དེ་རིང་ནི་ཉིས་སྟོང་དགུ་རྫོགས་ནས་ད་ནི་ཉིས་སྟོང་བཅུ་ཟིན་པ་རེད། ལོ་གཅིག་གི་རིང་དུ་བྱས་ཟིན་པའི་བྱ་བ་དག་ལ་ཕྱི་མིག་ཅིག་བལྟས་དུས། འདས་ཟིན་མ་ཐག་པའི་ལོ་གཅིག་དེ་ཡི་ནང་དུ་ག་རེ་བྱས་ཡོད་མེད་དེ་རེད། དེ་ནི་མི་ཡུལ་ནས་མི་ཡུལ་ལ་གྱར་ནས། མི་ཡུལ་གྱི་འཚོ་བ་རོལ་སྟངས་གཞན་ཞིག་གི་ཁྲོད་དུ་ཡོད་པ་དེ་རེད།
ཉིས་སྟོང་དགུ་ལོའི་ནང་དུ་ང་རང་གི་གང་བྱས་འདུག དེ་ནི་ང་རང་གི་ཨེས་སུ་རལ་དུ་འབྱོར་ནས་ལོ་གཅིག་པོ་འདི་ཡི་ནང་དུ། མགྲོན་ཁང་ཆེན་པོ་ཞིག་གི་ནང་དུ་ལས་ཀ་མགོ་བཙུགས་ཏེ་ཉི་མ་རེ་རེ་བཞིན། ཉིན་གུང་ཆུ་ཚོདབཅུ་གཉིས་དང་ཕྱེད་ཀ་ནས་ནང་ནས་སྒོར་བུད་དེ། ལས་ཀ་བའི་རླངས་འཁོར་ལ་བསྒུགས་ནས་རླངས་འཁོར་ནང་དུ་བུད་དེ་ལས་ཀར་སོང་། ཆུ་ཚོད་བཞི་བ་བར་དུ་ལས་ཀ་བྱས། དེ་ནས་ལས་གསེང་ཆུ་ཚོད་གཉིས་རིང་དུ་བྱས། ལས་གསེང་གི་ཆུ་ཚོད་གཉིས་ཀ་རྫོགས་ནས་ཕྱིར་ཐབ་ཚང་ནང་དུ་ལས་ཀར་སོང་། མཚན་མོའི་ཆུ་ཚོད་བཅུ་གཅིག་སྟེང་དུ་ལས་མཚམས་བཞག ནང་དུ་འབྱོར་དུས་ཆུ་ཚོད་བཅུ་གཅིག་དང་སྐར་མ་སོ་ལྔ་ནས་བཞི་བཅུའི་བར་ཡིན།
གཟའ་འཁོར་གཅིག་ལ་གུང་གསེང་ཉིན་གཅིག་དང་ཕྱེད་ཀའི་རིང་དུ་ཡོད། དེ་ནི་གཟའ་པ་སངས་དང་སྤེན་པ་གཉིས་ཡིན། སྤེན་པའི་དགོང་མོ་རྟག་པར་ལས་ཀ་བྱེད་དུ་འགྲོ་བཞིན་ཡོད། ལས་ཀ་བྱ་ས་ནས་རང་ཉིད་ལ་མ་བྱན་གྱི་ལས་ཀ་ཐོབ་ཡོད་ལ། མ་བྱན་ཞིག་གི་ཚོད་ཀྱིས་ཐོབ་ཐང་ཡང་མི་ཉུང་བ་ཞིག་འདུག་ན་ཡང་། ས་ཆ་འདི་དང་བསྡུར་ནས་བཤད་ན། ང་རང་ལ་དེ་འདྲའི་ཧ་ལས་པའི་གླ་ཆ་སོགས་མགྲོན་ཁང་གཞན་ནས་རེག་བཞིན་པའི་ཐོབ་ཐང་དེ་ནི་ང་རང་ལ་ཕལ་ཆེར་མེད་ཟེར་ན་འགྲིག འོན་ཀྱང་། ངའི་གླ་ཆ་དེ་ནི་རྒྱ་གར་གྱི་སྒོར་མོར་བསྒྱུར་ན་དངོས་གནས་གྲངས་ཀ་ཉུང་ཉུང་ཞིག་གཏན་ནས་མ་རེད།
ཟླ་གཅིག་གི་རིང་དུ་ང་རང་ལ་གླ་ཆ་ཧིན་སྒོར་སྟོང་ཕྲག་བརྒྱད་ཅུ་ཡོད་ལ། ཚུར་ཡོང་བ་དེ་ནི་ཆར་བ་འབབ་འབབ་དང་ཕར་འགྲོ་བ་དེ་ནི་ཆུ་ལོག་རྒྱུགས་རྒྱུགས་རེད། ཚུར་ལེན་པ་ནི་སྟོང་ཕྲག་བརྒྱད་ཅུ་ལེན་གྱི་ཡོད་ཀྱང་། ཕར་ཟླ་གཅིག་གི་འགྲོ་སོང་ནི། ཟླ་གཅིག་གི་རིང་ལ་སྟོང་ཕྲག་དགུ་བཅུ་མ་ཟིན་ཙམ་ཡིན་དུས། ང་རང་གིས་ལས་ཀ་དེས་ངེད་བཟའ་མི་གང་བོའི་འགྲོ་སོང་ཡང་ལོངས་ཀྱི་མི་འདུག་སྟབས། ངས་ལོ་གཅིག་གི་ཕྱི་མིག་དང་ཉམས་མྱོང་འདི་ལ་བརྟེན་ནས། རང་གིས་ད་ནི་མགྲོན་ཁང་སྤྱིའི་འགན་འཛིན་ལ་རང་གི་ལས་སྒྱུར་བྱེད་པའི་སྐད་ཆ་བཤད་པ་ཡིན།
ཁོས་ང་རང་ལ་ལས་སྒྱུར་བྱེད་དོན་གང་ཡིན་ཟེར། ངས་དེ་ནི་ང་རང་ལས་ཀ་འདི་ནས་བྱས་དེ་ལོ་གཅིག་འགྲོ་བཞིན་ཡོད་ཀྱང་། ཁྱེད་ཀྱིས་ང་རང་ལ་ཁས་ལེན་བྱས་པའི་ལས་ཀ་གཅིག་ཀྱང་བསྒྲུབས་མ་སོང་། དེ་ཡི་སྟབས་ཀྱིས་ང་རང་གིས་ལས་ཀ་འདི་ནས་འགྲོ་འདོད་ཡོད་པ་དེ་ཡིན་ཟེར་ནས་བཤད་པ་ཡིན། ཁོས་དེས་ན་ཁྱེད་རང་གཟའ་ཉི་མའི་ཉིན་ང་རང་གི་ལས་ཁུངས་ནང་དུ་ཤོག དེ་ནས་འུ་གཉིས་ཀྱིས་གྲོས་མོལ་བྱེད་ཆོག་ཟེར་བས་ངས་ཀྱང་ཁོ་ལ་ཨུ་ཚུགས་མ་བྱས། རྒྱུ་མཚན་ནི་ལོ་གསར་བ་སླེབས་ཀྱི་ཡོད་སྟབས། མགྲོན་ཁང་ནང་དུ་མི་མང་བོའི་ཁྲོད་དུ་ཁོ་རང་ཡང་ཁོམ་གྱི་མི་འདུག་ལ། མགྲོན་ཁང་འདི་ན་ལས་ཀ་བ་གཅིག་པོ་མི་ཉིས་བརྒྱ་ལྷག་ཡོད་པས། མི་གཅིག་གི་གནད་དོན་དེ་ནི་ལས་སླ་བོ་ཡིན་ན་ཡང་། རེ་རེ་ལ་བསམ་བློ་གཏོང་དགོས་དུས་ཁག་པོ་ལོས་ཡོད་སྙམ་ནས། ང་ཡང་རང་གི་ཐབ་ཚང་ནང་དུ་ཕྱིར་ལས་ཀ་བྱེད་དུ་སོང་བ་ཡིན།
གང་ལྟར། ལོ་གཅིག་གི་ནང་དུ་ལས་ཀ་རྐྱང་རྐྱང་བྱས་པའི་ཁྲོད་དུ་མཚམས་རེར་ཕྱོགས་བསྐྱོད་དུ་ཡང་ས་ཁུལ་ཁ་ཤས་ཤིག་ལ་སོང་བ་ཡིན་ལ། དེ་ནི་ལས་ཀའི་གསེང་གི་བྱས་པའི་བྱ་བ་གཞན་ཞིག་ཡིན། འོན་ཀྱང་། ལོ་གཅིག་ལ་ལས་ཀ་བྱས་ཀྱང་སྒོར་མོ་བསག་རྒྱུ་ཕར་ཞོག འགྲོ་སོང་ཡང་མི་ཉུང་བ་ཞིག་བཏང་འདུག དགའ་རོགས་མས་བུ་མོ་གཉོར་སྐྱོང་བྱས་ཏེ་ནང་དུ་འདུག་དགོས་དུས། ང་རང་ཕྱི་ལ་སོང་སྟེ་ལས་ཀ་བྱེད་མཁན་གཅིག་པུ་དེ་ཆགས་ཡོད།
ད་ནི་ལོ་གཅིག་གི་ཉམས་མྱོང་འདིས། ལོ་རྗེས་མའི་ནང་དུ་གྱོང་མི་རེག་པའི་ལས་ཀ་ཞིག་གི་མགོ་བརྩམ་རྒྱུའི་རེ་བ་བྱེད་ཀྱི་ཡོད། གལ་ཏེ། བསག་རྒྱུ་མེད་པའི་ལས་ཀ་ཞིག་ལས་པ་ལས། ལས་མེད་དུ་བསྡད་དེ་ངལ་གསོ་ཞིག་རྒྱག་རན་ཡིན་པའི་སྐོར་ལ་ངེད་བཟའ་མི་གཉིས་ཀ་གྲོས་ཁ་འཆམས་ཡོད། དེས་ན་ལོ་གསར་བ་འདིས་ནང་དུ་ངའི་ལས་གླ་འཕར་ནས་ལས་ཀ་རང་འཇག་བྱེད་སྲིད་དམ། ཡང་ན། ལས་སྐྱུར་བྱས་དེ་ངེད་གཉིས་མོ་རང་གི་ཨ་མའི་ནང་དུ་གནས་སྤོ་བྱོས་དེ་ངལ་གསོ་རེ་བྱས་དེ་ཟླ་ངོ་ཁ་ཤས་ཤིག་ལ་འདུག་སྲིད་པ་རེད་དམ་སྙམ་ཞོར། བརྙན་འཕྲིན་ལས་ཉིས་སྟོང་བཅུ་ལོ་གསར་བའི་རྒྱལ་ཁབ་གཞན་དག་གིས་ཤོག་སྤག་མེ་ཏོག་སྤར་བཞིན་པ་བལྟས་དེ། ལོ་གསར་བའི་ལྦུ་ཆང་། བདག་གི་དགའ་རོགས་མ་དང་དགའ་རོགས་མའི་གྲོགས་མོ། གྲོགས་མོའི་ཚ་བོ་བཅས་ཀྱིས་འཐུང་མགོ་བརྩམས་ནས། དགའ་རོགས་མའི་གྲོགས་མོས་ང་རང་ལ་ལྦུ་ཆང་ཞིག་བཏེགས་དེ་ཚུར་ཕེབས་དུས། ངས་མགོ་བོ་ཐད་དུ་གཡུགས་ཞོར་ཐུགས་རྗེ་ཆེ་ཞུས་པ་ཡིན།
ང་རང་ལ་རེ་བ་ཞིག་སེམས་ཁོང་ན་ཡོད་པ་དེ་ནི། ང་རང་གི་ལས་ཀའི་སྐོར་མ་ཡིན་པར། བོད་ནང་གི་བོད་མི་དག་གིས་རང་ཅག་ཁ་བའི་ལྗོངས་ཀྱི་ལྷ་སྐལ་འཕགས་མཆོག་ཕྱག་ན་པདྨོ་དངོས་སུ་ཞལ་མཇལ་ཐོབ་མིན་དེ་ཡི་སྐོར་རེད། དེ་ལ་ངས་སེམས་ཁོང་རུས་པའི་གཏིང་ནས་ཁ་གཡང་ཞིག་འབོད་ན་འདོད། ༧རྒྱལ་བ་རིན་པོ་ཆེ་བོད་ཡུལ་ཁ་བ་ཅན་ལ་མྱུར་དུ་ཕེབས་ནས། བོད་མི་སྐྱ་སེར་ཁྲི་སྟོང་མང་བོས་སེམས་ཁོང་གི་རྨ་ཁ་དེ་གསོས་དེ་བོད་ཡུལ་རང་དབང་གི་ཉི་མ་ཞིག་ཤར་བར་ཤོག
སྒྲོལ་འཚོ་ལགས། སྐུ་ཉིད་ལ་ལོ་གསར་བ་འདིའི་ནང་དུ་བདེ་ཐང་དང་བྱ་བ་ལམ་འགྲོ་ཡོང་བར་སྨོན།
ཡེལ་པ་བ་ལགས། སྐུ་ཉིད་ལ་ཡང་གཅིག་མཚུངས་ཡིན་ལགས།
དྲ་གྲོགས་ཤ་ཁྲག་རུས་གསུམ་ལགས། ལོ་གསར་པའི་ནང་དུ་བྱ་བ་ལམ་འགྲོ་དང་སྐུ་གཟུགས་ལ་ནད་མེད་ཚེ་རིང་ཡོང་བར་སྨོན།
དྲ་གྲོགས་ཚོ་ལོ་གསར་དང་ལོ་སར་གཉིས་ལ་ཁྱད་པར་ཡོད་དམ། ཁ་བ་ནག་པོས་ལན་འདེབས་རོགས་ཞུ
ཟླ་བ་གཞོན་ནུ་ལགས། སྐུ་ཉིད་ལ་དེ་མཚུངས་ལྟར་རོ།
གནམ་ལོ་གསར་ཚེས་ལ་ཅི་བསམ་འགྲུབ་པའི་སྨོན་འདུན་གྲངས་མེད་ཞུ།
བློ་བཟང་ལགས། སྐུ་ཉིད་ལ་ཡང་དེ་མཚུངས་ཡིན་ལགས།
ཤ་ཁྲག་རུས་གསུམ་ལགས། སྐུ་ཉིད་ཀྱིས་གནམ་ལོ་གསར་ཚེས་ལ་ཅི་བསམ་ཡིད་སྨོན་ལྟར་འགྲུབ་པའི་སྨོན་འདུན་གྲངས་མེད་ཞུ།
འབའ་པ་སྐལ་བཟང་འཕྲིན་ལས་ལགས། སྤུན་ཟླ་ཕན་ཚུན་ལ་བརྩེ་འདང་ཆགས་པ་དེ་ནི་དངོས་ནས་དགའ་འོས་པ་ཞིག་ཡིན་པ་རེད། ཉིད་ལ་ཡང་དེ་མཚུངས་ཀྱི་སྤྱི་ལོ་གསར་བ་འདི་ལ་འཚམ་འདྲི་ཡོད་ལགས།
སྒོམ་སྡེ་དོན་གྲུབ་རྒྱལ་མཚན་ལགས། སྐུ་ཉིད་ལ་ཡང་དེ་མཚུངས་ཡིན་ལགས།
ཅོ་རི་ཉི་མ་ལགས། སྐུ་ཉིད་དེ་ལྟར་ལན་འདེབས་དུས་ཐོག་དུ་གནང་བ་དེར་བཀའ་དྲིན་ཆེ་ལགས། ད་ནི་ང་རང་གི་བྱིས་པ་ཞིག་གི་ཕ་རྒན་ཆགས་ཡོད་དུས། འདི་ནས་རང་གི་བུ་མོ་འདིའི་ཆེད་དུ་ཟེར་ན་རེད། འཁོར་ངན་འདི་ལ་ཐབས་ཤེས་གཞན་རེ་ཡོད་སྲིད་པ་རེད། དེ་ཡིན་དུས་སྐུ་ཉིད་ནས་ཐུགས་འཁུར་གནང་དེ་རང་གི་ཁ་པར་ཨང་གྲངས་དང་སུ་ཁེབ་ཁ་བྱང་བཅས་གནང་བ་དེར་དགའ་བོ་བྱུང་ཡོད། རྗེས་ཕྱོགས་ཁོམ་པ་ཡོད་དུས་རེ་སུ་ཁེབ་སྟེང་ནས་ཁ་བརྡ་བྱེད་ངེས་ཡིན་ལགས།
བསེ་རུ་ལགས། སྐུ་ཉིད་ནི་དུས་རྟག་དུ་སྤུན་ཟླ་ཡོངས་ལ་བརྩེ་འདང་ཟབ་མོ་ཡོད་མཁན་ཞིག་དང་རང་གི་སྐད་ཡིག་ལ་སེམས་འཁུར་ཆེན་པོས་སྒོ་ནས་འགན་འཁུར་མཁན་དེ་ཡིན་དུས། དེ་རིང་སྤྱི་ལོ་གསར་བའི་ནང་དུ་འདི་རུ་ཕེབས་ནས་ཁ་གཡང་བརྗོད་པ་དེར་བཀའ་དྲིན་ཆེ་ལགས། སྐུ་ཉིད་ཀྱང་དེ་མཚུངས་བཞིན་ཡིན་ལགས།
རྨེ་རུ་ལགས། ཉིད་ཀྱིས་བདག་གི་མྱོང་ཚོར་ཀློག་ནས་་དགའ་བསུ་གནང་བ་དེར་བཀའ་དྲིན་ཆེ་ལགས། གུས་པས་ཀྱང་བསམ་བློ་གཏོང་ངེས་ཡིན། གང་དགའ་ཞིག་ལ་འབད་བརྩོན་བྱེད་ངེས་ཡིན་ལགས། སྤྱི་ལོ་གསར་བའི་ནང་དུ་སྐུ་ཉིད་ཀྱང་གཅིག་མཚུངས་ཡིན་ལགས།
དྲ་གྲོགས་ཤ་ཁྲག་ལགས།
ལོ་གསར་པའི་ནང་སྐུ་ཉིད་བཟའ་ཟླ་བུ་ཕྲུག་རྣམས་ནད་མེད་ཚེ་རིང་དང་བྱ་བ་ལམའགྲོ་ཡོང་བའི་སྨོན་མདུན་གྲངས་མེད་ཞུ་བཞིན་ཡོད།
ཁྱེད་ཀྱི་མྱོང་ཚོར་འདི་ཀློག་སྐབས་བརྗོད་མི་ཤེས་པའི་ཚོར་ཞིག་བྱུང་།
ལས་བྲེལ་འདི་འདྲའི་ཁྲོད་ནས་ཁྱེད་ཀྱིས་ཟིན་བྲིས་སྤེལ་ཐུབ་ནི་བསྟོད་བསྔགས་འོས་པ་ཞིག་ཏུ་མཐོང། གུས་པའི་བསམ་པར་ཁྱེད་མུ་མཐུད་ཕྱག་ལས་གནང་ན་ལེགས། གལ་ཏེ་ལས་མེད་དུ་བསྡད་ན་ཉམས་མྱོང་སོགས་གང་ཡང་མེད་པ་མཐོང་།
དྲ་གྲོགས་ལགས། ལོ་གསར་པའི་ནང་ནད་མེད་ཚེ་རིང་དང་བསམ་དོན་ཆོས་བཞིན་འགྲུབ་པའི་སྨོན་ལམ་འདེབས།
འབྱུང་འགྱུར་གྱི་ལོ་ཟླའི་ནང་ང་ཚོ་མུ་མཐུད་གཅིག་སེམས་གཅིག་ལ་བསྒྲིལ་ཏེ་འགྲོ་དགོས་པ་ཐུགས་ལ་འཇོག་རོགས།།
my skype name is nyima9.
we can contact on the skype.
སུད་སི་སྒོར་མོ་༣༥༠༠ལ་ཧན་སྒོར་༡༦༤༥༠༠ཙམ་ཡིན་ས་རེད། དེའི་ནང་ནས་ཁྲལ་རྒྱ་ཆ་༡༧མར་ཆག་ནས་ལག་ཏུ་ཡོང་བ་ཧན་སྒོར་༡༣༦༥༣༥ཡན་མན་རེད།
གལ་སྲིད་ཁྱེད་ཕེགས་པ་ཡིན་ན་ངས་སྤུན་ཆེད་སྣེ་ལེན་ཞུ་རྒྱུ་ཡིན།
ང་རང་ཚོ་ནུབ་ཕྱོགས་སུ་ཡོང་དགོས་པའི་རྒྱུ་མཚན་གཙོ་བོ་གཅིག་དངུལ་གྱི་ཆེད་དུ་རེད། དེ་འདྲ་ཡིན་དུས་ཨེ་ཟེ་ལུ་རྒྱལ་ཁབ་དཔལ་འབྱོར་སྐྱོ་བ་མ་ཟད་ཡུལ་མི་ཡང་ཡག་པོ་ཡོད་མ་རེད་ཞེས་བཤད་ཀིན་འདུག
དེ་ལས་སུད་སི་ཕེབས་ཐུབ་ན་བོད་མི་ཡང་མང་པོ་རེད་བོད་པའི་སློབ་གྲྭ་འདྲ་རེ་ཡང་རྟེན་འབྲེལ་ཆེད་དུ་ཡོད།
མ་འོང་ཕུང་རྒྱང་རིང་པོའི་ཐོག་ཡུང་རོ་ནང་དུ་སུད་སི་ལས་ཡག་བ་ཁ་པོ་རེད།
དེའི་དོན་བསམ་བློ་ཐོངས།
ལོ་གསར་པ་འགོ་ཚུགས་པའི་དུས་ཚིགས་འདིར་རྟེན་འབྲེལ་བཟང་བའི་སྨོན་ལམ་ནི་ལོ་འདིའི་ནང་ཁྱེད་དང་ཁྱེད་ཀྱི་ནང་མི་ཡོངས་ལ་ནད་མེད་ཚེ་རིང་ཅི་བསམ་ལྷུན་འགྲུབ་ཡོངས་བར་ཤཽག
གྲོགས་ཤ་ཁྲག་རུས་གསུམ་ལགས ལོ་གསར་ལ་འཚམས་འདྲི་ཞུ། ལོ་གསར་པ་ནང་དུ་ང་ཚོ་སྔར་བཞིན་སྤྭན་མཆེད་བཞིན་མཉམ་དུ་གླེང་མོལ་བྱེད་ཀྱིན་འགྲོ།
ངོ་མ་ང་ནི་དྲ་གྲོགས་ཚོར་རང་བཞིན་གྱི་བརྩེ་དུང་ཞིག་ཆགས་འདུག
སྤོབས་པ་མཐའ་ཡས་ལགས། སྐུ་ཉིད་སེམས་གཏིང་ནས་ཐུགས་རྗེ་ཆེ་ཞུས་པ་ཡིན་ལགས། ཞུ་དག་ཞུས་པ་དེར། འདི་ཁུལ་ན་བྱིས་པའི་ཨ་མ་ལ་རང་གི་རྒན་པོ་སྟོན་རྒྱུ་མེད་པ་དེ་འདྲ་ཡིན་ན། གཞུང་གི་རོགས་སྐྱོར་ཡོད་པ་རེད། དེ་མིན་ན་ནི་ཡོད་པ་མ་རེད་ལགས། ལྷག་པར་དུ་སྐྱེ་དུས་སུ་སྨན་ཁང་ནས་རོགས་དངུལ་ཉུང་ཉུང་ཞིག་ཐོབ་ཀྱི་འདུག་ལ། སྐྱེ་སྐབས་སུ་སྨན་ཁང་ནང་དུ་རིན་པ་གང་ཡང་སྤྲོད་དགོས་ཀྱི་མི་འདུག་ལགས། དེ་ནི་དངོས་ནས་ཕན་ཐོག་ཆེན་པོ་བྱུང་། དེ་ནས་སྤྱི་ལོ་སར་བ་འདི་ལ་འཚམ་འདྲི་ཡོད་ལ། ཅི་བསམ་ལེགས་ལམ་དུ་འགྲོ་བར་རེ་བ་ཡོད་ལགས།
ཁ་བ་ནག་པོ་ལགས། ཉིད་ཀྱིས་རེ་སྐུལ་དེ་སེམས་སུ་བཟུང་ཡོད་ལ། རང་གིས་ཀྱང་རྒྱལ་ཁབ་འདིར་སླེབས་པ་ནས་དགུམ་ལྷམ་གཅིག་དང་དབྱར་ལྷམ་མ་གཏོགས་ཉོས་མེད་ལ། ཕྱིས་སུ་ད་ལོ་དགུན་ཁ་འདིར་དགའ་རོགས་མས་ལྷམ་མགོ་གསར་བ་ཞིག་ཉོ་ཡི་ཡིན་ཟེར་ནས་ཨུ་ཚུགས་རྒྱག་གི་འདུག་ཀྱང་། གཏན་ནས་ཉོ་རུ་བཅུགས་མེད་ལགས། འཚོ་བ་དངོས་ནས་གྲོན་ཆུང་གང་ཐུབ་ཀྱི་ཡོད་ཁུལ་ཡིན།
རྨེ་བ་འཇམ་དཔལ་ནོར་བུ་ལགས། སྐད་ཆ་འདི་ནི་རང་གི་འཚོ་བ་ལ་ཕྱིར་དྲན་བྱས་པ་དངོས་ཤིག་ཡིན་པ་ལས། རྫུན་པའི་ཟུར་གང་ཡང་མེད་ལགས།
མི་ཞུན་ལགས། འདི་རུ་ཕེབས་ནས་ཁ་གཡང་བོས་པ་དེར་སྐུ་ཉིད་ལ་གཅིག་མཚུངས་ཡིན་ལགས།
སྒོམ་སྡེ་ལྷ་རམས་པ་ལགས། སྐུ་ཉིད་ཀྱང་སྤྱི་ལོ་སར་བའི་སྐུ་ལུས་བདེ་ཐང་དང་བསམ་དོན་ལྷུན་འགྲུབ་ཡོང་རྒྱུར་གཅིག་མཚུངས་ཤོག
རྒྱལ་ཐང་ཡོན་ཏན་དང་། བེ་རི་དཔལ་ལྡན་རྣམ་རྒྱལ། མིག་ལགས། སྤུན་ཟླ་ཁྱེད་གསུམ་ལ་དེ་མཚུངས་ཀྱིས་སྤྱི་ལོ་སར་བ་ཚེས་པ་དེར་འཚམ་འདྲི་དང་བཀྲ་ཤིས་བདེ་ལེགས་ཡོད་ལགས།
ཅོ་རི་ཉི་མ་ལགས། སྐུ་ཉིད་ལ་སེམས་གཏིང་ནས་བཀའ་དྲིན་ཆེ་ཞུས་པ་ཡིན། དཀའ་ལས་རྒྱག་དགོས་སར་སྐྱེ་བ་བླངས་པ་རེད། དཀའ་ལས་ལོས་རྒྱག་ལགས། ཡིན་ཡང་། སྐུ་ཉིད་ནས་བདག་ལ་མགྲོན་འབོད་བྱས་པ་དེར་བཀའ་དྲིན་ཆེ་ལགས། སུད་སིའི་སྒོར་མོ་༣༥༠༠ཧིན་སྒོར་ག་ཚོད་ཅིག་ཆགས་ཀྱི་ཡོད་པ་རེད་དམ་ལགས། དེ་གཅིག་གསུང་རོགས་ཞུ། སྐུ་ཉིད་ཀྱི་ཁ་པར་ཨང་གྲངས་ངས་གཉར་འདུག མི་ཟེར་བ་འདི་གང་དུ་སླེབས་མིན་ཤེས་ནི་མ་རེད། རྗེས་ཕྱོགས་དེ་ཁུལ་དུ་སླེབས་པ་ཡིན་ན་བཙལ་ནས་ཡོང་གི་ཡིན། དེ་དུས་ངོ་ཤེས་དང་སྤུན་ཟླ་ཞིག་གི་ངོས་ནས་སྣེ་ལེན་ཞིག་བྱེད་རྒྱུར་རེ་བ་ཡོད་ལགས།
དངོས་གནས་གྲོགས་པོ་ཁྱེད་ནི་མི་ཤ་ཚ་པོ་ཞིག་རེད་འདུག་དཀའ་ལས་དེ་འདྲ་རྒྱག་གི་ཡོད་རེད་བསམ་པ་སྣང་བའི་ཡུལ་དྲན་མ་སོང་། དེ་ལས་ཁྱེད་རང་སུད་སི་ཕེབས་འདོད་ཡོད་ན་འཚོ་བའི་དཔལ་འབྱོར་ཡོང་ཁུངས་འདིར་ཡག་པོ་རེད།
མ་ཟད་ལས་དཀའ་བྱེད་ན་གླ་ཕོགས་དམའ་ཤོས་ལ་སུད་སི་སྒོར་མོ་༣༥༠༠ཟླ་རེ་ཡོད་རེད།
ཁྱེད་ཉིད་ཕེབས་འདོད་ཡོད་ན་ང་ལ་འབྲེལ་བ་ཀྱིས་དང་ངས་ཅི་ཤེས་གང་ཡང་གི་ལམ་སྟོན་བྱེད་ཆོག
ངའི་ཁ་པར། 0041522023152
འི་ལོ་གསར་ལ་བཀྲ་ཤིས་བདེ་ལེགས་གྲངས་མེད་ཞུ་ཞུ
ཨ་ཁུ་ཤ་ཁྲག་རུས་གསུམ་གཙོ་བོའི་དྲ་གྲོགས་ཡོངས་ལ་ཉིས་སྟོང་བཅུའི་ལོ་
རྒྱལ་སྤྱིའི་ལོ་སར་ལ་བཀྲ་ཤིས་བདེ་ལེགས།
ངའི་དྲ་གྲོགས་བོད་ཤ་ཁྲག་རུས་གསུམ་ལགས། བཀྲ་ཤིས་བདེ་ལེགས་ཞུ
ཡ་རབས་མཛངས་པའི་རང་བཞིན། ཀུན་གྱིས་མིག་ལྟོས་ཡར་ལྟ་བྱ་ཡུལ་གྱི་དྲ་གྲོགས་དམ་པ། བོད། ཤ་ཁྲག་རུས་གསུམ་ལགས་སུ། ཕྱི་ལུགས་ཀྱི་གནམ་ལོ་གསར་དུ་བཞད་པའི་རྟེན་འབྱུང་དགའ་སྟོན་ལ་བཀྲ་ཤིས་གྲངས་མེད་དང་།
བསམ་དོན་ལྷུན་གྱིས་འགྲུབ་པའི་སྨོན་འདུན་ཞུའོ། །
ཨ་ཁུ་བོད་ཤ་ཁྲག་ལགས། ལོ་གསར་བའི་ཚེས་མགོ་ཡི་ཉིན་མོ་འདི་ལ་བཀྲ་ཤིས་བདེ་ལེགས་ཀྱི་འཚམས་འདྲི་སྔོན་ལ་ཞུ་བ་དང་ལྷན་དུ་ལོ་ངོ་ཧྲིལ་བོ་གསར་བའི་ནང་དུ་ཁྱེད་ཀྱི་བྱ་བ་ལམ་འགྲོ་དང་སྐུ་ལུས་བདེ་ཐང༌། འཚོ་བ་སྐྱིད་པོ་དང་བཟའ་ཚང་འཆམ་འཐུན་ཡོང་བའི་སྨོན་ལམ་འདེབས།
བདེན་ནམ།ནམ་རྒྱུན་དྲ་ཐོག་ན་ཡོད་པ་འདྲ།
ངའི་རེ་བ་ཡིན་ན་ལྷོད་ལྷོད་རེ་བྱེད་རོགས། ཡིན་ན་ཡང་བྱིས་པ་དེ་ལྟོགས་ཀི་མ་འཇུག ཁྱེད་བཟའ་ཟླ་གཉིཀ་ལྟོགས་ན་ཡང་ཆུང་ཆུང་ཡིན་པས་བསྲོན་ཐུབ་ཀི་རེད།
ལོ་གཅིག་ལ་ཕྱི་མིག་བལྟས་པ། {རང་གི་འཚོ་བ།}
དེ་རིང་ནི་ཉིས་སྟོང་དགུ་རྫོགས་ནས་ད་ནི་ཉིས་སྟོང་བཅུ་ཟིན་པ་རེད། ལོ་གཅིག་གི་རིང་དུ་བྱས་ཟིན་པའི་བྱ་བ་དག་ལ་ཕྱི་མིག་ཅིག་བལྟས་དུས། འདས་ཟིན་མ་ཐག་པའི་ལོ་གཅིག་དེ་ཡི་ནང་དུ་ག་རེ་བྱས་ཡོད་མེད་དེ་རེད། དེ་ནི་མི་ཡུལ་ནས་མི་ཡུལ་ལ་གྱར་ནས། མི་ཡུལ་གྱི་འཚོ་བ་རོལ་སྟངས་གཞན་ཞིག་གི་ཁྲོད་དུ་ཡོད་པ་དེ་རེད།
ཉིས་སྟོང་དགུ་ལོའི་ནང་དུ་ང་རང་གི་གང་བྱས་འདུག དེ་ནི་ང་རང་གི་ཨེས་སུ་རལ་དུ་འབྱོར་ནས་ལོ་གཅིག་པོ་འདི་ཡི་ནང་དུ། མགྲོན་ཁང་ཆེན་པོ་ཞིག་གི་ནང་དུ་ལས་ཀ་མགོ་བཙུགས་ཏེ་ཉི་མ་རེ་རེ་བཞིན། ཉིན་གུང་ཆུ་ཚོདབཅུ་གཉིས་དང་ཕྱེད་ཀ་ནས་ནང་ནས་སྒོར་བུད་དེ། ལས་ཀ་བའི་རླངས་འཁོར་ལ་བསྒུགས་ནས་རླངས་འཁོར་ནང་དུ་བུད་དེ་ལས་ཀར་སོང་། ཆུ་ཚོད་བཞི་བ་བར་དུ་ལས་ཀ་བྱས། དེ་ནས་ལས་གསེང་ཆུ་ཚོད་གཉིས་རིང་དུ་བྱས། ལས་གསེང་གི་ཆུ་ཚོད་གཉིས་ཀ་རྫོགས་ནས་ཕྱིར་ཐབ་ཚང་ནང་དུ་ལས་ཀར་སོང་། མཚན་མོའི་ཆུ་ཚོད་བཅུ་གཅིག་སྟེང་དུ་ལས་མཚམས་བཞག ནང་དུ་འབྱོར་དུས་ཆུ་ཚོད་བཅུ་གཅིག་དང་སྐར་མ་སོ་ལྔ་ནས་བཞི་བཅུའི་བར་ཡིན།
གཟའ་འཁོར་གཅིག་ལ་གུང་གསེང་ཉིན་གཅིག་དང་ཕྱེད་ཀའི་རིང་དུ་ཡོད། དེ་ནི་གཟའ་པ་སངས་དང་སྤེན་པ་གཉིས་ཡིན། སྤེན་པའི་དགོང་མོ་རྟག་པར་ལས་ཀ་བྱེད་དུ་འགྲོ་བཞིན་ཡོད། ལས་ཀ་བྱ་ས་ནས་རང་ཉིད་ལ་མ་བྱན་གྱི་ལས་ཀ་ཐོབ་ཡོད་ལ། མ་བྱན་ཞིག་གི་ཚོད་ཀྱིས་ཐོབ་ཐང་ཡང་མི་ཉུང་བ་ཞིག་འདུག་ན་ཡང་། ས་ཆ་འདི་དང་བསྡུར་ནས་བཤད་ན། ང་རང་ལ་དེ་འདྲའི་ཧ་ལས་པའི་གླ་ཆ་སོགས་མགྲོན་ཁང་གཞན་ནས་རེག་བཞིན་པའི་ཐོབ་ཐང་དེ་ནི་ང་རང་ལ་ཕལ་ཆེར་མེད་ཟེར་ན་འགྲིག འོན་ཀྱང་། ངའི་གླ་ཆ་དེ་ནི་རྒྱ་གར་གྱི་སྒོར་མོར་བསྒྱུར་ན་དངོས་གནས་གྲངས་ཀ་ཉུང་ཉུང་ཞིག་གཏན་ནས་མ་རེད།
ཟླ་གཅིག་གི་རིང་དུ་ང་རང་ལ་གླ་ཆ་ཧིན་སྒོར་སྟོང་ཕྲག་བརྒྱད་ཅུ་ཡོད་ལ། ཚུར་ཡོང་བ་དེ་ནི་ཆར་བ་འབབ་འབབ་དང་ཕར་འགྲོ་བ་དེ་ནི་ཆུ་ལོག་རྒྱུགས་རྒྱུགས་རེད། ཚུར་ལེན་པ་ནི་སྟོང་ཕྲག་བརྒྱད་ཅུ་ལེན་གྱི་ཡོད་ཀྱང་། ཕར་ཟླ་གཅིག་གི་འགྲོ་སོང་ནི། ཟླ་གཅིག་གི་རིང་ལ་སྟོང་ཕྲག་དགུ་བཅུ་མ་ཟིན་ཙམ་ཡིན་དུས། ང་རང་གིས་ལས་ཀ་དེས་ངེད་བཟའ་མི་གང་བོའི་འགྲོ་སོང་ཡང་ལོངས་ཀྱི་མི་འདུག་སྟབས། ངས་ལོ་གཅིག་གི་ཕྱི་མིག་དང་ཉམས་མྱོང་འདི་ལ་བརྟེན་ནས། རང་གིས་ད་ནི་མགྲོན་ཁང་སྤྱིའི་འགན་འཛིན་ལ་རང་གི་ལས་སྒྱུར་བྱེད་པའི་སྐད་ཆ་བཤད་པ་ཡིན།
ཁོས་ང་རང་ལ་ལས་སྒྱུར་བྱེད་དོན་གང་ཡིན་ཟེར། ངས་དེ་ནི་ང་རང་ལས་ཀ་འདི་ནས་བྱས་དེ་ལོ་གཅིག་འགྲོ་བཞིན་ཡོད་ཀྱང་། ཁྱེད་ཀྱིས་ང་རང་ལ་ཁས་ལེན་བྱས་པའི་ལས་ཀ་གཅིག་ཀྱང་བསྒྲུབས་མ་སོང་། དེ་ཡི་སྟབས་ཀྱིས་ང་རང་གིས་ལས་ཀ་འདི་ནས་འགྲོ་འདོད་ཡོད་པ་དེ་ཡིན་ཟེར་ནས་བཤད་པ་ཡིན། ཁོས་དེས་ན་ཁྱེད་རང་གཟའ་ཉི་མའི་ཉིན་ང་རང་གི་ལས་ཁུངས་ནང་དུ་ཤོག དེ་ནས་འུ་གཉིས་ཀྱིས་གྲོས་མོལ་བྱེད་ཆོག་ཟེར་བས་ངས་ཀྱང་ཁོ་ལ་ཨུ་ཚུགས་མ་བྱས། རྒྱུ་མཚན་ནི་ལོ་གསར་བ་སླེབས་ཀྱི་ཡོད་སྟབས། མགྲོན་ཁང་ནང་དུ་མི་མང་བོའི་ཁྲོད་དུ་ཁོ་རང་ཡང་ཁོམ་གྱི་མི་འདུག་ལ། མགྲོན་ཁང་འདི་ན་ལས་ཀ་བ་གཅིག་པོ་མི་ཉིས་བརྒྱ་ལྷག་ཡོད་པས། མི་གཅིག་གི་གནད་དོན་དེ་ནི་ལས་སླ་བོ་ཡིན་ན་ཡང་། རེ་རེ་ལ་བསམ་བློ་གཏོང་དགོས་དུས་ཁག་པོ་ལོས་ཡོད་སྙམ་ནས། ང་ཡང་རང་གི་ཐབ་ཚང་ནང་དུ་ཕྱིར་ལས་ཀ་བྱེད་དུ་སོང་བ་ཡིན།
གང་ལྟར། ལོ་གཅིག་གི་ནང་དུ་ལས་ཀ་རྐྱང་རྐྱང་བྱས་པའི་ཁྲོད་དུ་མཚམས་རེར་ཕྱོགས་བསྐྱོད་དུ་ཡང་ས་ཁུལ་ཁ་ཤས་ཤིག་ལ་སོང་བ་ཡིན་ལ། དེ་ནི་ལས་ཀའི་གསེང་གི་བྱས་པའི་བྱ་བ་གཞན་ཞིག་ཡིན། འོན་ཀྱང་། ལོ་གཅིག་ལ་ལས་ཀ་བྱས་ཀྱང་སྒོར་མོ་བསག་རྒྱུ་ཕར་ཞོག འགྲོ་སོང་ཡང་མི་ཉུང་བ་ཞིག་བཏང་འདུག དགའ་རོགས་མས་བུ་མོ་གཉོར་སྐྱོང་བྱས་ཏེ་ནང་དུ་འདུག་དགོས་དུས། ང་རང་ཕྱི་ལ་སོང་སྟེ་ལས་ཀ་བྱེད་མཁན་གཅིག་པུ་དེ་ཆགས་ཡོད།
ད་ནི་ལོ་གཅིག་གི་ཉམས་མྱོང་འདིས། ལོ་རྗེས་མའི་ནང་དུ་གྱོང་མི་རེག་པའི་ལས་ཀ་ཞིག་གི་མགོ་བརྩམ་རྒྱུའི་རེ་བ་བྱེད་ཀྱི་ཡོད། གལ་ཏེ། བསག་རྒྱུ་མེད་པའི་ལས་ཀ་ཞིག་ལས་པ་ལས། ལས་མེད་དུ་བསྡད་དེ་ངལ་གསོ་ཞིག་རྒྱག་རན་ཡིན་པའི་སྐོར་ལ་ངེད་བཟའ་མི་གཉིས་ཀ་གྲོས་ཁ་འཆམས་ཡོད། དེས་ན་ལོ་གསར་བ་འདིས་ནང་དུ་ངའི་ལས་གླ་འཕར་ནས་ལས་ཀ་རང་འཇག་བྱེད་སྲིད་དམ། ཡང་ན། ལས་སྐྱུར་བྱས་དེ་ངེད་གཉིས་མོ་རང་གི་ཨ་མའི་ནང་དུ་གནས་སྤོ་བྱོས་དེ་ངལ་གསོ་རེ་བྱས་དེ་ཟླ་ངོ་ཁ་ཤས་ཤིག་ལ་འདུག་སྲིད་པ་རེད་དམ་སྙམ་ཞོར། བརྙན་འཕྲིན་ལས་ཉིས་སྟོང་བཅུ་ལོ་གསར་བའི་རྒྱལ་ཁབ་གཞན་དག་གིས་ཤོག་སྤག་མེ་ཏོག་སྤར་བཞིན་པ་བལྟས་དེ། ལོ་གསར་བའི་ལྦུ་ཆང་། བདག་གི་དགའ་རོགས་མ་དང་དགའ་རོགས་མའི་གྲོགས་མོ། གྲོགས་མོའི་ཚ་བོ་བཅས་ཀྱིས་འཐུང་མགོ་བརྩམས་ནས། དགའ་རོགས་མའི་གྲོགས་མོས་ང་རང་ལ་ལྦུ་ཆང་ཞིག་བཏེགས་དེ་ཚུར་ཕེབས་དུས། ངས་མགོ་བོ་ཐད་དུ་གཡུགས་ཞོར་ཐུགས་རྗེ་ཆེ་ཞུས་པ་ཡིན།
ང་རང་ལ་རེ་བ་ཞིག་སེམས་ཁོང་ན་ཡོད་པ་དེ་ནི། ང་རང་གི་ལས་ཀའི་སྐོར་མ་ཡིན་པར། བོད་ནང་གི་བོད་མི་དག་གིས་རང་ཅག་ཁ་བའི་ལྗོངས་ཀྱི་ལྷ་སྐལ་འཕགས་མཆོག་ཕྱག་ན་པདྨོ་དངོས་སུ་ཞལ་མཇལ་ཐོབ་མིན་དེ་ཡི་སྐོར་རེད། དེ་ལ་ངས་སེམས་ཁོང་རུས་པའི་གཏིང་ནས་ཁ་གཡང་ཞིག་འབོད་ན་འདོད། ༧རྒྱལ་བ་རིན་པོ་ཆེ་བོད་ཡུལ་ཁ་བ་ཅན་ལ་མྱུར་དུ་ཕེབས་ནས། བོད་མི་སྐྱ་སེར་ཁྲི་སྟོང་མང་བོས་སེམས་ཁོང་གི་རྨ་ཁ་དེ་གསོས་དེ་བོད་ཡུལ་རང་དབང་གི་ཉི་མ་ཞིག་ཤར་བར་ཤོག
རྩོམ་འདི་ཡག་པོ་འདུག ཡིག་ནོར་ཡང་ཉུང་ཉུང་རེད། ངས་མཐོང་བའི་ཡིག་ནོར་རེ་ཟུང་དང་ཆད་ལྷག་མིན་ནམ་སྙམ་པ་ཁ་ཤས་ཤིག་བཅོས་ནས་འདིར་བཀོད་པ་ཡིན། ནང་མ་སྤྲོས་མེད་ཀྱི་ལུགས་ཡིན་པས་དགོངས་འགལ་མེད་པ་ཞུ།
གཅིག་བརྗེད་འདུག སྤྱི་ལོའི་ལོ་གསར་ལ་བཀྲ་ཤིས་བདེ་ལེགས་ཞུ།
ཁྱེད་ཡོད་ས་དེར་བྱིས་པ་ལ་ལྟ་རྟོག་བྱེད་དགོས་མཁན་ཚོར་གཞུང་གིས་བདུན་རེའི་རོགས་དངུལ་འདྲ་པོ་སྤྲོད་ཀྱིན་མི་འདུག་གམ། དེ་མེད་ན་བཟའ་ཚང་གཅིག་ལ་ལས་ཀ་བ་གཅིག་ལས་མེད་དུས་ཅུང་ཁག་པོ་རེད། དེ་རིང་ཁྱེད་ཀྱིས་ང་ཧང་སངས་དགོས་ཞིག་བཟོས་པ་དེ་ནི་ཁྱེད་ཀྱིས་ལས་བྲེལ་འདི་འདྲ་ཆེན་པོ་ཞིག་གི་ཁྲོད་དུ་ཟིན་བྲིས་འདི་འདྲ་མང་པོ་ཞིག་སྤེལ་ཐུབ་པ་དེ་རེད་ལགས། ད་དུང་ཁྱེད་ལ་ཞུ་འདོད་པ་གཅིག་ནི་བྱིས་པ་ཆུང་ཆུང་ཡོད་མཁན་གྱི་ཁྱིམ་ཚང་ཕལ་མོ་ཆེར་དངུལ་གྱི་དཀའ་ངལ་འདྲ་ཞིག་འཕྲད་གྱིན་ཡོད་རེད། དེ་ཁྱེད་གཅིག་པོ་མ་རེད་ལགས། ཁྱེད་ལ་འདྲི་འདོད་པ་ཞིག་ནི་ས་དེར་ལས་མེད་དུ་སྡོད་མཁན་ཚོར་གཞུང་གིས་རོགས་དངུལ་འདྲ་པོ་ཅུང་ཙམ་རེ་སྤྲོད་ཀྱིན་འདུག་གམ།
ཁྲ་གླག་སྤྱང་གསུམ་ལགས། སྐུ་ཉིད་ལ་ཡང་དེ་མཚུངས་ཡིན།
ལོ་གསར་པའི་ནང་ཁྱེད་རང་བྱ་བ་ལམ་འགྲོ་ཡོང་བ་ཤོག