མདུན་ངོས།
About Us
  • English
Advertisement
བོད་ཀྱི་དུས་བབ།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
    • གླ་ཡོད་རིན་གོང་།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese
No Result
ཆ་ཚང་གཟིགས།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
    • གླ་ཡོད་རིན་གོང་།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese
No Result
ཆ་ཚང་གཟིགས།
བོད་ཀྱི་དུས་བབ།
English
No Result
ཆ་ཚང་གཟིགས།

བོད་པའི་ཕོ་གསར་གྱི་འགྲན་བསྡུར་ཐེངས་དང་པོ།

བོད་ཀྱི་དུས་བབ།
༢༠༡༠/༠༡/༠༤
Share on FacebookShare on TwitterShare on EmailShare on Whatsapp

ཨ་རིའི་ནེའུ་ཡོག་བོད་ཀྱི་ཕོ་གསར་འགྲན་སྡུར་ཁྲོད་རྒྱལ་ས་ཝ་ཤིན་ཊོན་ནས་ཕེབས་པའི་བསྟན་འཛིན་ལ་ཨང་དང་པོའི་བྱ་དགའ་ཐོབ་ཡོད།

ཨ་རིའི་ནེའུ་ཡོག་དང་ནེའུ་ཇེར་སི་ས་གནས་གཞོན་ནུ་ལྷན་ཚོགས་ཀྱི་གོ་སྒྲིག་འོག་ ༢༠༠༩ ཕྱི་ཟླ་ ༡༢ ཚེས་ ༣༡ ཉིན་ལ་ཨ་རིའི་མངའ་ཁོངས་ཀྱི་བོད་པའི་ཕོ་གསར་འགྲན་སྡུར་གྱི་ལས་འགུལ་ཞིག་སྤེལ་ཡོད་པ་དང་། ལས་འགུལ་དེར་འཛུལ་ཞུགས་བྱེད་མཁན་ཕོ་གསར་བཞི་དང་ལྟད་མོ་བ་སྟོང་ཕྲག་གཉིས་དང་ལྔ་བརྒྱ་ལྷག་མཉམ་འཛོམས་བྱུང་ཡོད་འདུག

ལས་འགུལ་གྱི་རྣམ་གྲངས་ནི་གཟུགས་སྟོབས་དང་སྒེར་སོ་སོའི་ཁྱད་ཆོས་ཀྱི་ནུས་པ། སྤྱིར་བཏང་གི་བསམ་བློའི་གོ་རྟོགས་དང་། གྱོན་གོས་ཁྱབ་བསྒྲགས་ཀྱི་རྣམ་པ་སོགས་རིམ་པ་བཞི་ཡི་ཐོག་འགྲན་བསྡུར་བྱས་ཡོད་པ་དང་། གཟི་དཔང་ལ་སྤྱི་ལོ་ ༢༠༠༣ ལོའི་བོད་ཀྱི་མཛངས་མ་ཚེ་རིང་སྐྱིད་དང་ཨ་རིའི་ཕོ་གསར་གྱི་འགྲན་སྡུར་ཁྲོད་རྟགས་མ་ལེན་མཁན་དང་གློག་བརྙན་འཁྲབ་སྟོན་པ་བློ་ བཟང་གཉིས་གདན་འདྲེན་ཞུས་ཡོད་འདུག

 

 

འགྲན་བསྡུར་གྱི་མཐའ་མ་མི་མང་གི་འདོད་མོས་གཙོར་བཟུང་ཐོག་གཟི་དཔང་གཉིས་ཀྱིས་རྒྱལ་ས་ ཝ་ཤིན་ཊོན་ནས་ཕེབས་པའི་ཨ་རིའི་གཞོན་སྐྱེས་གྱོན་གོས་ཁྱབ་བསྒྲགས་ཀྱི་འགྲན་སྡུར་ཁྲོད་བྱ་དགའ་བླངས་མྱོང་བའི་བསྟན་འཛིན་ལ་ནེའུ་ཡོག་བོད་ཀྱི་ཕོ་གསར་གྱི་མཚན་སྙན་དེ་ཕུལ་ཡོད་འདུག

འགྲན་སྡུར་རྗེས་གཟི་དཔང་བློ་བཟང་གིས་བོད་མི་ཚོས་ཀྱང་རྩལ་སྦྱོང་གི་ནུས་པས་འཕྲོད་བསྟེན་ལ་དོ་སྣང་གནང་དགོས་པའི་འབོད་སྐུལ་ཞུས་སོང་བ་དང་། གཟི་དཔང་ཚེ་རིང་སྐྱིད་ཀྱིས། བོད་ཀྱི་མཛངས་མའི་འགྲན་སྡུར་དང་ཕོ་གསར་འགྲན་སྡུར་ལྟ་བུའི་ལས་འགུལ་འདིའི་རིགས་ཀྱིས་བོད་ཀྱི་རྩ་དོན་ལ་ཕན་མ་ཐོགས་ཀྱང་གནོད་མི་སྐྱེལ་བ་སྤོབས་པའི་ཐོག་ནས་བརྗོད་ཐུབ་ཀྱིན་ཡོད་དུས་བོད་མི་མང་གིས་འདི་ལྟ་བུའི་ལས་འགུལ་ལ་རྒྱབ་ སྐྱོར་ཞུ་དགོས་པའི་འབོད་སྐུལ་ཞུས་ཡོད་འདུག
 
འགྲན་སྡུར་ཁྲོད་ཞུགས་མཁན་ནི་བློ་བཟང་དང་བཀྲ་ཤིས་རྒྱ་མཚོ། བསྟན་དར་དང་བསྟན་འཛིན་བཅས་ཡིན་པ་རེད།

འགྲན་སྡུར་རྗེས་ལོ་ན་ ༥༠ ལ་སོན་པའི་རྒན་པོ་བྱམས་པ་ལགས་ལ་ལས་འགུལ་འདིའི་སྐོར་ལ་བསམ་ཚུལ་ཅི་ཡོད་བཀའ་འདྲི་ཞུས་སྐབས་ཁོང་གིས། བོད་ཀྱི་སྤྱི་ཚོགས་ཁྲོད་དུ་འདི་ལྟ་བུའི་ལས་འགུལ་གྱི་རྣམ་གྲངས་སྣ་མང་སྤེལ་ཏེ་ཕྱོགས་མང་པོ་ནས་དུས་རབས་ཀྱི་རྗེས་ཟིན་དགོས་པ་ནི་གལ་ཆེན་པོ་རེད་ལ། ང་ཚོའི་བོད་མི་ཚོས་ཀྱང་འཛམ་གླིང་གི་མི་གཞན་པ་ཚོ་དང་མཉམ་དུ་བསྡུར་དགོས་ན་ཉམས་དམའ་མི་དགོས་པའི་ཚོར་སྣང་བྱུང་ཅེས་གསུངས་བྱུང་།

ཡང་མེ་ནིས་སོ་ཌ་ནས་ཕེབས་པའི་ལོ་ན་ ༢༣ ལ་སོན་པའི་ཆོས་དབྱངས་ཀྱིས།  བོད་ཀྱི་མཛངས་མའི་འགྲན་སྡུར་དེ་སྤྱི་ལོ་ ༢༠༠༢ ལོ་ནས་མགོ་བརྩམས་ཡོད་ཀྱང་བོད་ཀྱི་ཕོ་གསར་འགྲན་སྡུར་གྱི་ལས་འགུལ་འདི་ཐེངས་དང་པོ་ཆགས་ཡོད་པ་རེད། ཡིན་ན་ཡང་ལས་འགུལ་ཐོག་དང་པོ་ནས་མི་བཞི་འཛུལ་ཞུགས་བྱས་ཡོད་པ་དང་། གཟུགས་སྟོབས་དང་རྣམ་པ་ག་རེའི་སྒང་ཡིན་ཡང་ང་ཚོའི་བོད་ཀྱི་ཕོ་གསར་ཚོ་ཡང་འཛམ་གླིང་གི་ཕོ་གསར་གཞན་པ་ཚོ་དང་མཉམ་དུ་དཔུང་བ་མཉམ་གཤིབ་བྱ་ཐུབ་ཀྱིན་ཡོད་པ་ཚོར་བྱུང་། དེ་བཞིན་མ་འོངས་པ་ཡིན་ཡང་བོད་ཀྱི་ཕོ་གསར་མོ་གསར་ཚོས་ཀྱང་འཛམ་གླིང་གི་གར་སྟེགས་སྒང་ནས་རང་རང་ལ་དཔག་པའི་དོན་དངོས་ཀྱི་འཚོ་བ་ལོངས་སྤྱོད་བྱ་ཐུབ་དགོས་ཀྱིན་འདུག་ལ་ཐུབ་ཀྱང་ཐུབ་ཀྱིན་ཡོད་རེད་བསམ་གྱིན་ཡོད། དེ་དགོང་ལོ་གསར་བ་དང་མཉམ་དུ་ལས་འགུལ་འདིར་ལྟད་མོར་ཡོང་ནས་དགའ་བོ་བྱུང་ཅེས་བོད་དབྱིན་འདྲེས་མས་བརྗོད་བྱུང་།
གནས་ཚུལ་མཁོ་སྤྲོད་པ་བདེ་སྐྱིད་སྒྲོལ་མ་དང་པར་པ་འགྲོ་དོན་རྣམ་གླིང་ཡིན།

འབྲེལ་ཡོད་གསར་འགྱུར།

Mobile App

བོད་རིགས་ཨ་རི་བ་ཨ་ཧྥ་ཊབ་ཀརྨ་སིང་པུ་རི་ཝལ་ལགས་སུ་འོས་བསྡུའི་ཁྲོད་རྒྱལ་ཁ་ཐོབ།

སྐར་མ ༢༧ སྔོན་ལ།
The Dalai Lama offers blessings to his followers at his Himalayan residence in the northern hill town of Dharamshala, India, on December 20, 2024 [Priyanshu Singh/Reuters]
༸གོང་ས་མཆོག གསར་འགྱུར།

ཡུ་རོབ་གྲོས་ཚོགས་སུ་༧གོང་ས་མཆོག་གི་ཡང་སྲིད་དང་འབྲེལ་བའི་གྲོས་ཆོད་ཅིག་གཏན་འབེབས་བྱུང་། 

ཆུ་ཚོད་ ༡ སྔོན་ལ།
༧གོང་ས་རྒྱལ་བ་རིན་པོ་ཆེ་མཆོག་ཡེ་ཤུའི་ཆོས་དཔོན་རོ་བྷི་ཌི་པེ་ཝེ་སི་མཆོག སྐུ་པར་བོད་ཀྱི་དུས་བབ་ཀྱིས་བསྒྲིགས། ༢༠༢༤།༥།༩
༧གོང་ས་མཆོག གསུང་འཕྲིན།

༧གོང་ས་རྒྱལ་བ་རིན་པོ་ཆེ་མཆོག་ནས་ཡེ་ཤུའི་ཆོས་དཔོན་གསར་པར་འཚམས་འདྲི་མཛད།

ཆུ་ཚོད་ ༢ སྔོན་ལ།
བཙན་བྱོལ་བོད་མིའི་ཆོས་ཚོགས་ཐེངས་ ༡༤ པ་དབུ་འཛུགས་གནང་། ༢༠༡༩།༡༡།༢༧ དུས་བབ་གསར་ཁང་གི་པར།
Mobile App

 བཙན་བྱོལ་བོད་མིའི་ཆོས་ཚོགས་ཐེངས་བཅོ་ལྔ་པ་འཚོག་འཆར་འདུག

ཆུ་ཚོད་ ༢ སྔོན་ལ།
བྷི་རུའུ་ཁིན་སི་བསམ་མཛོད་བསྟི་གནས་ཁང་དུ་བོད་དོན་བཞུགས་མོལ་ཚོགས་འདུ་འཚོགས། ༢༠༢༥།༠༥།༠༧ སྲིད་སྐྱོང་གི་ངོ་དེབ་ཀྱི་པར།
Mobile App

སྲིད་སྐྱོང་མཆོག་གིས་ཨ་རིའི་གྲོས་ཚོགས་མི་སྣ་ཁག་ཅིག་ལ་མཇལ་འཕྲད་གནང་།

ཆུ་ཚོད་ ༣ སྔོན་ལ།
The Jacques Marchais Museum of Tibetan Art is home to one of the largest collections of Himalayan artifacts in America.Photo:NYCMayorsOffice
༸གོང་ས་མཆོག གསར་འགྱུར།

༧གོང་ས་རྒྱལ་བ་རིན་པོ་ཆེ་མཆོག་གི་དབུས་འཛམ་གླིང་གི་སྐྱེས་ཆེན་ཁག་ཅིག་གི་སྐུ་ཚེའི་ལོ་རྒྱུས་དང་འབྲེལ་བའི་འགྲེམས་སྟོན་ཞིག་ཞུ་རྒྱུ་ཡིན་འདུག 

༢༠༢༥/༠༥/༠༨

མཆན། 41

  1. ཁ་བའི་མེ་ཏོག། says:
    ལོ་ 15 སྔོན།

    བོད་རིགས་སྤུན་ཟླ་ཡོངས་ལ་སྙིང་དབུས་ནས་ཞུ་རྒྱུ་ཞིག་ལ། སྤྱིར་ཚོགས་གང་དང་གང་ཡིན་ཡང་བོད་ཕྲུག་ཞིག་འབུལ་དུ་ཐོན་དུས་ང་ཚོས་རྒྱབ་སྐྱོར་བྱེད་དགོས་པ་ལས་ཁ་སྨྲོ་གང་ཡང་བྱེད་མི་གནེན།
    བཀའ་དྲན་ཆེ།

    Reply
  2. འབྲི་འབྲོང་། says:
    ལོ་ 15 སྔོན།

    བོད་ཆས་མ་གྱོན་པ་དེ་ངོ་མ་སྐྱོ་པོ་ཚོར་སོང་། སྤྱིར་ཏང་བོད་པ་གཙང་མ་གཙང་ཀྱང་ཡིན་མིན་མི་ཤེས།

    Reply
  3. གངས་སེང says:
    ལོ་ 15 སྔོན།

    ཡག་པོ་བྱུང་ཤག།་གང་ཡིན་ཟེར་ན།་དུས་ཀྱི་རྗེས་སུ་འཇུག་དགོས།་འོན་ཀྱང་དེར་བོད་ཀྱི་རིག་གཞུང་གི་དྲི་མ་ཙང་ཡང་གོས་མི་འདུག་
    དགའ་སྐྱོ་འདྲེས་མ་སྐྱེས་སོ།

    Reply
  4. སེམས་བཟང་། says:
    ལོ་ 15 སྔོན།

    ཡ། བོད་ཡིག་འདི་དངོས་གནས་བཀའ་དྲིན་ཆེ་གི། བོད་ཡིག་ནང་བོད་པའི་ཕོ་གསར་འགྲན་བསྡུར་ཞེས་བྲིས་པའི་བཀའ་དྲིན་རེད་མ་གཏོགས། མི་གཅེར་བུ་འདི་ཚོ་མི་རིགས་གང་ཡིན་རྩ་བ་ནས་ཤེས་ས་མ་རེད། གཅིག་བྱས་ན་བོད་པའི་བླ་མ་འདི་ཚོར་མངོན་ཤེས་ཡོད་རབས་མང་པོ་བཤད་ཡག་འདུག་ག །དེ་ཚོས་མཁྱེན་ཡོད་འགྲོ། གཅིག་བྱས་ན་ང་ཚོ་བོད་པ་འདི་འདྲའི་ཐབས་སྐྱོ་བོ་ཆགས་ཚར་ཤག །ཐ་ན་ཕོ་གསར་འདི་ཚོས་བོད་ཆས་ཐབས་ཆག་ཅིག་ཀྱང་གྱོན་ཡག་རྙེད་ཡོད་པ་རེད། གཅིག་བྱས་ན་རྒྱ་ནག་གཞུང་གིས་ང་ཚོའི་ལས་འགུལ་ཆེ་ཕྲ་ཚང་མར་ག་དུས་ཡིན་ནའང་བཀག་འགོག་བྱས་བྱས་པ་དེས་ཞེད་ནས་བོད་ཆས་གྱོན་མ་ཕོད་པ་ཡིན་འགྲོ། གང་ལྟར་ལས་ཀ་འདི་ཚོ། སེམས་ཆུང་སེམས་པ་སྐྱོ་རོགས་རེད། ཡ།

    Reply
  5. karma dorje says:
    ལོ་ 15 སྔོན།

    སྐྱེས་ཕོ་ཡིན་པས་བོད་ཀྱི་མོ་གསར་ཐོན་ཐབས་མེད། །
    ཨིན་ཇི་མི་ཤེས་དོམ་པ་མོ་དང་འགྲན་ཐབས་མེད། །
    རྒྱ་ཡིག་མི་ཤེས་འོད་ཟེར་རྒྱ་དེབ་ཀློག་ཐབས་མེད། །
    ན་ཚོད་རྒས་པས་བོད་ཀྱི་ཕོ་གསར་ཚུད་ཐབས་མེད། །
    བོད་ཀྱི་ཕོ་གསར་དང་མཉམ་དུ་ང་རང་དང་། བོད་རྒྱལ་ལོ། །

    Reply
  6. ཚྭ་སྒང་ཕོ་ཉ། says:
    ལོ་ 15 སྔོན།

    དངོས་གནས་དགའ་པོ་བྱུང་། བཀྲ་ཤིས་བདེ་ལེགས་ཞུ།།
    རང་གི་མི་རིགས་འདིས་དུས་རབ་ཀྱི་རྗེས་ཟིན་འདུག་
    ཕོ་གསར་མོ་གསར་ཚོས་དེ་ལྟར་བུ་འགྲན་སྡུར་ནང་མཛུལ་ཞུག་བྱས་ནས་ཞོར་དུ་
    བོད་དོན་ཁྱབ་སྒྲག་བྱས་ན་དགེ་མཚན་ཆེན་པོ་ལྡན། གང་ལགས་ཞེ་ན་དེང་གི་དུས་འདིར་འཛམ་གླིང་གང་སར་ཁྱབ་པའི་གཞོན་སྐྱེས་
    ཚོའི་དོ་སྣང་གང་ལ་བྱེད་ཀྱི་ཡོད་མེད་ཤེས་པའི་སྒོ་ནས་དེའི་ཕྱོགས་སུ་བོད་དོན་དྲི་སྒྲག་བྱེད་གལ་ཆེ། གཞན་བོད་མི་ཚང་མ་གྲྭ་པ་དང་ཨ་ནེ་ལྟ་བུ་སྡོད་དགོས་ཟེར་ན་ཧ་ཅང་ཐལ་ཆ་ཆེ་བའི་སྐྱོན་ཡོད། ངའི་སེམས་སྟེང་གི་སྐད་ཆ་ཡིན་།།

    Reply
  7. རྩེ་སྐར། says:
    ལོ་ 15 སྔོན།

    པར་རྒྱག་དུས་དབུགས་རྔུབས་ཀྱིས་གཟུགས་པོའི་ཤ་རྒྱུས་ཤུགས་ཀྱིས་བསྡུ་སྒྲིམ་བྱས་པའི་བཟོ་ཉམས་ལ་བལྟས་ན་དུས་རྒྱུན་དེ་འདྲའི་སྟོབས་ཤིག་མེད་པ་མངོན་ཐུབ་ཀི
    འདི་འདྲའི་གཟུགས་གཞི་ཅན་བོད་པའི་ཕོ་གསར་ཚོའི་ནང་ཁེངས་ནས་ཡོད། ཡིན་ནའང་དེ་ཡང་བོད་ལ་མཚོན་ན་དོན་བྱ་གསར་བྱུང་ཞིག་ཡིན་པས་བཀྲ་ཤིས་བདེ་ལེགས་ཞུ།

    Reply
  8. བཀྲ་ཤིས་དོན་གྲུབ། says:
    ལོ་ 15 སྔོན།

    བོད་ཀྱི་ཕོ་སར་འདི་ཚོ་གཟུགས་སྟོབས་ལེགས་པོ་རེད་ཡིན་ནའང་མཛངས་མ་ཚོ་དང་འདྲ་བར་རང་གི་རིགས་གཞུང་དང་གོམས་གཤིས་ལ་དབུལ་བོ་ཡིན་ངེས།

    Reply
  9. བཀྲ་ཤིས་དོན་གྲུབ། says:
    ལོ་ 15 སྔོན།

    བོད་ཀྱི་ཕོ་སར་འདི་ཚོ་གཟུགས་སྟོབས་ལེགས་པོ་རེད་ཡིན་ནའང་མཛངས་མ་ཚོ་དང་འདྲ་བར་རང་གི་རིགས་གཞུང་དང་གོམས་གཤིས་ལ་དབུལ་བོ་ཡིན་ངེས།

    Reply
  10. ཁ་བ་སྐམ་པོ། says:
    ལོ་ 15 སྔོན།

    དེང་སྐབས་ཕོ་གསར་མེད་ཁུ་འདོད་མཁན་དག་སེམས་འཚབ་མེད་སར་སེམས་
    འཚབ་རང་རེད། དེ་བས་ཕོ་མོ་འགྲན་དགོས་དོན་མེད་ཁུ་གཙོ་བོ་རྩ་དོན་
    རེད། རྩ་དོན་ལ་ཕན་ན་འགྲིག་གི་རེད་གོང་གསལ་ཕོ་གསལ་དེ་ཚོ་བོད་པ་
    ཡིན་ན་དེ་འདྲས་གར་སྟེགས་སྟེང་བོད་བཅས་གྱོན་དགོས་བ་དང་།
    བོད་སྐད་བཤད་དགོས་བ་རེད། ཕོ་གསར་སྣ་དགུ་ལས་དེང་སང་དུས་
    འདིར་གཙོ་བོ་བོད་བའི་ཤེས་ཡོན་ལ་བལྟ་དགོས་གོམས་གཤིས་ལ་བལྟ་དགོས།
    དུསས་དང་མཐུན་པའི་གཟུགས་སྟོབས་ལ་ཡང་བལྟ་དགོས་བ་རེད།

    Reply
  11. བྱམས་རྒྱལ། says:
    ལོ་ 15 སྔོན།

    དྲ་གྲོགས་དགུ་ཚིགས་ལགས་ཀྱིས་དྲ་གྲོགས་ཨ་རུ་ར་ལགས་ལ་ལོ་ཉིས་སྟོང་གི་སྐོར་དེར་གསལ་བཤད་གཅིག་གནང་སོང་བས་བློ་རྨོངས་བདག་གི་བློ་སྒོ་ཅུང་བྱེ་སོང་། ཐུགས་རྗེ་ཆེ།

    དེང་སང་མི་རྣམས་ཚེ་རིང་བའི་རྒྱུ་མཚན་ཁྱེད་ལ་ཤོད་རྒྱུ་ཡོད་དམ། ཡོད་ན་ ཤེས་འདོད་ཆེའི་གསུངས་རོགས།

    ལོ་ན་ ༥༠ ལ་སོན་པའི་་བྱམས་པ་ལགས་དེ་ཕལ་ཆེར་ཆང་སའང་རྒྱ་ཚར་ཨེ་ཡོད་དྲན་གྱི་འདུག། རྩེད་མོ་ཡིན།

    Reply
  12. དགུ་ཚིགས་སྐྱ་མོ། says:
    ལོ་ 15 སྔོན།

    བྱ་ཀ་ར་ཅན་གྱིས།
    ད་དུང་ཡང་རྒན་བཤད་གཞན་པ་ཞིག་བྱས་འདུག ༼བློ་བཟང་གཅིག་པུས་རྒྱག་ཐེངས་གཅིག་ལ་ཕལ་ཆེར་རྒྱ་ཕྲུག་བཅུ་ཕྲག་ཁ་ཤས་གསོད་ས་རེད།༽ ཁྱེད་ནི་སེམས་དགའ་ལྷང་ལྷང་དང་གྲང་ཤུར་ཤུར་བྱེད་པ་ཧ་ཅི་ལས་ལྷ་པོ་འདུག
    དེང་སང་འཛམ་གླིང་འདིར་མི་རྣམས་ཀྱི་གཡག་དང་དྲེད་མོང་ནང་བཞིན་རྭ་དང་འཕྱེ་སྡེར་འདྲན་དུས་ལས་བསྒལ་དེ། བློ་དང་རིག་པ་འདྲན་པའི་སྐབས་རེད། དེ་ལྟ་བུའི་རྗེས་ལུས་ཀྱི་སྐད་ཆ་མི་བཤད་རོགས། སེམས་དཀར་ཡིན།

    Reply
  13. དགུ་ཚིགས་སྐྱ་མོ། says:
    ལོ་ 15 སྔོན།

    ཧོར་བུ་ཡེ་ཤེས་ལགས། 《གངས་ལྗོངས་ཀྱི་སྟག་ཤར་》 ཞེས་པའི་མིང་འདི་ཧ་ཅིང་སྙན་པོ་འདུག མ་འོངས་པར་མིང་དེ་ལྟར་འདོགས་དགོས།
    བྱ་ཀ་ར་ཅན་གྱིས་སེམས་རྩ་པ་གྲང་ཤུར་ཤུར་བྱས་སོང༌ཟེར། མ་ཟད་དུང་འདི་ལྟར་འབྲི་ཁུལ་བྱས་འདུག། ༼ལུས་པོའི་སྟེང་ཁབ་གཙག་བརྒྱབ་ན་ཤི་རྗེས་འཕོ་བ་གྲོང་འཇུག་བྱེད་མི་ཐུབ་པའི་ཤོད་སྲོལ་ཞིག་ཡོད་མ་བརྗེད་རོགས་གནང༽ དེ་ལྟ་བུའི་ཁུངས་མེད་ལུང་མེད་ཀྱི་རྒན་བཤད་མི་གནང་རོགས། སྤྱིར་འཕོ་བ་གྲོང་འཇུག་མ་ཤི་གོང་ནས་བྱེད་དགོས་མ་གཏོགས་ཤི་རྗེས་ལ་གྲོང་འཇུག་བྱེད་དགོས་དོན་་མེད། འཕོ་བའི་མན་ངག་འདི་རྣམས་མ་ཤི་གོང་དང་འཆི་ཁར་ལས་ལ་སྦྱོར་དགོས།
    ཁྱེད་ཀྱི་འཕོ་གྲོང་འཇུག་ཞེས་པའི་དོན་ཙམ་ཡང་མ་མཁྱེན་པ་འདྲ།

    Reply
  14. དུག་ཚེར། says:
    ལོ་ 15 སྔོན།

    དངོས་གནས་ཡག་པོ་རེད་མུ་མཐུད་ནས་འབད་རྩོན་གནང་རོགས།

    Reply
  15. སྒོམ་སྡེ་དོན་གྲུབ་རྒྱལ་མཚན། says:
    ལོ་ 15 སྔོན།

    tashi delek

    Reply
  16. གཅན་ཚ་དཔལ་ལྡན། says:
    ལོ་ 15 སྔོན།

    གོང་དུ་ཧོར་བུ་ཡེ་ཤེས་དང་དགུ་ཚིགས་སྐྱ་མོ་གཉིས་ཀྱིས་བཤད་པ་དེ་དངོས་གནས་བདེན་པ་རེད། བོད་ཀྱི་ཕོ་རྒོད་ཟེར་རྒྱུའི་ཚབ་ལ་གངས་ལྗོངས་སྟག་ཤར་ཞེས་བོས་ན་སྙན་ཆ་ཆེན་པོ་འདུག ཕོ་གསར་འགྲན་བསྡུར་ནང་གཟུགས་པོའི་རིང་ཐུང་དང་ལྗིད་ཚད་དེ་གལ་ཆེན་པོ་ཆགས་ཡོད་དུས་རྗེས་པྱོགས་དེའི་རིགས་ཀྱང་ཁ་གསལ་འགོད་ཐུབ་ན་ལེགས་ཤོས་སུ་མཐོང་། རང་ཉིད་གཞོན་སྐྱེས་ཤིག་ཡིན་པའི་ཆ་ནས་ཕོ་གསར་མོ་གསར་གྱི་སྤྲོ་སྣང་འཕེལ་བའི་འགྲན་བསྡུར་རིགས་ལ་ཧ་ཅང་དགའ་བོ་ཡོད། གོ་སྒྲིག་འདིར་བྱང་ཨ་རི་ནས་རང་རིགས་རྒྱ་གར་བོད་པའི་སྤྱི་ཚོགས་ལ་སྤེལ་ཐུབ་ན་ཕྱོགས་ཐམས་ཅད་ནས་བལྟ་ས་མང་པོ་ཞིག་འདུག འདི་ང་རང་སྒེར་གྱི་བསམ་ཚུལ་ཙམ་ཡིན།

    Reply
  17. བྱ་ཀ་ར། says:
    ལོ་ 15 སྔོན།

    ཕོ་གསར་བསྟན་འཛིན་ལ་ཞུ་དགོས་ཡག་མི་འདུག ཨང་དང་པོ་ཡིན་རིན་ཆོག་འདུག རེ་བར་མ་འོངས་པར་བོད་དོན་ཐོག་ལས་འགུལ་མང་ཙམ་སྤེལ་རོགས་ཞུ།

    Reply
  18. བྱ་ཀ་ར། says:
    ལོ་ 15 སྔོན།

    ཕོ་གསར་བསྟན་དར་ལགས་ཀྱི་རྐུབ་ནང་ད་དུང་ཕུ་ཏོག་ཙམ་རྒྱག་དགོས་ས་རེད།

    Reply
  19. བྱ་ཀ་ར། says:
    ལོ་ 15 སྔོན།

    ཕོ་གསར་བཀྲིས་རྒྱ་མཚོ་ཟེར་མཁན་དེའི་གཟུགས་པོའི་སྟེང་གི་རི་མོ་དེ་དག་མཐོང་མ་ཐག་སེམས་པ་གྲང་ཤུར་ཤུར་བྱས་སོང༌། རེ་བར་བོད་པའི་ཕོ་གསར་གཞན་ཚོར་མིག་དཔེ་ངན་པ་དེ་རིགས་མ་བསྟོན་རོགས་ཞུ་རྒྱུ་ཡིན། ལུས་པོའི་སྟེང་ཁབ་གཙག་བརྒྱབ་ན་ཤི་རྗེས་འཕོ་བ་གྲོང་འཇུག་བྱེད་མི་ཐུབ་པའི་ཤོད་སྲོལ་ཞིག་ཡོད་མ་བརྗེད་རོགས་གནང༌།

    Reply
  20. བྱ་ཀ་ར། says:
    ལོ་ 15 སྔོན།

    བོད་པའི་ཕོ་གསར་བློ་བཟང་གཅིག་པུས་རྒྱག་ཐེངས་གཅིག་ལ་ཕལ་ཆེར་རྒྱ་ཕྲུག་བཅུ་ཕྲག་ཁ་ཤས་གསོད་ས་རེད། ངོ་མ་ཡིན་ཡིད་སེམས་དགའ་ལྷང་ལྷང་འདྲ་ཞིག་བྱེད་ཀྱི་འདུག་གོ།

    Reply
  21. Dhonling Bhu says:
    ལོ་ 15 སྔོན།

    ཐེངས་འདིའི་གོ་སྒྲིག་ཚོགས་ཆུང་གི་འབྲེལ་ཡོད་མི་སྣ་རྣམས་ལ་མཚམས་འདྲི་དང་རྗེས་སུ་ཡི་རངས་ཞུ་རྒྱུ་ཡིན། ང་རང་ཚོའི་བོད་དོན་གྱི་འཐབ་རྩོད་འདི་བཞིན་སྐད་འབོད་ངོ་རྒོལ་ཁོ་ནས་། འཛམ་གླིང་མི་མངས་རྣམས་ཀྱི་མཁྱེན་རྟོགས་ཡོང་བར་དཀའ་ཞིང། རྣམ་དཔྱོད་ཀྱི་རྩལ་འདྲ་མིན་ཞིག་སྟོན་པའི་སྒོ་ནས་བྱ་བ་བསྒྲུབ་དགོས་པ་ཡིན། ངོ་མ་ད་རེས་བོད་ཀྱི་ཕོ་གསར་འགྲན་བསྡུར་ནང་རྐང་བཞུགས་མཁན་ཕོ་གསར་བཞི་དང་དེ་བཞིན་འབྲེལ་ཡོད་མི་སྣ་རྣམས་ལ་ཐུགས་རྗེ་ཆེ་ཡང་ཞུ་རྒྱུ་ཡིན།

    བོད་རྒྱལ་ལོ། བོད་ཀྱི་ཕོ་གསར་རྣམས་ཀྱང་རྒྱལ་ལོ།

    Reply
  22. ཁ་བའི་བུ། says:
    ལོ་ 15 སྔོན།

    དོན་དངོས་ཐོག་ནས་བཤད་ན་ང་ཚོའི་ཕོ་གསར་ཚོར་བརྗིད་ཉམས་ལྡན་གཟུགས་སྟོབས་དང་། དེང་གི་བུ་མོ་ཚོའི་ཡིད་སེམས་ཤོར་བའི་གཤེས་སྐྱོད་མཐོང་གི་འདུག་ད་ དངོས་གནས་ཡིན་བུ་མོ་ཚོས་གཟིགས་དང་།

    Reply
  23. བཀྲ་ཤིས། says:
    ལོ་ 15 སྔོན།

    དངོས་གནས་ཕོ་གསར་རང་རེད་འདུག ཐོག་མར་འཚམས་འདྲི་དང་བཀྲ་ཤིས་བདེ་ལེགས་ཞུ། ང་དེ་རིང་མ་གཏོགས་དྲ་ཐོག་ཏུ་སླེབ་མ་ཐུབ་པས་དགོངས་སེལ་ཞུ་རྒྱུ་དང་མ་འོངས་བོད་པའི་ཕོ་གསར་ཚོས་སེམས་ཤུགས་རྒྱབ་ན་གྲུབ་འབྲས་ཐོན་ངེས་པའི་རྣམ་འགྱུར་གསལ་བོ་འདུག་ཞེས་ཞུ་འདོད་བྱུང་།

    Reply
  24. ཁ་བ་སྐམ་པོ། says:
    ལོ་ 15 སྔོན།

    ང་ཚོ་བཙན་བྱོལ་བ་ཡིན་དུས་འདི་དག་ཡང་ལས་འགུལ་ཟེར་ན་མི་འགྲིག་པ་མེད་
    ཁུ། འོན་ཀྱང་གཟི་དབང་ཟེར་ན་རིན་པོ་ཆེ་གཟི་ཞིག་གི་བདག་པོ་
    ལས་གོ་རྒྱུ་ཡོད་པ་མ་རེད། ཕོ་གསར་མེད་སོང་བ་མ་རེད་དེར་བློ་དྭོགས་དགོས་དོན་མེད་ཁུ། པར་འདི་དག་གི་སྟེང་ནས་མཐོང་ཐུབ་པ་ནི་
    བོད་ཆས་རྣལ་མ་ཞིག་ཀྱང་གྱོན་མི་འདུག་པ་དེ་རེད། ངོ་མ་ཡིད་སྐྱོ་
    གི གཅེར་བུ་འདྲ་བོ་ཁ་ཤས་འདུག་དེ་བོད་
    དྲི་ཅུང་ཙམ་ཡང་བྲོ་གི་མི་འདུག་དྲ་གྲོགས་ཚོ་བོད་པའི་ལས་འགུལ་གང་ཡིན་ལ་
    བོད་དྲི་དགོས་གི་ངོ་མ་སྐྱོ་གི་་་་་་

    Reply
  25. ཧོར་བུ་ཡེ་ཤེས says:
    ལོ་ 15 སྔོན།

    གྲོགས་པོ་ཚོ།བོད་པའི་ཕོ་གསར་འགྲན་བསུྡར་ཞེས་ཟེར་བ་ལས་《གངས་ལྗོངས་ཀྱི་སྟག་ཤར་》ཟེར་ན་ཡག་པོ་མི་འདུག་གམ།བོད་ལ་ཡང་ཐ་སྙད་དེ་བེད་སྤྱོད་བྱེད་ཀྱིན་འདུག་དྲན།

    Reply
  26. ཧོར་བུ་ཡེ་ཤེས says:
    ལོ་ 15 སྔོན།

    བོད་པའི་ཕོ་གསར་འགྲན་བསྡུར་ཞེས་པ་གོ་ཐོས་བྱུད་བ་དང་ཧ་ཅང་དགའ་བའི་ཚོར་བ་ཞིག་གི་སེམས་ནས་མཆི་མ་ཤོར་བྱུང་།བདག་གི་སྙིང་ཐག་པ་ནས་བཀྲ་ཤིས་བདེ་ལེགས་ཞུ་རྒྱུ་དང་།མ་འོངས་པར་བོད་ཀྱི་རྩ་དོན་ལ་ཕན་མིན་མི་ཤེས་ཀྱང་མུ་མཐུད་ནས་ལས་འགུལ་དེ་སྤེལ་རོགས་ཞུ།ལྷག་པར་གློག་བརྙན་འཁྲབ་སྟོན་པ་བློ་བཟང་ལགས་གར་སྟེག་དེ་རུ་ཕེབས་པར་་གཟི་བརྗིད་ཀྱི་འོད་མདངས་འཕྲོས་འདུག་པའི་སྙིང་ཐག་པ་ནས་ཁྱེད་ལ་ཐུགས་རྗེ་ཆེ་ཞུ།ཨང་དང་པོ་བསྟན་འཛིན་ལགས་གྱི་ཤ་རྒོད་ཧ་ཅང་ཡག་པོ་འདུག།གུས་པས་དམིགས་གསལ་གྱི་ཁྱོད་ལ་འཚམས་འདྲིས་ཞུའོ།
    ཡངས་བའི་འཛམ་གླིང་སྒང་ལ།།
    གངས་ལྗོང་བཙན་པོའི་གདུང་རྒྱུད།།
    རྫིག་ཉམས་ཐེངས་གཆིག་ངོམ་དུས།།
    དགྲ་བོའི་སྙིང་རླུང་ལངས་སོང་།།ཧ་ཧ་ཧ་ཧ་ཧ་ཧ་་་་་་་་་་་་

    Reply
  27. ཁ་བ་ནག་པོ། says:
    ལོ་ 15 སྔོན།

    གཟི་དཔང་ཟེར་ན་གོ་རྒྱུ་ཅང་ཡོད་པ་མ་རེད། གཟུ་དཔང་ཞེས་འབྲི་དགོས། དེའི་དོན་གི་བློ་གཟུ་བོར་གནས་པའི་སྒོ་ནས་བདེན་རྫུན་དང་ཡག་ཉེས་ཀྱི་དཔང་པོ་བྱེད་ཐུབ་མཁན་ཞེས་པ་དེ་རེད། གཟི་དཔང་ཟེར་ན་བོད་ཀྱི་རྡོ་རིགས་རྒྱན་ཆ་དེ་དངོས་རྫུན་དབྱེ་འབྱེད་མཁན་ལ་མ་གཏོགས་གོ་མི་ཐུབ། རྩོམ་འབྲི་མཁན་དང་མཆན་འབྲི་མཁན་གཉིས་ཀས་ཡི་གེའི་དག་ཆ་ལ་དོ་སྣང་མི་བྱེད་པ་འདི་ནི་ཅུང་ཕངས་པའི་གནས་སོ།།

    Reply
  28. ཁམས་པའི་ཕོ་རྒོད། says:
    ལོ་ 15 སྔོན།

    གྲོགས་པོ་ཐོས་དགའ་ལགས། གཟི་དཔང་ཞེས་པ་ནི་བཟང་ངན་དང་ལེགས་ཉེས་ཀྱི་ཤན་འབྱེད་དང་ཐག་གཅོད་བྱེད་མཁན་ཞིག་ལ་ཟེར་བ་རེད། འདིའི་འགྲན་བརྩོད་ཀྱི་སྐབས་སུ་ཆེད་དུ་གདན་ཞུས་གཟི་དཔང་༢༠༠༣ ལོའི་འཛངས་མ་ཚེ་རིང་སྐྱིད་དང་གློག་བརྙན་འཁྲབ་སྟོན་པ་ཨ་རིའི་ཕོ་སར་འགྲན་བསྡུར་ཁྲོད་བྱ་དགའ་ཐོབ་མྱོང་མཁན་སྐུ་ཞབས་བློ་བཟང་ལགས་རྣམས་གཉིས་ཀྱིས་གནང་སོང་ལ་ཧ་ཅིང་གིས་ངོ་འཚར་བའི་ལྟད་མོ་འདུག་ཡ། བཙན་པོའི་རྒྱུད་པ་ཟེར་ན་ངོ་ཚ་མི་དགོས་པ་ཞིག་འདུག།

    Reply
  29. དགུ་ཚིགས་སྐྱ་མོ། says:
    ལོ་ 15 སྔོན།

    ཨ་རུ་ར། མི་ལོ་ཉིས་སྟོང་གི་སྔོན་ལ་མི་རྣམས་ཚེ་ལོ་བརྒྱ་ལྷག་གནས་ཐུབ་སུ་ཞིག་གི་གསུངས་པ་ཞིག་རེད།
    ལོ་ཉིས་སྟོང་གི་སྔོན་ལ་སངས་རྒྱས་ཤཀྱ་ཐུབ་པའང་ལོ་༨༠ ཙམ་མ་གཏོགས་མ་བཞུགས་པ་ཁྱེད་ཀྱི་མ་ཐོས་སམ།
    མ་ཟད་ཚན་རིག་པ་ཚོའི་བཤད་ལྟར་ན་ལོ་ཉིས་སྟོང་གི་སྔོན་ལས་དེང་སང་གི་མི་རྣམས་ཚེ་རིང་པོར་སྡོད་ཐུབ་པ་དངོས་སུ་མཐོང་བ་ཡིན་ན། མངོན་སུམ་ལ་སུ་ཞིག་གི་བསྐུར་བ་འདེབ་ནུས། དེ་ལྟ་བུའི་རྒྱུ་མཚན་མེད་པའི་སྐད་འཆོལ་པོ་ནམ་ཡང་མི་གསུང་རོགས་ཞུ།

    Reply
  30. བྱམས་རྒྱལ། says:
    ལོ་ 15 སྔོན།

    བདུན་ཅུ་ཕོ་གདོང་ག་མ་དེ་།
    བཅོ་ལྔའི་བུ་མོ་ཚེ་རོགས་ཡིན།
    ཟེར་བ་ཞིག་ཀྱང་དྲན་སོས་སོང་།

    Reply
  31. ཨ་རུ་ར། says:
    ལོ་ 15 སྔོན།

    བོད་ཀྱི་གསོ་རིག་གཞུང་གི་བདུན་ཅུ་ཡན་ཆད་རྒན་པོ་ཡིན་ཞེས་པ་དེ། ལོ་ཉིས་སྟོང་གི་སྔོན་གྱི་སྐད་ཆ་ཞིག་རེད། དེ་ཚེ་དེའི་དུས་ན་མི་ཚེ་ལོ་བརྒྱ་ལྷག་གནས་ཐུབ་ཀྱི་ཡོད་པའི་དབང་དུ་གསུངས་པ་ཞིག་རེད། དེང་སང་མང་ཆེ་བ་ལོ་ན་བདུན་ཅུ་ནས་བརྒྱད་ཅུ་ལྷག་གནས་ཐུབ་པ་ཧ་ཅང་གི་ཉུང་ཉུང་རེད། རྒྱུ་མཚན་དེ་ལ་བལྟས་ན་ལོ་ན་ལྔ་བཅུ་ལོན་པའི་མི་ལ་རྒན་པོ་ཞེས་བརྗོད་ན་མ་འགྲིག་པ་མེད་པར་སྣང་།

    Reply
  32. དགུ་ཚིགས་སྐྱ་མོ། says:
    ལོ་ 15 སྔོན།

    འདིར་བོད་པའི་ཕོ་གསར་འདྲན་བསྡུར་ཞེས་པ་དང་པོ་ཐོས་སྐབས་དགའ་སྤྲོ་ཞིག་དང་མཚར་དགོད་ཅིག་མཉམ་དུ་ཤོར་སོང་། གང་ལྟར་ཡང་དགའ་བསུ་ཞུ་བཞིན་ཡོད། མ་ཟད་མུ་མཐུད་ནས་ཡར་རྒྱས་འོངས་བར་སྨོན།
    སྐབས་འདིའི་འདྲན་ཚོགས་སྐབས་སུ། གཟུགས་སྟོབས་དང་སྒེར་སོ་སོའི་ཁྱད་ཆོས་ཀྱི་ནུས་པ། སྤྱིར་བཏང་གི་བསམ་བློའི་གོ་རྟོགས་དང་། གྱོན་གོས་ཁྱབ་བསྒྲགས་ཀྱི་རྣམ་པ་སོགས་རིམ་པ་བཞི་ཡི་ཐོག་འགྲན་བསྡུར་བྱས་པ་ཡིན་ཞེས་བཀོད་འདུག
    འོན་ཀྱང་འདིར་ཕོ་གསར་ཚོའི་གཟུགས་རིང་ཐུང་དང་ལྕིད་ཚད་སོགས་བྲིས་མི་འདུག་ལ། འདྲ་པར་ཐོག་ནས་ཀྱང་གཟུགས་རིང་ཐུང་ག་ཚོད་ཡོད་མེད་གསལ་པོ་མཐོང་མི་ཐུབ་པའི་དེའི་ཕྱོགས་ནས་བསམ་འཆར་ཁ་ཤས་ཡོད།

    Reply
  33. གོང་དཀར་ངག་རྣམ། says:
    ལོ་ 15 སྔོན།

    wow

    Reply
  34. ཐོས་དགའ། says:
    ལོ་ 15 སྔོན།

    གཟི་དཔང་ཟེར་ན་གང་རེད་ལགས།

    Reply
  35. ཐོས་དགའ། says:
    ལོ་ 15 སྔོན།

    ལོ་ན་༥༠ ལ་སོན་པའི་རྒན་པོ་བྱམས་པ་ལགས་??? བོད་ཀྱི་གསོ་རིག་གཞུང་ནང་དུ་ཡང་ལོ་༧༠་ཡན་རྒན་པོ་ཡིན་པར་གསུངས་འདུག

    Reply
  36. བྱམས་རྒྱལ། says:
    ལོ་ 15 སྔོན།

    ལོ་ན་ ༥༠ ལ་སོན་པའི་་བྱམས་པ་ལགས་འདི་རྒད་པོའི་གཟུགས་སུ་བཀྲུན་འདུག་པས་བློ་ཕམ་ཡོད་།
    ནུབ་ཕྱོགས་པས་ལོ་རྒན་བདུན་ཅུ་ནས་བརྩིས་པས་རྒན་གོག་ཏུ་འདོད་།

    Reply
  37. ཅོ་རི་ཉི་མ། says:
    ལོ་ 15 སྔོན།

    གླིང་གི་མི་རྒྱུད་བོད་ཀྱི་ཕོ་གསར་ལ།
    སེམས་པ་ཤོར་བཞིན་ཨེ་ཡོད་རྒྱ་མོ་ཚོ།
    སེམས་པ་ཤོར་ཡང་ཤེལ་སྒོའི་མོག་མོག་ཡིན།
    སྙིང་རླུང་ལང་བཞིན་ཨེ་ཡོད་རྒྱ་ཕོ་ཚོ།
    སྙིང་རླུང་ཀྱང་དཔང་པས་འགྲན་མི་ཐུབ།

    ཕོ་གསར་ཚོའི་གཟུགས་པོ་ཡག་པོ་བཟོས་འདུག་དགའ་པོ་བྱུང་།

    Reply
  38. ཨརྱ། says:
    ལོ་ 15 སྔོན།

    བཀྲ་ཤིས་བདེ་ལེགས། ལས་འགུལ་སྣ་མང་དགོས་པ་བདེན་པ་རེད། འོན་ཀྱང་མགོ་བརྩམས་པ་ཙམ་གྱིས་འགྲིག་སོང་བ་ཅིག་མ་ཡིན་པར་རྒྱུན་མཐུད་རྒྱུ་ཧ་ཅང་གལ་ཆེན་རེད།

    Reply
  39. གཡག་ཕྲུག། says:
    ལོ་ 15 སྔོན།

    དེ་གཟི་རྗིད་རེད་། བཀྲིས་བདེ་ལེགས་ཞུ་རྒྱུ་ཡིན། གལ་སྟེགས་དེའི་རྒྱུད་བོད་ཀྱི་རྩ་དོན་དང་འབྲེལ་བའི་བྱ་བཞག་སྤེལ་རྒྱུའི་རེ་བ་ཡོད།

    Reply
  40. ཆོས་འཕེལ། says:
    ལོ་ 15 སྔོན།

    ཕོ་གསར་གཡས་ངོས་མཐའ་མ་དེ། དངོས་གནས་མི་ནག་ཞིག་གིས་བླུག་འབྲས་ཞིག་འདྲ་མི་འདུག་གམ། བཀྲ་ཤིས་བདེ་ལེགས། བོ་རྒོད་པོ་སྟོབས་ཆེ་མདོགས་ཁག་པོ། དངོས་གདམ་མཁན་ནུབ་ཕྱོགས་པའི་བུ་མོ་ཡིན་ན། ཁོང་ཐོག་རྒྱུ་ཉག་གཅིག་འདྲ།

    Reply
  41. ཆོས་འཕེལ། says:
    ལོ་ 15 སྔོན།

    བཀྲ་ཤིས་བདེ་ལེགས། དངོས་གནས་བོད་ཀྱི་མཛངས་མ་མགྲན་བསྡུས་བྱས་པའི་སྐབས་སུ་མགྲན་བསྡུར་དུ་ཚུད་པའི་བུད་མེད་རྣམས་དང་མི་འདྲ་བའི། ཕོ་གསར་འདི་རྣམས་མགྲན་བསྡུར་ནང་དུ་ཚུད་པ་ཆོག་འདུག། ཡར་བསྐྱར་བཀྲ་ཤིས་བདེ་ལེགས་ཞུ་ཡིན།

    Reply

དཔྱད་མཆན་སྤེལ། Cancel reply

Your email address will not be published. Required fields are marked *

སྤྱི་ཚོགས་དྲ་གནས།

ཁྱབ་བསྒྲགས།

དྲ་ངོས་ཀྱི་གནས་ཚུལ་ཚང་མའི་པར་དབང་བོད་ཀྱི་དུས་བབ་ལ་ཡོད།

གློག་འཕྲིན།

editor@tibettimes.net | office@tibettimes.net

ཁ་པར།

+91-98823-47075 | +91-92189-38041 | +91-81972-44372

Welcome Back!

OR

Login to your account below

Forgotten Password?

Retrieve your password

Please enter your username or email address to reset your password.

Log In

Add New Playlist

No Result
ཆ་ཚང་གཟིགས།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
    • གླ་ཡོད་རིན་གོང་།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese