མདུན་ངོས།
About Us
  • English
བོད་ཀྱི་དུས་བབ།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
    • གླ་ཡོད་རིན་གོང་།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese
No Result
ཆ་ཚང་གཟིགས།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
    • གླ་ཡོད་རིན་གོང་།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese
No Result
ཆ་ཚང་གཟིགས།
བོད་ཀྱི་དུས་བབ།
English
No Result
ཆ་ཚང་གཟིགས།

ཟིན་བྲིས་པ་རྩེ་ཕུད་ཅིག་དགོས་ཀྱི་ཡོད། སུ་རེད།

བོད། ཤ་ཁྲག་རུས་གསུམ།
༢༠༠༩/༡༢/༢༠
Share on FacebookShare on TwitterShare on EmailShare on Whatsapp
་་་་་་་་་་་་་་་་་་་་་་ཟིན་བྲིས་པ་རྩེ་ཕུད་ལ་ཚང་དགོས་པའི་ཆ་རྐྱེན་གང་ཡིན་ནམ།

 

དུས་བབ་ཚང་གི་རྩོམ་སྒྲིག་པ་ལུང་རིགས་རྒྱལ་ལགས་ཀྱིས་༢༠༠༩ ལོའི་ཟིན་བྲིས་པ་རྩེ་ཕུད་དེ་སུ་རེད་ཅེས་དེ་ཀློག་རྗེས་སུ། སྤུན་ཟླ་མི་ཉུང་བ་ཞིག་གི་བསམ་ཚུལ་ཡང་གང་ལ་གང་ཙམ་བྲིས་ཡོད་པ་དེ་དག་ཚང་མ་རེ་རེ་བཞིན་ཀློག་པ་ཡིན། འོན་ཀྱང་། བསམ་ཚུལ་དེའི་ནང་དུ་དུས་རྒྱུན་དུ་མཆན་པུ་འདེབས་མཁན་དང་། ཟིན་བྲིས་མང་ཤོས་སྤེལ་མཁན་གྱི་ཁ་བ་ནག་པོ་དང་། ལྷ་ཆབ་སྤྱིན་པ། བོན་རྒྱ། སྒོམ་སྡེ་ལྷ་རམས་པ། ཟླ་བ་ཚེ་རིང་། བསྟན་འཛིན་ཚེ་དཔག བསེ་རུ། ད་དུང་། བུད་མེད་ཀྱི་ནང་ནས་ཚེ་རིང་སྐྱིད། ཉི་མ་མཚོ། ཆུ་སྐྱེས་སྒྲོལ་མ་སོགས་སྤུན་ཟླ་མི་ཉུང་བ་ཞིག་གིས་གཏན་ནས་བསམ་ཚུལ་གསུངས་མི་འདུག་ལ། གཅིག་བྱས་ན་དུས་བབ་ཚང་གི་རྩོམ་སྒྲིག་པ་མཆོག་གི་བསམ་ཚུལ་རྩོམ་ཡིག་དེ་མཐོང་མེད་ཤས་ཆེ།

གང་ལྟར། འུ་ཅག་དྲ་ཐོག་གི་སྤུན་ཟླ་ཡོངས་ཀྱིས་རང་གི་དགའ་ཁ་འཁྱེར་ཕྱོགས་ཙམ་ལ་མ་བལྟས་པར། ཟིན་བྲིས་རྩེ་ཕུད་ཅིག་འདེམ་རྒྱུ་ཡིན་ན་ནི། ཟིན་བྲིས་པ་རྩེ་ཕུད་དེ་ལ་མ་མཐའི་ཆ་རྐྱེན་འདི་འདྲ་ཞིག་ཚང་དགོས་པ་དང་། དེ་ཚང་བའི་ཟིན་བྲིས་པ་དེ་རྩེ་ཕུད་ལ་འདེམ་དགོས་ཀྱི་འདུག་ཟེར་ནས་ཁ་གསལ་བོ་ཞིག་གསུངས་པ་ཡིན་ན་དངོས་ནས་ཡག་པོ་འདུག དེ་མིན་ང་ལྟ་བུ་ཡིག་ནོར་གྱི་ཐང་མ་བརྡལ་མཁན་ཞིག་ནི་ཟིན་བྲིས་རེ་སྤེལ་ནས་སྤུན་ཟླ་དག་གི་དྲུང་ནས་སློབ་སྤྱོང་རེ་ལེན་བཞིན་ཡོད་པ་ལས། ཟིན་བྲིས་པ་རྩེ་ཕུད་ཟེར་བ་ཞིག་ཕར་ཞོག ད་དུང་། ཟིན་བྲིས་པ་ཚད་ལྡན་ཞིག་ཀྱང་ཆགས་ཡོད་པ་མ་རེད།

སྐབས་བབ་ཀྱི་གླེང་འདོད་པ་གཙོ་བོ་དེ་ནི་ཟིན་བྲིས་རྩེ་ཕུད་ཅིག་འདེམ་རྒྱུ་དེ་ནི་དགེ་སྐྱོན་གཉིས་ལས་དགེ་བའི་ཆ་མང་སྟབས། འུ་ཅག་གིས་ཅིས་ཀྱང་ཉིས་སྟོང་དགུ་ལོའི་ཟིན་བྲིས་པ་རྩེ་ཕུད་ཅིག་འདེམ་དགོས་ཀྱི་འདུག་ལ། དེ་ལྟར་འདེམ་ནས་དུས་བབ་ཚང་གི་མིང་ཐོག་ནས་ཤོག་ལེབ་གཅིག་ལས་མ་བྱུང་རང་། ཉིས་སྟོང་དགུ་ལོའི་དུས་བབ་ཟིན་བྲིས་ནང་གི་ཟིན་བྲིས་པ་རྩེ་ཕུད་ཅེས་མཚན་སྙན་གནང་བ་ཡིན་ན། སྤུན་ཟླ་མི་ཉུང་བ་ཞིག་ལ་སེམས་ཤུགས་ཀྱང་འཕར་ངེས་ཡིན་ལ། བྱ་དགའི་ཤོག་ལེབ་དེ་ལ་ཡང་རིན་ཐང་ཡོད་པ་ཞིག་ཆགས་ངེས་ཡིན་པ་མ་ཟད། དྲ་ཐོག་གི་སྤུན་ཟླ་དག་གིས་ཀྱང་ཟིན་བྲིས་སྤེལ་རྒྱུར་སྤྲོ་བ་འཕེལ་རྒྱུར་ཕན་ངེས་ཡིན།

མཐའ་མའི་ཞུ་དོན། ང་ཚོས་རྩོམ་སྒྲིག་པ་མཆོག་གི་རེ་སྐུལ་བཞིན་བདུན་ཕྲག་གཅིག་གི་རིང་ལ་ཟིན་བྲིས་པ་རྩེ་ཕུད་ཅིག་རྙེད་རྒྱུར་གྲོས་མོལ་བྱེད་རྒྱུ་དེ་ནི་དངོས་ནས་གལ་ཆེན་རེད་ལ། དེ་ཡང་དུས་བབ་ཚང་གི་ཟིན་བྲིས་ཀྱི་གཙོ་བའི་དྲ་རྒྱ་གཞན་དག་སྟེང་གི་སྤུན་ཟླ་དག་ལ་ཡང་དོ་སྣང་ཡོང་བར་རེ་སྐུལ་བྱེད་པ་དང་། ཁོང་ཚོ་ཡང་ཟིན་བྲིས་རྩེ་ཕུད་འདེམ་རྒྱུར་རེ་སྐུལ་ཞུས་པ་ཡིན་ན་ཡག་པོ་འདུག ཨོ་རེད། རྩེ་ཕུད་དེ་ཕྱོགས་གང་ལ་བརྟེན་ནས་རྩེ་ཕུད་འདེམ་རྒྱུ་ཡིན་ནམ་ལགས། སྤུན་ཟླ་ཚོ། སྒྱིད་ལུག་མ་བྱེད་ཅིག

འབྲེལ་ཡོད་གསར་འགྱུར།

LG of Ladakh Vinai Kumar Saxena laid the foundation stone of Ladakh’s first Model Border Village at Chumur, under the Vibrant Village Program (VVP) in Changthang district in Eastern Ladakh
Mobile App

རྒྱ་གར་གྱིས་ལ་དྭགས་ཀྱི་མཐའ་མཚམས་སུ་གྲོང་ཚོ་དང་པོ་འཛུགས་སྐྲུན་བྱེད་མགོ་བཙུགས་འདུག

ཆུ་ཚོད་ ༢ སྔོན་ལ།
TT
Mobile App

གྲྭ་འཇམ་དབྱངས་བཀྲ་ཤིས་སླར་ཡང་རྒྱ་ནག་གཞུང་གིས་འཛིན་བཟུང་བཙན་འཁྲིད་བྱས། 

ཆུ་ཚོད་ ༦ སྔོན་ལ།
Mobile App

ཕ་སྤྲེའུ་དང་མ་བྲག་སྲིན་གྱི་གཏམ་རྒྱུད་ལས་མཆེད་པའི་མེས་པོའི་ཞལ་ཆེམས་གླེང་བ།

༢༠༢༦/༠༦/༠༤
TT
Mobile App

ལོ་འཁོར་སྙན་ཐོ་དང་བོད་ནང་གི་ཆོས་དད་རང་དབང་གི་དམིགས་བསལ་སྙན་ཐོ་ཞིག་འདོན་སྤེལ་གནང་སོང་།

༢༠༢༦/༠༦/༠༤
tttt
༸གོང་ས་མཆོག གསར་འགྱུར།

༸གོང་ས་མཆོག་ནས་ཀ་ན་ཊ་ཀའི་སྤྱི་ཁྱབ་བློན་ཆེན་མཆོག་ལ་འཚམས་འདྲིའི་གསུང་འཕྲིན་བསྩལ། 

༢༠༢༦/༠༦/༠༤
༸གོང་ས་མཆོག གསར་འགྱུར།

༸གོང་ས་རྒྱལ་བ་རིན་པོ་ཆེ་མཆོག་བོད་ལ་ཕེབས་རྒྱུའི་ཐུགས་རེ་ཡོད། 

༢༠༢༦/༠༦/༠༤

མཆན། 13

  1. kawakampo says:
    ལོ་ 16 སྔོན།

    དྲ་གྲོགས་ཤ་ཁྲག་རུས་པ་ལགས། རྩེ་ཕུལཟིན་བྲིས་བ་ཞིག་ལ་ཚང་དགོས་པའི་ཆར་ཆེན་ནི།
    བོད་རིག་པར་བྱང་ཆ་ལྡན་པ། བྲིས་བའི་རྩོམ་དག་ཚད་ལྡན་ཡིན་པ།
    འུད་སྒྲོག་ཆེ་བ་མ་ཡིན་པ། གཡོན་ལྷུང་བྲལ་བ།
    ད་དུང་རྩོམ་གྱི་གྲགས་ཀ་ལས་སྤུས་ཀ་བལྟ་དགོས།
    རྩོམ་པ་པོས་མིང་ལས་བརྩམས་ཆོས་ཀྱི་གནད་ལ་བལྟ་དགོས།
    རིམ་པ་ཡང་བཀར་ཆོག་་་་་་གོང་གསལ་ཆར་ཆེན་འདི་དག་ལྡན་པའི་སྨྱུག་ཐོག་པ་ནི་
    ད་གཟོད་རྩེ་ཕུལ་དུ་ཕྲན་གྱིས་འདོད།

    Reply
  2. sha tak ri sim says:
    ལོ་ 16 སྔོན།

    ཁ་བ་སྐམ་པོ་ལགས། ཟིན་བྲིས་པ་རྩེ་ཕུད་ཅིག་འདེམ་པ་ལ་ཕྱོགས་གང་ལ་བརྟེན་ནས་འདམ་པ་ཡིན་ན་བཟང་བོ་འདུག་ལགས།

    ལྷ་ཆབ་ལགས། ངས་ཉིད་ལ་ནམ་ཡང་ཁེངས་ར་བྱེད་མ་མྱོང་ལགས། རྗེས་སུ་ཡང་བྱེད་རྩིས་མེད་ལགས། རེད་ལགས། དང་བོ་ཉིད་ཀྱིས་སྐད་ཆ་དེ་འདྲ་ཞིག་གསུངས་པ་རེད་མོད། བར་སྐབས་སུ་གྲགས་འགུལ་མེད་པར་ལུས་པ་རེད། དེ་རིང་བསྐྱར་དུ་རྩོམ་པ་མཆོག་གིས་གསུངས་དུས། ཟིན་བྲིས་པ་དག་གིས་ཀྱང་དོ་སྣང་ཤུགས་ཆེན་པོ་བྱེད་ཀྱི་ཡོད་པ་ཡིན་དུས། ངས་ཀྱང་དེའི་སྐོར་ལ་བསམ་ཚུལ་ཞིག་ཞུས་པ་ལས་དམིགས་ཡུལ་གཞན་གང་ཡང་མེད་ལགས། སྐུ་ཉིད་ཀྱིས་གློག་འཕྲིན་ཀློག་ཚར་བ་ཡིན། སང་ཉིད་དེར་ལན་ཞིག་བྲིས་ནས་སྐུར་ཡོད། ཡིན་གཅིག་མིན་གཅིག་དེ་ལ་གཟིགས་རོགས་ཞུ།

    Reply
  3. lhachapjinpa says:
    ལོ་ 16 སྔོན།

    ཨ་རོགས།ངས་ཁྱོད་ལ་གློག་འཕྲིན་བཏང་ཟིན།

    Reply
  4. lhachapjinpa says:
    ལོ་ 16 སྔོན།

    ཤ་ཁྲག་ལགས།ཉིད་ཀྱིས་ང་ལ་ཁེངས་ར་བྱས་ཡོད་པ་མཐོང་སོང་མོད།ཡིན་ནའང་ང་རང་དེ་རིང་བར་དུ་ཉིན་གཉིས་ལ་དྲ་ཐོག་ཏུ་ཡོད་ཁོམ་མེད་སོང་།ངས་ནི་ལས་འགུལ་འདི་ལ་རྒྱབ་སྐྱོར་ལོས་བྱེད།དང་བོར་མགོ་འཛིན་མཁན་ང་རང་མ་ཡིན་ནམ།

    Reply
  5. kawakampo says:
    ལོ་ 16 སྔོན།

    རེད་དྲ་གྲོགས་སྐར་ཁྲི་བཙན་ལགས་ཀྱིས་བཤད་པ་ལྟར་རིམ་པ་གསུམ་ཕྱེས་ནས་
    གདམ་ན་བཟང་སྙམ། ད་དུང་ལོ་རེ་ལ་གདམ་དགོས་བ་སོགས་ཡར་རྒྱས་
    ལ་འགྲོ་བའི་ཐབས་ཤིག་རེད།

    Reply
  6. sha tak ri sim says:
    ལོ་ 16 སྔོན།

    སྤུན་ཟླ་དག་གིས་རང་རང་གི་བསམ་ཚུལ་གནང་བ་དེར་དགའ་ཡོད། ད་ནི་མི་རིང་བར་འུ་ཅག་གིས་དུས་བབ་ཚང་གི་ཟིན་བྲིས་རྩེ་ཕུད་དེ་རྙེད་རྒྱུར་འབད་པ་བྱེད་ཡ་་

    Reply
  7. kalsang says:
    ལོ་ 16 སྔོན།

    ཝེ་་་་་་་་་་་་ཁྱེད་ཀྱིས་ང་ཡི་བསམ་ཚུལ་དེ་བཀླགས་མེད་པ་འདྲ། ངས་བལྟས་ན་ཟིན་བྲིས་པ་རྩེ་ཕུད་དེ་ཟ་ལེ་རྒྱལ་རེད།

    Reply
  8. Baichung says:
    ལོ་ 16 སྔོན།

    ངས་བཤད་ན་དེ་རིང་ཁ་རྩང་གི་རྒྱབ་ཁབ་ཁག་ནང་བཞིན། ཡར་རྒྱས་སུ་ཕྱིན་ཚར་བའི་ཟིན་བྲིས་པ་སྔོན་ཐོན་སྡེ་ཚན་དང་། ཡར་རྒྱས་སུ་འགྲོ་བཞིན་པའི་བར་མ་བར། རྗེས་ལུས་སུ་ཐེབས་ཡོད་པའི་མཐའ་མ་གསུམ་ལ་དགར་ནས། རིམ་པ་གསུམ་པོའི་ནང་གི་དང་པོ་རེ་རེ་གདམ་ན་ཡག་ས་རེད་གོ

    Reply
  9. Baichung says:
    ལོ་ 16 སྔོན།

    རྩེ་ཕུད་གཅིག་འདེམས་དགོས་ན་ཁག་པོ་འདུག

    Reply
  10. mheru says:
    ལོ་ 16 སྔོན།

    བསམ་ཚུལ་འདི་ཡག་པོ་འདུག་ཡིན་ན་ཟིན་བྲིས་པ་རྩེ་ཕུད་ཤིག་འདམ་པ་ལ་མ་མཐར་ཡང་ཟིན་བྲིས་ཡོངས་རྫོགས་ཐེངས་མ་གཅིག་གཉིས་ཉེས་པར་དུ་བཀླག་དགོས་ཀྱི་རེད་དེ་འདྲ་མ་བྱུང་ན་ལེགས་པོ་ཞིག་ཡོང་དཀའ་བར་མཐོང།
    ཟིས་བྲིས་པ་རྩེ་ཕུད་ཤིག་འདམ་ལ་ཆ་རྐྱེན་གང་འདྲ་ཞིག་དགོས་ཡོད་དམ།

    Reply
  11. kangwod says:
    ལོ་ 16 སྔོན།

    རེད། རྩོམ་སྒྲིག་པས་དེ་འདྲ་ཞིག་བཤད་ཀྱིན་འདུག རྩོམ་སྒྲིག་པས་དངོས་གནས་རྩེ་ཕུད་ཅིག་འདེམས་འདོད་ན། ཁ་བ་ནག་པོའི་བཤད་པ་བཞིན་ཟིན་བྲིས་རེ་རེ་བཞིན་ཉུལ་དགོས་པ་རེད། མ་མཐའ་ཡང་ཟིན་བྲིས་པ་ཚོས་མིང་ཐོ་འདིར་བསྐྱལ་བ་དག་གི་ཟིན་བྲིས་རེ་རེ་བཞིན་མགོ་ནས་མཇུག་བར་ཏུ་བཀླགས་ཏེ། ༡། རྣམ་པ་གསར་བ། ༢། གླེང་སློང་གསར་བ། ༣། ནམ་རྒྱུན་འགན་ཁུར་ལ་དོ་སྣང་གནང་བ། ༤། ཟིན་བྲིས་ར་བ་འདི་འཕེལ་རྒྱས་ཀྱི་ཐད་ལ་ནུས་པ་བཏོན་ཡོད་པ། ༥། ཕྱོགས་གང་སར་མཁྱེན་རྒྱ་ཡངས་མི་ཡངས་དང་། མཁྱེན་རྒྱ་དེ་ཟིན་བྲིས་ར་བ་འདིར་བཀོལ་ཡོད་མེད། ༦་ཚིག་ལྷག་ཉུང་ཞིང་སུམ་རྟགས་དག་གསུམ་དང་སྡེབ་སྦྱོར་འབྲི་རྩལ་བཅས་ལ་བྱང་ཆ་ཆེ་བ། ༧ ད་དུང་ཟིན་བྲིས་འདིར་རྒྱུན་ཞུགས་དང་སྐོར་ཉུལ་བྱེད་ཀྱིན་ཡོད་མེད་སོགས་ར་སྤྲད་ནས་འདེམས་ན་ད་གཟོད་ལེགས་པོ་ཞིག་འདེམས་སྲིད་པ་རེད།

    དེ་མིན། ཟིན་བྲིས་ར་བ་འདིར་མིག་བཙུམ་ནས་བརྒྱུགས་སྟེ་གཅིག་འཇུ་གི་ཡིན་ཟེར་ན། དེ་ཨ་ཁུ་འབྲོག་པས་ལུག་འཛིན་སྟངས་རེད།

    Reply
  12. jamgon says:
    ལོ་ 16 སྔོན།

    གྲོགས་བོད། ཤ་ཁྲག་རུས་གསུམ་ལགས། དྲང་མོར་བཤད་ན་འདིའི་ཕྱོགས་ལ་ང་ད་དུང་རྒྱས་མེད།

    Reply
  13. kawakarpo says:
    ལོ་ 16 སྔོན།

    རེད། ཁྱོན་ཡོངས་ནས་བལྟས་ཏེ་རྩེ་ཕུད་ཅིག་བདམས་ན་ཆོག་ལ། ཕྱོགས་རེ་རེ་ནས་བལྟས་ཏེ་རྩེ་ཕུད་ཅིག་བདམས་ན་ཡང་ཆོག་གི དེ་བཞིན་ཨང་དང་པོ་དང་གཉིས་པ། གསུམ་པ་བར་དུ་བདམས་ཆོག་གི་རེད། ཡིན་ན་ཡང་མ་བདམས་པའི་སྔོན་དུ་ཟིན་བྲིས་ཡོངས་རྫོགས་སུ་ཐེངས་ཤིག་ཉུལ་དགོས་ཀྱི་འདུག དེ་མིན་ཐག་གཅོད་དེ་ཡག་པོ་དང་དྲང་བདེན་ཞིག་ཡོང་ཁག་པོ་རེད།

    Reply

དཔྱད་མཆན་སྤེལ། Cancel reply

Your email address will not be published. Required fields are marked *

སྤྱི་ཚོགས་དྲ་གནས།

ཁྱབ་བསྒྲགས།

དྲ་ངོས་ཀྱི་གནས་ཚུལ་ཚང་མའི་པར་དབང་བོད་ཀྱི་དུས་བབ་ལ་ཡོད།

གློག་འཕྲིན།

editor@tibettimes.net | office@tibettimes.net

ཁ་པར།

+91-98823-47075 | +91-92189-38041 | +91-81972-44372

Welcome Back!

OR

Login to your account below

Forgotten Password?

Retrieve your password

Please enter your username or email address to reset your password.

Log In

Add New Playlist

No Result
ཆ་ཚང་གཟིགས།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
    • གླ་ཡོད་རིན་གོང་།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese