མདུན་ངོས།
About Us
  • English
Advertisement
བོད་ཀྱི་དུས་བབ།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
    • གླ་ཡོད་རིན་གོང་།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese
No Result
ཆ་ཚང་གཟིགས།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
    • གླ་ཡོད་རིན་གོང་།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese
No Result
ཆ་ཚང་གཟིགས།
བོད་ཀྱི་དུས་བབ།
English
No Result
ཆ་ཚང་གཟིགས།

ལྷ་སའི་ས་འོག་ལམ།

བོད་ཀྱི་དུས་བབ།
༢༠༡༠/༠༡/༠༦
Share on FacebookShare on TwitterShare on EmailShare on Whatsapp

བོད་ཀྱི་རྒྱལ་ས་ལྷ་སའི་ཕོ་བྲང་པོ་ཏ་ལའི་མདུན་གྱི་པེ་ཅིན་དཀྱིལ་ལམ་དང་ཤར་ངོས་ཀྱི་མཁར་རྔ་མདོང་ལམ་ཟེར་བ་གཉིས་སུ་ནམ་ཀུན་ཡུལ་སྐོར་བ་དང་མཆོད་མཇལ་བ་ཕར་འགྲོ་ཚུར་འོང་བྱེད་མཁན་མང་བ་དང་། འགྲིམ་འགྲུལ་སྐྱེལ་འདྲེན་སྟབས་བདེ་མིན་པ། རླངས་འཁོར་རིགས་ཀྱི་འགྲུལ་བཞུད་ཀྱི་དོན་རྐྱེན་ཉེན་ཁ་ཆེ་བ་སོགས་ཀྱི་མིང་ཐོག་ནས།  བོད་རང་སྐྱོང་ལྗོངས་མི་དམངས་སྲིད་གཞུང་གིས་ཕོ་བྲང་པོ་ཏ་ལའི་ཐང་ཆེན་གྱི་ཤར་ནུབ་གཉིས་སུ་ས་འོག་འགྲོ་ལམ་བསྐྲུན་རྒྱུའི་བཀའ་རྒྱ་བཏང་བ་ལྟར། ད་ཆར་ལས་གཞི་དེ་དངོས་སུ་མགོ་འཛུགས་བྱས་ཟིན་ཡོད་འདུག་ཅིང་། འཛུགས་སྐྲུན་དེའི་གཡས་གཡོན་ཚང་མར་གྱང་སྐོར་ནས་བཀག་སྡོམ་བྱས་ཡོད་སྟབས། ལོགས་སུ་འགྲོ་ལམ་གུ་དོག་ཅིང་སྟབས་མི་བདེ་བ་ཞིག་བཞག་ཡོད་ནའང་། རྒྱ་ཆེའི་དད་ལྡན་མང་ཚོགས་ཚོས་ཕོ་བྲང་པོ་ཏ་ལར་སྐོར་གསག་ཕྱག་འབུལ་བྱ་རྒྱུ་དང་། ཡུལ་སྐོར་བ་འགྲོ་སྐྱོད་བྱེད་རྒྱུ་སོགས་ལ་འགོག་རྐྱེན་མི་ཉུང་བ་ཞིག་འཕྲད་ཀྱིན་ཡོད་འདུག ས་འོག་འགྲོ་ལམ་གྱི་ལས་གཞི་དེ་ཟླ་སྔོན་མའི་ཕྱི་ཚེས་ ༡༦ ཉིན་དངོས་སུ་མགོ་བཙུགས་པ་དང་། འཆར་གཞི་ལྟར་ན་ད་ལོའི་སྤྱི་ཟླ་ལྔ་པའི་ཚེས་ ༡ གོང་འཛུགས་སྐྲུན་ཡོངས་སུ་འགྲུབ་དགོས་པ་ཡིན་འདུག

འབྲེལ་ཡོད་གསར་འགྱུར།

tibettimes
༸གོང་ས་མཆོག གསར་འགྱུར།

༸གོང་ས་མཆོག་ནས་ཁཱལ་མུག་གི་སྲིད་འཛིན་ཟུར་པར་མཇལ་ཁ་སྩལ།

ཆུ་ཚོད་ ༡༧ སྔོན་ལ།
(File image) Jean-François Humbert and other French Parliamentarians with His Holiness the Dalai Lama in Toulouse, France, on 15 August 2011
Mobile App

བོད་དོན་རྒྱབ་སྐྱོར་བ་སྐུ་ཞབས་ཧམ་བྷར་ཊི་ལགས་སྐུ་གྲོངས་བར་མྱ་ངན་ཞུས། 

ཆུ་ཚོད་ ༡༩ སྔོན་ལ།
ཨ་རུ་ན་ཅལ་གྱི་བུད་མེད་པདྨ་དབང་འཛོམས་ལགས་རྒྱ་ནག་ཧྲང་ཧེ་གནམ་ཐང་ནས་བཀག་འགོག་བྱས། ༢༠༢༥།༡༡།༢༡ དྲ་ལམ་གྱི་པར།
Mobile App

ཧྲང་ཧེ་གནམ་ཐང་ནས་པདྨ་དབང་འཛོམས་ལ་བཀག་འགོག་དང་སྡིགས་དམོད་བྱས།

༢༠༢༥/༡༡/༢༤
བོད་ཀྱི་རྒྱལ་ཡོངས་མང་གཙོ་ཚོགས་པའི་ཚོགས་ཆེན་ཐེངས་ ༡༠ པ་འཚོག་བཞིན་པ། ༢༠༢༥།༡༡།༢༤ དུས་བབ་ཀྱི་པར།
གསར་འགྱུར།

བོད་ཀྱི་རྒྱལ་ཡོངས་མང་གཙོ་ཚོགས་པས་སྲིད་སྤྱི་འོས་བསྡུའི་སྐོར་སོགས་ལ་བགྲོ་གླེང་གནང་གི་འདུག

༢༠༢༥/༡༡/༢༤
Indo-Tibetan Border Police (ITBP) personnel show skills during the police force’s 64th Raising Day, in Udhampur, Jammu and Kashmir, on November 22, 2025 | Photo Credit: PTI
Mobile App

འཕགས་བོད་ས་མཚམས་སུ་བུད་མེད་ཀྱི་དམག་དཔུང་ས་ཚིགས་གསར་འཛུགས་གནང་།

༢༠༢༥/༡༡/༢༤
དབུ་དཀར་ཚང་སྐལ་བཟང་རྡོ་རྗེ་ལགས་ཕྱི་ལོ་ ༢༠༢༦ ལོའི་སྲིད་སྐྱོང་གི་འོས་མིར་ལངས་པའི་གསལ་བསྒྲགས་སྐབས། བོད་ཀྱི་དུས་བབ་གསར་ཁང་གི་པར། ༢༠༢༥།༡༡།༢༡
Mobile App

དབུ་དཀར་ཚང་སྐལ་བཟང་རྡོ་རྗེ་ལགས་ཕྱི་ལོ་ ༢༠༢༦ ལོའི་སྲིད་སྐྱོང་གི་འོས་མིར་བཞེངས་པའི་གསལ་བསྒྲགས་བྱས།

༢༠༢༥/༡༡/༢༡

མཆན། 16

  1. བྱམས་རྒྱལ། says:
    ལོ་ 16 སྔོན།

    དྲ་གྲོགས་བསྟན་འཛིན་ཤེས་རབ་ལགས།

    ས་སྟེང་ལུས་པོ་མི་ཤོང་བ་ ལམ་སྟེང་རྐང་པ་མི་ཤོང་བ་ འདི་རང་ཡུལ་ལ་རྒྱ་རིགས་མི་འབོར་ཚད་ལས་བརྒལ་བ་ཡོད་པ་བསྟན་གྱི་ཡོད་རེད་ལགས།

    གཏོང་ལེ་རེད་གོ་གཏོང་ལེ་རེད་།
    རྒྱ་དམར་པོས་ཡར་རྒྱས་གཏོང་ལེ་རེད་།
    བྱ་སྔ་མ་ཤི་བའི་སྒྲོ་ལ་ལྟོས།
    ཕྱི་མ་དེ་དང་གཅིག་པ་ཡིན།

    Reply
  2. བསྟན་འཛིན་ཤེས་རབ། says:
    ལོ་ 16 སྔོན།

    སྤོབས་པ་མཐའ་ཡས་ལགས། ཁ་གྲགས་མ་ཐག་མི་ལ་ཞྭ་ནག་པོ་གཡོག་རྩིས་མ་བྱེད་རོགས་གནོངས། དོན་ངོ་མར་ཉིད་ཀྱིས་ཅི་ཞིག་གསུང་འདོད། ཐད་ཀར་གསུང་ན་འགྲིག་པ་རེད། སྐོར་ནས་གསུང་དགོས་དོན་ཡོད་པ་མ་རེད། ང་རང་བོད་དུ་ཕྱིན་ཏེ་ཕྱིར་སླེབས་མ་ཐག་ཡིན། འདི་གའི་གནས་ཚུལ་མང་བོར་ད་དུང་ཆ་རྒྱུས་དེ་ཙམ་མེད་པ་ཡིན། དེ་བས་སྐུ་ཉིད་ཀྱིས་གསུང་བའི་ཁྱོད་ཚོ་དཔུང་ཁག་ཟེར་བ་དེར་རྒྱུས་མེད། བདག་གིས་བཤད་པ་ནི་བོད་ས་གནས་དེ་གའི་གནས་ཚུལ་ལ་ཆ་རྒྱུས་ཡོད་ནས་བཤད་པ་མ་གཏོགས་སྐུ་ཉིད་ནང་བཞིན་སྐྲག་མི་དགོས་སའི་རང་དབང་ལུང་བ་ནང་ནས་དཔུང་བ་བརྫིས་ཏེ་རྒྱུས་མེད་རྒྱུས་གཏམ་བཤད་པ་ཞིག་མིན། རྗེས་སོར་གནས་ཚུལ་དངོས་མཁྱེན་པ་གནང་སྟེ་སྐད་ཆ་གསུང་རྒྱུ་གལ་ཆེ་ཡ་་་་་་་་་

    Reply
  3. སྤོབས་པ་མཐའ་ཡས། says:
    ལོ་ 16 སྔོན།

    དེ་རེད། བསྟན་འཛིན་ཤེས་རབ་ཟེར་བ་ཞིག་སླེབས་བྱུང་། པོ་ཏ་ལའི་མདུན་ཀྱི་ལམ་ལ་མ་ཐར་ནས་སུ་ལྷག་ཡོད་མཁན་ཞིག་ཡིན་ས་རེད། ད་ཁྱོད་ཚོ་དཔུང་ཁག་ཇེ་ཆེར་འགྲོ་བཞིན་འདུག་ད།

    Reply
  4. བསྟན་འཛིན་ཤེས་རབ། says:
    ལོ་ 16 སྔོན།

    དུས་རྒྱུན་འགྲོ་འདུག་སྐབས་པོ་ཏ་ལའི་མདུན་ངོས་གཡས་གཡོན་གཉིས་ཀྱི་འགྲོ་ལམ་ནི་སྟབས་བདེ་མིན་པ་སུ་ལ་ཡང་ཧ་ཅང་གསལ་བོ་རེད། དེའི་འགྲིམ་འགྲུལ་སྟབས་བདེ་བཟོ་བ་ནི་དུས་ཐོག་ཆར་བ་ཡིན་པས་ང་ཚོས་ཡི་རངས་བྱས་ན་རེད། ཡོད་ཚད་ལ་མིག་ཤེལ་དམར་བོ་གྱོན་ཏེ་ལྟ་བ་ནི་ང་ཚོའི་ནོར་འཁྲུལ་ཞིག་མ་རེད་དམ། ང་ཚོས་ཕར་དྲང་བདེན་དགོས་ཞེས་བཤད་པ་བཞིན་རང་ངོས་ནས་ཀྱང་དྲང་བདེན་གྱི་གཤིས་ཀ་ཞིག་དགོས་པ་རེད་ཡ་་་་་་་་

    Reply
  5. ཅོ་རི་ཉི་མ། says:
    ལོ་ 16 སྔོན།

    མི་ཆུང་དང་ནད་པ་གཉིས་བོད་ཡར་རྒྱས་ཡོད་མེད་ནི་བོད་མི་ཡར་རྒྱས་ཡོད་མེད་ལ་ལྟ་དགོས་ལས་ལྷ་སར་གྲོང་ཁྱེར་ཆེན་པོ་ཆགས་དང་མ་ཆགས་ལ་ལྟ་གྱིན་མེད།
    ལྷ་སར་གྲོང་ཁྱེར་ལོ་༢༠་ནང་དུ་གཞུང་ལམ་དང་ཚོང་ཁང་ཟ་ཁང་ལ་སོགས་ཡར་རྒྱས་ཆེན་པོ་འདུག་ཡིན་ཡང་དེའི་ནང་དུ་སྡོད་པའི་བོད་མི་རྣམས་ཀྱིས་ད་ལྟར་ཡང་གཟུགས་པོ་ཁྲིས་སའི་ཆ་རྐྱེན་མེད་ནས་སྡོད་འདུག
    བོད་མི་ལ་ཡར་རྒྱས་མེད་ན་བོད་ལ་རྒྱས་མེད་པ་ཤེས་དགོས་ཨ་མེ་ཀ་ཡར་རྒྱས་ཆེན་པོ་ཡོད་ཀྱང་ས་དེའི་དོན་གྱི་བདག་པོ་མི་རིགས་དམར་པོའི་གནས་ཚུལ་གཟིགས་དང།
    ངས་བསམ་ཚུལ་བཤད་ན་རྒྱ་ནག་གིས་རྗེས་མ་རྒྱ་གར་མཉམ་དུ་དམག་རྒྱག་དུས་ས་འོག་བེད་སྤྱོད་བྱེད་པའི་ཆེད་དུ་རེད་དྲན་གྱིན་འདུག་

    Reply
  6. བྱམས་རྒྱལ། says:
    ལོ་ 16 སྔོན།

    གུང་ཁྲན་ཏང་ལ་དཀར་དཀར་མཐོང་བ་དང་།
    རྒྱལ་ཞན་ཅན་ལ་ནག་ནག་མཐོང་མཁན་གྱི།
    མི་ཆུང་ཆུང་ཁ་དེ་ཆེ་འདྲ་ཡང་།
    དོན་ངོ་མ་མིག་དེ་ལོང་ནི་འདུག་།

    མི་བདེན་མི་བདེན་ཟེར་རབ་མང་།
    དུས་ད་རེས་སྤོབས་པ་མཐའ་ཡས་བདེན་།
    ཁོ་མི་ཆུང་ལོག་ལམ་འཕྱན་པ་ལ།
    ཁྱོད་སྤོབས་པ་རང་སེམས་མ་སྐྱོ་རོགས།

    Reply
  7. སྤོབས་པ་མཐའ་ཡས། says:
    ལོ་ 16 སྔོན།

    ངས་རྒྱུན་དུ་མི་ཆུང་ལ་མཐོང་ཕྱོགས་ཡག་པོ་འཛིན་བཞིན་ཡོད་ཀྱང་དེ་རིང་ནད་པའི་ལད་ཟློས་འདྲ་ཞིག་བྱས་སོང་བས་ཡིད་མ་བདེ་སྟབས་ངས་མི་ཆུང་ཡང་ནད་པ་དང་མཉམ་དུ་སྦྱར་ནས་སྐྱོན་བརྗོད་བྱས་ཤོར་བས་དགོངས་འགལ་མེད་པ་ཞུ།

    Reply
  8. མི་ཆུང་། says:
    ལོ་ 16 སྔོན།

    གུང་ཁྲན་ཏང་གིས་དཀར་པོར་རིག་ཚུལ་གཅིག།
    རྒྱལ་ཞེན་ཅན་གྱིས་ནག་པོར་མཐོང་སྟངས་གཉིས།།
    དྲང་པོས་གཞུང་བསྲངས་བདེན་མིན་དཔྱོད་པ་གསུམ།།
    ཀུན་གྱི་དོན་པོ་ཕྱི་མར་ལག་འཇུ་བྱོས།།

    སྤོབས་པ་མཐས་ཡས་སེམས་པ་ནང་དུ་ཕྱོགས།།
    ནད་པ་ཅན་འགའ་ཅུང་ཙམ་ཕྱི་ལ་ཤོར།།
    གཡས་གཡོན་གཉིས་ཀྱི་བར་དུ་ལུས་པ་ཡི།།
    མི་ཆུང་གཏེ་པོའི་སྙིང་གཏམ་འདི་ལ་དཔྱོད།།

    Reply
  9. སྤོབས་པ་མཐའ་ཡས། says:
    ལོ་ 16 སྔོན།

    རེད། རེད། རྒྱ་ནནག་གིས་འགྲིགས་མ་སོང་ཟེར་དུས་ནད་པ་དང་ཁྱོད་ཚོ་གཅིག་ཤོར་གཉིས་ཤོར་བྱས་ནས་སླེབས་ཡོང་བ་འདི་ཡང་ཡག་རྟགས་ཤིག་མ་རེད། ང་རང་རྒྱལ་གཞན་ཕམ་ཤུགས་དྲགས་པ་རེད། ཁྱོད་ཚོ་བདག་ལས་གཞན་གཅེས་ཤུགས་དྲགས་པ་རེད། བོད་མི་འབོར་ཆུང་ཆུང་རེད། ས་ཁར་མི་ཤོང་བའི་དཀའ་ངལ་མེད་པ་རེད། ད་རྒྱ་མི་ས་ཁར་མི་ཤོང་ནས་ས་འོག་ཏུ་ཡང་ལམ་བཟོ་དགོས་ཐུག་གིན་ཡོད་པ་རེད། རྒྱ་མིས་ལས་གང་བྱེད་ཐམས་ཅད་སྡུག་པ་རེད་ཟེར་གྱིན་མེད། ཡིན་ན་ཡང་རྒྱ་མིས་བོད་འཛུགས་སྐྲུན་ཟེར་བ་དེ་ཚོས་བོད་མི་ལ་ཕན་ཐོགས་ཀྱི་མ་རེད་ཟེར་གྱིན་ཡོད།

    Reply
  10. བློ་བཟང་ཐུབ་བསྟན་ says:
    ལོ་ 16 སྔོན།

    ཨ་ཁ་།སེམས་གུ་དོགས་བ་ལགས་།རྒྱ་མི་ལས་གང་བྱེད་ཐམས་བཅད་གདུག་བ་
    ཡིན་གྱི་མ་རེད་།དེ་འདྲིས་སྣང་བ་ཤར་བ་དེ་རང་རྒྱལ་གཞན་ཕམ་གྱི་བསམ་བློ
    ཤུགས་ཆེ་བའི་ཡིན་གྱི་རེད་།བྱ་བ་དེ་ལེགས་པའི་བྱ་བ་ཞིག་རེད་།དྲང་པོ་བཤད་ན་
    ནད་པ་གི་གསུང་པ་ཞིན་རེད།

    Reply
  11. སྤོབས་པ་མཐའ་ཡས། says:
    ལོ་ 16 སྔོན།

    གོང་གི་ནད་པ་དང་མི་ཆུང་གཉིས་ཀྱི་སྐད་ཆ་ཉན་རྒྱུ་གང་ཡང་མི་འདུག འདི་ཡག་རྟགས་ཤིག་ཅང་མ་རེད། ད་རྒྱ་འདྲེ་དེ་ཚོ་བོད་ཀྱི་ས་ཁར་མ་ཤོང་ནས་ས་འོག་ཏུ་ཡང་ལམ་བཟོ་དགོས་ཀྱིན་ཡོད་པ་རེད། མིའི་འཚང་ཁ་ཆེ་བ་དེ་ཡར་རྒྱས་མ་རེད་མར་རྒུད་རེད། འདི་ཡང་ཤེས་ཀྱིན་མེད་དམ། ང་ཚོ་བོད་རིགས་ཚོ་གྲུ་ཟུར་ནས་གྲུ་ཟུར་དུ་དེད་དེ་མཐར་རྒྱང་ཕུད་གཏོང་གིན་ཡོད་པ་རེད།

    Reply
  12. ཁ་བའི་བུ། says:
    ལོ་ 16 སྔོན།

    འདི་ནི་དངོས་གནས་ཐོས་འདོད་མེད་པའི་གཏམ་ངན་ཞིག་རེད།
    གང་ཡིན་ཅེ་ན ཁོང་ཚོས་རིམ་བཞིན་པོ་ཏ་ལའི་གོང་འོག་ཚང་མ་སྟོང་པ་བཟོ་འཆར་ཡོད་པའི་བརྡ་རྟགས་རེད་སྙམས།
    ང་ཚོས་འདི་ལ་དོག་གཞི་ནན་པོ་བྱེད་དགོས།

    Reply
  13. མི་ཆུང་། says:
    ལོ་ 16 སྔོན།

    རེད་རེད། འཛུགས་སྐྲུན་ཡོད་ཚད་རང་གིས་ལས་མ་ཐུབ་ཀྱང་ཁོང་ཚོས་ལས་པར་ང་ཚོ་ན་ཟུག་རྒྱག་རྒྱུ་མེད། དེ་ཚོ་ནི། དེང་རབས་ཀྱི་དཔལ་ཡོན་རེད། དེ་མིན་གང་བྱུང་གི་གཏེར་ཁ་སྔོན་འདོན་དང་། ཤིང་ནགས་གཅོད་བྲེགས་སོགས་ལ་ང་ཚོས་ཁ་གྲགས་དགོས། ཁ་རྡུང་ཡང་གཏོང་དགོས། གཞན་དཔལ་དོན་གྲུབ་རྒྱལ་གྱི་གསུངས་པ་བཞིན། སྔོན་ཆད་ཀྱི་ད་ལྟའི་ཚབ་བྱེད་མི་ཐུབ་ལ། བ་ཚྭའི་དྲི་དང་ལྡན་པའི་ཆུ་ཡིས་དེ་རིང་གི་སྐོམ་པ་ག་ལ་སེལ་ནུས། བསམ་བློ་ཐོངས།

    Reply
  14. ནད་པ says:
    ལོ་ 16 སྔོན།

    ས་འོག་ཏུ་མེ་ཊོར་ ” Metro”གྱི་ལམ་བཟོ་བཞིན་ཡོད་པ་དེ་དེང་རབས་དང་མཐུན་པར་སྤྱི་ཚོགས་ཡར་རྒྱས་ཀྱི་རྣམ་པ་ཞིག་དང་འཕེལ་རྒྱས་ལ་ཁ་ཕྱོགས་པའི་གོམ་སྟོབས་ཅིག་ཡིན་པས་བོད་ལྗོངས་ཀྱི་སྤྱི་ཚོགས་ཀྱི་རྣམ་པ་མངོན་གསལ་དོད་པོེས་ཡར་རྒྱས་གཏོང་བཞིན་ཡོད་པ་དེ་ཧ་ཅང་གི་ཡག་པོ་རེད།

    བོད་ལྗོངས་ཁྱོན་ཡོངས་སུ་གློག་དང་། ལམ་ཆེན། ཟམ་པ། ས་འོག་འགྲོ་ལམ། འཐུང་ཆུ། ཁང་པ་སོགས་ཡར་རྒཡས་ཀྱི་རྣམ་པར་འགྱུར་བ་གཏོང་བཞིན་ཡོད་པ་དེ་དུས་དང་མཐུན་པ་རེད་ལ་དངོས་ཡོད་ཕན་ཐོག་ཆེན་པོ་ཞིག་ཡིན་སྟབས་གུང་ཁྲན་ཏང་གིས་བོད་ལྗོངས་ཡར་རྒྱས་སུ་གཏོང་རྒྱུར་འགྲོ་གྲོན་ཕོན་ཆེན་གཏོང་བཞིན་ཡོད་པ་དེར་ང་ཚོས་ཀྱང་ཁས་ལེན་དགོས་ལ་དོན་དངོས་ཐོག་དགའ་འོས་པ་ཞིག་རེད།

    དེ་ནི་བོད་ལྗོངས་སུ་འཚོ་སྡོད་བྱེད་བཞིན་པའི་བོད་མི་ཡོངས་དང་སྤྱི་ཚོགས་ཁྱོན་ཡོངས་ཀྱི་གནས་བབ་ལ་ཕན་ཐོག་ཡོད་པའི་བྱ་གཞག་ཞིག་ཡིན་སྟབས་ང་ཚོའི་གངས་ལྗོངས་ས་མཐོ་དེ་ཡང་འཛམ་གླིང་སྤྱི་དང་མཐུན་པར་གོམ་སྟོབས་ཇེ་མགྱོགས་སུ་སྤོ་ཐུབ་པ་ཞིག་བྱེད་དགོས་ངེས་རེད།

    Reply
  15. ཁ་བ་ནག་པོ། says:
    ལོ་ 16 སྔོན།

    རྒྱ་ཡིག་ཆེན་པོ་དེ་ཚོས་ཡོད་ཚད་ཐག་བཅད་ཚར་འདུག

    Reply
  16. ཆུ་ཐིགས་སྔོན་མོ། says:
    ལོ་ 16 སྔོན།

    ད་ཡིན་ན་ས་སྟེང་འོག་ཚང་མར་གནས་འཆའ་ས་ཞིག་བཟོ་བཞིན་འདུག་ཁྱི་རྒན་ཚོས།་་་་་་ནམ་ཞིག་ལ་པོ་ཏ་ལ་འོག་དེ་སྟོང་པ་བཟོ་ས་རེད་ཡ།

    Reply

དཔྱད་མཆན་སྤེལ། Cancel reply

Your email address will not be published. Required fields are marked *

སྤྱི་ཚོགས་དྲ་གནས།

ཁྱབ་བསྒྲགས།

དྲ་ངོས་ཀྱི་གནས་ཚུལ་ཚང་མའི་པར་དབང་བོད་ཀྱི་དུས་བབ་ལ་ཡོད།

གློག་འཕྲིན།

editor@tibettimes.net | office@tibettimes.net

ཁ་པར།

+91-98823-47075 | +91-92189-38041 | +91-81972-44372

Welcome Back!

OR

Login to your account below

Forgotten Password?

Retrieve your password

Please enter your username or email address to reset your password.

Log In

Add New Playlist

No Result
ཆ་ཚང་གཟིགས།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
    • གླ་ཡོད་རིན་གོང་།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese