མདུན་ངོས།
About Us
  • English
Advertisement
བོད་ཀྱི་དུས་བབ།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
    • གླ་ཡོད་རིན་གོང་།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese
No Result
ཆ་ཚང་གཟིགས།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
    • གླ་ཡོད་རིན་གོང་།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese
No Result
ཆ་ཚང་གཟིགས།
བོད་ཀྱི་དུས་བབ།
English
No Result
ཆ་ཚང་གཟིགས།

པཎ་ཆེན་རིན་པོ་ཆེ་དྲན་ཏེ་མི་ལོ་ཉི་ཤུ།

བོད་ཀྱི་དུས་བབ།
༢༠༠༩/༡༢/༢༦
Share on FacebookShare on TwitterShare on EmailShare on Whatsapp

ཀུན་གཟིགས་པཎ་ཆེན་སྐུ་ཕྲེང་བཅུ་བ་མཆོག་སྐུ་གཤེགས་ཏེ་བགྲང་བྱ་ ༢༠ འཁོར་གྱིན་ཡོད་པའི་རྗེས་དྲན་དང་བསྟུན་ཏེ། དེ་རིང་སྔ་དྲོའི་ཆུ་ཚོད་ ༡༠ སྟེང་འདི་ག་བོད་ཀྱི་དུས་བབ་ཟིན་བྲིས་ཚན་པར། བོན་རྒྱ་བསྟན་འཛིན་རབ་རྒྱས་ལགས་དང་རོང་བོ་སྤོས་དཀར་ལགས། དེ་བཞིན་རས་པ་བཅས་ཀྱི་གོ་སྒྲིག་འོག དྲ་གྲོགས་ན་གཞོན་ཁག་ཅིག་གིས་པཎ་ཆེན་རིན་པོ་ཆེ་མཆོག་གི་སྐུ་ཚེ་གང་བོའི་རླབས་ཆེན་ཆོས་སྲིད་ཀྱི་མཛད་འཕྲིན་དང་། མི་རིགས་སྐད་ཡིག་རིག་གནས་ཐད་བཞག་པའི་འོད་སྟོང་ལྡན་པའི་ཞབས་རྗེས་བཅས་ཀྱི་ཐད། དྲ་ཐོག་བགྲོ་གླེང་ཞིག་གནང་ཡོད་ལ། དེ་རིང་སྔ་དྲོའི་ཆུ་ཚོད་ ༡༠ ནས་དགོང་མོའི་ཆུ་ཚོད་ ༩ བར་དྲ་གྲོགས་ ༤༥ ཙམ་གྱིས་བགྲོ་གླེང་གི་ཆ་ཤས་བླངས་ཡོད། བགྲོ་གླེང་དངོས་གཞིའི་སྐབས་ཀྱི་བརྗོད་བྱའི་རྩོམ་ཡིག་ཁག་བརྒྱད་ཀྱི་ཐད། དཔྱད་གཏམ་གྲངས་ ༤༢༣ སྤེལ་ཏེ་ཁྱོན་བསྡོམས་དྲ་ངོས་ ༣༧ ཙམ་ཟིན་ཡོད།

 

བགྲོ་གླེང་གོ་སྒྲིག་པ་བོན་རྒྱ་བསྟན་འཛིན་རབ་རྒྱས་ལགས་ཀྱིས་བགྲོ་གླེང་དབུ་འཛུགས་ཀྱི་ཟིན་ཐོའི་ནང་བཀོད་དོན། ད་ལོ་ནི་ང་ཚོའི་བླ་ན་མེད་པའི་དབུ་ཁྲིད་ཀུན་གཟིགས༧པཎ་ཆེན་རིན་པོ་ཆེ་མཆོག་ཞིང་དུ་གཤེགས་ནས་ལོ་ཉི་ཤུ་འཁོར་བའི་ལོ་ཡིན་ལ། ང་ཚོས་ཁོང་གི་བླ་ན་མེད་པའིོ་དཔའ་གདེང་དང་སྙིང་སྟོབས་ལ་རེ་བས་བལྟས་ཏེ་རྗེས་དྲན་བྱ་རྒྱུ་ནི་གལ་ཆེན་དོན་ཆེན་ཞིག་ཡིན། ཁོང་གི་སྐུ་ཚེ་མཛད་རྣམ་ཡོངས་སུ་རྫོགས་པ་ང་ཚོ་བོད་མི་རིགས་ཚ་བརྒྱུད་ཀྱི་མཚན་སྙན་ཆེད་དུ་བསྔོས་ཤིང་བཏང་བ་ཞིག་ཡིན་པ་མ་ཟད། ཁོང་གི་གསེར་ཞལ་ང་ཚོ་དང་གཏན་ཏུ་གྱེས་པའི་དགུང་མོར་ཡང་ཁོང་གིས་ཚོང་བ་རྒྱགས་པ་ང་མ་བརྗེད་ཨཱ་ཞེས་ལན་གྲངས་ཁ་ཤས་ལ་གསུངས་ཡོད། དེའི་ཕྱིར་ཁོང་ང་ཚོ་དང་གཏན་ཏུ་བྲལ་ཏེ་ལོ་རྒན་ཉི་ཤུ་འཁོར་ཚར་ནའང་ཁོང་ང་ཚོའི་སེམས་ནང་དུ་འོད་ཟེར་སྟོང་ལྡན་གྱི་རི་དབང་ཞིག་གི་བརྗིད་ཉམས་ཀྱིས་འགྱིང་ཞིང་། གཡུ་རལ་གནམ་ལ་འཕྱོ་བའི་གངས་སེང་དར་མ་ཞིག་གི་དཔའ་ཉམས་ཀྱིས་མངོན་ཡོང་གིན་འདུག་པས། ང་ཚོས་ཁོང་གཏན་ནས་བརྗེད་མི་སྲིད་པ་མ་ཟད། ཁོང་ནི་ང་ཚོའི་སེམས་ནང་ན་རྟག་པར་བཞུགས་པའི་རླབས་ཆེན་གྱི་སྐྱེས་བུ་གཅིག་པུ་དེ་ཡིན། ཞེས་བཀོད་འདུག

 

དེ་བཞིན། བགྲོ་གླེང་གོ་སྒྲིག་པ་རས་པ་ལགས་ཀྱིས་བགྲོ་གླེང་དབུ་འཛུགས་ཀྱི་ཟིན་ཐོའི་མཇུག་ཏུ་བཀོད། པཎ་ཆེན་རིན་པོ་ཆེ་མཆོག་གིས་མི་རིགས་ཀྱི་ལས་བྱེད་པ་ཞིག་ཡིན་ཕྱིན་རང་ཉིད་མི་རིགས་ཀྱི་སྐད་ཆ་ཙམ་ཡང་གལ་ཏེ་བཤད་མི་ཤེས་པ་དང་། རང་གི་མི་རིགས་ཀྱི་སྐད་ཆས་སྲིད་ཇུས་དང་ཆབ་སྲིད་བཤད་མི་ཤེས་ན། མང་ཚོགས་ལ་འབྲེལ་འདྲིས་བྱས་ནས་མི་རིགས་རང་སྐྱོང་གི་ཁེ་དབང་ལག་བསྟར་ཅི་ལྟར་བྱའམ་གསུངས། རིན་པོ་ཆེ་མཆོག་གིས་བཀའ་སློབ་ལམ་སྟོན་འདི་གནང་བའི་སྐབས་དེར། བོད་ཁུལ་དུ་བོད་སྐད་ཤེས་ཀྱང་རྒྱ་སྐད་ཐེབས་ཆག་ཅིག་གིས་གཏམ་བཤད་སྤེལ་གྱིན་པ་དང་། བོད་ཡིག་ལ་མཁས་ཀྱང་ནོར་རྫི་ལུག་རྫི་མ་གཏོགས་མི་ཉན་པས་རང་སྐྱོང་གི་ཁེ་དབང་ལག་བསྟར་བྱེད་ཐུབ་ཀྱི་མེད། རྒྱ་ནག་གི་རྩ་ཁྲིམས་ལས་གཏན་ལ་ཕབས་པ་ལྟར་མི་རིགས་རང་སྐྱོང་གི་ས་ཆ་ཞིག་ལ་མཚོན་ན། གཞུང་གི་ཡིག་ཆ་འགྲེམས་པ་དང་། སློབ་སྦྱོང་། སློབ་ཁྲིད། གསར་འགྱུར། དུས་དེབ། རླུང་འཕྲིན་ལ་སོགས་ཀྱི་ཐད་བོད་ཡིག་གཙོ་བོ་བྱེད་པ་དང་བྱས་ཆོག་པའི་ཐོབ་ཐང་ཡོད་པས་ཐོབ་ཐང་འདི་ཉིད་དམ་འཛིན་བྱས་ཏེ་སློབ་པའི་མདུན་ལམ་ཐག་གཅོད་ཀྱི་རྨང་གཞིར་དགོངས་པ་བཞེས་ཡོད། དེ་དག་མཉམ་དུ་སློབ་གྲྭ་ཆེ་འབྲིང་མང་པོ་བཙུགས་ཡོད། ཅེས་བཀོད་འདུག

 

ཡང་བགྲོ་གླེང་གོ་སྒྲིག་པ་རོང་བོ་སྤོས་དཀར་ལགས་ཀྱིས་བགྲོ་གླེང་དབུ་འཛུགས་ཀྱི་ཟིན་ཐོའི་མགོར་བཀོད་དོན། ད་ལོ་ནི་གནམ་འདེགས་ཀ་བ་ལྟ་བུའི་སྐྱེས་ཆེན་ཞིག་ས་ཆེན་པོའི་ངོ་གདོང་དང་གྱེས་ཏེ་བགྲང་བྱ་ཉི་ཤུ་འཁོར་བའི་ལོ་རེད། ད་ལོ་ནི་གངས་ཀྱི་ལྗོངས་ཆེན་པོའི་བླ་སྲོག་ལྟ་བུའི་དམ་པ་ཁོང་ཉིད་འཇིག་རྟེན་མི་ཡུལ་དང་བྲལ་ཏེ་ལོ་ངོ་ཉི་ཤུ་འཁོར་བའི་ལོ་རེད། ད་ལོ་ནི་བོད་འབངས་སྡུག་བསྔལ་ལས་སྐྱོབ་པའི་འབོད་སྒྲ་ཐོག་མར་སྒྲོག་མཁན་གྱི་དཔའ་རྒོད་དམ་པ་གང་ཉིད་ཞིང་དུ་གཤེགས་ནས་ལོ་འཁོར་ཉི་ཤུ་འཁོར་བའི་དུས་དྲན་དམིགས་བསལ་བ་ཞིག་རེད། དེ་བས་ང་ཚོས་མགོན་པོ་གང་ཉིད་ལ་མ་བཅོས་སེམས་ཀྱི་གཏིང་ནས་རྗེས་དྲན་ཞུ། ༧ཀུན་གཟིགས་པཎ་ཆེན་རིན་པོ་ཆེ་མཆོག་ནི་ཀུན་གྱིས་ཤེས་གསལ་ལྟར་བོད་མི་རིགས་ཀྱི་ཛ་དྲག་དང་གཉན་འཕྲང་གི་དུས་སྐབས་ཤིག་ལ་ང་ཚོའི་མི་རིགས་ཀྱི་ཆེད་དུ་མཛད་རྗེས་བླ་མེད་བཞག་པའི་དམ་པ་ཞིག་ཡིན། ཁོང་གིས་བོད་མི་རིགས་ཀྱི་དོན་དུ་དཀའ་སྡུག་གང་མང་མྱངས་ཤིང་བོད་ཀྱི་རིག་གཞུང་དང་སྐད་ཡིག བོད་མིའི་འཚོ་གནས་སོགས་ཀྱི་ཐད་བསུབ་དུ་མེད་པའི་ལོ་རྒྱུས་ཀྱི་རྡོ་རིང་བསྐྲུན་ཡོད། ཚེ་སྲོག་གིི་དབུགས་དབྱུང་གནངས་ཡོད། དེ་བས་ཁོང་གི་རྨད་དུ་བྱུང་བའི་དཔའ་ངར་གྱི་བྱུང་བ་དང་མཛད་རྗེས་རེ་རེ་ལ་ཕྱི་རབས་གངས་ཅན་པ་རྣམས་ཀྱིས་ཕྱིར་རྟོག་དང་རྗེས་དྲན་བྱེད་རྒྱུ་ནི་ཧ་ཅང་གི་གལ་ཆེན་དུ་གྱུར་ཡོད། རྒྱུ་མཚན་དེ་ལ་དམིགས་ནས་ང་ཚོས་དེ་རིང་གི་བགྲོ་གླེང་འདི་གོ་སྒྲིག་བྱས་པ་ཡིན། ཞེས་བཀོད་འདུག

 

འབྲེལ་ཡོད་གསར་འགྱུར།

TTT
Mobile App

རྒྱ་ནག་གཞུང་གིས་བོད་ནང་ལག་བསྟར་བྱེད་བཞིན་པའི་དྲག་གནོན་གྱི་སྲིད་ཇུས་ཁག་ལ་མཐའ་གཅིག་ཏུ་ངོ་རྒོལ་ཡོད།

ཆུ་ཚོད་ ༡༨ སྔོན་ལ།
Daily Hunt གསར་ཁང་གི་པར།
Mobile App

རྒྱ་ནག་གིས་ཨི་རན་ལ་གསང་བའི་ངང་དམག་མཚོན་གྱི་རོགས་འདེགས་བྱས་འདུག

ཆུ་ཚོད་ ༡༩ སྔོན་ལ།
TTTT
Mobile App

སྲིད་སྐྱོང་མཆོག་གིས་བོད་དོན་རྒྱབ་སྐྱོར་བ་ཞིག་གི་ནང་མིར་ཐུགས་གསོ་གནང་།

ཆུ་ཚོད་ ༢༣ སྔོན་ལ།
This picture taken and released by Taiwan’s Central News Agency (CNA) on April 7, 2026, shows Kuomintang Chairperson Cheng Li-wen (R) arriving in Shanghai Hongqiao International Airport. Taiwan's main opposition leader landed in China on Tuesday for a rare visit aimed at building cross-strait "peace", as the government warns Beijing will seek to stop US arms sales to the democratic island. (Photo by Lu Chia-jung / Central News Agency (CNA) / AFP) / Taiwan OUT - Macau OUT - China OUT / HONG KONG OUT
RESTRICTED TO EDITORIAL USE - MANDATORY CREDIT "AFP PHOTO / Central News Agency (CNA) Photo" - NO MARKETING - NO ADVERTISING CAMPAIGNS - DISTRIBUTED AS A SERVICE TO CLIENTS
Mobile App

ཐའེ་ཝན་གྱི་ཕྱོགས་འགལ་ཚོགས་པའི་ཚོགས་གཙོ་རྒྱ་ནག་ཏུ་ཕྱིན་འདུག

༢༠༢༦/༠༤/༠༧
tttt
Mobile App

ཨོ་གླིང་བོད་ཀྱི་གཞོན་སྐྱེས་ཆིག་སྒྲིལ་ལུས་རྩལ་འགྲན་ཚོགས་ཐེངས་བཅུ་བཞི་པ་དེ་འཚོག་འཆར་འདུག

༢༠༢༦/༠༤/༠༧
TTT
Mobile App

རྒྱལ་ཚོགས་ཀྱི་མདུན་དུ་ཆུ་ཚོད་དགུ་བཅུའི་རིང་ཟས་བཅད་ངོ་རྒོལ་བྱེད་བཞིན་འདུག

༢༠༢༦/༠༤/༠༧

མཆན། 21

  1. མགར་གདོང་བཙན་ says:
    ལོ་ 16 སྔོན།

    པཎ་ཆེན་མཆོག་བལ་ཡུལ་དུ་རྒྱ་གཞུང་གི་ཐོག་ནས་ཕེབས་སྐབས། བཙན་བྱོལ་གཞུང་དང། བཙན་བྱོལ་བ་མི་མང་དང། ཚོགས་སྡེ་རྒེར་སོགས་ཀྱི་ངོས་ནས་ག་རེ་བྱས་ཡོད་མེད་གོ་ཐོས་འདྲ་ཡོད་ན་དྲ་ཐོག་ནས་ང་ལ་གསུངས་རོགས་ཞུ།

    Reply
  2. བོད། ཤ་ཁྲག་རུས་གསུམ། says:
    ལོ་ 16 སྔོན།

    http://www.youtube.com/watch?v=Md5NuRzXMRA&feature=PlayList&p=05410161A90DE26F&index=5&playnext=2&playnext_from=PL

    ཁོམ་པ་ཡོད་ན་འདི་ལ་གསན་རོགས་ཞུ་ལགས།

    Reply
  3. སྐྱ་རིདརིང་པོ། says:
    ལོ་ 16 སྔོན།

    དྲ་གྲོགས་རྒྱལ་མཚན་དར་རྒྱས་སོགས་ཀྱིས་གསུངས་པར་བཞིན་བྱས་ན་བདག་ཅག་ཁ་བ་རི་བའི་བླ་ན་མེད་པའི་དབུ་ཁྲིད་༧ཀུན་གཟིགས་པཎ་ཆེན་རིན་པོ་ཆེ་ང་ཚོ་དང་གཏན་དུ་ཁ་བྲལ་ཟིན་པར་འདོད་མོད།
    འདི་ནི་གནས་ལུགས་གཏན་ནས་མ་ཤེས་པའི་ལོག་པར་རྟོགས་པའི་བསམ་ཚུལ་ཞི
    ག་སྟེ།
    བདག་ཅག་རྣམས་ཀྱི་བླ་ན་མེད་པའི་དབུ་ཁྲིད་༧གོང་ས་ལྷ་མའི་རྣམ་འདྲེན་རྒྱལ་མཆོག་ཐམས་ཅད་མཁྱེན་པས་ཡོང་སྲིད་འཁྲུལ་བྲལ་དུ་ངོས་འཛིན་མཛད་ཡོད་ལ་མི་རིང་བར་སླར་ཡང་ང་ཚོའི་དབུ་ཁྲིད་དུ་འབྱོན་ངེས་པས་རེད།
    དེས་བས་ན་ང་ཚོས་ཡོང་སྲིད་མཆོག་མགྱོགས་ཙམ་ཕེབས་ཐུབ་ཆེད་གང་དགོས་ཀྱི་ལས་འགུལ་སྤེལ་ན་ལེགས་པར་སེམས

    Reply
  4. འདན་ཕྲུག་བློ་བཟང་ says:
    ལོ་ 16 སྔོན།

    དྲ་གྲོགས་བཀྲ་ཤིས་དོན་འགྲུབ་དང་ཨ་ཆགས་ཚེ་རྡོར་གཉིས་ཀྱིས་ཤེས་རིགས་ལང་ཚོ་དར་བའི་ན་གཞོན་ཁག་ཅིག་གིས་ཁ་སང་སེམས་དཔའ་ཆེན་པོ་ཞིང་གཞན་དུ་ཕེབས་ནས་བགྲོང་བྱ་ཉི་ཤུ་ཧྲིལ་པོ་འཁོར་བའི་རྗེས་དྲན་ལ་བརྗོད་གཞི་ཁག་གསུམ་གྱི་སྟེང་དུ་བགྲོ་གླེང་དང་གོ་བསྡུ་བསྟོད་ཚིག་བྲིས་པ་དེ་ཚོར་སྤམ་བཤད་དང་།
    དངོས་གནས་རྗེས་དྲན་ཞིག་བྱེད་འདོད་ན་སྣང་བ་མཐའ་ཡས་ཁོང་གི་ཐུགས་འདུན་ཇི་བཞིན་བོད་མི་རིགས་ཀྱི་བུ་རབས་ཚ་བརྒྱུད་དག་གི་ཆེད་དུ་ཕྱག་ལས་རེ་གནང་དགོས་པ་གསུང་འདུག་
    དེ་ལྟར་ཡིན་ན་རྣམ་པ་གཉིས་ཀྱིས་ཕྱིན་ཟིན་པའི་མཛད་རིམ་གྱི་ཁྲོད་དུ་ཁོང་གི་ཐུགས་འདུན་དང་མཛད་རྗེས་ལ་གཅེས་སྐྱོང་ཇི་འདྲ་བྱས་ཡོད་མེད་དང་
    འབྱུང་འགྱུར་མ་འོངས་ལོ་ཟླའི་ནང་དུ་ཇི་ལྟར་བྱེད་འཆར་ཡོད་ཚུལ་གསལ་བཤད་རེ་གནང་དང་།
    ངས་ཉན་འདོད་ཡོད། གལ་སྲིད་བཤད་ཡ་མེད་ན་ཞལ་ཅུང་ཙམ་ཉུང་ན་དགའ་བསམ།
    སྤྱིར་མི་ལ་བཤད་པའི་ཁ་ཡོད་ནའང་ རང་ལ་བལྟ་གཟས་མིག་དགོས་པ་འདི་གལ་ཆེ་ཞིག་རེད་ལོ།

    Reply
  5. ཀ་ཉག་ཚེ་རིང་། says:
    ལོ་ 16 སྔོན།

    ཁ་དྲོ་ནམ་ཡིན་རུང་ཁ་མཐུན་ཁོག་མཐུན་ཞིག་བྱས་ན་མི་ཡོང་ནི་འེ་རེད། གོང་གསལ་གྱི་སྐད་ཆ་རེ་ཟུང་གདོང་དང་གདོང་ཐུག་ནས་བཤད་པ་ཡིིན་ན་ཕལ་ཆེར་མཇུག་འབྲས་ལག་པ་འགུར་རྒྱུའི་ཁ་འཕྲོ་ན་ཡོད་ཀི་མོ། རྗེས་དྲན་གྱི་མཇུག་འབྲས་འདི་ལས་མ་བྱུང་ནི་ཡིན་རྒྱུ་་མ་རེད། དམ་པའི་ཐུགས་དགོངས་ཀྱང་འདི་འདྲ་ཞིག་གཏན་ནས་ཡིན་རྒྱུ་མ་རེད། དངོས་གནས་འུ་ཚང་གི་སྟོབས་ཤུགས་གཅིག་པུ་དེ་བོད་མགོ་ནག་ཡོངས་རྫོགས་སེམས་བསམ་པ་གཅིག་ཏུ་མཐུན་རྒྱུ་དེ་རེད། འདི་མ་གཏོགས་འུ་ཚང་ལ་ཅང་ཡོད་ནི་མ་རེད།

    Reply
  6. ཚེ་བརྟན་རྡོ་རྗེ། says:
    ལོ་ 16 སྔོན།

    དྲྭ་གྲོགས་ཚོར་དང་པོ་བཀྲ་ཤིས་བདེ་ལེགས་ཞུ་བ་དང་ཆབས་ཅིག། ཨ་ཁུ་བོ་རྒྱ་དང་རས་པ་གཉན་པོ་གསུམ་གྱིས་པཎ་ཆེན་རིན་པོ་ཆེ་སྐུར་གཤེགས་ནས་མི་ལོ་ཉི་ཤུ་འཁོར་བའི་དུས་དྲན་ཆེད་དྲྭ་ཐོག་བགྲོ་གླེང་གོ་སྒྲིག་དང་གཙོ་སྐྱོང་གནང་བ་སྙིང་ཐག་པ་ནས་ཐུགས་རྗེ་ཆེ་ཞུ་ལགས། པན་ཆེན་རིན་པོ་ཆེ་ཡི་རླབས་ཆེན་མཛད་རྗེས་དྲན་གསོ་དང་བགྲོ་གླེང་བྱས་པ་དོན་ཆུང་ཞིག་ག་ལ་ཡིན། དེ་བས་ཀྱང་གལ་ཆེ་ཞིག་ནི་ཁོང་གི་དགོངས་གཞེས་བཞིན་ངེད་ཅག་གིས་ཀྱང་མདུན་བསྐྱོད་བྱེད་དགོས། འགྱུར་བ་གཏོང་དགོས། ཁོང་ཞི་བར་གཤེགས་ཁར་《ཁྱེད་ཚོས་ཚོང་བ་རྒྱགས་པ་ང་མ་བརྗེད་ཨང་།》གསུངས་པ་དེ་ཁོང་གིས་བཀའ་སློབ་དང་ལམ་སྟོན་གནང་བ་དེ་དག་མ་བརྗེད་པར་འབད་བརྩོན་བྱོས་གསུངས་པ་རེད། དེ་ཡང་ཆེ་ས་ནས་བཤད་ན་ཕྱིའི་རིག་གནས་གསར་བ་ནང་འདྲེན་བྱས་ནས་བོད་ཀྱི་སྐད་ཡིག་འཕེན་རྒྱས་ལ་གཏོང་དགོས། ཆུང་ས་ནས་བཤད་ན་རང་ཉིད་ནས་མགོ་བཙུགས་ནས་བོད་ཀྱི་ཕ་སྐད་གཙང་མ་བཤད་པའི་འགན་ཁུར་ལེན་དགོས། དེང་སྐབས་བོད་ནང་གི་ས་ཆ་འགར་ཕ་སྐད་གཙང་མ་བཤད་པའི་ལས་འགུལ་སྤེལ་ནས་ཕན་ནུས་ཀྱང་གང་ལེགས་ཐོན་བཞིན་འདུག དཔེ་ན་བདག་གིས་ཨ་མར་ཁ་པར་གཏོང་སྐབས་ཨ་མས་ང་ལ་ཨ་མའི་ལོ་ལོ་རྒྱུན་ཏུ་ཁ་པར་རེ་གཏོང་གི་སྡོད། དངོས་སུ་ཐུག་རྒྱུ་མེད་ན་ཡང་སྐད་རེ་གོ་ན་སེམས་སྐྱིད་གི། ང་ཚོའི་སྡེ་བར་ལག་ཐོག་ཁ་པར་མེད་མཁན་ཉུང་ཉུང་རེད་དྲ། འདིར་བརྡ་རྟགས་ཡག་པོ་མེད་པས་ཐོལ་མགོ་ཞིག་ལ་མ་སོང་ན་ཡོང་ཁ་མི་ཉན་གི ཟེར། སྔོན་ཆད་ལག་ཐོག་ཁ་པར་དང་བརྡ་རྟགས་ལ་རྒྱ་སྐད་ཁོ་ནས་ལས་བཤད་མི་ཤེས་ཀྱང་། དེང་སང་བོད་སྐད་འདི་ལྟར་བཤད་ཀྱིན་འདུག བོད་སྐད་གཙང་མ་བཤད་མ་བཤད་རང་ཉིད་ཀྱིས་དོ་སྣང་དང་འགན་ཁུར་མ་ཁུར་ལ་རག་ལས་ཡོད་པ་ཞིག་རེད།

    Reply
  7. གཉན་པོ། says:
    ལོ་ 16 སྔོན།

    དྲ་གྲོགས་མང་བོ་ཞིག་ཕེབས་ཏེ་བསམ་ཚུལ་གསུང་བཞིན་པར་དགའ་བསུ་ཡོད།
    སྤྱིར་ལས་འགུལ་གང་ཞིག་ཡིན་ཡང་དེ་ཡག་པོ་ཞིག་ཡོང་མིན་རང་གཞན་གཉིས་ཀར་རག་ལས་པ་ཞིག་རེད་འདོད། ཁ་སང་ལྟ་བུར་མཚོན་ན་བགྲོ་གླེང་གང་ཚིམ་འགྲིག་ནས་བསྡད་ཡོད་པ་ལྟ་བུ་ཞིག་ཏུ་མཐོང་གི་ཡོད། གོང་དུ་དྲ་གྲོགས་ཤིག་གིས་བསྟོད་ན་བསྟོད་ཤེས་དགོས་པ་རེད་སོགས་ཟེར་བ་ནི་དགོད་བྲོ་བ་ཞིག་རེད། ང་ཚོས་གང་ནས་བསྟོད་ཤེས་མི་འདུག ཡང་ན་བགྲོ་གླེང་བ་དག་གིས་བསྟོད་ཤེས་ཀྱི་མི་འདུག་ཟེར་བ་ཡིན་ནམ།

    Reply
  8. བདེ་བ་ཅན། says:
    ལོ་ 16 སྔོན།

    དགོངས་པ་མ་འཚོམ། ཆེམ་ཞེས་པ་ཆེན་དུ་བཅོས་རོགས།

    Reply
  9. tashis says:
    ལོ་ 16 སྔོན།

    བོན་རྒྱ་བ། བསྟོད་ན་བསྟོད་ཤེས་པ་དགོས།

    Reply
  10. tashis says:
    ལོ་ 16 སྔོན།

    བོན་རྒྱ་ལ་བསྟོད་ན་བསྟོད་ཤེས་པ་དགོས། བླ་ན་མེད་པའི་དབུ་ཁྲིད་་་་་་་་་་་་་་་་་

    Reply
  11. བདེ་བ་ཅན། says:
    ལོ་ 16 སྔོན།

    བོད་ཀྱི་གནས་སྟངས་གཉན་འཕྲང་ཅན་གྱི་དུས་སྐབས་སུ་དགྲ་བོའི་ཁ་འོག་ཏུ་མཐའ་གཅིག་ཏུ་མགོན་སྐྱབས་གནང་མཁན་གྱི་ཀུན་གཟིགས་པཎ་ཆེམ་སྐུ་ཕྲེང་བཅུ་པ་མཆོག་སྐུ་གཤེགས་ཏེ་ལོ་ངོ་ 20 འཁོར་བའི་རྗེས་དྲན་ལ་སྨོན་འདུན་ཞུ་བ་དང་ཆབས་ཅིག་བོད་ཀྱི་སྐད་ཡིག་རིག་གཞུང་ཡར་རྒྱས་སླད་དམིགས་བསལ་ནུས་པ་བླ་ན་མེད་པའི་བཏོན་པ་གནང་མཁན་གྱི་གཞིས་ཞུགས་སྤུན་ཟླ་ཡོངས་ལ་འཚམས་འདྲིའི་སྨོན་འདུན་ཞུ༎

    Reply
  12. རྒྱལ་ཐང་ཡོན་ཏན says:
    ལོ་ 16 སྔོན།

    ཁ་སང་བགྲོ་གླེང་སྐབས་ཁང་རྣམ་པ་གསུམ་ལ་བཀའ་དྲིན་ཆེ་ཞུ་འདོད་བྱུང་ཡང་། ཞུ་རྒྱུ་མ་བྱུང་། གང་ཡིན་ཟེར་ན་བགྲོ་གླེང་ལ་བར་ཆད་བཟོ་སྲིད་སྙམ་ནས། དེ་རིང་ངས་གོ་སྐབས་འདི་རྒྱུད་ནས་དྲ་གྲོགས་བོན་རྒྱ་བསྟན་འཛིན་རབ་རྒྱལ་དང་གཉན་པོ་ལགས་རས་པ་ལགས་བཅས་རྣམ་པ་གསུམ་གྱིས་རླབས་ཆེན་གྱི་ལས་འགུལ་འདི་སྤེལ་བར།
    སེམས་གཏིང་ནས་བཀའ་དྲིན་ཆེ་ཞུ་རྒྱུ་ཡིན། ནམ་ཡང་ཁྱོད་རྣམ་པའི་ལས་དོན་མཐའ་དག་གེགས་མེད་ཡིད་བཞིན་འགྲུབ་པར་སྨོན་འདུན་དང་བཅས།
    དྲ་གྲོགས་རྒྱལ་ཐང་ཡོན་ཏན་ནས།

    Reply
  13. གསེར་རྟ་ཚུལ་ཁྲིམས་འོད་ཟེར། says:
    ལོ་ 16 སྔོན།

    ཀུན་གཟིགས་པཎ་ཆེན་སྐུ་འཕྲེང་༡༠་བ་ཆེན་པོ་མཆོག་སྐུ་གཤེགས་ནས་ལོ་༢༠འཁོར་བའི་སྐབས་འདིར་ཁོང་གི་བཀའ་དྲིན་རྗེས་དྲན་སླད་དྲ་ཐོག་ནས་བགྲོ་གླེང་གོ་སྒྲིག་པ་རྒན་བོན་རྒྱ་བསྟན་འཛིན་རབ་རྒྱས་དང། རས་པ། རོང་པོ་སྤོས་དཀར་བཅས་ལ་སྙིང་ནས་ཐུགས་རྗེ་ཆེ་ཞུ་བཞིན་ཡོད་ལ། དེ་བཞིན་ལས་དོན་འདི་ཧ་ཅང་གལ་ཆེན་ཞིག་ཏུ་ངོས་འཛིན་གྱིས་ཕྲན་རང་ཉིད་ཀྱང་དྲ་ཐོག་མཉམ་ཞུགས་བྱེད་འཆར་དེ་ལྟར་ཡང་མི་ཁོམ་པ་སྣ་དགུས་ཁ་སང་དྲ་ཐོག་བགྲོ་གླེང་དེའི་ནང་ཞུགས་ཁོམ་བྱུང་མ་སོང་བས་དགོངས་འགལ་མེད་པར་མཁྱེན་ཞུ་ཞུ་ཞུ།

    Reply
  14. ཨ་རིག་དགེ་མཐོང་། says:
    ལོ་ 16 སྔོན།

    དྲང་མོ་བཤད་ན་དེ་རིང་བགྲོ་གླེང་ཡག་པོ་བྱུང་སོང་སྙམ། འགའ་ཤས་ཀྱིས་དུས་རྒྱུན་མ་འགྲིག་ས་རྐྱང་རྐྱང་ནས་གླེང་གི་རེད། དེ་དམིགས་གསལ་རེད། ང་ཚོས་དེ་ཚོའི་ཕྱིར་ཏུ་གླེང་མོལ་བྱས་པ་མ་རེད། སེམས་ནང་གི་བླ་མ་དྲན་པའི་ཤིས་ཚིག་འགའི་མེ་ཏོག་གཏོར་བ་རེད།

    Reply
  15. ཨ་རིག་དགེ་མཐོང་། says:
    ལོ་ 16 སྔོན།

    དྲང་མོ་བཤད་ན་དེ་རིང་བགྲོ་གླེང་ཡག་པོ་བྱུང་སོང་སྙམ། འགའ་ཤས་ཀྱིས་དུས་རྒྱུན་མ་འགྲིག་ས་རྐྱང་རྐྱང་ནས་གླེང་གི་རེད། དེ་དམིགས་གསལ་རེད། ང་ཚོས་དེ་ཚོའི་ཕྱིར་ཏུ་གླེང་མོལ་བྱས་པ་མ་རེད། སེམས་ནང་གི་བླ་མ་དྲན་པའི་ཤིས་ཚིག་འགའི་མེ་ཏོག་གཏོར་བ་རེད།

    Reply
  16. རྒྱལམཚན་དར་རྒྱས says:
    ལོ་ 16 སྔོན།

    རྗེས་དྲན།
    པན་ཆེན་ལགས། ལོ་རྒྱུས་ཀྱི་དཔའ་བོ། ཡབ་ཆེན་རྒྱལ་བ་ཧི་མ་ལ་ཡའི་ཕ་རོལ་དུ་བཞུད་ཅིང། མགོ་ནག་གངས་ཅན་པ་ཚོ་སྐྱབས་མེད་མགོན་མེད་དུ་ལུས་སྐབས། ཁྱེད་ཀྱིས་ཞུམ་པ་མེད་པའི་སྙིང་སྟོབས་ཏེ། “བོད་གངས་ཅན་པའི་བུ་རབས་ཚ་རྒྱུད་ཀྱི་མཚན་སྙན་ལ་གནོད་པའི་རྗེས་ཤུལ་ཕྲ་མོ་ཙམ་ཡང་ངའི་ལོ་རྒྱུད་ནང་མི་འཇོག་པའི་དམ་བཅའ་བཞག་ཡོད་”ཅེས་པའི་གོ་ཆ་བརྟན་པོའི་དམ་བཅའ་བཞེས་ཤིང། དཀའ་བ་དུ་མ་འཁྱད་དུ་བསད་ནས་བོད་གངས་ཅན་པ་དག་མུན་ནག་གི་གཡང་ས་ལས་སྐྱོབ་བཞིན་ཁྱེད་ཀྱི་འབད་བརྩོན་ལས་མ་འོངས་གངས་ཅན་པའི་མདུན་ལམ་ཞིག་མི་རབས་གསར་པ་དག་གི་སྙིང་ཁ་རུ་གསལ་ཡོང་སྐབས། བློ་བུར་བློ་བུར་ཞིག་ལ། དྲི་རྟགས་སྣ་ཚོགས་དང་བཅས་ཏེ་མི་རིགས་ཀྱི་དཔའ་བོ་ཁྱེད་ང་ཚོ་དང་གཏན་དུ་གྱེས།
    པན་ཆེན་ལགས། ང་ཚོ་སྟེ་བོད་གངས་ཅན་པའི་མི་རབས་གསར་པ་དག་གི་དྲན་ངོགས་སུ་ཁྱེད་ཀྱི་བླ་ན་མེད་པའི་སྙིང་སྟོབས་དང་མཚོན་པར་མི་ནུས་པའི་མཛད་རྗེས། ཡོད་ཚད་ནས་ཡོད་ཚད་གསལ་ལམ་མེར་གནས་ཡོད། ངས་དེ་རེང་ཁྱེད་ཀྱིས་ང་ཚོ་ལ་གནང་བའི་ལོ་རྒྱུས་ཀྱི་རྡོ་རིང་སྟེ། ཡིག་འབྲུ་ཁྲི་བདུན་གྱི་སྙན་ཞུ་སློག་བཞིན་ཁྱེད་རང་ང་ཚོ་དང་གཏན་ཞལ་གྱེས་ཏེ་མི་ལོ་ཧྲིལ་པོ་ཉི་ཤུ་འཁོར་བའི་དུས་དྲན་སྲུང་བརྩི་བྱེད་ཀྱིན་ཡོད་དོ།།

    Reply
  17. བོན་རྒྱ་བསྟན་འཛིན་རབ་རྒྱས། says:
    ལོ་ 16 སྔོན།

    ཨ་ཆགས་ཚེ་རྡོར་ཟེར་བ་ལགས། ང་ཚོས་ཀུན་གཟིགས་པཎ་ཆེན་རིན་པོ་ཆེ་མཆོག་གིས་ཕེབས་པའི་བཀའ་སློབ་དང་། གནང་བའི་ཕྱག་ལས་དག་རླབས་ཆེན་རེད་ཅེས་བཤད་པ་དེ་སྤམ་བཤད་རེད་ཟེར་གྱིན་ཡོད་དམ། ཁྱོད་ནི་ཇི་འདྲའི་བཙན་པོ་དང་བླུན་པོ་ཞིག་རེད་ཨང་། གོང་ན་བཀྲ་ཤིས་དོན་འགྲུབ་ཟེར་བ་ཞིག་གིས་ཀྱང་དེ་འདྲ་ཞིག་བཤད་འདུག ཁྱོད་གཉིས་ཀྱི་བླུན་བཤད་ལ་དེ་ཙམ་ལན་རྒྱག་འདོད་མེད་ན་ཡང་། སྐད་ཆ་བསམ་ནས་བཤད་ན་ཡག་པོ་ཡོད་རྒྱུ་རེད་སྙམ།
    ངེད་ཚོས་འདི་ཙམ་ཞིག་ལས་མ་འཇོན་པ་བདེན་པ་རེད་མོད། ཁྱེད་གཉིས་ཀྱི་འཇོན་ཐང་དེ་ཡང་གོང་གི་མཆན་ཐུང་དེ་གཉིས་སུ་གསལ་གསལ་དག་དག་གིས་རང་གཟུགས་སྟོན་གྱིན་འདུག་པས། དགོད་རྒྱུ་ཡོང་གི་ལོ།

    Reply
  18. རས་པ། says:
    ལོ་ 16 སྔོན།

    ངས་བསམ་པ་ལ་པཎ་ཆེན་སྣང་བ་མཐའ་ཡས་མཆོག་གིས་ཕྱག་ལས་གང་དང་གང་གནང་མིན་ལ་ངོས་འཛིན་བྱས་པ་འདི་ཡང་མི་རབས་གསར་བའི་བོད་དོན་ལས་འགུལ་ཞིག་ཡིན་བསམ་གྱི་འདུག ཁྱེད་ནས་རླབས་ཆེན་ཞེས་པ་གང་ཞིག་ལ་ངོས་འཛིན་གནང་གི་ཡོད་མེད་མི་ཤེས་ཏེ། སྤམ་བཤད་གང་ཡིན་པ་གསལ་བོར་བརྗོད་དེ་གླེང་ཕྱོགས་གནང་ན་དགའ་བསུ་ཞུ་གི་ཡིན།

    Reply
  19. ཨ་ཆགས་ཚེ་རྡོར།་ says:
    ལོ་ 16 སྔོན།

    དྲ་གྲོགས་ཚོ།དོན་དངོས་ཀྱི་པཎ་ཆེན་རིན་པོ་ཆེ་མཆོག་དགོངས་པ་ཆོས་དབྱིངས་སུ་ཐིམ་སྟེ་བགྲང་༢༠་འཁོར་བའི་རྗེས་དྲན་ཞིག་ཞུ་འདོད་ན།སྣང་བ་མཐའ་ཡས་ཁོང་གི་ཐུགས་འདུན་ཇི་བཞིན་བོད་མི་རིགས་ཀྱི་བུ་རབས་ཚ་བརྒྱུད་ཀྱི་ཆེད་དུ་ཕྱག་ལས་རླབས་ཆེན་རེ་གནང་དགོས་པར་མཐོང།
    པན་ཆེན་རིན་པོ་ཆེ་མཆོག་གིས་བཀའ་སློབ་འདི་གསུངས་པ་རེད།་ཕྱག་ལས་འདི་གནང་བ་རེད།་དེ་རླབས་ཆེན་དང་དོན་སྙིང་ལྡན་པ་ཞིག་རེད་ཅེས་པའི་སྤམ་བཤད་ལ་རིན་ཐང་དེ་ཙམ་ཨེ་ཡོད་སྙམ།

    Reply
  20. དོན་འགྲུབ་བཀྲ་ཤིས། says:
    ལོ་ 16 སྔོན།

    ༼ ཀུན་གཟིགས་པཎ་ཆེན་རིན་པོ་ཆེའི་རྗེས་དྲན་དྲ་ཐོག་བགྲོ་གླེང་ལ་ཞུགས་མཁན་དག་གི་མཚན་ཐོ། ༽

    ༡ ཨ་རིག་དགེ་མཐོང་།
    ༢ ལྷ་ཆབ་སྦྱིན་པ།
    ༣ འབྲོག་རུ་ཆོས་གྲགས།
    ༤ ཆུ་ཐིགས་སྔོན་མོ།
    ༥ ཁ་བ་ནག་པོ།
    ༦ རྒྱལ་ཐང་ཡོན་ཏན།
    ༧ འཆམ་ར་དྲི་མེད་རྒྱལ་མཚན།
    ༨ མེ་འོད།
    ༩ སྒྲོལ་མཚོ།
    ༡༠ བྲག་འགོ་དཀོན་མཆོག་དར་རྒྱས།
    ༡༡ གཙང་ཕྲུག་སྟོབས་ལགས།
    ༡༢ ཀ་ཉག་ཚེ་རིང་།
    ༡༣ དབུས་ཕྲུག་ཚེ་རིང་།
    ༡༤ ཚེ་རིང་སྐྱིད།
    ༡༥ རྨེ་རུ།
    ༡༦ དྲོན་འགྲུབ་བཀྲ་ཤིས།
    ༡༧ མིག་གསུམ་པ།
    ༡༧ དོན་གོ
    ༡༩ རི་བོང་།
    ༢༠ དཀར་སྲས།
    ༢༡ སྤོབས་པ་མཐའ་ཡས།
    ༢༢ འབྲུག་འབུམ།
    ༢༣ འདན་ཕྲུག་བློ་བཟང་།
    ༢༤ ཟླ་ཞུན།
    ༢༥ ཟླ་བ་གཞོན་ནུ།
    ༢༦ ཡེལ་པ་བ།
    ༢༧ སྦྲ་ནག་པ་རོལ་དབྱངས།
    ༢༨ འབྲོག་ཁྱི།
    ༢༩ བོད་ཤ་ཁྲག་རུས་གསུམ།
    ༣༠ བསྟན་འཛིན་ཚེ་དཔག
    ༣༡ ཟ་ལེ་རྒྱལ།
    ༣༢ མི་ཉག་སྐལ་བཟང་།
    ༣༣ ཨ་འབྲུག་དཀོམ་ཆོག
    ༣༤ བློ་བཟང་།
    ༣༥ འབའ་པ་སྐལ་བཟང་འཕྲིན་ལས།
    ༣༦ ཁྲ་གླག་སྦྱང་གསུམ།
    ༣༧ གཞིས་ལུས་བོད་པ།
    ༣༨ གནམ་ལྕགས།
    ༣༩ སྐར་ཁྲི་བཙན།
    ༤༠ བཤད་སྒྲུབ།
    ༤༡ ཚེ་རིང་བཀྲ་ཤིས།
    ༤༢ འདན་ཕྲུག་བློ་བཟང་།
    ༤༣ བོན་རྒྱ་བསྟན་འཛིན་རབ་རྒྱས།
    ༤༤ རས་པ།
    ༤༥ རོང་བོ་སྤོས་དཀར།

    Reply
  21. བཀྲ་ཤིས་དོན་གྲུབ། says:
    ལོ་ 16 སྔོན།

    ང་ཚོས་སྐྱེས་མཆོག་སུ་ཞིག་རྗེས་དྲན་བྱས་ནའང་དགའ་འོས་པ་ཞིག་རེད།
    ཡིན་ན་ཡང་དེ་ནི་མཛད་སྒོའི་གཏམ་བཤད་ཙམ་དང་དུས་དྲན་ཉིན་གྱི་སྐད་ཆ་་
    ཙམ་དུ་ཟད། དོན་དམ་གྱི་རྗེས་དྲན་ཞིག་བགྱི་འདོད་ན་ཁོང་གི་ཐུགས་འདུན་་་
    དག་བསྒྲུབས་ནས་མི་རིགས་འདིའི་ད་ལྟའི་གནས་འདི་སུན་འབྱིན་བྱེད་དགོས་་
    ལ་དེ་མཐུན་གྱི་འགན་ཡང་ཁུར་དགོས། དེ་མིན་དུས་དྲན་དང་རྗེས་དྲན་ནི་་
    ཟློས་གར་གྱི་འཁྲབ་འཚན་ཞིག

    Reply

དཔྱད་མཆན་སྤེལ། Cancel reply

Your email address will not be published. Required fields are marked *

སྤྱི་ཚོགས་དྲ་གནས།

ཁྱབ་བསྒྲགས།

དྲ་ངོས་ཀྱི་གནས་ཚུལ་ཚང་མའི་པར་དབང་བོད་ཀྱི་དུས་བབ་ལ་ཡོད།

གློག་འཕྲིན།

editor@tibettimes.net | office@tibettimes.net

ཁ་པར།

+91-98823-47075 | +91-92189-38041 | +91-81972-44372

Welcome Back!

OR

Login to your account below

Forgotten Password?

Retrieve your password

Please enter your username or email address to reset your password.

Log In

Add New Playlist

No Result
ཆ་ཚང་གཟིགས།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
    • གླ་ཡོད་རིན་གོང་།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese