མདུན་ངོས།
About Us
  • English
Advertisement
བོད་ཀྱི་དུས་བབ།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
    • གླ་ཡོད་རིན་གོང་།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese
No Result
ཆ་ཚང་གཟིགས།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
    • གླ་ཡོད་རིན་གོང་།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese
No Result
ཆ་ཚང་གཟིགས།
བོད་ཀྱི་དུས་བབ།
English
No Result
ཆ་ཚང་གཟིགས།

བོད་ཀྱི་གསོ་བ་རིག་པས་གོམ་པ་རླབས་ཆེན་ཞིག་སྤོས་ཟིན།

བོད་ཀྱི་དུས་བབ།
༢༠༡༠/༠༡/༠༥
Share on FacebookShare on TwitterShare on EmailShare on Whatsapp

འདས་པའི་ལོ་ལྔ་བཅུའི་རིང་བོད་ཀྱི་གསོ་བ་རིག་པ་རྩ་སྟོང་དུ་འགྲོ་བའི་ཉེན་ཁ་ལས་བསྐྱབས་ཏེ། ད་ལྟ་ཡར་རྒྱས་དང་གོང་འཕེལ་དུ་འགྲོ་བཞིན་པའི་སྒང་ཡིན་ཞེས་བོད་གཞུང་འཕྲོད་བསྟེན་བཀའ་བློན་མཆོག་གིས་གསུངས་ཡོད།

ཕྱི་ཚེས་ ༥ ཉིན་བོད་གཞུང་སྨན་རྩིས་ཁང་གི་ཚོགས་ཁང་ནང་བོད་ཀྱི་གསོ་བ་རིག་པའི་ཆེས་མཐོའི་སྨན་པའི་ལྷན་ཚོགས་དབུ་བརྙས་ནས་ལོ་ངོ་དྲུག་འཁོར་བའི་དུས་དྲན་སྲུང་གཙིའི་མཛད་སྒོ་འཚོགས་ཡོད་ལ། མཛད་སྒོའི་སྟེང་བོད་གཞུང་འཕྲོད་བསྟེན་བཀའ་བློན་དཔལ་འབྱོར་ཚེ་རིང་མཆོག་དང་ངྷ་ས་བདེ་དོན་ཚེ་རིང་ཕུན་ཚོགས། བོད་གཞུང་སྨན་རྩིས་ཁང་གི་འགན་འཛིན་ཟླ་བ་དང་འགན་འཛིན་གཞོན་པ་རྣམ་རྒྱལ་ཚེ་རིང་སོགས་ཕེབས་ཡོད།

ཉིན་དེར་བོད་གཞུང་འཕྲོད་བསྟེན་བཀའ་བློན་དཔལ་འབྱོར་ཚེ་རིང་མཆོག་གིས་དེ་རིང་འདིར་ང་ཚོས་བོད་ཀྱི་གསོ་བ་རིག་པའི་ཆེས་མཐོའི་སྨན་པའི་ལྷན་ཚོགས་དབུ་བརྙས་ཏེ་ལོ་ངོ་དྲུག་འཁོར་བའི་རྗེས་དྲན་གྱི་མཛད་སྒོ་འཚོགས་ཀྱིན་ཡོད་པ་དང་། འདི་ལྟ་བུའི་མཛད་སྒོའི་སྐབས་འདས་པའི་ལོ་ལྔ་བཅུའི་རིང་ལ་ཕྱི་མིག་ཅིག་བལྟས་ཚེ། ད་ལྟ་ནི་བོད་ཀྱི་གསོ་བ་རིག་པའི་དར་རྒུད་ཀྱི་བརྒྱུད་རིམ་ཁྲོད་མདུན་སྐྱོད་ཀྱི་གོམ་པ་རླབས་ཆེན་ཞིག་སྤོས་ཟིན་པའི་དུས་ཚིགས་ཤིག་ཆགས་བསྡད་ཡོད། ཕྱི་ལོ་ ༡༩༦༠ ནང་ང་ཚོ་ཐོག་མར་བཙན་བྱོལ་བ་ཆགས་སྐབས་བོད་ཀྱི་གསོ་བ་རིག་པ་ཟེར་བ་དེ་ཕལ་ཆེར་རྩ་སྟོང་དུ་འགྲོ་རྒྱུའི་ཉེན་ཁར་ཐུག་ཡོད་ཀྱང་། ༧གོང་ས་མཆོག་གིས་མ་འོངས་སྔོན་གཟིགས་ཀྱིས་བླ་སྨན་ཡེ་ཤེས་དོན་ལྡན་སོགས་ལ་སློབ་ཕྲུག་གཅིག་གཉིས་རེར་བོད་ཀྱི་གསོ་བ་རིག་པའི་སྐོར་གྱི་སློབ་ཁྲིད་གནང་རྒྱུའི་ལམ་སྟོན་གནང་བ་ནས།  རིམ་གྱིས་བོད་གཞུང་སྨན་རྩིས་ཁང་གི་གནས་སྟངས་འདིར་འགྱུར་བ་ཕྱིན་པར་མ་ཟད། དེང་སྐབས་སྒྲིག་འཛུགས་ཆ་ཚང་ལྡན་པའི་བོད་ཀྱི་གསོ་བ་རིག་པའི་སྨན་པའི་ལྷན་ཚོགས་ཤིག་ཡོད་པ་རེད་ཅེས་བོད་མི་སྐྱབས་བཅོལ་བ་རྣམས་བཙན་བྱོལ་དུ་འབྱོར་ནས་མི་ལོ་ལྔ་བཅུ་ལྷག་རིང་གི་བོད་ཀྱི་གསོ་བ་རིག་པ་མི་ཉམ་རྒྱུན་འཛིན་དང་ཉམ་པ་སླར་གསོ་བྱས་པའི་ཐད་དུ་ཁོང་གིས་གདེང་འཇོག་ཚད་མཐོན་པོར་གནང་བར་མ་ཟད། འདི་ལྟ་བུའི་ཡར་རྒྱས་དང་གོང་འཕེལ་དུ་ཕྱིན་པ་ནི་༧གོང་ས་མཆོག་གི་རླབས་ཆེན་གྱི་དགོངས་བཞེད་ཟབ་མོ་ལས་བྱུང་བ་ཡིན་སྟབས། ང་ཚོས་དུས་དང་རྣམ་པ་ཀུན་ཏུ་ཁོང་གི་བཀའ་དྲིན་རྗེས་དྲན་ཞུ་དགོས་ཞེས་ཀྱང་གསུངས་ཡོད།

ཁོང་གིས་མུ་མཐུད་དེ་གསུངས་དོན། སྨན་པ་རྣམས་ཀྱིས་འདས་པའི་ལོ་རྒྱུས་ལ་ཕྱི་བལྟས་ཤིག་བྱས་ཏེ་ང་ཚོ་བོད་ཀྱི་གསོ་བ་རིག་པའི་གཞུང་ལུགས་འདི་ཇི་ལྟར་གལ་ཆེན་པོ་ཡིན་པ་དགོངས་པར་ཆུད་རྗེས། མ་འོངས་པར་གོམ་པ་གང་འདྲ་བྱས་ཏེ་སྤོ་མིན་ཐད་བསམ་བློ་གཏོང་དགོས། མ་འོངས་པར་ཆེས་མཐོའི་སྨན་པའི་ལྷན་ཚོགས་འདི་ཧ་ཅང་གི་གལ་འགངས་ཆེ་བའི་སྒྲིག་འཛུགས་ཤིག་ཆགས་ཀྱིན་ཡོད་ཅིང་། བོད་ཀྱི་གསོ་བ་རིག་པའི་སྨན་གཞུང་གི་ཕྱག་ལེན་དག་གཅིག་གྱུར་དང་ཕུན་སུམ་ཚོགས་པ་ཡོང་ཕྱིར་ཐུགས་འགན་གཙོ་བོ་བཞེས་དགོས་པ་གལ་ཆེན་པོ་རེད་ལ། རྒྱལ་སྤྱིའི་སྡིངས་ཆའི་སྟེང་དུ་ཐུན་མོང་མ་ཡིན་པའི་བོད་ཀྱི་གསོ་བ་རིག་པའི་ཁྱད་ཆོས་ངོ་སྤྲོ་ཐུབ་པ་ཙམ་མ་ཟད། རྒྱལ་སྤྱིའི་འགྲོ་སྟངས་དང་མཐུན་པའི་ལམ་ལུགས་ཤིག་ཡོང་བར་ཤུགས་སྣོན་རྒྱག་རོགས་ཞེས་འབོད་སྐུལ་ཡང་གནང་ཡོད། 

 

འབྲེལ་ཡོད་གསར་འགྱུར།

དགེ་འདུན་པ་ཨོ་རྒྱན་བྱང་ཆུབ། འབྲེལ་ཡོད་ཀྱིས་མཁོ་སྤྲོད་བྱས། བོད་ཀྱི་དུས་བབ་གསར་ཁང་གི་པར།
Mobile App

དགེ་འདུན་པ་ཨོ་རྒྱན་བྱང་ཆུབ་ལགས་འཛིན་བཟུང་བྱས་ཏེ་གཅར་རྡུང་བྱས།

ཆུ་ཚོད་ ༡༨ སྔོན་ལ།
TTTT
༸གོང་ས་མཆོག གསར་འགྱུར།

༸གོང་ས་རྒྱལ་བ་རིན་པོ་ཆེ་མཆོག་གིས་དབྱིན་ཇིའི་ཆོས་དཔོན་ས་ར་མུ་ལ་ལི་ལགས་སུ་འཚམས་འདྲི་མཛད།

༢༠༢༦/༠༣/༢༨
Sikyong Penpa Tsering Extends Sincere Congratulations to Nepal’s New Prime Minister, Honourable Balendra Shah. Photo Credit: tibet.net
Mobile App

སྲིད་སྐྱོང་མཆོག་གིས་བལ་ཡུལ་གྱི་སྲིད་བློན་གསར་པ་བྷ་ལེན་དྷ་ར་ལགས་སུ་འཚམས་འདྲི་ཞུས།

༢༠༢༦/༠༣/༢༨
Mobile App

བལ་ཡུལ་གྱི་སྲིད་བློན་དང་ནང་སྲིད་བློན་ཆེན་ཟུར་བ་གཉིས་འཛིན་བཟུང་བྱས།

༢༠༢༦/༠༣/༢༨
TTTT
Mobile App

བོད་མི་དུད་ཚང་ ༨༥༠ ལ་གཞིས་སྤོར་ས་ཁང་བགོ་འགྲེམས་བྱས་ཟིན་ཡོད་འདུག

༢༠༢༦/༠༣/༢༨
བོད་མི་མང་སྤྱི་འཐུས་ལྷན་ཚོགས་ཀྱི་པར། ༢༠༢༦།༣།༢༧
Mobile App

བོད་ཕྲུག་གཅིག་པུར་དམིགས་པའི་སློབ་གྲྭ་ཁག་ཅིག་དགོས་གལ་ཆེ།

༢༠༢༦/༠༣/༢༧

མཆན། 5

  1. karma dorje says:
    ལོ་ 16 སྔོན།

    བླ་སྨན་ཡེ་དོན་གུས་རང་ན་སྐབས་བཀའ་དྲིན་ཤིན་ཏུ་ཆེ་ནའང་། སྨན་རྩིས་ཁང་གི་ལོ་རྒྱུས་རང་གི་དྲན་ལམ་དུ་ཤར་བ་ནི།
    བླ་སྨན་ཡེ་ཤེས་དོན་ལྡན་སྨན་རྩིས་ཁང་དང་འབྲེལ་ཆེརམེད། །
    འབྲེལ་ཡོད་སྨན་དགེ་སྨན་པ་ཨ་མ་བློ་བཟང་བསྟེན་གཏུགས་མྱོང་། །
    རིག་གནས་སྨན་རྩིས་དགེ་ཆེན་སྦ་ཞི་ཕུན་དབང་ཤིན་ཏུ་དྲན། །
    ན་མཉམ་བྲག་སྟོན་གཞོན་པ་ད་ལྟ་ཡོད་ན་དགའ་བ་ལགས། །

    Reply
  2. karma dorje says:
    ལོ་ 16 སྔོན།

    སངས་རྒྱས་སྨན་གྱི་ལྷ་ལ་ཕྱག་འཚལ་ལོ། །

    Reply
  3. མི་ཆུང་། says:
    ལོ་ 16 སྔོན།

    ང་ཚོས་གླེང་དགོས་པ་དེ། མ་འདང་བ་དང་མ་འགྲིགས་པ་དེ་ཚོ་རེད། གྲུ་རེ་རེ་ནས་ཞན་ཆ་རྣམས་གླེང་དགོས། དེ་ནས་ཡར་རྒྱས་ཀྱི་རིམ་དེ་ངང་གིས་མངོན་འོང་། འོ་ན་ལྔ་བཅུ་ལྔ་དགུའི་སྔོན་དུ་བོད་ནང་གསོ་རིགས་ཀྱི་ཕྱག་ལེན་ཡོད་ལ། ད་ལྟ་ད་དུང་ལག་ལེན་དུ་མ་འཁེལ་བའི་རིགས་གང་དང་གང་ཡོད་དམ། དཔེར་ན་ལུམས་རྒྱག་པ་ལྟ་བུའོ།།

    Reply
  4. བྲག་འགོ་དཀོན་མཆོག་དར་རྒྱས། says:
    ལོ་ 16 སྔོན།

    བོད་ཀྱི་གསོ་བ་རིག་པའི་ཚོགས་ཆེན་འདི་ཤིན་ཏུ་དགེ་མཚན་ཅན་དུ་གདུག་་་འདི་ལྟར་དབྱར་མཚོ་བཞིན་རྒྱ་པའི་སྨོན་མདུན་ཡོད།་
    འ

    Reply
  5. ནད་པ says:
    ལོ་ 16 སྔོན།

    བོད་ཀྱི་གསོ་བ་རིག་པར་ལོ་ངོ་སྟོང་ཕྲག་གི་ལོ་རྒྱུས་ལྡན་ཡོད་པ་མ་ཟད་དེང་རབས་འཛམ་གླིང་ཚན་རིག་དང་འཕྲུལ་ལས་ཅན་གྱི་དུས་རབས་ཉེར་གཅིག་པ་འདིའི་ནང་དུ་ཡང་བོད་ཀྱི་ནང་ཆོས་དང་གསོ་རིག་འདི་གཉིས་མཉམ་དུ་འགྲོ་ཐུབ་པ་ཞིག་ཆགས་ཡོད།

    ད་དུང་སེམས་ཁམས་རིག་པ། ཀུན་སྤྱོད་རིག་པ། དབང་རྩ་རིག་པ། སྒོམ་སྒྲུབ་རིག་པ། ལྟོས་གྲུབ་རིག་པ་སོགས་ཕྱོགས་མང་པོའི་ཤེས་རིག་ཐད་ལ་དེང་རབས་ཚན་རིག་གྱིས་ཀྱང་འགྲན་མི་གཟོད་པ་ཞིག་གི་རིག་གཞུང་རྒྱ་ཆེ་ལ་གཏིང་གཟབ་བ་ཞིག་ཡོད་སྟབས་བོད་མི་རིགས་ཟེར་བ་དེ་ཆོས་དང་། རིག་གཞུང་། ཡ་རབས། བཟང་སྤྱོད་སོགས་ཀྱི་ཐད་འཛམ་གླིང་ནང་ངོ་གནོང་མི་དགོས་པའི་མི་རིགས་ཤིག་ཆགས་ཡོད།
    བཙན་བྱོལ་དུ་འབྱོར་ནས་མི་ལོ་དྲུག་བཅུ་སོང་རིང་ཞིབ་ཚགས་ཀྱིས་བསམ་བློ་བཏང་ན་༸ གོང་མཆོག་གི་བཀའ་དྲིན་ལས་བོད་གཞུང་དང་། གཞིས་ཆགས། སློབ་གྲྭ། ཚོགས་པ། དགོན་སྡེ། མི་དམངས། ཤེས་ཡོན་སོགས་ཕྱོགས་གང་སར་བསམ་ཡུལ་ལས་འདས་པའི་ཡར་རྒྱས་ཆེན་པོ་ཞིག་ཕྱིན་ཡོད།

    དེར་བརྟེན་བོད་རིགས་ཡོངས་ཀྱིས་བོད་ཀྱི་ཆོས་དང་། རིགགཞུང་། སྐད་ཡིག སྨན་རྩིས། སྒྱུ་རྩལ་སོགས་ཕྱོགས་གང་ཐད་ལ་དོ་སྣང་བྱེད་དགོས་ལ་དེང་རབས་དང་མཐུན་པའི་ཤེས་ཡོན་ལ་སྦྱང་བརྩོན་བྱས་ཏེ་བོད་མི་རིགས་འདི་འཛམ་གླིང་སྟེང་ཡར་ལངས་ཐུབ་པ་ཞིག་བྱེད་རྒྱུར་མི་རེ་ངོ་རེས་འགན་འཁུར་ལེན་དགོས།

    Reply

དཔྱད་མཆན་སྤེལ། Cancel reply

Your email address will not be published. Required fields are marked *

སྤྱི་ཚོགས་དྲ་གནས།

ཁྱབ་བསྒྲགས།

དྲ་ངོས་ཀྱི་གནས་ཚུལ་ཚང་མའི་པར་དབང་བོད་ཀྱི་དུས་བབ་ལ་ཡོད།

གློག་འཕྲིན།

editor@tibettimes.net | office@tibettimes.net

ཁ་པར།

+91-98823-47075 | +91-92189-38041 | +91-81972-44372

Welcome Back!

OR

Login to your account below

Forgotten Password?

Retrieve your password

Please enter your username or email address to reset your password.

Log In

Add New Playlist

No Result
ཆ་ཚང་གཟིགས།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
    • གླ་ཡོད་རིན་གོང་།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese