བོད་ཀྱི་སྐད་ངག་བོད་ཀྱི་མི་ལ་དགོས།།
བོད་ཀྱི་གོམས་གཤིས་བོད་ཀྱི་མི་ལ་དགོས།།
བོད་ཀྱི་རྒྱལ་ཁབ་བོད་ཀྱི་མི་ལ་དགོས།།
བོད་ཀྱི་བདེན་མཐའ་བོད་ཀྱི་མི་ཡིས་སེལ།།
བོད་ཀྱི་རང་དབང་བོད་ཀྱི་མི་ཡིས་རྩོད།།
བོད་ཀྱི་མི་རྣམས་བོད་ཀྱི་མི་ཡིས་སྐྱོང་།།
དེ་ལས་གཞན་ན་རེ་ས་གཏན་མེད་དུས།།
ཀུན་གྱི་ཐུག་ས་བོད་ཀྱི་སྐད་ཡིག་ཡིན།།
བོད་ཀྱི་སྐད་ཡིག་མེད་ན་བོད་མིང་ཙམ།།
བོད་མིང་ཙམ་གྱི་མི་དེ་གསོན་ན་ཡང་།།
བོད་ལ་དགོས་པའི་བྱ་བཞག་གཏན་བརླག་ཡིན།།
འཛམ་གླིང་གང་སར་གནས་པའི་བོད་མི་ཚོ།།
རང་གི་བུ་དང་བུ་མོ་འཚར་ལོངས་ཁྲོད།།
བོད་ཀྱི་སྐད་ཡིག་སྤྱོང་བར་སྐུལ་མ་ཐོངས།།
བོད་ཀྱི་སྐད་ཡིག་སློབས་པར་ལམ་སྟོན་བྱོས།།
བོད་ཀྱི་སྐད་ཡིག་རང་གི་སྲོག་ལྟར་སྲུང་།།
སྲོག་དེ་ཤོར་ཡང་སྐད་ཡིག་ཤོར་མི་རུང་།།
སྐད་ཡིག་ཤོར་ན་མི་རིགས་རྫོགས་པ་ཡིན།།
སྐད་ཡིག་མེད་ན་མི་རིགས་འཇིགས་པ་ཡིན།།
སྐད་ཡིག་མེད་ན་རང་དབང་སྟོང་བ་ཡིན།།
སྐད་ཡིག་མེད་ན་ཡུལ་གྱར་བྱེད་དོན་མེད།།
སྐད་ཡིག་མེད་ན་བོད་དོན་རྩོད་དོན་མེད།།
སྐད་ཡིག་མེད་ཉིན་བོད་ལ་གང་ཡང་མེད།།
གང་ཡང་མེད་པའི་མི་རིགས་གསོན་ན་ཡང་།།
སྲོག་དབང་བྲལ་བའི་བེམ་པོ་ཞིག་དང་མཚུངས།།
བེམ་པོ་ཞིག་ལ་རྩོད་ཀྱང་སྙིང་བོ་མེད།།
སྙིང་བོ་ཡོད་པའི་བོད་ཞིག་བྱེད་འདོད་ན།།
དེ་རིང་ནས་བཟུང་བོད་ཀྱི་སྐད་དེ།།
རང་གི་སྲོག་ལས་རྩ་ཆེར་འཛིན་རོགས་གནོང་།།

![This satellite image shows Hurricane Melissa southeast of Jamaica at 12:10 GMT on October 27, 2025 [AFP]](https://tibettimes.net/wp-content/uploads/2025/10/Screenshot-2025-10-28-at-5.13.58-PM-360x180.png)




ང་ནི་བོད་ཀྱི་བུ་ཡིན།། བོད་ལ་དགའ་བའི་བུ་ཡིན།། བོད་ལ་དུང་བའི་བུ་ཡིན།།་བོད་སྐད་ཤེས་པའི་བུ་ཡིན།། ཞེས་གླུ་བ་བདུད་བྷེས་འདི་ལྟར་བླངས་ཡོད།
ཤ་ཁྲག་རུས་པའི་གཏམ་དེ་ཤིན་ཏུ་མད།།
ཁ་ནས་བཤད་པའི་སྐད་ཡིག་དྲིན་ཆེན་པོ།།
ཡག་རབས་སྨྲ་མཁན་མང་ཡང་སྐྱོང་མཁན་དཀོན།།
ཉམ་ཆུང་ང་ནས་བཀའ་ཁྲི་ཟམ་གདོང་བར།།
སྐད་ཡིག་ལག་ལེན་བཏབ་པ་གཅིག་ཀྱང་མེད།།
ཅུང་ཙམ་ཡོད་པ་ཚོ་ཡང་སྤྲང་བོ་ཡིན།།
ད་ནི་འདུག་རན་མ་རེད་དྲ་གྲོགས་ཚོ།།
ལི་ཐང་ངག་དབང་དབྱིག་གཉེན་ལགས། ཉིད་རང་ཕེབས་པ་དགའ་ཡོད། སྐུ་ཉིད་ལ་ཡང་དེ་མཚུངས་ཡིན།
རྨེ་རུ་ལགས། སྐུ་ཉིད་ཀྱིས་རྒྱབ་སྐྱོར་གནང་བ་ཐུགས་རྗེ་ཆེ་ལགས།
སྤོབས་པ་མཐའ་ཡས་ལགས། སྐུ་ཉིད་ཀྱིས་དེ་ལྟར་གསུངས་ན་དེ་ཡང་མ་རེད་ཟེར་བ་ཞིག་མ་རེད་ལགས། སྐུ་ཉིད་འདི་རུ་ཕེབས་པ་དགའ་ནས་ཡོད། ཡང་ཡང་མཇལ་བའི་རེ་བ་ཡོད་ལགས།
སྟག་ཕྲུག་རྒྱལམཚན་དར་རྒྱས་ལགས། སྐུ་ཉིད་ཀྱིས་དེ་ལྟར་གསུངས་པ་ལྟར། བདག་གིས་རང་ཉིད་ཀྱི་ནོར་འཁྲུལ་འདི་ལ་འགྱོད་གཤེགས་ཟེར་ན་འདྲ། ཕྱིས་སུ་གང་ཐུབ་འབད་རྒྱུར་ཤུ་རེ་བྱེད་ཀི་ཡོད་ལགས།
ཤ་ཁྲག་རུས་གསུམ་ལགས། ཁྱེད་རང་སེམས་ཤུགས་ཆེན་པོ་འདུག ཁྱེད་ཀྱིས་སེམས་ཤུགས་དེ་རང་གི་བུ་རྒྱུད་ཀྱིས་གཙོས་པའི་རང་གི་ཉེ་འཁོར་ནས་སྤྱི་ཚོགས་སྟེང་སྤེལ་རྒྱུར་ཤུགས་སྣོན་རྒྱག་རོགས།
དེ་རིང་ཡིན་ན་ཤ་ཁྲག་རུས་གསུམ་ལགས་ཀྱིས་ཁ་ཆེ་ཕ་ལུའི་སྙིང་གཏམ་འདྲ་བ་ཞིག་བྲིས་འདུག་ག ཁ་ཆེ་ཕ་ལུས་སྙིང་གཏམ་བཤད་ཡོད་དོ༎ཉན་དང་མི་ཉན་སོ་སོའི་ལག་པ་རེད༎
ངོ་མ་རེད་བོད་ཀྱི་སྐད་ཡིག་འདི་བོད་མི་ཡོངས་ཀྱིས་དར་འཕེལ་གཏོང་ཐབས་ལ་འབད་བརྩོན་གནང་དགོས་ངེས་རེད།
གྲོགས་ཤ་ཁྲག་རུས་གསམ་ལགས་་་་ཁྱེད་ངའི་དྲ་རྒྱ་རུ་ཕེབས་པ་ངས་དགའ་བསུ་ཞུ།།
གྲོགས་ཤ་ཁྲག་རུས་གསམ་ལགས་་་་ཁྱེད་ངའི་དྲ་རྒྱ་རུ་ཕེབས་པ་ངས་དགའ་བསུ་ཞུ།།
གྲོགས་ཤ་ཁྲག་རུས་གསུམ་ལགས་་་་ཁྱེད་ངའི་དྲ་རྒྱ་རུ་ཕེབས་པ་དགའ་བསུ་ཞུ།།
གྲོགས་ཤ་ཁྲག་རུས་གསུམ་ལགས་་་་་་ཁྱེད་ངའི་དྲ་རྒྱ་ལ་ཕེབས་པ་་་་ངེས་དགའ་བསུ་ཞུ།།
བོད་ཀྱི་ཤ་ཁྲག་ལགས།
”ངེད་ཅག་གིས་དུས་ནམ་ཡིན་ཡང་བོད་འདི་ཆ་རྐྱེན་གང་གི་སྟེང་ནས་ཡིན་ན་འགྲིག རྒྱའི་སྲིད་གཞུང་སྔ་ཕྱི་གང་གི་ཁུངས་སུ་ཡང་ཁས་ལེན་བྱེད་མི་རུང་བ་ཡིན།” འདི་དོན་གོ་མ་སོང༌།
ཁ་ནས་བཤད་པ་ཙམ་ལ་རྩ་འཛིན་བྱེད་མི་རུང་ཟེར་བ་ནི། དཔེར་ན་ཏིང་གིས་རང་བཙན་མ་རྩོད་ན་དེ་མིན་ག་རེ་ཡིན་ན་ཆོག་ཟེར་བྱུང་ཟེར་བ་ལྟ་བུ། གཞུག་མ་ཁོང་ཚོས་ལབ་རྒྱུ་མ་བྱུང་ཟེར་དུས་རྒྱག་རེས་བརྒྱབ་ན་ལས་བྱེད་རྒྱུ་གང་མི་འདུག་ག
གཞུང་འབྲེལ་ཡོངས་གྲགས་ཀྱི་ཡིག་ཆ་དེ་དག་ནང་གི་ཐ་སྙད་དེ་དག་གཞི་རྩ་བཟུང་དགོས་ཟེར་བ་ནི། དེ་ཡང་དཔེར་ན། ཆ་རྐྱེན་གསུམ་བགྲང་སྐབས། བོད་རྒྱ་ནག་གི་ཆ་ཤས་ཡིན་པ། ཟེར་བ་འདྲ་པོ་སྟབས་བདེ་པོ་ལབ་ཀྱི་ཡོད། འོན་ཀྱང་སྤུས་དག་པོ་ཁྲིམས་དང་མཐུན་པ་ཞིག་དགོས་ན། བོད་དེ་རྒྱ་ནག་གི་ཁ་བྲལ་དུ་མི་རུང་བའི་ཆ་ཤས་ཡིན་པ། ལྟ་བུ་ཆ་ཚང་ལབ་དགོས་པ་རེད། དེ་བཞིན་ཨོ་སྦག་གསུང་བཤད་ཡིག་ཐོག་ཏུ་ཡོད་པ། བོད་དེ་རྒྱ་ནག་མི་དམངས་སྤྱི་མཐུན་རྒྱལ་ཁབ་ཀྱི་ཆ་ཤས་ཤིག་རེད། ཟེར་བ་ལས། གསུང་བཤད་ཡིག་ཆ་དེའི་ནང་རྩ་ནས་མེད་པ། བོད་རྒྱ་ནག་གི་ཆ་ཤས་རེད། ཟེར་བ་ལྟ་བུ་ལབ་རྒྱུ་མེད་པ་རེད།
ངས་གོང་གི་འབྲེལ་བཤད་དེ་བརྒྱབ་དགོས་དོན་ནི། བོད་ནང་གི་མི་མང་པོ་སེམས་ཕམ་བྱུང་འདུག་པས་ཡིན། ངས་རེ་སྐུལ་གཅིག་ཞུ་ཡ་ལ། གལ་ཏེ་སྐུ་ཉིད་ཀྱིས་བོད་ནང་གི་སྤུན་མཆེད་ལ་ཁ་པར་གཏོང་སྟེ། གལ་ཏེ། གལ་ཏེ། ཉིད་ཀྱིས་འདོད་པ་ལྟར་ཨོ་སྦག་མས་བོད་རྒྱ་ནག་གི་ཆ་ཤས་སུ་གསུངས་པ་ཟེར་ལབ་པ་ཡིན་ན། དེ་དང་ཆབས་ཅིག་ཏུ། འོན་ཀྱང་བཀའ་ཤག་ནས་དེའི་གོ་དོན་འདི་འདྲ་ཞིག་གསུང་གི་ཡོད་རེད། ཅེས་ངེས་པར་ཤོད་རོགས་གྱིས། ཁོང་ཚོས་ཕྱོགས་གཉིས་ཀ་གོ་བ་ཡིན་ན་དེ་ནས་སོ་སོས་ཐག་གཅོད་གང་བྱས་ཀྱང་བློ་འགོང་ཁྱོན་ནས་མེད། དེ་མིན་ཁོང་རྣམས་དཀའ་ངལ་བློས་གཏོང་དེ་འདྲ་ཞིག་གི་འོག་སེམས་པ་ཕམ་བཅུག་ན་སྣ་ཁུང་ན་ཚ་གཏོང་ཡོང་གས།
སྒོམ་པ་བླ་མའི་ཞལ་རས།།
སྡེ་ཆེན་གྲོང་གི་རིགས་དེ།།
དོན་ཆེན་རང་རིགས་ཆེད་དུ།།
གྲུབ་པའི་ལས་དབང་གླེང་བ།།
རྒྱལ་ཁབ་བོད་ཀྱི་སྐྱེ་འབུངས།།
མཚན་ཉིད་མཚུངས་པར་རེ་ཡོད།།
ཁྲ་གླག་སྤྱང་གསུམ་ལགས། སྐུ་ཉིད་སླར་ཡང་ཕེབས་ནས་དོ་སྣང་ཆེན་པོས་སྒོ་ནས་གསལ་བཤད་ཅིག་གནང་བ་དེར་སེམས་གཏིང་ནས་གུས་མདུད་ཞུ་ལགས།
དོན་དག་རྡོག་རྡོག་དེ་ནི་སྐུ་ཉིད་ཀྱི་བསམ་ཚུལ་དང་བདག་གི་བསམ་ཚུལ་མཐུན་པོ་བྱུང་སོང་། ངེད་ཅག་གིས་དུས་ནམ་ཡིན་ཡང་བོད་འདི་ཆ་རྐྱེན་གང་གི་སྟེང་ནས་ཡིན་ན་འགྲིག རྒྱའི་སྲིད་གཞུང་སྔ་ཕྱི་གང་གི་ཁུངས་སུ་ཡང་ཁས་ལེན་བྱེད་མི་རུང་བ་ཡིན།
སྐུ་ཉིད་ནས་མི་གཅིག་གིས་འདི་གསུངས་སོང༌། གཅིག་གིས་ཕར་གེ་གསུངས་སོང་ཞེས་ཁ་ནས་བཤད་པ་ཙམ་ལ་རྩ་འཛིན་བྱེད་མི་ཐུབ་པར་ཤེས་དགོས་ཟེར་ནས་གསུངས་འདུག དེས་ན་ངེད་ཅག་གི་ཡིག་ཐོག་དུ་ཡོད་པ་དག་ལ་ཁས་ལེན་བྱེད་དགོས་པ་ཡིན་ནམ་ཅི། དེ་ཡིན་དུས་རྒྱལ་ཁབ་ག་གེ་མོ་དག་གི་སྲིད་འཛིན་དག་གི་སྐད་ཆ་གང་བཤད་པ་ཚང་མ་དེང་སང་ཡིག་ཐོག་དུ་བཞག་ཡོད་པ་མ་ཟད། དེ་ཡི་སྟེང་དུ་མི་སྣ་རང་རང་གི་ས་རྟགས་ཀྱང་རྒྱབ་ཡོད་དུས། དེས་ན་འུ་ཅག་གིས་དེ་དག་བདེན་པར་འཛིན་དགོས་སམ་ཅི་ལགས།
སྐུ་ཉིད་ཀྱིས་གཟིགས་མེད་ན་སྙམ་བྱུང༌། གཟིགས་ཡོད་ན་མང་པོ་བཤད་ཀྱི་མིན། ཐེངས་གཅིག་གསལ་བཤད་བྱེད་རྒྱུར།
རྒྱ་ནག་སྲིད་གཞུང་གིས་ཚིག་སྔ་ཕྱི་གང་ལ་དབྱེ་ཞིབ་བྱེད་པའི་ལུགས་སྲོལ་མེད་པ་ཞིག་གཏན་ནས་མ་རེད། དཔེར་ན། ཆིངས་ཡིག་དོན་ཚན་བཅུ་བདུན་སྐབས། བོད་ཀྱི་ལོ་རྒྱུས་ནང་འཁོད་པའི་བོད་གཞུང་དགའ་ལྡན་ཕོ་བྲང་ཟེར་བ་དེ། བོད་ས་གནས་སྲིད་གཞུང་ཞེས་ལབ་དགོས་པར་ཨུ་ཚུགས་བྱས་པ་རེད། ད་ལྟའི་སྐབས་རྒྱ་ནག་གཞུང་གིས་བསྐྱར་ལྡབ་ཡང་ལྡབ་ཀྱིས་ཆ་རྐྱེན་གསུམ་སྟོན་བཞིན་པའི་ནང་། བོད་དེ་རྒྱ་ནག་གི་ཁ་བྲལ་ཐབས་མེད་པའི་ཆ་ཤས་སུ་ཁས་ལེན་དགོས་ཟེར་བ་ལས། བོད་དེ་རྒྱ་ནག་མི་མང་སྤྱི་མཐུན་རྒྱལ་ཁབ་ཀྱི་ཆ་ཤས་སུ་ཁས་ལེན་དགོས་ག་དུས་ཡང་ལབ་མེད། གལ་ཏེ་དེ་ལྟར་ཁས་ལེན་གྱི་ཡིན་ཟེར་ན་ཡང་རྒྱ་ནག་གཞུང་འདོད་པ་ཚིམ་གྱི་མ་རེད།
གང་ཡིན་ཟེར། ཆ་རྐྱེན་དེས་ལོ་རྒྱུས་ཀྱི་ཐོག་ནས་བོད་ཀྱི་བདག་དབང་རྒྱ་ནག་ལ་ཡོད་པ་སྟེ། དེ་ཡང་མ་མཐར་ཡོན་རྒྱལ་རབས་སྐབས་ནས་བོད་དེ་རྒྱ་ནག་གི་ཆ་ཤས་ཆགས་ཟིན་པར་ཁས་ལེན་དགོས་པ་དེ་རེད། ད་དུང་ཞིབ་ཏུ་བཤད་ན། རྒྱ་ནག་གིས་ལོ་རྒྱུས་དེ་དག་བཤད་སྐབས། ཡོན་རྒྱལ་རབས་ཀྱི་ཀྲུང་དབྱང་སྲིད་གཞུང་ནས་བོད་ཀྱི་བདག་དབང་སྤྱོད་པ་རེད་ཅེས་ཀྲུང་དབྱང་སྲིད་གཞུང་ཟེར་བའི་ཚིག་དེ་བེད་སྤྱོད་བཏང་ཡོད།
ངས་འདིར་ནན་བཤད་བྱེད་རྒྱུར། རྒྱལ་ཁབ་གཉིས་ཀྱི་གནད་དོན་བགྲོ་གླེང་གི་ཐོག་ནས་སེལ་སྐབས་ཚིག་གི་གོ་བ་དང་ནུས་པ་ལ་བསམ་བློ་གཏོང་དགོས་པ་གལ་ཆེན་པོ་ཡིན་ལ། དེ་ཡང་ང་ཚོ་བོད་གཞུང་དང་སྐུ་ཚབ་མི་སྣ་སུ་ཞིག་ཡིན་རུང༌། རྒྱ་ནག་གཞུང་གི་ཆེད་དུ་གཉེར་ནས་བཏོན་པའི་རྒྱབ་ཤ་དཀར་པོའི་དེབ་དང༌། དེ་མིན་གཞུང་འབྲེལ་ཐོག་ཡོངས་གྲགས་བྱས་པའི་ཡིག་ཆ་ངོ་མ་གཞི་བཟུང་བ་ལས། རྩོད་པ་བསྙོན་འདིང་བྱེད་པའི་སྐབས་འདི་འདྲ་ལ། མི་གཅིག་གིས་འདི་གསུངས་སོང༌། གཅིག་གིས་ཕར་གེ་གསུངས་སོང་ཞེས་ཁ་ནས་བཤད་པ་ཙམ་ལ་རྩ་འཛིན་བྱེད་མི་ཐུབ་པར་ཤེས་དགོས།
བཀྲ་ཤིས་བདེ་ལེགས།
བོད་ཀྱི་སྐད་ཡིག་བོད་ཀྱི་ཤ་ཁྲག་ཡིན། །
བོད་ཀྱི་སྐད་ཡིག་བོད་ཀྱི་ཚེ་སྲོག་ཡིན། །
བོད་ཀྱི་སྐད་ཡིག་བོད་ཀྱི་གསོན་ཤུགས་ཡིན། །
བོད་ཀྱི་སྐད་ཡིག་བོད་ཀྱི་བོད་ཚད་ཡིན། །
བེ་རུ་དཔལ་ལྡན་རྣམ་རྒྱལ་ལགས། སྐུ་ཉིད་ལ་གོ་ནོར་ཐེབས་འདུག མི་རིགས་རང་ལུགས་ཀྱི་ལྟ་བ་དེ་ངན་པར་བརྩི་མཁན་གྱི་རྒྱལ་ཁབ་སུ་ཞིག་འདུག ང་ལ་དེ་གསལ་བོ་ཞིག་བཟོ་རོགས་ཞུ་ལགས། སྐུ་ཉིད་ནས་བོད་པ་ཚང་ལ་ལྟ་བ་དེ་ཤུགས་ཆུང་དྲགས་སྟབས། ད་གཟོད་ལས་འགུལ་གང་ཞིག་ཡིན་ཡང་ཁྲལ་ལྟ་བུ་ཞིག་ཆགས་བཞིན་ཡོད་པ་ཤེས་ཀྱི་ཡོད་དམ།
རྨེ་བ་འཇམ་དཔལ་ནོར་བུ་ལགས། སྐུ་ཉིད་འདི་རུ་ཕེབས་པ་དགའ་ནས་ཡོད།
བསེ་རུ་ལགས། དངོས་ནས་སྐུ་ཉིད་ལ་དེང་སང་ཁོམ་པ་ཡོད་ས་མ་རེད། དངོས་ནས་ཐུགས་ཁག་མི་འདུག ག་དུས་ཁོམ་པ་ཡོད་ན་དེ་དུས་ཕེབས་རོགས་ཞུ། ངས་སྒུག་ནས་འདུག བལྟས་ནས་འདུག
ཁྲ་གླག་སྤྱང་གསུམ་ལགས། སྐུ་ཉིད་ནས་དཀའ་ལས་བརྒྱབ་དེ་འགྲེལ་བཤད་གང་ཐུབ་ཅིག་གནང་བ་དེར་བཀའ་དྲིན་ཆེ་ལགས། ངས་ཀྱང་བཀའ་ཤག་གི་གསུང་བཤད་དང་། ཨ་རིའི་རླུང་འཕྲིན་ཁང་ནས་འགྲེལ་བརྗོད་གནང་བཞིན་པ་དང་དུས་བབ་ཚང་ནས་དེ་ཡི་སྐོར་གླེང་བཞིན་པ་སོགས་གོ་མྱོང་བ་དང་། སྐུ་ཉིད་ཀྱིས་བསམ་ཚུལ་ཇི་བཞིན་དུ་འགྲེལ་བཤད་རྒྱག་བཞིན་པ་ཡང་ཐོས་སོང་ལགས། འོན་ཀྱང་། ང་ཚོས་ཁ་གཏད་འཇོག་ས་རྒྱ་ནག་སྲིད་གཞུང་ཡིན་དུས། རྒྱ་ནག་སྲིད་གཞུང་གིས་ཚིག་སྔ་ཕྱི་གང་ལ་དབྱེ་ཞིབ་བྱེད་པའི་ལུགས་སྲོལ་ཞིག་མེད་པ་ནི་སྐུ་ཉིད་ཀྱིས་མཁྱེན་གསལ་རེད། དེ་ཡིན་དུས་རབ་ཡིན་ན་ཚིག་དེ་ཡི་སྐོར་རྒྱལ་ཁབ་སུས་དབུ་ཁྲིད་ཡིན་ཡང་། བོད་འདི་ཀྲུང་ཧ་མི་དམངས་སྤྱི་མཐུན་རྒྱལ་ཁབ་ཀྱི་ཆ་ཤས་རེད་ཟེར་བ་དང་རྒྱ་ནག་གི་ཆ་ཆས་རེད་ཟེར་གཉིས་ཀྱི་གང་ཡིན་ཡང་བཤད་མ་དགོས་པ་ཡིན་ན་ཡག་པོ་འདུག དེ་ནི་ངས་ལྟ་ཚུལ་ཡིན་ལགས། གང་ལྟར། སྐུ་ཉིད་ནས་དེ་རིང་འདི་ནས་དཀའ་ཚེགས་ལ་མ་འཛེམས་པར་འགྲེལ་བཤད་གནང་བ་སླར་ཡང་བཀའ་དྲིན་ཆེ་ཞུ།
ང་འདིར་བཅར་འདོད་ཆེ་ན་ཡང་ཁོམ་པ་མི་འདུག
འོན་ཀྱང་དྲ་གྲོགས་ཚོ་བརྗེད་མེད་ལ། དྲ་བའི་རིག་གནས་ལ་འགན་ཁུར་དང་དོ་སྣང་གི་བསམ་བློ་ཡང་ནམ་ཡང་བརྗེད་མི་སྲིད།།
རེད་ཡ་གནས་ལུགས་དང་རྒྱུ་མཚན་འདི་ལྟ་བུ་དུས་ནམ་ཡང་ལ་གླེང་དགོས་ཡ།
གྲོགས་ཤ་ཁྲག་རུས་གསུམ་ལགས།
རང་གི་རིགས་ལ་ཞེན་པ་དཀར་པོའི་མདངས་ཤུགས་ཆེ་འདུག་པས་ཡིད་རང་ཞུ།
ཡིན་ན་ཡང་། Nationalism ཞེས་པ་དེ་དེང་སང་ལེགས་པར་མི་རྩི།
བོད་ཤ་ཁྲག་རུས་གསུམ་ལགས། སྐུ་ཉིད་ལྷག་བསམ་ཅན་ཞིག་ཡིན་པར་བསམས་ནས་ངས་འདིར་བཤད་པ་ཡིན། ཁ་ཤས་ཀྱིས་ཤེས་ན་ཡང༌། རྐང་བཙུགས་ནས་བོད་མི་རྣམས་སེམས་ཤུགས་ཆག་ཐབས་དང༌། བཙན་བྱོལ་གཞུང་ལ་མི་དགའ་བ་བཟོ་ཐབས་ཞིག་བྱེད་བཞིན་ཡོད་པ་མཐོང་གིན་འདུག གལ་ཏེ་རྒྱ་ནག་མི་དམངས་སྤྱི་མཐུན་རྒྱལ་ཁབ་ཀྱི་ཆ་ཤས་ཡིན་པ་དང་རྒྱ་ནག་གི་ཆ་ཤས་ཡིན་པ་གཅིག་པ་ཡིན་ཞེས་ལབ་ན། དེ་ནི་རྒྱུ་མཚན་དང་མི་ལྡན་པ་མ་ཟད་རང་མགོ་རྡུང་བ་རང་རེད། གཞུག་མ་རྒྱ་མིས་ཨ་རིའི་སྲིད་འཛིན་གྱིས་འདི་གསུང་པ་རེད། དེའི་དོན་ནི་བོད་རྒྱ་ནག་གི་ཆ་ཤས་རེད་ཟེར་བའི་དོན་ཡིན་པ་བོད་རང་ཉིད་ཀྱིས་ཁས་བླངས་པ་རེད་ཟེར་སྲིད།
ཨ་རིའི་སྲིད་འཛིན་གྱིས་དེ་ལྟར་གསུང་ཡོད་པའི་དབང་དུ་བཏང་ཡང༌། ང་ཚོས་ཨ་རི་ལ་ངོ་རྒོལ་བྱས་པ་དེས་རྒྱ་ནག་ལ་ཁེ་ཕན་སྤྲོད་པ་ཞིག་ལས་དེས་བོད་ལ་ཁེ་ཕན་ཅི་ཡང་ཐོབ་མི་སྲིད། འོན་ཀྱང་ཨོ་བྷག་མས་དེ་ལྟར་གསུངས་མེད། ད་དུང་ཞིབ་ཏུ་བཤད་ན། རྒྱ་ནག་ལ་དགོས་པའི་ཚིག་ནི། བོད་དེ་རྒྱ་ནག་དང་ནམ་ཡང་ཁ་བྲལ་དུ་མི་རུང་པའི་ཆ་ཤས་ཟེར་བ་དེ་རེད། དེ་ནི་མང་གཙོའི་རྒྱལ་ཁབ་ཅིག་གིས་བརྗོད་ཤེས་ཐབས་མེད་ལ། ཨ་རི་ལྟ་བུ་མཚོན་ན། བོད་མ་དགོས། ཤང་ཧེ་ལྟ་བུ་ཡང་རྒྱ་ནག་ལས་དུས་ནམ་ཡང་ཁ་བྲལ་མི་ཆོག་པར་བརྗོད་ཤེས་ཐབས་མེད་པ་རེད།
དེ་ལས་ང་ཚོས་ད་ལྟ་ནས་དེ་གཉིས་ལ་ཁྱད་པར་ཡོད་པ་བཤད་པ་ཡིན་ན། ནམ་ཞིག་རྒྱུ་མཚན་སྦྱང་བཤད་བྱེད་པའི་གོ་སྐབས་ཤིག་བྱུང་བ་ཡིན་ན་དེ་དུས་ང་ཚོ་འཇུ་ས་ཞིག་ཡོད་པ་རེད། རྩ་བའི་ཨོ་བྷག་མས་ག་རེ་ལབ་ཡོད་པ་དང༌། རྒྱ་གར་གྱིས་ག་རེ་ལབ་ཡོད་པ་བཀའ་ཁྲི་ནས་གསལ་པོ་གསུངས་འདུག ཟླ་བ་ ༡༢ པའི་འགོ་སྟོད་ལ་Future of Tibet in the Emerging World ཟེར་བའི་བརྗོད་གཞིའི་ཐོག་བོད་དང་རྒྱ་གར་གྱི་གནད་ཡོད་མི་སྣ་མང་པོ་ཞིག་རྡ་སར་བགྲོ་གླེང་བྱས་པ་རེད། སྐབས་དེར་ཟམ་གདོང་རིན་པོ་ཆེས་གསལ་པོ་གསུངས་ཡོད་རེད། སྐབས་དེར་ཨ་རིའི་ནང་གི་བོད་སྐད་རླུང་འཔྲིན་གཉིས་ནས་དོ་སྣང་ཆེན་པོས་བཤད་པ་དང་དྲི་བ་དྲི་ལན་སོགས་མང་པོ་བྱས་སོང༌། འོན་ཀྱང་རྡ་རམ་ས་ལའི་ཚགས་ཤོག་གི་དྲ་བ་དེ་ཚོའི་ནང་མཐོང་མ་སོང༌། ངས་མ་མཐོང་བ་ཡིན་ནམ། མ་བཀོད་པ་ཡིན་ནམ། ག་རེ་བྱས་ནས་མ་བཀོད་པ་ཡིན་ཧ་གོ་མ་སོང༌། གང་ལྟར་བཀོད་ཀྱང་སྐུ་ཉིད་ཀྱིས་གཟིགས་ཡོད་ས་མ་རེད། དེར་བརྟེན་ ཁོང་གི་གསུང་པ་དུམ་བུ་ཞིག་ཕ་ཡུལ་དྲ་རྒྱ་ནང་ཡོད་པ་གཤམ་དུ་བཀོད་ཀྱི་ཡིན།
གང་ལྟར་བོད་གཞུང་གི་ལྟ་སྟངས་དེ་འདྲ་ཞིག་གི་ཐོག་ནས་དེ་ལ་ངོ་རྒོལ་མ་བྱས་པ་རེད། དེ་བཞིན་གཞོན་ནུ་ལྷན་ཚོགས་ནས་ཀྱང་དམིགས་བསལ་གྱི་ལས་འགུལ་དེ་འདྲ་ཆེན་པོ་སྤེལ་མེད། ཁོང་རྣམ་པས་ལྟ་སྟངས་དེ་འདྲ་ཞིག་གི་ཐོག་ནས་ངོ་རྒོལ་མ་བྱས་པ་རེད། ད་འོ་ན། བོད་དེ་རྒྱ་ནག་མི་དམངས་སྤྱི་མཐུན་རྒྱལ་ཁབ་ཀྱི་ཤ་ཤས་རེད་ཟེར་བ་དེས། བོད་དེ་ལོ་རྒྱུས་ཐོག་རྒྱ་ནག་གི་ཆ་ཤས་རེད་ཅེས་པའི་དོན་དུ་གོ་དགོས་ཞེས་ཨུ་ཚུགས་རྒྱག་མཁན་ཚོས་ལས་འགུལ་ག་རེ་སྤེལ་འདུག ངས་འདི་བྱས་པ་ཡིན་ཏེ་བཀའ་ཤག་གི་བྱས་མ སོང་ལབ་ན་འགྲིག་པ་རེད།
ངས་འདིར་གསལ་བཤད་བྱེད་དགོས་དོན་ནི། བོད་ནང་གི་མི་མང་པོ་ཞིག་ནས་༧གོང་ས་མཆོག་གི་མཛད་འཔྲིན་ལས་སྟོབས་ཆེན་ཨ་རིའི་སོགས་ཀྱི་རྒྱབ་སྐྱོར་ཆེན་པོ་ཞིག་ཡོད་པའི་སྐབས་འདིར་ཤུགས་རྒྱག་དགོས་ཞེས་སེམས་ཤུགས་དང་་སྤོབས་པ་བྱེད་ཀྱིན་འདུག དེར་བརྟེན་ཨ་རི་ཡིས་བྱས་མ་སོང༌། བཀའ་ཤག་གིས་བྱས་མ་སོང༌། སྤྱི་འཐུས་ཀྱིས་བྱས་མ་སོང༌། དེ་ལ་སོགས་པ་རང་གི་ལས་འགན་དེ་བཤད་ཡ་མ་གཏོགས་མེད་པའི་བཟོ་འདྲ་བྱས་པ་ཡིན་ན། བོད་ནང་གི་མི་མང་པོ་ཞིག་བདེན་པར་སྙམ་ནས་སེམས་ཤུགས་ཆག་གི་འདུག བོད་ནང་གི་མི་མང་པོ་ཞིག་སྲོག་བློས་གཏོང་བཞིན་པ་རེད། ཁོང་ཚོས་དངོས་ཡོད་ཀྱི་གནས་ཚུལ་ཤེས་པའི་ཐོག་ནས་རང་ཉིད་ཀྱི་ལམ་ཁ་གདམ་དགོས་པ་གལ་ཆེན་པོ་མཐོང་ནས་ངས་འདི་བཤད་པ་ཡིན་ལགས།
“Even President Obama during his visit to China last month said that US is recognizing ‘Tibet as a part of the People’s Republic of China’, but he did not say ‘part of China’,” Rinpoche added.
Rinpoche said that in the present context it was wrong to construe “People’s Republic of China” and “China” as being one and the same thing, both from the “political and diplomatic point of view.”
ཅོ་རི་ཉི་མ་ལགས། སྐུ་ཉིད་ནས་ངས་ལས་ཀ་ཚར་ནས་སྐར་མ་ཉི་ཤུའི་ནང་དུ་བྲིས་པ་ཇི་འདྲ་ཤེས་སོང་། ང་རང་ལས་ཀ་ནས་ཕྱིར་ནང་དུ་འབྱོར་དུས་ག་འདྲ་ཞིག་ལ་ངོས་འཛིན་བྱེད་ཀྱི་ཡོད་དམ། ང་རང་ད་ལྟ་གཞི་ནས་ཉལ་དུ་འགྲོ་རྩིས་བྱེད་ཀྱི་ཡོད། དགའ་རོགས་མ་གཉིད་ནས་ཆུ་ཚོད་གཉིས་ལྷག་འགྲོ་བཞིན་འདུག ངས་དོ་ནུབ་བོད་མིའི་སྐྱིད་སྡུག་མཉམ་མྱོང་ཞེས་པའི་གཏམ་བརྗོད་ཟློས་གར་དེ་བལྟས་པ་ཡིན། དངོས་ནས་རྒྱ་དམག་འཁྲབ་མཁན་གྱི་རྒྱ་དམག་གི་འགོ་ཁྲིད་དེ་ནི་དངོས་ནས་རྒྱ་ནག་ཟི་ཁྲོན་ཞིང་ཆེན་ནང་གི་རྒྱ་མི་དམག་མི་ཞིག་ལས་གང་ཡང་མིག་ལམ་དུ་ཤར་རྒྱུ་མི་འདུག བོད་པ་ཞིག་རེད་ཟེར་ན་ཡིད་ཆེས་དཀའ་བ་ལྟ་བུ་ཞིག་འདུག ཁྱེད་ཀྱིས་ཁོམ་ན་དེ་ལ་གཟིགས་རོགས་ཞུ། འབྲེལ་ཐག་དེ་ནི་ཁ་བ་ནག་པོ་ཚང་དུ་ཡོད་པ་རེད།
ཁྱེད་ཀྱིས་ལས་ཀ་ཚར་ནས་སྐར་མ་༢༠ནང་དུ་བྲིས་སོང། ད་བཟའ་རོགས་མཛེས་མ་དེར་ནུབ་ཕྱོགས་པའི་ལུགས་སྲོལ་ལྟར་བདེ་བ་ཚད་དང་ལྡན་པ་ཞིག་སྤྲད་ཐུབ་ན་དེར་ཕོ་ཁྱོ་ག་ཟེར་ལེ་རེད་ད་ཧཧཧཧཧཧཧཧཧཧཧཧ
སྐར་ཁྲི་བཙན་ལགས།
ང་དང་ཁྱེད་ཀྱི་བུ་ཕྲུག་གང་བྱེད་དང་།།
ཁྱེད་དང་ང་ཡི་འགྲོ་འདུག་གང་བྱེད་སོགས།།
རང་དབང་རང་ལ་ཡོད་པའི་ཉིན་མོ་དེར།།
ཉིད་ཀྱིས་རང་གི་བུ་ལ་བོད་ཡིག་སློབས།།
ང་ཡིས་རང་གི་བུ་མོར་བོད་སྐད་སློབས།།
ནམ་ཞིག་ཐུག་འཕྲད་བྱུང་དུས་ཕན་ཚུན་ལ།།
སྐད་ཆ་བཤད་རྒྱུའི་ཕྱོགས་སུ་དཀའ་ངལ་མེད།།
ཕ་རྒན་གཉིས་ཀ་སྤུན་ཟླ་ཡིན་པ་འདིས།།
བུ་དང་བུ་མོ་གཉིས་ཀའི་ཤ་ཞེན་གྱིས།།
མ་འོངས་བོད་པ་ཚང་ལ་ཞབས་ཞུ་ཞིག།
བྱེད་མཁན་ཆགས་པར་ད་ནས་འབད་པ་བྱེད།།
བྲག་འགོ་དཀོན་མཆོག་དར་རྒྱས་ལགས། ཕེབས་པར་དགའ་ཡོད།
ཨ་མྱེ་རྫ་རྒྱ་ལགས། ཉིད་ཀྱིས་གསུངས་པ་དེ་ནི་དངོས་ནས་བདེན་པ་རེད། རང་ཉིད་ཀྱིས་ཐུབ་མི་ཐུབ་ནི་གནས་ཚུལ་གཞན་ཞིག་ཡིན་ཡང་། བསམ་པ་བཟང་བོ་ཞིག་བྱེད་པ་དེ་ཡང་དངོས་ནས་བོད་པ་ཚང་གི་ཆ་རྐྱེན་དང་བོ་རེད།
གནམ་ལྕགས་ལགས། སྐུ་ཉིད་ལ་ཡང་དེ་མཚུངས་ཡིན་ལགས།
སྨྱུག་རྒོད་ལགས། སྐུ་ཉིད་ལ་ཡང་དེ་མཚུངས་ཡིན་ལགས།
གསེར་རྟ་ཚུལ་ཁྲིམས་འོད་ཟེར་ལགས། སྐུ་ཉིད་ལ་སྤྱི་ལོ་གསར་བའི་ནང་དེ་མཚུངས་ཡིན་ལགས། སྐུ་ཉིད་ནས་བདག་ལ་དེ་འདྲའི་བསྟོད་བསྔགས་གནང་བ་དེ་ནི་དངོས་ནས་མཐོ་དྲགས་པ་རེད་ལགས། ང་ལ་དེ་འདྲའི་ཁྱད་ཆོས་གང་ཡང་ཡོད་པ་མ་རེད་ལགས། ཐ་ན་རང་གི་རུས་རྒྱུད་ཀྱང་གཙང་མ་གཉར་ཐུབ་ཡོད་པ་མ་རེད་ལགས། སྐུ་ཉིད་ནི་དངོས་ནས།
གསེར་ལྡན་གྲོང་གི་འཚར་བའི་སྐྱེ་བུ་ཉིད།།
རྟ་མཆོག་ཇི་བཞིན་ཁ་ལས་རླུང་རྟ་ཅན།།
ཚུལ་ལྡན་སྟོང་གི་ཁྲོད་ཀྱི་མིག་ལྡན་གཅིག།
ཁྲིམས་གཙང་ངུར་སྨིག་ནབ་པའི་དགེ་འདུན་པ།།
འོད་ཟེར་སྟོང་ལྡན་འདྲ་བའི་སྤྱི་འཐུས་ཁྱེད།།
མཚོ་ཡི་རླབས་འཕྲེང་ཇི་བཞིན་རྒྱས་གྱུར་ཅིག།
ཅོ་ཀུའི་དྲུག་འགྱུར་དབྱངས་རྟའི་གསུང་སྐད་ཆན།།
རི་བོ་ཧི་མ་ལ་ནས་ཐོན་པའི་བུ།།
ཉི་ཟླ་ཟུང་གི་སྐྱབས་འོག་སྐྱེ་བ་འདི།།
མ་ཡུམ་གངས་ལྗོངས་ཚང་གི་ལས་སྐལ་རེད།།
གཅན་བཟོད་རྒྱམ་ལགས། དངོས་ནས་ང་རང་འཆོལ་མེད་བསམ་ནས་བསྡད་ཡོད་ཀྱང་། སྐུ་ཉིད་ནས་དེ་ལྟར་གསུངས་དེ་འོང་དུས། རྒན་པོ་ང་འཆོལ་བཞིན་མེད་འགྲོ་ཡང་དྲན་དུ་བཅུགས་སོང་། འོན་ཀྱང་། བསམ་བློ་ཞིབ་དུ་བཏང་དུས་དེ་འདྲ་ནི་རེད་མི་འདུག་ལགས།
ཨ་རོགས་མང་པོ་ཞིག་བཤད་བཤད་ཀི་སྔ་མ་ད་འཆོལ་བསྡད་ཡོད་གི་པ།
འདིའི་དོན་ཅི་རེད།
ཡང་ན་བཟོ་བཅོས་ཞིག་བྱ་དགོས་ངེས་རེད།
“སྐད་ཡིག་མེད་ན་ཡུལ་གྱར་བྱེད་དོན་མེད།།”
དེ་མིན་ན་ད་ངས་འདིས་དོན་མི་གོ་གི་ཡ།
བོད་ཡིག་ཤེས་མཁན་མི་ལ་རིན་ཐང་མེད།
བོད་སྐད་སྒྱག་མཁན་མི་ལ་གོ་གནས་མེད
བོད་ཡིག་འབྲི་མཁན་མི་ལ་དཔལ་འབྱོར་མེད།
བོད་སྐད་རྒྱག་མཁན་མི་ལ་དགའ་མཁན་མེད།
བོད་ཡིག་བོད་སྐད་མ་གསུངས་སྐུ་ཚེ་རིང་།
བོད་ཕྲུག་ཅོ་རི་ཡིད་ཐང་ཆད་བཞིན་ཡོད།
གངས་ཅན་ས་ལཱའི་སྨན་གྱི་ལྗོངས་འཁྲུངས་པའི།།
གངས་རིའི་བསྟན་སྲིད་དར་རྒུད་ལར་ཞེན་ཅན།།
གངས་སེང་དཀར་མོའི་བུ་རྒྱུད་དག་མ་ཁྱེད།།
གངས་ཅན་ཤ་ཁྲག་རུས་གསུམ་ངོ་མ་ཡིན།།
དྲ་གྲོགས་ཤ་ཁྲག་རུས་གསུམ་ལགས་ཕྱི་ལོ་༢༠༡༠ལོ་འདིའི་ནང་ཚེ་རིང་ནད་མེད་ངང་ཁྱེད་ཀྱི་བསམ་དོན་ཡིད་བཞིན་འགྲུབ་པའི་སྨོན་འདུན་དང། འཚམས་ཞུའི་བཀྲ་ཤིས་བདེ་ལེགས་གྲངས་མེད་ཞུ།།
ལོ་གསར་བའི་ནང་ཉིད་ཀྱི་བྱ་བ་དག་ལམ་འགྲོ་ཡོང་བའི་བཀྲ་ཤིས་ཁ་གཡང་གྲངས་མེད་དང་ལྷན་ཁྱེད་ནང་མི་ཡོངས་ཀྱི་སྐུ་ལུས་བདེ་ཐང༌དང་། འཚོ་བ་སྐྱིད་པོ་ཡོང་བའི་སྨོན་འདུན་གྲངས་མེད་ཞུ་པ་ཡིན།
གྲོགས་པོ།ལོ་གསར་བ་ལ་བཀྲིས་བདེ་ལེགས་ཞུ།
གྲོགས་ཤ་ཁྲག་ལགས་རྩོམ་བཀློགས་ཟིན་བདེན་པ་རེད་ལགས།
འོ་ན་དེ་ལྟར་སྒྲུབས་ཤུགས་ཞེ་ན་ང་ལ་དེ་འདྲའི་ནུས་པ་མེད་མོད་མི་མར་ཟད་ཀྱི་བསམ་པ་ཡར་ཟད་ཀྱི་དཔེ་དེ་བདེན་པ་རེད་བསམ་ནས་ང་ཡང་འདིའི་ནང་གི་དྲ་འབུ་བྱས་པ་ཡིན་ལགས།
རྗེས་མར་མཇལ་འོང།
ཁ་བ་ཅན་གྱི་ལས་དབང་བསློང་བར་ཐུགས་རྗེ་ཆེ་ཞུ།
ང་རང་རྒྱ་མིན་བོད་མིན་འདྲེས་མ་ཡིས།།
ང་ཡིས་བུ་ལ་དབྱིན་ཡིག་སློབ་རྒྱུ་ཡིན།།
ཧ་ལོ་པེ་པེ་ཤེས་ན་ཁེ་བཟང་ཆེ།།
སྐྲ་སེར་མི་དང་ཐུག་ན་སྦྱིན་བདག་རེག།
ང་རང་ཅོལ་ཆུང་མི་ཡི་གཤིས་ཀ་ཡིས།།
རང་གིས་བུ་མོར་རྒྱ་ཡིག་འཁྲིད་རྒྱུ་ཡིན།།
ཕྱི་གླིང་གཡོག་པོར་རྒྱུག་པའི་ཉི་མ་ལ།།
རྒྱ་སྐད་ཤེས་ན་ལས་ཀ་རེག་གི་ཟེར།།
ལས་ངན་བོད་ཀྱི་མིང་ཞིག་ཐོབ་པ་ནས།།
རླུང་རྟ་རྒུད་པ་གསར་འབྱོར་ཡིན་པ་ནས།།
དྲན་རྒྱུ་མང་ནས་ས་མཐར་འཁྱམས་པ་ནས།།
སྡུག་གྱོང་འབུར་ཐོ་བུད་པ་ཐེངས་གཅིག་མིན།།