མདུན་ངོས།
About Us
  • English
Advertisement
བོད་ཀྱི་དུས་བབ།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
    • གླ་ཡོད་རིན་གོང་།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese
No Result
ཆ་ཚང་གཟིགས།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
    • གླ་ཡོད་རིན་གོང་།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese
No Result
ཆ་ཚང་གཟིགས།
བོད་ཀྱི་དུས་བབ།
English
No Result
ཆ་ཚང་གཟིགས།

གསུང་ཆོས་དབུ་འཛུགས།

བོད་ཀྱི་དུས་བབ།
༢༠༡༠/༠༡/༠༥
Share on FacebookShare on TwitterShare on EmailShare on Whatsapp

༧གོང་ས་མཆོག་རྡོར་གདན་དུ་ཞབས་སོར་བཀོད་ཅིང་། དེ་རིང་ནས་བཟུང་དད་ལྡན་ཆོས་ཞུ་བ་བཞི་ཁྲི་ལྷག་ལ་གསུང་ཆོས་དབུ་འཛུགས་གནང་ཡོད་འདུག

ཕྱི་ཚེས་ ༤ ཉིན་༧གོང་ས་མཆོག་མངའ་སྡེ་གུ་ཇུ་ར་ཊི་ནས་རྡོར་གདན་དུ་ཞབས་སོར་བདེ་བར་བཀོད་ཅིང་། གྷ་ཡ་གནམ་ཐང་དུ་བྷི་ཧར་མངའ་སྡེའི་དཔོན་རིགས་དང་རྒྱལ་བ་ཀརྨ་པ་མཆོག་གཙོས་པའི་བླ་སྤྲུལ་དང་ཐེངས་འདིའི་གསུང་ཆོས་སྦྱིན་བདག ས་གནས་ཚོགས་པ་ཁག་གི་སྐུ་ཚབ་བཅས་གནད་ཡོད་མི་སྣ་མང་པོས་གནམ་ཐང་ནས་ཕེབས་བསུ་ཞུས་ཡོད་པར་མ་ཟད། འཛམ་གླིང་ཡུལ་གྲུ་གང་ས་ནས་ཕེབས་པའི་དད་ལྡན་ཆོས་ཞུ་བ་བཞི་ཁྲི་བརྒལ་བའི་ཕེབས་བསུའི་ཁྲོད་༧གོང་ས་མཆོག་དགའ་ལྡན་འཕེལ་རྒྱས་གླིང་རྣམ་རྒྱལ་གྲྭ་ཚང་དུ་ཆིབས་བསྒྱུར་གནང་བ་དང་། ཉིན་རྒྱབ་དུ་༧གོང་ས་མཆོག་གིས་བྱང་ཆུབ་མཆོད་རྟེན་དུ་གནས་གཟིགས་ཆིབས་བསྒྱུར་དང་ལྷན་དུ་སྟོན་པ་བཅོམ་ལྡན་འདས་སྐུ་འཁྲུངས་པ་ནས་མཐར་སངས་རྒྱས་མ་ཐོབ་བར་གྱི་མཛད་པའི་སྣང་བརྙན་བཞེངས་ཡོད་པ་དེར་དབུ་འབྱེད་རབ་གནས་གནང་བར་མ་ཟད། མཆོད་རྟེན་ཉེ་འཁོར་གྱི་ཡུལ་སྐོར་སྤྲོ་འཆམ་ཚོགས་པའི་བརྙན་འཕྲིན་འགྲེམས་སྟོན་ཁང་ཞིག་དབུ་འབྱེད་གནང་ཡོད་པ་རེད། 

ཐེངས་འདིའི་༧གོང་ས་མཆོག་གི་གསུང་ཆོས་སྟེང་། ཕྱི་རྒྱལ་ཡུལ་གྲུ་ཁག་དང་རྒྱ་ནག་སྐམ་ས་ཆེན་མོ་འི་ཆོས་ཞུ་བ་དང་།  བོད་ནས་ཆོས་ཞུ་བ་ ༥༠༠ ལྷག་གཙོས་པའི་ཧི་མ་ལ་ཡའི་རི་བརྒྱུད་ཀྱི་ཆོས་ཞུ་བ་དང་བཙན་བྱོལ་བོད་མི་ ༤༠༠༠༠ ལྷག དེ་བཞིན་འཛམ་གླིང་ཡུལ་གྲུ་གང་སར་ནས་ཕེབས་པའི་གསར་འགོད་པ་ ༨༠ བརྒལ་བ་འདུ་འཛོམས་བྱུང་ཡོད་པ་དང་། གསུང་ཆོས་ཞུ་ཡུལ་དུ་བོད་གཞུང་འཕྲོད་བསྟེན་ལས་ཁུངས་ཀྱིས་ཆོས་ཞུ་བ་ཚོར་འཕྲོད་བསྟེན་ཞབས་ཞུ་དང་བོད་གཞུང་ཕྱི་དྲིལ་ལས་ཁུངས་ཀྱིས་མི་ལོ་ལྔ་བཅུའི་བོད་མིའི་སྐྱིད་སྡུག་དྲན་གསོའི་དཔར་རིས་འགྲེམ་སྟོན་སོགས་ལས་འགུལ་འདྲ་མིན་སྤེལ་མུས་སུ་ཡོད་པ་དང་། དེ་རིང་ནས་བཟུང་གསུང་ཆོས་དངོས་སུ་དབུ་འཛུགས་གནང་ཡོད་པ་རེད། 

འབྲེལ་ཡོད་གསར་འགྱུར།

Mobile App

ཆབ་སྲིད་དགོད་བརྙན་དང་དམར་པོའི་ཞི་འཐབ། ཀྲུང་ནན་ཧེ་[i]ཡི་“འཐབ་ཇུས་སྦྲིད་སྨན”།

ཆུ་ཚོད་ ༡༡ སྔོན་ལ།
 ནང་སྲིད་བཀའ་བློན་དཔལ་ལྡན་དོན་འགྲུབ་མཆོག་གིསལན་འདེབས་གསལ་བཤད་གནང་བཞིན་པ།བོད་མི་མང་སྤྱི་འཐུས་ལྷན་ཚོགས་ཀྱི་པར།
Mobile App

དྷ་སའི་སྡོད་ཁང་ ༢༡༨ ཀྱི་དཀའ་ངལ་གསལ་ཐབས་གནང་རྒྱུ་ཡིན་འདུག 

ཆུ་ཚོད་ ༡༡ སྔོན་ལ།
བོད་མི་མང་སྤྱི་འཐུས་ལྷན་ཚོགས་ཀྱི་གྲོས་ཚོགས་ཚོགས་དུས་གཉིས་པའི་ལས་ཉིན་གསུམ་པ། བོད་མི་མང་སྤྱི་འཐུས་ལྷན་ཚོགས་ཀྱི་པར། ༢༠༢༦།༩།༡༨
Mobile App

སྤྱི་འཐུས་སྒེར་གྱི་གྲོས་ཆོད་གྲོས་འཆར་གཉིས་ཟགས་པ་དང་གཅིག་སྤྱི་མོས་གཏན་འབེབས་བྱུང་། 

༢༠༢༦/༠༩/༡༨
ཕྱི་སྲིད་ལྷན་ཁང་གི་པར།
གསར་འགྱུར།

ཊོམ་དང་ཞི་གཉིས་ཀྱི་མཇལ་འཕྲད་སྐབས་གླེང་སློང་བྱེད་སྲིད་པའི་གནད་དོན་བཅུ།

༢༠༢༦/༠༩/༡༨
Anthropic-threat-intelligence-report-september-2026
Mobile App

རྒྱ་ནག་གཞུང་གིས་རྒྱལ་མཚམས་ལས་བརྒལ་བའི་དྲ་རྒྱའི་དྲག་གནོན་ལག་བསྟར་བྱེད་བཞིན་འདུག

༢༠༢༦/༠༩/༡༨
ནང་སྲིད་ལས་ཁུངས་ཀྱི་ལས་སྡོམ་སྙན་སྒྲོན་སྐབས། བོད་མི་མང་སྤྱི་འཐུས་ལྷན་ཚོགས་ཀྱི་པར།
Mobile App

རྩིས་ལོ་ ༢༠༢༥-༢༠༢༦ ནང་རུབ་སྡོད་གཞིས་ཁང་གསར་རྒྱག་ཁྲོད་དེབ་བཀོད་ཟིན་པའི་ཁྱིམ་ཚང་གྲངས་ ༢༠༢༥ བྱུང་འདུག 

༢༠༢༦/༠༩/༡༧

མཆན། 6

  1. བསྟན་འཛིན་ཤེས་རབ། says:
    ལོ་ 17 སྔོན།

    དེ་རིང་གོ་ཐོས་ལྟར་ན། ༧གོང་ས་མཆོག་གི་བཞུགས་སྒར་རྭ་སྐོར་ནང་བྷེ་ཧར་ས་གནས་དེ་ག་རང་ནས་ཡིན་པའི་དོགས་ཅན་རྒྱ་གར་བ་ཞིག་འཛུལ་ཡོང་ཡོད་པ་དང་། སྐུ་སྲུང་བ་ཚོས་འཇུས་ཏེ་རྒྱ་གར་གཞུང་གི་སྐོར་སྲུང་བར་རྩིས་སྤྲད་ཡོད་འདུག་ཟེར་བས་བདེན་པ་ཡིན་ནམ། དཀོན་མཆོག་མཁྱེན། ད་ཡིན་ན་དངོས་ནས་ཉེན་ཁ་འདུག་ག འདི་ཡང་རྒྱ་དམར་དང་འབྲེལ་བ་མེད་དམ།

    Reply
  2. བསྟན་འཛིན་ཤེས་རབ། says:
    ལོ་ 17 སྔོན།

    སྐུ་ཚེ་ཁྲི་ལོ་ནས་ཁྲི་ལོར་བརྟན་ཅིང་ཐུགས་ཀྱི་བཞེད་དོན་མཐའ་དག་ལྷུན་གྱིས་འགྲུབ་པར་ཤོག

    Reply
  3. བློ་བཟང་ཐུབ་བསྟན་ says:
    ལོ་ 17 སྔོན།

    སྤྱི་ནོར་ཡིད་བཞིན་ནོར་བུ་མཆོག་གི་གནས་མཆོག་རྡོ་རྗེ་ལྡན་དུ་གསུང་ཆོས་
    སྐབས་འགྲོ་མ་ཐུབ་པ་བློ་ཕམ་བ་ལ།། ཀུན་དགའ་དོན་འགྲུབ་
    ཁྱེད་ངེས་ལགས་པ་ལ་སླེད་བ་ལ་དཀའ་ལས་ཁ་བ་ལ། དངོས་ནས་
    ཡིན་དྲ་གྲོགས་རྣམས་ང་ད་ལོ་ཀུན་དགའ་དོན་འགྲུབ་མེད་པའི་དབང་གི་
    འགྲོ་ཐུབ་མ་སོངས་། ཨ་ཁ།

    Reply
  4. གཡག་ཕྲུག། says:
    ལོ་ 17 སྔོན།

    ས་སྟེང་རྒྱལ་བསྟན་ཡོངས་རྫོགས་ཀྱི་བདག་པོ། འཛམ་གླིང་ཞི་བདེའི་དེད་དཔོན་༸གོང་ས་ཡིིད་བཞིན་ནོར་བུ་མཆོག་སྐུ་ཚེ་ཞབས་པད་བརྟན་པ་དང་། ཐུགས་ཀྱི་བཞེད་དགོངས་མཐའ་དག་ཡིད་བཞིན་དུ་འགྲུབ་པའི་སྨོན་འདུན་ཞུ།

    Reply
  5. ཨ་མྱེ་རྫ་རྒྱ་ says:
    ལོ་ 17 སྔོན།

    བོད་མི་ས་ཡ་དྲུག་གི་དབུ་ཁྲིད་དམ་པ་༸སྤྱི་ནོར་གོང་ས་ཡིད་བཞིན་ནོར་བུ་སྐུ་ཚེ་སྐལ་བརྒྱར་བརྟན་ཅིང་ཐུགས་ཀྱི་བཞེད་དགོངས་མཐའ་དག་ལྷུན་གྱིས་འགྲུབ་པའི་སྨོན་འདུན་ཞུ།

    Reply
  6. ཐུབ་པ། says:
    ལོ་ 17 སྔོན།

    བོད་མི་སྤྱི་བོ་གནམ་བསྟན་ཡོངས་ཀྱི་དབུ་ཁྲིད་༧གོང་ས་སྐྱ་མགོན་ཡིད་བཞིན་ནོར་བུ་སྐུ་ཚེ་ཞབས་པད་བརྟན་ཅིང་མཛད་འཕྲིན་ཕྱོགས་མཐར་ཁྱབ་པའི་སྨོན་འདུན་ཞུ།

    Reply

དཔྱད་མཆན་སྤེལ། Cancel reply

Your email address will not be published. Required fields are marked *

སྤྱི་ཚོགས་དྲ་གནས།

ཁྱབ་བསྒྲགས།

དྲ་ངོས་ཀྱི་གནས་ཚུལ་ཚང་མའི་པར་དབང་བོད་ཀྱི་དུས་བབ་ལ་ཡོད།

གློག་འཕྲིན།

editor@tibettimes.net | office@tibettimes.net

ཁ་པར།

+91-98823-47075 | +91-92189-38041 | +91-81972-44372

Welcome Back!

OR

Login to your account below

Forgotten Password?

Retrieve your password

Please enter your username or email address to reset your password.

Log In

Add New Playlist

No Result
ཆ་ཚང་གཟིགས།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
    • གླ་ཡོད་རིན་གོང་།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese