མདུན་ངོས།
About Us
  • English
Advertisement
བོད་ཀྱི་དུས་བབ།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
    • གླ་ཡོད་རིན་གོང་།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese
No Result
ཆ་ཚང་གཟིགས།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
    • གླ་ཡོད་རིན་གོང་།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese
No Result
ཆ་ཚང་གཟིགས།
བོད་ཀྱི་དུས་བབ།
English
No Result
ཆ་ཚང་གཟིགས།

དུས་ཚེས་རྫོགས་ནས་བཟུང་འདུག

བོད། ཤ་ཁྲག་རུས་གསུམ།
༢༠༠༩/༡༢/༣༠
Share on FacebookShare on TwitterShare on EmailShare on Whatsapp

ཁོ་མོ་ང་རང་གི་ལོ་ངོ་གཅིག་གི་རང་གི་ལས་རོགས་ཡག་ཤོས་ཤིག་ཡིན་ལ། ངེད་གཉིས་ལོ་ངོ་གཅིག་གི་རིང་དུ་ཐབ་ཚང་གཅིག་གི་ནང་དུ་ལས་ཀ་བྱས་པ་ཡིན། མོ་རང་ནི་ཐེ་ལན་ཀྲི་ནས་རྒྱལ་ཁབ་འདིར་ཡོང་ནས་ལོ་ངོ་ལྔ་ལྷག་སོང་ཡོད་པ་རེད། ལོ་ངོ་ལྔའི་རིང་གི་དུས་ཚེས་རྫོགས་ནས་ཟླ་ངོ་གཉིས་ལྷག་ཕྱིན་ཡོད་པ་རེད། འོན་ཀྱང་། མགྲོན་ཁང་སྤྱིའི་འགན་འཛིན་གྱིས་ཁོ་མོ་ལ་ཉིས་སྟོང་བཅུའི་སྤྱི་ཟླ་དང་བོའི་ཟླ་མཇུག་བར་དུ་བསྡད་ན་འགྲིག་རབས་དང་། དེ་ནས་ཁོ་མོ་ཕར་ལོག་ན་ཡང་ཟླ་བ་ཁ་ཤས་ཀྱི་རྗེས་སུ་ཁོ་མོ་ཚུར་ཡང་བསྐྱར་མགྲོན་ཤོག་གཏོང་རབས་སོགས་བཤད་སྟབས། མོ་རང་གིས་ཀྱང་རྒྱལ་ཁབ་འདིར་བསྡོད་ཆོག་པའི་དུས་ཡུན་རྫོགས་ཡོད་ཀྱང་། སྐད་ཆ་དེར་ཡིད་ཆེས་བྱས་དེ་བསྡད་ཡོད་པ་རེད།

ངེད་གཉིས་ཀྱི་བར་ན་ལས་ཀའི་འབྲེལ་བ་ལས་ཀྱང་གཞན་པའི་དམིགས་བསལ་གྱི་འབྲེལ་བ་ཞིག་ཡོད་པ་དེ་ནི་ལས་ཀའི་སྐབས་སུ་ཕན་ཚུན་ལ་འའཛུམ་མདངས་སྟོན་ནས་ལས་ཀ་བྱེད་པ་ལས། ལོ་ངོ་གཅིག་གི་རིང་དུ་ཕན་ཚུན་ལ་ཚིག་ངན་གཅིག་ཀྱང་བཤད་མྱོང་མེད་ལ། བཤད་དགོས་དོན་ཀྱང་མེད། དེ་ལས་ཀྱང་ཁོ་མོ་ནི་དངོས་ནས་ལས་ཀ་ཧུར་ཐག་འབད་ཐག་བྱེད་མཁན་གྱི་ལས་ལ་བརྩོན་པའི་བུད་མེད་ཡ་རབས་ཤིག་ཡིན། འོན་ཀྱང་། ཁོ་མོ་སྤི་རག་འཐུང་རྒྱུར་ཧ་ཅང་དགའ་བོ་ཡོད་པ་དེ་ནི་ཁོ་མོའི་འཚོ་བའི་ནང་གི་རྒྱུན་ལྡན་གྱི་བྱ་བ་ཞིག་ཡིན།

བདུན་ཕྲག་གཉིས་ཀྱི་རྗེས་སུ་ཁོ་མོ་ཕྱིར་རང་གི་རྒྱལ་ཁབ་དུ་ལོག་རྒྱུ་ཡིན་ཟེར་ནས་ང་རང་ལ་ཐེངས་མ་ཁ་ཤས་ཤིག་ལ་བཤད་མྱོང་ཡོད་ལ། ངས་ཀྱང་ཁོ་མོ་མ་སོང་སྔོན་དེར་ངེད་བཟའ་མི་གསུམ་གྱིས་མགྲོན་འབོད་ཅིག་བྱེད་དགོས་དྲན་ཡོད། ཁོ་མོས་ང་རང་རྒྱུན་དུ་འཚིག་ཇ་འཐུང་རྒྱུར་དགའ་བ་ཤེས་ཀྱི་ཡོད་ལ། ཁོ་མོ་ཐབ་ཚང་ནང་དུ་ལས་ཀར་ཡོང་དུས་སུ་ང་རང་ལ་འཚིག་ཇ་རེ་འཁུར་ནས་ཡོང་གི་ཡོད།

ཁོ་མོས་ལས་ཀ་ཉིན་གཅིག་གི་རིང་དུ་དུས་ཚོད་བཅུ་ནས་བཅུ་གཅིག་རིང་དུ་བྱེད་ཀྱི་ཡོད་པ་རེད། ཞོགས་པ་སྔ་བོ་ཆུ་ཚོད་བཅུ་བ་ནས་ཕྱི་དྲོ་ཆུ་ཚོད་དྲུག་པ་བར་དུ་གཟུགས་པོ་ཕུར་ཕུར་གཏོང་སར་ལས་ཀ་བྱེད་ཀྱི་ཡོད་པ་དང་། ཆུ་ཚོད་དྲུག་པ་ནས་ང་རང་གི་ཐབ་ཚང་ནང་དུ་ཡོང་ནས་དགོང་མོའི་ཆུ་ཚོད་བཅུ་གཅིག་བར་དུ་ལས་ཀ་བྱེད་ཀྱི་ཡོད་པ་རེད། ཡིན་ཡང་། གཟའ་འཁོར་གཅིག་གི་ནང་དུ་ཁོ་མོ་ལ་ཉིན་གཅིག་གི་གུང་གསེང་ཡོད་པ་དེ་ནི་གཟའ་ཉི་མའི་ཉིན་འཁེལ་གྱི་ཡོད་པ་རེད། དེར་བསྟེན་གཟའ་སྤེན་པའི་དགུང་མོ་ལས་ཀ་གྲོལ་བ་དང་ཁོ་མོ་ནང་དུ་སོང་ནས་རང་གི་གྲོགས་པོ་ཞིག་དང་ལྷན་དུ་ཕྱི་རོལ་སྤི་རག་ཉོ་རུ་ཕྱིན་པའི་ལམ་ཁར་ཉེན་རྟོག་པའི་ཁོ་མོ་འཇུ་བཟུང་བྱས་འདུག

ངས་དེ་རིང་བར་དུ་ཁོ་མོ་ལས་ཀར་ཡོང་རྒྱུར་མེད་པ་ཅི་ཡིན་ནམ་སྙམ་ཞོར་དུ། ཁ་པར་ཡང་ཐེངས་མ་ཁ་ཤས་ལ་བཏང་མོད། ཁ་པར་གྱི་སྒོ་བརྒྱབ་འདུག དེ་རིང་ང་རང་ལས་ཀར་འགྲོ་བའི་རླངས་འཁོར་ནང་དུ་ཁོ་མོའི་ཕ་ཡུལ་གཅིག་པའི་བུད་མེད་ངོ་ཤེས་ཡོད་པ་དེ་དང་ཐུག་སོང་། ཁོ་མོས་ང་རང་མཐོང་མ་ཐག ད་ཉོག་དྲ་ཆེན་པོ་བྱུང་འདུག ཁྱེད་རང་གིས་ཤེས་སོང་ངམ་ཟེར་ནས་ང་རང་ལ་མགོ་གཞུག་མེད་པའི་སྐད་ཆ་དེ་འདྲ་ཞིག་བཤད་སོང་། དེ་དུས་ངས་གཞི་ནས་དོན་དག་དེ་ནི་ངས་ལས་རོགས་མ་ཁོ་མོ་དང་འབྲེལ་བ་ཡོད་པ་ཞིག་ཡིན་པ་ཤེས་སོང་།

ཉིན་མ་འགའི་སྔོན་དུ་ཁོ་མོས་ང་རང་ལ་དོ་ནུབ་ང་རང་ངོ་ཤེས་ཤིག་གི་སར་འགྲོ་དགོས་མོད། ངོ་ཤེས་དེས་ཁོ་རང་གི་གྲོགས་མོ་སླེབས་འདུག སང་ཉིན་ཤོག་ཟེར་གྱི་འདུག ད་ནི་ནང་དུ་འགྲོ་རྒྱུ་ཡིན་ཟེར་ནས་བཤད་སོང་། དེ་དུས་ངས་དོན་དག་ཡོད་དམ་ཟེར་ནས་འདྲི་དགོས་ཐུག་སོང་། ཁོ་མོས་ངས་སྒོར་མོ་གཅིག་སྟོང་ཞིག་གཡར་ནས་བདུན་ཕྲག་ཁ་ཤས་ཤིག་འགྲོ་བཞིན་འདུག ད་ནི་ང་རང་ཕྱིར་འགྲོ་རན་གྱི་འདུག་སྟབས། སྒོར་མོ་དེ་དག་ཚུར་ལེན་ཐབས་བྱེད་དགོས་ཟེར། ཁོ་མོ་དངོས་ནས་བུད་མེད་ཡ་རབས་ཤིག་ཡིན། ད་ནི་རང་གི་ཅ་དངོས་ཆུང་ཙག་རིགས་དང་ངོ་ཤེས་དེ་ཡི་མཚོན་པའི་མི་ཁ་ཤས་ཀྱི་ལག་པར་སྒོར་མོ་ཤོར་ཡོད་རྒྱུ་རེད་སྙམ་སོང་།

སང་ཉིན་ཁོ་མོ་ཕྱིར་རང་གི་རྒྱལ་ཁབ་དུ་འགྲོ་བཞིན་ཡོད་པ་རེད། དེ་རིང་ཞོགས་པ་ཁོ་མོས་ང་རང་ལ་ཁ་པར་འབྱོར་ནས་ནང་གི་ཅ་དངོས་དེ་དག་ཕ་ཡུལ་གཅིག་པའི་ཞིང་ཁའི་ལས་ཀ་བ་དེ་ཚོ་སྤྲོད་ཤོག་ཟེར་བ་ལྟར་ངས་སྤྲད་ཟིན། ཉིན་མ་གསུམ་གྱི་རིང་དུ་ཁོ་མོ་ཁྲིམས་ཁང་ནང་དུ་བསྡད་འདུག དེ་རིང་ཞོགས་པ་ཁ་པར་སླེབས་དུས་ཀྱང་། ཁོ་མོ་ཁྲིམས་ཁང་ནང་དུ་འདུག་ལ། སྐར་མ་ཁ་ཤས་ཀྱི་རིང་ལ་ཁ་བརྡ་བྱས་པ་ལས། རྗེས་སུ་ཁ་པར་ཁོ་མོར་བཏང་ཀྱང་སྒོ་བརྒྱབ་འདུག་ཟེར་ནས་ང་རང་ལ་བཤད་སོང་། གང་ལྟར། མཐའ་མཇུག་དེར་བདེ་མོ་ཙམ་ཡང་ཟེར་ཁོམ་མེད་པར་བུད་སོང་བ་རེད། འགྲོ་སྟངས་དེ་ཡང་ལྕགས་སྒྲོག་བརྒྱབ་དེ་ཁྲིད་སོང་བ་རེད། ཡ་ང་བ་ལ། མིའི་མི་ཚེ་ཟེར་བ་ནི་འདི་འདྲའི་ཁྲེལ་གཞུང་མེད་པ་ཞིག

འབྲེལ་ཡོད་གསར་འགྱུར།

Front Slider

བོད་མིའི་སྒྲིག་འཛུགས་ཀྱི་སྤྱི་ཐབ་སྐོར་ལ་བཅར་འདྲི།

༢༠༢༥/༠༥/༡༠
སྐྱབས་རྗེ་བཀའ་ཟུར་ཀིརྟི་རིན་པོ་ཆེ་མཆོག་གི་མཛད་རྣམ་ཤར་སྟག་མོའི་བུ་ཞེས་པའི་འཕྲུལ་དེབ་འགྲེམས་སྤེལ་གྱི་མཛད་སྒོ་དང་དཔྱད་བརྗོད་བགྲོ་གླེང་འཚོགས། བོད་ཀྱི་དུས་བབ་གསར་ཁང་གི་པར། ༢༠༢༥།༥།༩
Mobile App

བཀའ་ཟུར་༧སྐྱབས་རྗེ་ཀིརྟི་རིན་པོ་ཆེ་མཆོག་གི་མཛད་རྣམ་ཤར་སྟག་མོའི་བུ་ཞེས་པའི་འཕྲུལ་དེབ་འགྲེམས་སྤེལ་གྱི་མཛད་སྒོ་འཚོགས།

༢༠༢༥/༠༥/༠༩
Mobile App

བོད་རིགས་ཨ་རི་བ་ཨ་ཧྥ་ཊབ་ཀརྨ་སིང་པུ་རི་ཝལ་ལགས་སུ་འོས་བསྡུའི་ཁྲོད་རྒྱལ་ཁ་ཐོབ།

༢༠༢༥/༠༥/༠༩
The Dalai Lama offers blessings to his followers at his Himalayan residence in the northern hill town of Dharamshala, India, on December 20, 2024 [Priyanshu Singh/Reuters]
༸གོང་ས་མཆོག གསར་འགྱུར།

ཡུ་རོབ་གྲོས་ཚོགས་སུ་༧གོང་ས་མཆོག་གི་ཡང་སྲིད་དང་འབྲེལ་བའི་གྲོས་ཆོད་ཅིག་གཏན་འབེབས་བྱུང་། 

༢༠༢༥/༠༥/༠༩
༧གོང་ས་རྒྱལ་བ་རིན་པོ་ཆེ་མཆོག་ཡེ་ཤུའི་ཆོས་དཔོན་རོ་བྷི་ཌི་པེ་ཝེ་སི་མཆོག སྐུ་པར་བོད་ཀྱི་དུས་བབ་ཀྱིས་བསྒྲིགས། ༢༠༢༤།༥།༩
༧གོང་ས་མཆོག གསུང་འཕྲིན།

༧གོང་ས་རྒྱལ་བ་རིན་པོ་ཆེ་མཆོག་ནས་ཡེ་ཤུའི་ཆོས་དཔོན་གསར་པར་འཚམས་འདྲི་མཛད།

༢༠༢༥/༠༥/༠༩
བཙན་བྱོལ་བོད་མིའི་ཆོས་ཚོགས་ཐེངས་ ༡༤ པ་དབུ་འཛུགས་གནང་། ༢༠༡༩།༡༡།༢༧ དུས་བབ་གསར་ཁང་གི་པར།
Mobile App

 བཙན་བྱོལ་བོད་མིའི་ཆོས་ཚོགས་ཐེངས་བཅོ་ལྔ་པ་འཚོག་འཆར་འདུག

༢༠༢༥/༠༥/༠༩

མཆན། 25

  1. sha tak ri sim says:
    ལོ་ 15 སྔོན།

    གཅན་བཟོད་རྒྱམ་ལགས། རྒན་པོ་སྐོར་ལོག་ཁྱོད། མི་དྲན་དགུ་དྲན་རྐྱང་རྐྱང་རེད། ང་རང་ད་ལྟའི་དགའ་རོགས་མ་འདི་དག་མ་ཐུག་སྔོན་གྱི་ལོ་ངོ་གསུམ་བཞིའི་གོང་དུ་ཆང་འཐུང་ཙམ་བཞག་ཡོད་པ་ལས། དགའ་རོགས་མ་མགོ་ནག་མ་འདིས་ཁ་རྩ་ནས་དཀའ་ལས་ཁག་ནས་མི་འཐུང་བ་དེ་འདྲ་རྩ་ནས་མིན་ལགས། ལྷག་པར་དུ་ང་རང་གི་དགའ་རོགས་མ་འདི་ནི་དངོས་ནས་བསམ་བློ་གཏོང་ཤེས་མཁན་དང་། ང་རང་ལ་བསྟུན་ཤེས་བྱེད་མཁན་ཞིག་མིན་རྒྱུ་ནི། ང་རང་ལྷོད་ལྷོད་བྱས་དེ་དྲ་ཚིགས་དག་ན་བསྡོད་ཁོམ་ཞིག་གང་ན་ཡོད། ད་མང་བོ་མི་བཤད། མང་བོ་བཤད་ན་ཁྱེད་རང་ཕྲག་དོག་བྱེད་ས་རེད། དེས་ན་ད་འཐུང་ཤུ་རེ་བྱོས་དེ་འཐུང་། རྒན་མོ་ཞིག་ལས་ཆང་འཐུང་རྒྱུ་བྱོས། སྐྱ་ཡ་ཞིག་ལས་ཐ་མག་འཐེན་རྒྱུ་བྱོས། རྒན་པོ་བོན་ལོག་ཁྱོད་་་་ ཧཧཧཧཧཧཧཧཧཧ

    Reply
  2. chentsasopa says:
    ལོ་ 15 སྔོན།

    ཤ་ཁྲག་ལོ་ལོ། ལབ་རྒྱག་གིན་མ་འདུག་ཨེ་གོ ཁྱོད་ལ་ཨ་ཡེ་མགོ་སེར་མ་དེས་བཙན་གྱིས་བཙིར་བསྡད་པས་ཆང་འཐུང་མ་ཐུབ་པ་མི་བཤད་པར། ཡ་རབས་ཤིག་ཆགས་སོང་བ་འདྲ་འདྲ། བསམ་བློ་རེ་ཐོང་སོང་བ་འདྲ་འདྲ་མ་བཤད་ལོ། ཡུམ། ཨ་ཡེ་ཅི་འདྲ་བཙན་པོ་ཞིག་ཡིན་རུང་། དུད་ཆང་ལ་ཚོད་འཛིན་རྒྱུ་ཟེར་ན་ཨོ་ལེད། ད་ལྟ་རང་ཐོར་འགྲོ་ནི་རེད། ང་རང་དགའ་ཤོས་དེ་དུད་ཆང་རེད་པས། དགའ་ཤོས་དེ་དང་འགྲོགས་ཆོག་མི་ཆོག་རེ་བཤད་ན་སུས་ཉན་གི་རེད།
    ང་ར་ས་མཐར་ལྷུང་ནི་ཡིན་ན་གང་ལྟར་མི་ལོ་བཅུ་གཉིས་ཁད་ཀྱིས་བུད་སོང་། ད་ར་ལོན་ཐལ། ཨ་ཡེ་ལ་འགྲོགས་རྒྱུ་ལས་དུད་ཆང་ལ་བརྟེན་ན་དེས་སྐྱིད་ཀི

    Reply
  3. sha tak ri sim says:
    ལོ་ 15 སྔོན།

    གཅན་བཟོད་རྒྱམ་ལགས། ར་བཟི་ཁྱོད་རང་གིས་དངོས་ནས་སྐད་ཆ་བརྫིག་པོ་རྐྱང་རྐྱང་བཤད་ཀི་འདུག དེ་ནི་ཡང་ཨ་རག་འཐུང་བའི་སྐུ་དྲིན་ཡིན་རྒྱུ་རེད། ངས་ཀྱང་ཨ་རག་འཐུང་མྱོང་ཡོད་ཀྱང་། ཨ་རག་གིས་ས་མཐའ་ནས་སྡུག་བསྔལ་སེལ་རོགས་བྱེད་རྒྱུའི་ཚབ་དུ་སྡུག་བསྔལ་ཆེ་རུ་གཏོང་བཞིན་འདུག་པ་གསལ་བོ་ངེས་ཤེས་ཐོབ་ནས་ཨ་རག་གི་རིགས་གང་ཡིན་ལ་ལག་པ་མ་འཆིང་བར་མི་ལོ་ལྔ་ཙམ་ཞིག་འགྲོ་གྲབས་འདུག དེ་ནི་ང་རང་གི་ས་མཐའ་རུ་ལྷུང་བའི་ཉམ་མྱོང་ཡག་ཤོས་ཤིག་ཡིན་བསམ་ནས་བསྡད་ཡོད་ལགས།

    ཅོ་རི་ཉི་མ་ལགས། གནམ་འོག་ན་ཐེ་ལན་གྲའི་བུད་མེད་ཚོ་རྐུབ་ཚོང་བྱེད་སའི་ལྟེ་གནས་ཤིག་ཡིན་པ་ད་རེབས་སྐུ་ཉིད་ཀྱི་ཁ་ནས་མ་གཏོགས་གོ་མ་མྱོང་མོད། བདེན་ཤེས་ཆེ། ཡིན་ཡང་། བོད་ཡུལ་ཆོས་ལྡན་གྱི་ཞིང་ཟེར་ནས་སྨོན་ཡུལ་དེ་ན་ཡང་རྐུབ་ཚོང་བྱེད་མཁན་གྱི་གྲངས་ཀ་མི་ཉུང་བ་ཞིག་ཡོད་པ་དེར་བསམ་ན། དེ་ནི་དེ་བས་ཀྱང་མ་རུང་བ་ཞིག་ཡིན་པར་མཐོང་མ་སོང་ལགས། རེད་དེ། མིའི་རང་ལ་དབང་བའི་དངོས་པོ་ཞིག་ཡོད་པ་དང་བོ་དེ་ནི་རང་གི་ཕུང་བོ་དེ་ཡིན་དུས། དེ་ཚོང་རྫུས་ལེགས་པོ་ཞིག་ཉན་གྱི་ཡོད་ན་ནི། དེ་འདྲའི་ངན་པ་ཞིག་མིན་པར་འདོད། ནམ་ཞིག་ང་རང་ཐེ་ལན་གྲའི་ཡུལ་དུ་ལྗོངས་རྒྱུ་བྱེད་རྒྱུའི་གོ་སྐབས་ཤིག་ཤར་ན་དེ་དུས་ངས་སྐུ་ཉིད་ལ་དེའི་སྐོར་གསལ་བོ་ཞིག་ཞུ་ཁོ་ཐག་ཡིན། དེ་མིན་འདི་ནས་ཐེ་ལན་གྲའི་བུད་མེད་དག་གིས་རྐུབ་ཚོང་བྱེད་ཀྱི་ཡོད་པའི་སྐོར་མཐོང་མ་སོང་ལགས། ད་དུང་། ཁོང་ཚོ་ནི་དངོས་ནས་ལས་ལ་བརྩོན་པའི་བུད་མེད་ཤ་སྟག་ཡིན་པ་དངོས་སུ་མཐོང་སོང་། དེ་ནི་ང་རང་གིས་དངོས་མཐོང་ཡིན་ལགས།

    Reply
  4. chokri nyima says:
    ལོ་ 15 སྔོན།

    དྲ་གྲོགས་ཤ་རུས་ལགས་ཁྱེད་ལ་ཐད་ལན་སྐྱེ་དམན་མ་གཏོགས་བྲིས་ཡ་རྫོགས་སོང་ངམ། ཐད་སྐྱེ་དམན་ནི་འཛམ་གླིང་སྟེང་གི་རྐུབ་ཚོང་མ་ཨང་དང་པོ་དང་ཕྱི་རྒྱལ་རྒས་པོ་རྣམས་ཀྱིས་དངུལ་གྱི་ཉོས་པའི་ཆུང་མ་རེད།
    མ་ཟད་ཐད་ལན་གྱི་རྒྱལ་པོས་གསུངས་སྲོལ་ལ་ངའི་མི་སེར་རྣམས་ཀྱིས་རྐུ་མ་བྱེད་མི་མ་བསད་རྐུབ་ག་ཚོད་ཚོངཐུབ་ན་ཚོང་ཞེས་གསུངས་ཡོད་རེད་ཟེར་སྲོལ་འདུག
    འཛམ་གླིང་འདིར་རྐུབ་ཚོང་མ་ཡག་པོ་བརྩི་མཁན་ཐད་ལད་མ་གཏོགས་སུ་ཡོད་དམ།
    སྐུ་ཉིད་ཀྱང་ཐད་ལན་དུ་སྤྲོ་འཁྱམ་ཕེབས་བརྩི་མེད་དམ།ཧཧཧཧཧ

    Reply
  5. chentsasopa says:
    ལོ་ 15 སྔོན།

    ཁྱོའི་མགོ་ཙོ་ད། ངའི་རླུག་རིལ་གཉིས་ཀ་ཏོག་ནས་ཁྱོས་ཟ་ཟེར་ནི་མིན་ནམ་ལགས། ཁྱོད་ལ་རླུག་རིལ་གཅིག་མ་གཏོགས་མེད་ན་ངས་རླུག་རིལ་གཅིག་ཀྱོད་ལ་བྱིན་ཆོག ང་མི་རྐྱང་རྟ་རྐྱང་ཞིག་ལ་རླུག་རིལ་གཉིས་ཀྱིས་ཅི་བྱེད།
    མདོག་ངན་ཁྱོད། ད་ང་ཉལ་རྒྱུ་ཡིན། ར་བི་རིབ་བེ་ཞིག་རེད།

    Reply
  6. chentsasopa says:
    ལོ་ 15 སྔོན།

    ཆང་འདི་གཏན་ནས་འཐུང་མི་དགོས་པའི་དུས་ཤིག་ཡོད་དམ་ལགས། གཅིག་བྱས་ན། ང་ས་མཐའ་འདི་འདྲ་ཞིག་ན་མེད་རྒྱུ་ན་འཐུང་མི་དགོས་ན་ཐང་མོད། སུས་ཤེས། ས་མཐའ་འདི་འདྲ་ཞིག་ནས་སྐྱེས་དང་གི་ནང་མོ་ཞིག་ལ་ཆང་མ་འཐུང་རང་འཐུང་རེད་ཡ། ཡི་གེ་འདི་ཚོར་སྙིང་ལངས་གི གཅིག་ནོར་སོང་ན་གདོང་ལ་སྐྱག་པ་འདྲ་ཞིག་བྱུགས་ཡོང་གི སྐྱོ་བ་ལ། ཡི་གེ་གཅིག་ཀྱང་མི་ཤེས་པའི་ལུག་རྫི་རྒན་པོ་ཞིག་ཡིན་ན་ཅི་མ་རུང་། ད་དུང་། ཐ་དང་ཁ། ན་དང་ཕ་སོགས་ལ་སྙིང་ལངས་ཀི ཐད་ཀར་མནན་ན་ཡོང་བ་ཞིག་བཟོ་རྒྱུ་མེད་དམ་ལགས། ཤ་ཁྲག་ཡ་ཤ་ཁྲག མདོག་ངན་ཁྱོད་ཕྱི་རྒྱལ་ཞིག་ན་ད་ཡོད་ས་རེད་དེ། ར་ཧག་ཆོ་འདུག་ས་དེ་མིན་ནམ་ལགས།
    རྒྱལ་ཁབ་སྡུག་ཤོས་ལ་བརྩི་ཡི་རེད་དོ་ལོ། ཧ་ཧ་ཧ་ཧ་ཧ་ཧ་ཧ་ཧ་ཧ་ཧ་ཧ་ཧ་ཧ།
    ཆང་འཐུང་གི་ཁ་མ་སློང་ལོ།
    ཨ་ཡོ་ཤེད། ད་ཉལ་རྒྱུ་ཡིན་ད། ་

    Reply
  7. sha tak ri sim says:
    ལོ་ 15 སྔོན།

    ཨ་རོགས། དགོངས་དག་ང་ལ་དགོས་པ་མ་རེད། དགོངས་དག་ཞུ་ས་དེ་ནི་ཁྱེད་ཚང་དུ་ཡོད་པའི་སྐུ་ཞབས་བསྟན་འཛིན་ཚེ་དཔག་ལགས་རེད། ཁོང་གིས་བསམ་པ་རྣམ་དག་གིས་ཁྱེད་ལ་གསུངས་པ་བདེན་ན་ཡང་། ཁྱེད་མྱི་སྐོར་ལོག་ཡིན་སྟབས། འཁྱག་ཤར་རེ་བཏང་འདུག ཨ་ཤུ་རེ་གོ བསྟན་འཛིན་ཚེ་དཔག་ང་ཡིན་རྒྱུ་ན། ངས་ཁྱེད་ཀྱི་རླུག་རུལ་གཉིས་ཀ་གཅོད་ས་རེད། ཧཧཧཧཧཧཧཧ

    Reply
  8. chentsasopa says:
    ལོ་ 15 སྔོན།

    ཨོ་ཡ། ད་ཐེངས་ད་ཁྱོས་ར་ཡི་གེ་དག་ཆ་ཡོད་ནི་ཞིག་བྲིས་འདུག ང་དངོས་གནས་དགའ་ནི་ཞིག་རེད། ངས་དོ་དགུང་ཆང་ཅུང་ཙམ་འཐུང་ནས་མིག་གིས་གཅར་ནས་མ་བལྟས་ན་ཡི་གེ་འདི་ཆོ་རབ་རིབ་ཅིག་ལས་མི་མཐོང་གི འོན་ཀྱང་དག་ཆ་ནོར་མི་ཡོང་ངམ་སྙམ་ནས་གཟབ་གཟབ་བྱས་ནས་འབྲི་ཡིན་ཡོད་ཡ།
    ད་ཁྱོད་ཇེ་བཟང་དུ་ཅུང་སོང་ཡོད་ན་ཐང་གི འོན་ཀྱང་ད་དུང་གཅིག་རེ་ནོར་འདུག་ན་ངས་མི་བཅོས།
    ད་ཡང་བསྐྱར་མཆན་བུ་འདྲ་འདེབས་དགོས་བྱུང་ན་ཡིག་ནོར་ཤོར་མི་ཤོར་མེད་ཀི
    དགོངས་དག་སྔ་ས་ནས་ཞུས་བཞག་ན་བཟང་གི་པ།

    Reply
  9. sha tak ri sim says:
    ལོ་ 15 སྔོན།

    ངས་ཁྱེད་རང་ལ་སེམས་ཁྲལ་བྱས་ཀྱང་ཕན་ནི་མ་རེད། དེ་ལས་བུད་མེད་བཞི་བོ་སྐོར་ཉུལ་བྱེད་དུས། ནད་ཚ་ཡོད་མེད་མི་ཤེས་ཀྱང་། མཇེ་མགོ་ཤུབས་ནང་དུ་བསྡུ་རྒྱུ་མ་བརྗེད་་ཅིག ཧཧཧཧཧཧཧ

    Reply
  10. chentsasopa says:
    ལོ་ 15 སྔོན།

    ཤ་ཁྲག་ཁྱོས་ང་ལ་སེམས་ཁྲེལ་གནང་བར་དགའ། ང་རྡ་ས་ནས་ལོ་དགུ་འགོར་སོང་། ཟ་ལེ་རྒྱ་རྙིང་པ་རྙིང་རྐྱང་ཞིག་ཡིན། དེང་སྐབས་དགའ་རོགས་བཞི་ཡོད།

    Reply
  11. sha tak ri sim says:
    ལོ་ 15 སྔོན།

    སྤོབས་པ་མཐའ་ཡས་ལགས། སྐུ་ཉིད་ཕེབས་པར་དངོས་ནས་དགའ་བོ་བྱུང་། སྐུ་ཉིད་ཀྱིས་ཕོ་ལོ་མོ་ལོ་ཟེར་བ་དེ་ཡི་སྐོར་གསུངས་ཀྱི་ཡོད་པ་འདྲ། ཁོ་མོ་ནི་དེ་འདྲ་མ་རེད་ལགས། དེ་ཡི་སྐོར་ལ་སྐུ་ཉིད་ནས་སེམས་འཁྲལ་བྱེད་དགོས་ཀྱི་མེད་ལགས། ཡིན་ཡང་། སྐུ་ཉིད་ནས་གསལ་བོ་མཁྱེན་དགོས་པ་ཞིག་ལ། མི་ཡུལ་འདི་ནས་སེམས་ཤོར་ས་གཅིག་མ་གཏོགས་བྱུང་མྱོང་མེད། ད་ནི་བུད་མེད་འདི་ལ་ཤ་ཚ་ཞིག་ཡོད་ཀྱང་། སེམས་པ་ཞིག་གཏན་ནས་ཤོར་སྲིད་པ་མ་རེད་ལགས།

    ཁྲ་གླག་སྤྱང་གསུམ་ལགས། མོ་རང་གིས་སྤི་རག་འཐུང་བཞིན་ཡོད་ཀྱང་། དེ་ཡི་ནུབ་མོ་སྤི་རག་ཉོ་རུ་སོང་བའི་ལམ་ཁ་ནས་བཟུང་བ་ཡིན་དུས། སྤི་རག་འཐུང་མི་འདུག་ལགས། ཡིན་ཡང་། མོ་རང་གི་གཞན་ལ་བཏང་བས་བུན་སྒོན་དེ་དག་མོ་རང་ལ་རེག་གི་ཡོད་མེད་དེ་སུས་ཤེས།

    གཅན་བཟོད་རྒྱམ་ལགས། ཉིད་རང་དངོས་ནས་ཁེར་རྐྱང་ཡིན་ན། ད་བུད་མེད་ཅིག་བཙལ་ན་ཡག་གི་རེད། དེ་བས་ཀྱང་བོད་པའི་བུད་མེད་ཅིག་བཙལ་ན་ཡག་པོ་རེད། དེ་མིན་ན། དངོས་ནས་ཟ་ལེ་རྒྱལ་འཁྲབ་ཀྱི་ཡིན་ཟེར་ན་རི་སྒང་དེ་ན་ཆ་རྐྱེན་མང་་བོ་ཡོད་པ་ཉིད་ཀྱིས་ཤེས་གསལ་རེད་ལགས།

    གནམ་ལྕགས་ལགས། དངོས་ནས་རེད། ཚུར་ཡོང་དུས་རང་དབང་གིས་སྒོ་ནས་ཡོང་། ཕར་འགྲོ་དུས་རང་གི་ཅ་ལག་ཙམ་ཡང་བསྡུ་གསོག་བྱེད་དབང་མེད་པར་འཁྲིད་སོང་བ་རེད།

    རྒྱལ་ཐང་ཡོན་ཏན་ལགས། བཙོན་ཁང་ནང་དུ་མང་བོ་འདུག་དགོས་བྱུང་ཡོད་པ་མ་རེད། མོ་རང་ལ་རྒྱལ་ཁབ་ཡོད་པས་དེ་འདྲའི་ཉེས་པ་ལྕི་མི་མི་འདུག ཉེས་པ་ཞིག་ཡོད་ན་དེ་ནི་དུས་ཡུན་རྫོགས་ནས་རང་གི་རྒྱལ་ཁབ་དེར་ཕྱིར་མ་ལོག་པ་དེ་ཡིན་དུས། ཉིན་གསུམ་ལས་བཙོན་ཁང་ནས་བསྡད་ཡོད་པ་མ་རེད། ཉིན་གསུམ་གྱི་རྗེས་སུ་གནམ་ཐང་དུ་བསྐྱལ་འདུག

    བྲག་འགོ་དཀོན་མཆོག་དར་རྒྱས་ལགས་ཀློག་དུ་ཕེབས་པ་དགའ་ཡོད།

    སྐར་ཁྲི་བཙན་ལགས། ཁོམ་པ་མེད་ན་ཁག་མི་འདུག ཀློག་པ་དེ་ཙམ་གྱིས་དགའ་ཡོད་ལགས།

    Reply
  12. chentsasopa says:
    ལོ་ 15 སྔོན།

    སྐར་ཁྲི་བཙན་ལགས། བཀླགས་ཚར་སོང་ན་འདུག་དགོས་ཀི་མ་རེད། བྲེལ་བ་ཡོད་མེད་གང་ལྟར་ཀྱང་སོང་ཆོག་གི་རེད་ལོ།

    Reply
  13. Baichung says:
    ལོ་ 15 སྔོན།

    བཀླགས་ཟིན་མོད་ བྲེལ་བ་ཅུང་ཡོད་པས་བུད་སོང་ང་།

    Reply
  14. Dre Sha Zen says:
    ལོ་ 15 སྔོན།

    བཀླགས་ཟིན

    Reply
  15. l.yonten says:
    ལོ་ 15 སྔོན།

    བུ་མོ་དེ་ཤ་ཚ། བཙོན་ཁང་ནང་དུས་ཡུན་ཇི་ཙམ་སྡད་དགོས་པ་ཡིན་ནམ།

    Reply
  16. kkalsang says:
    ལོ་ 15 སྔོན།

    བྱས་ཙང་།འདིའི་མིང་ལ་ད་ཉིན་རེའི་འཚོ་བའི་ཟིན་བྲིས་ཟེར་བ་རེད།

    Reply
  17. kkalsang says:
    ལོ་ 15 སྔོན།

    ཧ་ཅང་ཀློག་བྲོ་བོ་ཞིག་བྱུང་སོང་།བུ་མོ་དེར་སྙིང་རྗེ།

    Reply
  18. chentsasopa says:
    ལོ་ 15 སྔོན།

    རྩོམ་ཡིག་བྲིས་པ་བློར་བབས་ཡོད། འདི་ལྟར་རང་གི་འཚོ་བ་དངོས་དང་འབྲེལ་ནས་བྲིས་ན་བཟང་གི བཀླགས་སྤྲོ་བོ་བྱུང་སོང་།
    ཨོ་རེད། བུ་མོ་ཡིན་ན་བུ་ཡིན་ན་དེ་ལ་དགའ་བོའམ་དགའ་མ་གང་ཡང་མེད་ཚེ། ཁ་འདི་ཕྱོགས་སུ་སྐོར་ཐུབ་རེ་དང་ན་ཤེས་ཀི་རེ། ང་ད་དུང་འདི་ན་མི་རྐྱང་རྟ་རྐྱང་། ཇག་པ་ཡོང་ན་འབྲོ་རྐྱང་བྱས་ནས་བསྡད་ཡོད་ནི་རེད། ཨོ་ལེད།

    Reply
  19. chentsasopa says:
    ལོ་ 15 སྔོན།

    ཨོ་རེད། རྩ་ཚིག་དེ་འདི་ལྟར་ཡང་འདོན་ཆོག
    “མ་མི་”ཐོག་མ་”མེད་མིན”་མཇུག།”ད་ཤོས་སོང་ངམ། རྗེས་མ་ནས་སུས་འདི་གཉིས་དེ་ལྟར་དུ་མ་བྲིས་ཚེ། ངས་ཆད་པ་གཅོད་ཀི་ཡིན་དཱ། ཧ་ཧ་ཧ་ཧ།

    Reply
  20. chentsasopa says:
    ལོ་ 15 སྔོན།

    རྒྱ་ཡན་དུ་སྤྱོད་བཞིན་མ་དག་རྒྱུན་འབྱམས་ཀྱི་ཡི་གེ་གཉིས་ཐོད་ཀྱིས་དྲན་པ།
    ཉི་མ་གཅིག་དང་གཉིས་ལྟ་བུ་ལ་”ཉི”གཅིག་པོ་ལས་རྗེས་འཇུག་ན་མི་དགོས། འདི་ལ་”ཉིན་མ་”གཅིག་ལྟ་བུ་བྲིས་ན་ནོར་པ་ཡིན།

    སང་ཉིན་དང་གནངས་ཉིན་ལྟ་བུའི་ཉིན་ལ་”ཉིན”རྗེས་འཇུག་ན་ཡོད་པ་འདི་འབྲི་བ་ཡིན། འདི་ལ་”སང་ཉི་དང་གནངས་ཉི་”ཞེས་བྲིས་ན་ནོར་པ་ཡིན།

    ཡང་ཡོད་མེད་བརྗོད་པའི་སྐབས་སུ་”མི་འདུག་”ཟེར་ན་ལས་”མིན་འདུག”ཟེར་ན་ནོར་བ་ཡིན། དཔེར་ན་རྩ་བར། “མ་མི་སྔོན་དང་མེད་མིན་མཇུག།”ཅེས་གསུངས་པ་རེད། སྐད་དེ་བཤད་མཁན་ང་”མིན།” ཁོང་སློབ་གྲྭར་སོང་”མེད།”ལྟ་བུ། ཡང་དཔེར་ན། ཀོང་དེ་རིང་ནང་དུ་”མི་འདུག” སྐད་ཆ་དེ་བཤད་མཁན་བློ་བཟང་”མ་རེད།”་
    འདི་གཉིས་ནི་རྒྱུན་འབྱམས་སུ་སོང་འདུག་ན། གོང་དུ་ཤ་ཁྲག་གིས་ཀྱང་འདི་ལྟར་བྲིས་འདུག་པ་མཐོང་བས། འདིར་དྲ་གྲོགས་ཚོར་ལྷག་བསམ་རྣམ་དག་གིས་ཞུས་པ་ཡིན། ངེས་པར་དུ་སེམས་ལ་འཇོགས་རོགས་གནོངས།

    Reply
  21. kalsang says:
    ལོ་ 15 སྔོན།

    བཀླགས་ཟིན། རྗེས་སུ་བསམ་འཆར་འཇོག་རྒྱུ་ཡིན།ད་ལྟར་ཚོགས་ལ་འགྲོ་རན་ཐལ།

    Reply
  22. sherabt says:
    ལོ་ 15 སྔོན།

    མོ་ལ་ལས་ཀ་བྱེད་ཆོག་པའི་ཤོག་བུ་མེད་ན་ཁྱོད་རང་གི་ཐབ་ཚང་ལ་ཡང་རྙོག་དྲ་ཡོང་ཉེན་ཡོད། གཅིག་བྱས་ན་མོས་དངུལ་གཡར་ས་དེས་རྩིས་སྤྲད་པ་ཡིན་སྲིད། གཅིག་བྱས་ན་ར་བཟི་ནས་འགྲོ་ས་ལ་ཏག་ཏག་མ་སོང་བ་ཡིན་རྒྱུ་རེད། གང་ལྟར་མོ་ཁྲིམས་ཆད་ག་འདྲ་ཞིག་ཕོག་ཀྱང༌བུ་ལོན་ལེན་བཅུག་གི་རེད། དངུལ་དེ་དག་མོ་ལ་ཆད་པ་བཏང་ནས་གཞུང་ལ་དག་འགྲོ་ཡི་རེད། ཨ་བུ་མོ་ལན་ངན་མ་དེ་ཤ་ཚ།

    Reply
  23. Pobpathaye says:
    ལོ་ 15 སྔོན།

    དགོངས་དག ཧི་མ་ལ་ཡའི་ཡིག་གཟུགས་འདི་སྤྱོད་མི་ཤེས་སྟབས་ཡིག་ནོར་ཤོར་བ་ལ་གྲངས་ཀ་ཞིག་མི་འདུག

    Reply
  24. Pobpathaye says:
    ལོ་ 15 སྔོན།

    ངས་པལྟས་གྱིན་བལྟས་ཀྱིན་ཁྱེད་ཀྱི་ལས་གྲོགས་དེ་མཚན་པསྒྱུར་བུ་མོ་ladyboyཞིག་མ་རེད་པས།

    Reply
  25. Pobpathaye says:
    ལོ་ 15 སྔོན།

    གསལ་པོ་བཤད་ན་ཁྱོད་ཀྱིས་སེམས་ཤོར་ཡོད་ས་རེད། ཁག་མེད། ཐའེ་ཡི་སྣོད་བཅུད་གཉིས་ཀས་ངའི་སེམས་བཀུགས་པ་ལ་ཚད་དང་གྲངས་ཞིག་མེད།

    Reply

དཔྱད་མཆན་སྤེལ། Cancel reply

Your email address will not be published. Required fields are marked *

སྤྱི་ཚོགས་དྲ་གནས།

ཁྱབ་བསྒྲགས།

དྲ་ངོས་ཀྱི་གནས་ཚུལ་ཚང་མའི་པར་དབང་བོད་ཀྱི་དུས་བབ་ལ་ཡོད།

གློག་འཕྲིན།

editor@tibettimes.net | office@tibettimes.net

ཁ་པར།

+91-98823-47075 | +91-92189-38041 | +91-81972-44372

Welcome Back!

OR

Login to your account below

Forgotten Password?

Retrieve your password

Please enter your username or email address to reset your password.

Log In

Add New Playlist

No Result
ཆ་ཚང་གཟིགས།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
    • གླ་ཡོད་རིན་གོང་།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese