེ་བ་ཡོད་ལགས།

འབྲེལ་ཡོད་གསར་འགྱུར།

Uncategorized

ངའི་མཐོང་ལམ་གྱི་མདོ་སྨད་སྤྱི་འཐུས་ཆོས་གྲགས་རྒྱ་མཚོ།

ཆུ་ཚོད་ ༦ སྔོན་ལ།
Launch of Tibetan Arts Council. Photo: Tibetan Art Council
Mobile App

བོད་ཀྱི་སྒྱུ་རྩལ་མཐུན་ཚོགས་གསར་འཛུགས་གནང་བའི་གསར་འགོད་བསྒྲགས་གཏམ་སྤེལ།

ཆུ་ཚོད་ ༢༣ སྔོན་ལ།
Advertisement for App

ཨ་ཀྱཱ་བློ་བཟང་བསྟན་འཛིན་མཆོག་གི་ཕྱག་དེབ་“ཕྱིར་དྲན་”ཞེས་པའི་བོད་ཡིག་དེབ།

༢༠༢༦/༠༤/༡༥
༧གོང་ས་རྒྱལ་བ་རིན་པོ་ཆེ་མཆོག་ནས་སྐབས་བཅུ་བདུན་པའི་སྤྱི་འཐུས་གྲོས་ཚོགས་ལ་བསྩལ་བའི་བཀའ་ཡིག་རིན་པོ་ཆེ། ༢༠༢༡།༡༠།༠༦
Mobile App

སྤྱི་ནོར་༸གོང་ས་༸སྐྱབས་མགོན་ཆེན་པོར་སྤྱི་འཐུས་ཨ་ཀྲུག་ཚེ་བརྟན་གྱིས་གཙོས་ད་ལྟའི་ཆོས་བརྒྱུད་སྤྱི་འཐུས་ཕལ་ཆེ་བས་སྒྲོ་འདོགས་དང་སྐུར་འདེབས་མཚན་སྨད་ཚབས་ཆེན་ཞུས་པའི་དངོས་ཡོད་གནས་ཚུལ་སྙིང་བསྡུས་ངོ་སྤྲོད།

༢༠༢༦/༠༤/༡༥
བལ་ཡུལ་གྱི་ནང་སྲིད་བློན་ཆེན་གྷུ་རུང་དང་བལ་ཡུལ་རྒྱ་ནག་གཞུང་ཚབ་ཀྲང་མོ་མིན། ༢༠༢༦།༠༤།༡༣
Mobile App

བལ་ཡུལ་གཞུང་གིས་རྒྱ་ནག་ལ་རྒོལ་བའི་ལས་འགུལ་རིགས་ལ་བཀག་སྡོམ་བྱ་རྒྱུ་ཡིན་པའི་ཁས་ལེན་གནང་།

༢༠༢༦/༠༤/༡༥
China's Vice Minister of Foreign Affairs Sun Weidong in Tokyo, Japan in 2023 [File: Issei Kato/Pool via Reuters]
Mobile App

རྒྱ་ནག་གི་ཕྱི་སྲིད་བློན་ཆེན་གཞོན་པ་གནས་དབྱུང་བཏང་།

༢༠༢༦/༠༤/༡༥

མཆན། 2

  1. sha tak ri sim says:
    ལོ་ 16 སྔོན།

    ཟ་ལེ་རྒྱལ་ལགས། མི་ལ་ལྟོག་སྐོམ་ཡོང་མ་མྱོང་བ་ཡིན་ན། ཟས་ལྷག་གང་འདོད་དུ་བཞག་ན་འགྲིག་གི་ཡོད་པ་རེད་དམ་ལགས། ཟས་ལྷག་འཇོག་པ་དེ་ནི་འཕྲོད་བསྟེན་ལ་བསམ་ནས་བཞག་པ་རེད་དམ་ལགས། བོད་མི་རིགས་ལས་སེར་སྣ་ཚ་བ་ཞིག་མེད་པ་རེད་དམ་ལགས། དེས་ན་སྐུ་ཉིད་ཀྱིས་རང་གི་ཕྲུ་གུའི་ཟ་མར་ལྡོག་རྫུས་བྱེད་པ་རིག་ན་གང་ཞིག་བཤད་རྩིས་ཡིན་ནམ་ལགས། ཟས་ལྷག་བཞག་དུས་འཕྲོད་བསྟེན་ཡིནཔ་རེད་ཅེས་བསླབ་བྱ་རྒྱག་རྒྱུ་ཡིན་ནམ་ཅི་ལགས།

    Reply
  2. salygyal says:
    ལོ་ 16 སྔོན།

    ཟས་ལྷག་མི་འཇོག་པ་དེ་ང་ཚོ་ཚང་མ་ང་བརྒྱད་ལོར་ལྟོགས་ནས་ལྡེབས་ཤི་བྱས་བའི་བོད་པ་དེ་དག་གི་རྣམ་ཤེས་ཡིན་པའི་ཁར། སློབ་སྟོན་པ་ཚོའང་ང་བརྒྱད་ལོའི་ལྟོགས་སྐོམ་མྱངས་བའི་བོད་པ་ཚོ་ཡིན་པས་ཟས་ལྷག་འཇོག་མ་ཐུབ་པ་ཡིན་ས་རེད། གྲོད་ཁོག་བརྒྱགས་ནའང་ཟས་ལྷག་ལ་སེར་སྣ་སྐྱེས་ཏེ་ཨུ་ཚུགས་ཀྱིས་ཟ་བ་དེས་གཟུགས་པོར་གནོད་ཀྱིན་ཡོད་ས་རེད། ཟ་མ་འཕྲོ་བརླག་དང་གཟུགས་པོ་འཕྲོ་བརླག་གཉིས་ཀར་གདམས་ཀ་བྱེད་ཤེས་དགོས་བ་འདྲ།

    Reply

དཔྱད་མཆན་སྤེལ། Cancel reply

Your email address will not be published. Required fields are marked *

སྤྱི་ཚོགས་དྲ་གནས།

ཁྱབ་བསྒྲགས།

དྲ་ངོས་ཀྱི་གནས་ཚུལ་ཚང་མའི་པར་དབང་བོད་ཀྱི་དུས་བབ་ལ་ཡོད།

གློག་འཕྲིན།

editor@tibettimes.net | office@tibettimes.net

ཁ་པར།

+91-98823-47075 | +91-92189-38041 | +91-81972-44372

Welcome Back!

OR

Login to your account below

Forgotten Password?

Retrieve your password

Please enter your username or email address to reset your password.

Log In

Add New Playlist

No Result
ཆ་ཚང་གཟིགས།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
    • གླ་ཡོད་རིན་གོང་།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese