མདུན་ངོས།
About Us
  • English
Advertisement
བོད་ཀྱི་དུས་བབ།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
    • གླ་ཡོད་རིན་གོང་།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese
No Result
ཆ་ཚང་གཟིགས།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
    • གླ་ཡོད་རིན་གོང་།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese
No Result
ཆ་ཚང་གཟིགས།
བོད་ཀྱི་དུས་བབ།
English
No Result
ཆ་ཚང་གཟིགས།

རྒྱ་རིགས་ཆིག་སྟོང་ལ་མཇལ་འཕྲད་གནང་བ།

བོད་ཀྱི་དུས་བབ།
༢༠༡༠/༠༡/༠༧
Share on FacebookShare on TwitterShare on EmailShare on Whatsapp

༧གོང་ས་མཆོག་གིས་རྒྱ་རིགས་ ༡༠༠༠ ལ་མཇལ་འཕྲད་ཀྱིས་ངོས་དང་ཐའེ་ཝན་གྱི་མཁན་པོ་གཉིས་ཀྱིས་མ་འོངས་རྒྱ་ནག་རི་བོ་ རྩེ་ལྔ་ནས་ཆོས་སྤེལ་རྒྱུའི་སྨོན་ལམ་བརྒྱབས་ཡོད། གཅིག་བྱས་ན་ངེད་ཅག་རྒྱ་ནག་རི་བོ་རྩེ་ལྔ་ནས་མཇལ་ཐུབ་ཀྱི་རེད་ཅེས་གསུངས་ཡོད།

ཕྱི་ཚེས་ ༥ ཉིན་གྱི་ཞོགས་པའི་ཆུ་ཚོད་ ༩ པའི་སྟེང་༧གོང་ས་མཆོག་གིས་གསུང་ཆོས་དབུ་འཛུགས་སྐབས་་གསུངས་དོན། ངོས་ནས་ཐེངས་འདིར་གནས་མཆོག་རྡོ་རྗེ་གདན་དུ་གསུང་ཆོས་གནང་ཐུབ་པར་དགའ་སྤྲོ་སྐྱེས་ཡོད་ལ། ང་རང་ཚོ་ཆོས་བཤད་མཁན་དང་གསུང་བཤད་གནང་མཁན་སུ་ཡིན་ཡང་། ཀུན་སློང་རྣམ་དག་ཞིག་ཡོད་རྒྱུ་ནི་ཧ་ཅང་གལ་ཆེན་པོ་ཡིན། ངོས་རང་ལ་མཚོན་ན་ཆོས་བཤད་མཁན་ཞིག་ཡིན་པའི་ཆ་ནས་རང་ཉིད་ཀྱི་ནུས་པ་གང་ཡོད་ཀྱིས་ཆོས་འཆད་གི་རེད་ལ། ཁྱེད་རང་ཚོར་མཚོན་ནའང་བློ་རྩེ་གཅིག་ཏུ་བསྒྲིམས་ཏེ་ཉན་ན་ཕན་འབྲས་འབྱུང་གི་རེད། དེ་མ་ཡིན་པར་ཆོས་ཉན་པ་དེ་སོ་སོའི་ཁེ་ཕན་དང་སྙན་གྲགས་ཤིག་དུ་བསམ་པ་ཡིན་ན་འགྲིག་གི་ཡོད་པ་མ་རེད། ཅེས་དང་། ཡང་གསུང་ཆོས་ཀྱི་སྐབས་སུ་༧གོང་ས་མཆོག་གིས། ང་ཚོ་མི་རེ་རེའི་ནང་སེམས་ལ་ཞི་བདེ་བསྐྲུན་ཏེ་ང་ཚོ་མཉམ་རུབ་ཀྱིས་འཛམ་གླིང་ལ་ཞི་བདེ་སྐྲུན་དགོས་པ་རེད། དམག་འཁྲུག་གི་དུས་རབས་མཇུག་རྫོགས་པའི་དུས་སྐབས་འདིའི་ནང་ཆོས་ལ་དོ་སྣང་ཆེ་རུ་ཕྱིན་ཡོད། ཚན་རིག་གིས་འགྲོ་བ་མིར་སྔོན་མེད་ཀྱི་སྟབས་བདེ་བསྐྲུན་ཡོད་ཀྱང། འཛམ་གླིང་ས་ཕྱོགས་གང་སར་ནང་སེམས་ཀྱི་སྡུག་བསྔལ་དང་དཀའ་ངལ་གང་མང་ཞིག་འབྱུང་གི་ཡོད་ལ། རྒྱ་ནག་ལ་མཚོན་ནའང་ལྐོག་ཟ་རུལ་སུངས་ཀྱི་སྣང་ཚུལ་མང་དུ་འགྲོ་བཞིན་ཡོད་པ་དང་། ཁོང་ཚོས་དངུལ་སྒོར་དེ་ཡོད་ཚད་དུ་ངོས་འཛིན་བྱེད་ཀྱིན་ཡོད་པ་ལས། མིའི་དཔལ་ཡོན་དང་ལ་དོ་སྣང་བྱེད་ཀྱི་མེད་པ་རེད། དེ་དག་ཡོད་ཚད་ལས་ཆོས་ཀྱིས་མིའི་ནང་སེམས་ལ་བདེ་བ་སྐྲུན་ཐུབ་པ་དང་། འགྲོ་བ་མིའི་ཞི་བདེ་ལ་མེད་དུ་མི་རུང་བའི་བ་ཞིག་ཆགས་ཡོད་ཅེས་བཀའ་སློབ་གནང་བར་མ་ཟད། མི་རྣམས་ཀྱིས་དྲང་བདེན་དང་ཕྱི་གསལ་ནང་གསལ་གྱིས་བྱ་བ་བསྒྲུབ་དགོས་པ་དང་། དགེ་འདུན་པས་འདུལ་ཁྲིམས་སྲུང་དགོས་པའི་སྐོར་སོགས་ཀྱི་བཀའ་སློབ་གནང་ཡོད་པ་རེད།

ཕྱི་ཚེས་ ༦ ཉིན་༧གོང་ས་མཆོག་གིས་གསུང་ཆོས་གྲུབ་རྗེས་ཧོང་ཀོང་དང་ཐའེ་ཝན། མ་ལེ་ཤི་ཡ། རྒྱ་ནག་སྐམ་ས་ཆེན་མོའི་མི་ ༡༠ བཅས་བསྡོམས་རྒྱ་རིགས་དད་ལྡན་པ་ ༡༠༠༠ ལྷག་ལ་མཇལ་འཕྲད་དང་བཀའ་སློབ་གནང་ཡོད་ལ། ༧གོང་ས་མཆོག་གིས། འདས་པའི་དུས་སུ་ངོས་རང་ངྷ་རམ་ས་ལ་ནས་ཐའེ་ཝན་གྱི་མཁན་པོ་ཞིག་ལ་ཐུག་འཕྲད་བྱུང་སྟེ། ངེད་གཉིས་ཀྱིས་མ་འོངས་པའི་ཉིན་ཞིག་རྒྱ་ནག་རི་བོ་རྩེ་ལྔ་ནས་མཉམ་འཛོམས་ཀྱིས་ཁོང་གིས་རྒྱ་སྐད་ཀྱི་ལམ་ནས་ཆོས་སྤེལ་རྒྱུ་དང་ངོས་ཀྱིས་བོད་སྐད་ཀྱི་ལམ་ནས་ཆོས་སྤེལ་རྒྱུ། གཞན་ད་དུང་རྒྱ་གར་བ་ཞིག་གིས་ལེགས་སྦྱར་སྐད་ཀྱི་ཐོག་ནས་ཆོས་སྤེལ་རྒྱུའི་སྨོན་ལམ་བརྒྱབས་ཡོད། གཅིག་བྱས་ན་ཁྱེད་རང་ཚོའི་ཁྲོད་ཀྱི་མི་ཁ་ཤས་ཀྱང་སྐབས་དེར་རྒྱ་ནག་རི་བོ་རྩེ་ལྔར་འཛོམས་ཐུབ་ཀྱི་རེད། ཅེས་གསུངས་འདུག་ལ། ཡང་༧གོང་ས་མཆོག་གིས། རྒྱ་ནག་ལ་བོད་ལས་ཆོས་ལུགས་དར་སྔ་བར་མ་ཟད། རྩ་བའི་ཆ་ནས་སངས་རྒྱས་ཆོས་ལུགས་ཏེ་རྒྱ་ནག་གི་སྲོལ་རྒྱུན་གྱི་ཆོས་ལུགས་ཤིག་ཆགས་ཡོད་པ་དང་། ཁྱེད་རང་ཚོས་ཕ་མེས་ཡང་མེས་ནས་བརྒྱུད་པའི་ཁྱད་ནོར་སངས་རྒྱས་ཆོས་ལུགས་རྒྱུན་འཛིན་དང་དར་སྤེལ་བྱ་རྒྱུ་གལ་ཆེན་པོ་རེད། ཆོས་ལུགས་དར་སྤེལ་དེ་ཡང་སྨོན་ལམ་ཙམ་མིན་པར་ཆོས་ལ་སློབ་སྦྱོང་བྱས་ཏེ། ནམ་རྒྱུན་གྱི་འཚོ་བའི་ནང་ལག་བསྟར་དང་བེད་སྤྱོད་བྱ་རྒྱུ་གལ་ཆེན་པོ་རེད། ཅེས་གསུངས་ཡོད་པ་རེེད། 

ཐེངས་འདིར་༧གོང་ས་མཆོག་གིས་ཕྱི་སྡོད་རྒྱ་རིགས་རྣམས་ལ་མཇལ་འཕྲད་གནང་ཡོད་པ་དང་། དེ་རིང་༧གོང་ས་མཆོག་གིས་རྒྱ་ནག་སྐམ་ས་ཆེན་མོ་ནས་འོང་བའི་རྒྱ་རིགས་དད་ལྡན་པ་རྣམས་ལ་དམིགས་བསལ་མཇལ་འཕྲད་གནང་འཆར་ཡོད་འདུག

འབྲེལ་ཡོད་གསར་འགྱུར།

སྐྱབས་རྗེ་བཀའ་ཟུར་ཀིརྟི་རིན་པོ་ཆེ་མཆོག་གི་མཛད་རྣམ་ཤར་སྟག་མོའི་བུ་ཞེས་པའི་འཕྲུལ་དེབ་འགྲེམས་སྤེལ་གྱི་མཛད་སྒོ་དང་དཔྱད་བརྗོད་བགྲོ་གླེང་འཚོགས། བོད་ཀྱི་དུས་བབ་གསར་ཁང་གི་པར། ༢༠༢༥།༥།༩
Mobile App

བཀའ་ཟུར་༧སྐྱབས་རྗེ་ཀིརྟི་རིན་པོ་ཆེ་མཆོག་གི་མཛད་རྣམ་ཤར་སྟག་མོའི་བུ་ཞེས་པའི་འཕྲུལ་དེབ་འགྲེམས་སྤེལ་གྱི་མཛད་སྒོ་འཚོགས།

སྐར་མ ༤༩ སྔོན་ལ།
Mobile App

བོད་རིགས་ཨ་རི་བ་ཨ་ཧྥ་ཊབ་ཀརྨ་སིང་པུ་རི་ཝལ་ལགས་སུ་འོས་བསྡུའི་ཁྲོད་རྒྱལ་ཁ་ཐོབ།

ཆུ་ཚོད་ ༣ སྔོན་ལ།
The Dalai Lama offers blessings to his followers at his Himalayan residence in the northern hill town of Dharamshala, India, on December 20, 2024 [Priyanshu Singh/Reuters]
༸གོང་ས་མཆོག གསར་འགྱུར།

ཡུ་རོབ་གྲོས་ཚོགས་སུ་༧གོང་ས་མཆོག་གི་ཡང་སྲིད་དང་འབྲེལ་བའི་གྲོས་ཆོད་ཅིག་གཏན་འབེབས་བྱུང་། 

ཆུ་ཚོད་ ༤ སྔོན་ལ།
༧གོང་ས་རྒྱལ་བ་རིན་པོ་ཆེ་མཆོག་ཡེ་ཤུའི་ཆོས་དཔོན་རོ་བྷི་ཌི་པེ་ཝེ་སི་མཆོག སྐུ་པར་བོད་ཀྱི་དུས་བབ་ཀྱིས་བསྒྲིགས། ༢༠༢༤།༥།༩
༧གོང་ས་མཆོག གསུང་འཕྲིན།

༧གོང་ས་རྒྱལ་བ་རིན་པོ་ཆེ་མཆོག་ནས་ཡེ་ཤུའི་ཆོས་དཔོན་གསར་པར་འཚམས་འདྲི་མཛད།

ཆུ་ཚོད་ ༤ སྔོན་ལ།
བཙན་བྱོལ་བོད་མིའི་ཆོས་ཚོགས་ཐེངས་ ༡༤ པ་དབུ་འཛུགས་གནང་། ༢༠༡༩།༡༡།༢༧ དུས་བབ་གསར་ཁང་གི་པར།
Mobile App

 བཙན་བྱོལ་བོད་མིའི་ཆོས་ཚོགས་ཐེངས་བཅོ་ལྔ་པ་འཚོག་འཆར་འདུག

ཆུ་ཚོད་ ༥ སྔོན་ལ།
བྷི་རུའུ་ཁིན་སི་བསམ་མཛོད་བསྟི་གནས་ཁང་དུ་བོད་དོན་བཞུགས་མོལ་ཚོགས་འདུ་འཚོགས། ༢༠༢༥།༠༥།༠༧ སྲིད་སྐྱོང་གི་ངོ་དེབ་ཀྱི་པར།
Mobile App

སྲིད་སྐྱོང་མཆོག་གིས་ཨ་རིའི་གྲོས་ཚོགས་མི་སྣ་ཁག་ཅིག་ལ་མཇལ་འཕྲད་གནང་།

ཆུ་ཚོད་ ༥ སྔོན་ལ།

མཆན། 10

  1. karma dorje says:
    ལོ་ 15 སྔོན།

    མི་རིགས་སྤྱི་དོན།
    བོད་རིགས་དང་རྒྱ་རིགས་དང་མི་རིགས་ལ་ཁྱད་པར་ཅང་ཨེ་ཡོད། །
    ཁེ་གྱོང་དང་བདེ་སྡུག་དང་ལྟོ་དགོས་ལ་ཁྱད་པར་ཅང་ཨེ་ཡོད། །
    ནག་པོ་དང་དཀར་པོ་དང་ཁྲ་ཁྲ་ལ་ཁྱད་པར་ཅང་ཨེ་ཡོད། །
    ས་མཚམས་དང་ཆུ་མཚམས་དང་རི་མཚམས་ལ་ཁྱད་པར་ཅང་ཨེ་ཡོད། །
    ༸གོང་ས་མཆོག་གི་༸སྐུ་ཚེ་ཡུན་བརྟན་ཤོག །

    Reply
  2. མར་མེ says:
    ལོ་ 15 སྔོན།

    དྲ་གྲོགས་དོན་གོ་ལགས་ནས་དུས་བབ་གསར་ཁང་ནས་༸གོང་ས་མཆོག་གིས་བོད་སྐད་ཐོག་ཆོས་སྤེལ་རྒྱུའི་སྨོན་བརྒྱབས་ཡོད་པར་གསུངས་བའི་ཁོང་སྐྱེལ་རྒྱ་ཡིག་གི་ཡིག་ཆ་འདྲེན་འགོད་བྱས་པར་ཐུགས་རྗེ་ཆེ།འོན་ཀྱང་སྟབས་མ་ལེགས་པ་ཞིག་ལ་ངས་རྒྱ་ཡིག་ཁྱོན་ནས་ཤེས་ཀྱི་མེད་པར་བརྟེན་ནང་དོན་རྟོགས་པ་ཕར་ཞོག་མཐའ་ན་གསར་ཁང་གང་ཞིག་གིས་སྤེལ་བའི་གསར་འགྱུར་ཡིན་པའང་ཤེས་མ་སོང༌།དེ་རིང་ཨ་རིའི་བོད་སྐད་བརྙན་འཕྲིན་(VOA)ལས་༸གོང་ས་མཆོག་ནས་རྒྱ་རིགས་ཆོས་ཞུ་བ་རྣམས་ལ་བཀའ་སློབ་གནང་བ་ངོས་སུ་གོ་བྱུང༌།ཁོང་ནས་རྒྱ་ནག་རི་བོ་རྩེ་ལྔར་རྩ་བ་ཤེས་རབ་བོད་སྐད་ཐོག་གསུང་རྒྱུ་དང་ཐའེ་ཝན་གྱི་མཁན་པོ་དེ་ནས་རྒྱ་སྐད་ཐོག་ད་དུང་མི་གཞན་ཞིག་ནས་ལེགས་སྦྱར་སྐད་ཐོག་གསུང་རྒྱུའི་དམ་བཅའ་བཞགས་ཡོད་སྐོར་གསུངས་པ་ལས་བོད་སྐད་དང་རྒྱ་སྐད་ཐོག་ཆོས་སྤེལ་རྒྱུའི་སྨོན་ལམ་བརྒྱབས་ཡོད་སྐོར་གྱི་གསུང་ཚིག་འབྲུ་གཅིག་ཀྱང་ཐོས་མ་སོང༌ཞུ་རྒྱུ་ཡིན།རྗེས་ཕྱོགས་གསར་འགྱུར་ཁོང་འདྲེན་བྱེད་སྐབས་གསར་འགྱུར་འདི་འདྲ་ཞིག་ནས་དེ་ལྟར་སྤེལ་འདུག་ཅེས་གསལ་བཤད་བྱེད་ཐུབ་ཚེ་ལེགས་ཆ་ཆེ་བར་སེམས།

    Reply
  3. སྤོབས་པ་མཐའ་ཡས། says:
    ལོ་ 15 སྔོན།

    ནད་པ་ཟེར་བ་ཁྱོད་ཀྱི་ནད་དེ་རྒྱ་ནད་ཡིན་ས་རེད། གཏམ་གྱི་མགོ་གླེང་དུས་ནས་རྒྱ་མི་བཟང་རབས་གླེང་ནས་སླེབས་ཡོང་གིན་འདུག རྒྱ་ནག་ལ་ལོ་རྒྱུས་རིང་ནས་ག་རེ་འཇོན་ཡོད། རྒྱ་ནག་ལ་ནང་འཁྲུགས་དང་བཙན་འཛུལ་དང་མུ་གེའི་ལོ་རྒྱུས་ཤིག་ལས་ག་རེ་ཡོད། རྒྱ་ནག་རིག་བཟང་ནས་ག་རེ་འཇོན་ཡོད། འཛམ་གླིང་ལ་ཕན་པའི་ལྟ་གྲུབ་ག་རེ་གསར་བཏོད་བྱས་ཡོད། གཅིག་ཀྱང་མེད། གནའ་ནས་ད་བར་རྒྱ་མིས་ཟ་རྒྱུ་མ་གཏོགས་གང་ལ་ཡང་བསམ་བློ་གཏོང་ཤེས་ཀྱི་མ་རེད།ཁར་སང་དེ་རིང་ཡང་དེ་རེད།

    Reply
  4. དོན་གོ says:
    ལོ་ 15 སྔོན།

    དྲ་གྲོགས་མར་མེ་ལགས། ཐེངས་འདིའི་༧གོང་ས་མཆོག་གི་གསུང་ཆོས་སྟེང་ང་ཚོའི་གསར་ཁང་གི་ཐད་གཏོང་གསར་འགོད་པ་མེད་སྟབས། ངས་དྲ་ལམ་འདྲ་མིན་ནས་གནས་ཚུལ་ཕྱོགས་བསྡུས་བྱས་པ་ཡིན། གལ་སྲིད། ཁྱེད་རང་གསར་འགྱུར་འདིའི་ཐད་དོགས་པ་ཡོད་པ་ཡིན་ན། ཁྱེད་ཀྱིས་གོང་གསལ་གྱི་རྒྱ་ཡིག་གི་གསར་འགྱུར་འདིར་གཟིགས་རོགས་གནོངས།

    Reply
  5. དོན་གོ says:
    ལོ་ 15 སྔོན།

    西藏政教领袖达赖喇嘛今天(6日)传法第二天午休期间,接见了来自香港、台湾、马来西亚、中国大陆和美国等世界各地的一千名多名华人信众,向他们表示将在中国佛教圣地五台山相见。

    达赖喇嘛说:“曾经跟一位台湾长老在达兰萨拉见面时,我们共同发愿,未来有朝一日在中国五台山相聚,届时由那位台湾长老来用中文念诵《中观根本论》,我来用藏语来念诵这一经文,另外再请一位印度的朋友,由他来用梵文来念诵《中观根本论》。到那时,有可能你们当中的有些人也会到达五台山。”

    达赖喇嘛向华人信众还表示,虽然在古代中国也有各种宗教 ,但是从根本上来讲,可以说佛教是中国的传统宗教,而且佛教传到中国比西藏早。因此,要保护和继承这一祖先所信奉的传统宗教是很重要的。

    达赖喇嘛补充说,继承这一宗教时,并非一味地进行祈祷,而是要学习佛经,并把它实践在每日生活当中。

    西藏政教领袖达赖喇嘛将于明天接见前来听法的来自中国大陆的信众。今天拜见达赖喇嘛的华人信众当中,有10多人是来自中国大陆。

    Reply
  6. མར་མེ says:
    ལོ་ 15 སྔོན།

    བོད་ཀྱི་དུས་བབ་གསར་ཁང་གིས་དུས་ཐོག་གནས་ཚུལ་མཁོ་སྤྲོད་བྱས་པ་ལ་རྗེས་སུ་ཡི་རིང་བྱེད་པ་དང་ཆབས་ཅིག་རེ་སྐུལ་ཞུ་འདོད་པ་ཞིག་ནི་ཡིག་ནོར་དང་ཆད་ལྷག་ལ་ཏོག་ཙམ་གཟབ་གཟབ་བྱེད་རྒྱུའི་གོམས་གཤིས་དེ་གང་མགྱོགས་གསར་འགོད་པའི་རྒྱུད་ལ་འཇགས་ཐུབ་པ་བྱེད་རྒྱུའི་འབད་བརྩོན་ཅེས་ཀྱང་བསྟེན་དགོས་པར་སེམས།གསར་འགྱུར་འདིའི་ནང་དུ་ཡིག་ནོར་དང་ཆད་ལྷག་མང་པོ་ཞིག་འདུག་པ་མ་ཟད་ལྷག་པར་གནད་འགག་ཆེན་པོ་ཞིག་ཡོད་པ་ནི་༸གོང་ས་མཆོག་གིས་ཐའེ་ཝན་གྱི་མཁན་པོ་ཞིག་དང་མཉམ་དུ་རི་བོ་རྩེ་ལྔར་ཆོས་སྤེལ་རྒྱུའི་སྨོན་ལམ་བརྒྱབས་ཡོད་པར་བཀོད་། (༧གོང་ས་མཆོག་གིས། འདས་པའི་དུས་སུ་ངོས་རང་ངྷ་རམ་ས་ལ་ནས་ཐའེ་ཝན་གྱི་མཁན་པོ་ཞིག་ལ་ཐུག་འཕྲད་བྱུང་སྟེ། ངེད་གཉིས་ཀྱིས་མ་འོངས་པའི་ཉིན་ཞིག་རྒྱ་ནག་རི་བོ་རྩེ་ལྔ་ནས་མཉམ་འཛོམས་ཀྱིས་ཁོང་གིས་རྒྱ་སྐད་ཀྱི་ལམ་ནས་ཆོས་སྤེལ་རྒྱུ་དང་ངོས་ཀྱིས་བོད་སྐད་ཀྱི་ལམ་ནས་ཆོས་སྤེལ་རྒྱུ། གཞན་ད་དུང་རྒྱ་གར་བ་ཞིག་གིས་ལེགས་སྦྱར་སྐད་ཀྱི་ཐོག་ནས་ཆོས་སྤེལ་རྒྱུའི་སྨོན་ལམ་བརྒྱབས་ཡོད)
    འདུག་པ་འདི་ནི་༸་གོང་ས་མཆོག་གི་གསུང་ཇི་བཞིན་ཡིན་མིན་དེ་ཡིན།རྒྱུ་མཚན་ནི་ཕྲན་ནས་དེ་སྔོན་༸གོང་ས་མཆོག་གི་ཞལ་ནས་དངོས་སུ་ཐོས་པ་ནི་ཁོང་གིས་ཤེས་རབ་སྙིང་པོ་བོད་ཐོག་དང་ཐའེ་ཝན་གྱི་མཁན་པོ་དེས་རྒྱ་སྐད་ཐོག་གསུང་
    རྒྱུའི་སྐོར་ཞིག་གསུངས་པ་ལས་༸གོང་ས་མཆོག་ནས་བོད་སྐད་ཐོག་ཆོས་སྤེལ་རྒྱུའི་སྨོན་ལམ་བརྒྱབས་ཡོད་སྐོར་དེ་རིང་གསར་ལམ་འདི་བརྒྱུད་ནས་ཤེས་རྟོགས་བྱུང་བ་ལས་ད་ལྟའི་བར་དུ་གོ་མྱོང་མེད།ལར་དེང་དུས་སྤྱི་ཚོགས་ནང་ཆོས་སྤེལ་
    བའི་ལས་འགུལ་དང་འབྲེལ་རྙོག་དྲ་མི་ཉུང་བ་ཞིག་ཡོང་གི་ཡོད་པ་དངོས་ཡོད་ཚུལ་ཡིན་པར་བརྟེན་༸གོང་ས་མཆོག་གིས་བོད་སྐད་ཀྱི་ལམ་ནས་ཆོས་སྤེལ་རྒྱུའི་སྨོན་བརྒྱབས་ཡོད་པའི་གསར་འགྱུར་འདི་འདྲ་ཁོང་ལ་དགའ་གུས་ཆེ་བའི་ཆོས་ལུགས་གཞན་པའི་རྗེས་འབྲངས་རྣམས་ཀྱིས་མཐོང་ཚེ་ཁོང་གི་མཚན་སྙན་ལ་གནོད་པར་མི་འགྱུར་བའི་ངེས་པ་ཡང་མེད་པར་བརྟེན་འདི་འདྲའི་རིགས་ལ་ཐུགས་གཟབ་གནང་གལ་ཆེ་བར་མཐོང་།

    Reply
  7. མི་ཆུང་། says:
    ལོ་ 15 སྔོན།

    ཁྱེད་ཚོས་དྲན་གྱི་ཨེ་ཡོད། ཐོག་དང་པོར། རིགས་གསུམ་མགོན་པོ་ཁོང་གསུམ་ས་གནས་སོ་སོར་གདུལ་བྱ་བསྐྱངས་ནས་བཞུགས། དེ་ནས་དུས་སྙིགས་མར་སླེབས་པ་དང་མཚུངས། སྤྱི་ལོའི་དུས་རབས་བརྒྱད་པ་དགུ་པ་བཅུ་པ་བཅས་སུ་པུར་རྒྱལ་བོད་ཀྱི་འཕགས་པ་སྤྱན་རས་གཟིགས་ཀྱིས་རྒྱ་དང་སོག་པོ་གཉིས་དུས་གང་འཚམས་རིང་ཚར་བཅད་རྗེས་འཛིན་བྱེད་དུ་བཅུག དེ་རྗེས། ལས་སྐལ་རྫོགས་པའི་བོད་དང་རྒྱ་གཉིས། སྤྱི་ལོའི་དུས་རབས་བཅུ་གཉིས་ཀྱི་འགོ་སྟོད་ནས། སོག་པོ་ཕྱག་ན་རྡོ་རྗེ་ཡིས། ཐལ་བའི་རྡུལ་དུ་བརླགས། ལྷག་དོན་རྒྱ། འཕགས་པ་སྤྱན་རས་གཟིགས་ཐུགས་བརྩེའི་རང་བཞིན་ཡིན་དུས་ཅུང་དྲགས་པ་བྱུང་། དེ་རྗེས། སྤྱི་ལོའི་དུས་རབས། དུས་རབས་བཅུ་གསུམ་པའི་མཚམས་ནས། འཕགས་པ་འཇམ་དཔལ་དབྱངས་དྲག་ཏུ་ཁྲོས་ཏེ་རལ་གྲི་གཡུགས་སྟེངས་གཅིག་ལ་བོད་སོག་གཉིས་ཀ། མིང་གི་ལྷག་མར་ལུས་ཙམ་དུ་བཟོས། ད་ཆ་རིགས་གསུམ་མགོན་པོ་གསུམ་སྐུ་ཞི་བའི་ཉམས་ཀྱིས་གྲོས་མོལ་ལ་བཞུགས་ཀྱང་། འཇམ་དབྱངས་ཀྱི་རལ་གྲི་དེས་ད་དུང་བོད་སོག་གཉིས་རྡུང་གིན་ཡོད། འདི་དག་ནི་རིགས་གསུམ་མགོན་པོའི་མཛད་པ་ཙམ་རེད།

    Reply
  8. བསྟན་འཛིན་ཤེས་རབ། says:
    ལོ་ 15 སྔོན།

    ༧གོང་ས་མཆོག་གི་བླ་ན་མེད་པའི་ཐུགས་བཞེད་དེ་མི་རིང་ལྷུན་གྱིས་འགྲུབ་པའི་སྨོན་འདུན་ཞུ། སྤྱིར་ཡིན་ན་རྒྱ་མི་ནི་རྒྱ་མི་རང་ཡིན་པས་ཁོ་ཚོར་དུས་ནམ་ཡང་ཡིད་ཆེད་བྱེད་རྒྱུ་ཡོད་པ་མ་རེད། ཁོ་ཚོས་ཆོས་བྱེད་སྨོན་ལམ་རྒྱག་པ་ཡང་ཁོ་ཚོ་རང་ཉིད་ཀྱི་ཁེ་ཕན་ཁོ་ནའི་ཆེད་དུ་མ་གཏོགས་ཆོས་ཀྱི་སྙིང་དོན་ལྟར་བྱེད་པ་མ་རེད། དེ་བས་ང་ཚོས་ཁོ་ཚོ་ཆོས་བྱེད་པ་ཇེ་མང་ནས་ཇེ་མང་ཡིན་པས་རྒྱ་མིའི་སྤྱི་ཚོགས་དེ་དྲང་བདེན་དང་གནས་ལུགས་ཀྱི་ཁ་ཕྱོགས་ཤིག་ཏུ་འགྲོ་བར་རེ་བ་འཆའ་བ་ནི་སྟོང་སེམས་ཁོ་ན་རེད། མདོར་བསྡུས་ནས་བཤད་ན། རྩ་བའི་རྩ་དོན་ལ་ཐུག་ཚེ་ཁོ་ཚོའི་ཁ་ནས་བཤད་ཀྱིན་པའི་གནས་ལུགས་དྲང་བདེན་དང་ཆོས་དད་ཡོད་ཚད་བརྫུན་མ་བརྫུན་རྐྱང་རེད།

    Reply
  9. ནད་པ says:
    ལོ་ 15 སྔོན།

    རྒྱ་ནག་ལ་མཚོན་ན་ལོ་ངོ་ཁྲི་ཡས་མས་ཅིག་གི་ལོ་རྒྱུས་ཡོད་པའི་གནའ་བོའི་སྟོབས་ཆེན་གྱི་རྒྱལ་ཁབ་ཅིག་ཡིན་ལ་སངས་རྒྱས་པའི་ཆོས་ལུགས་དར་སའི་ཡུལ་ལུང་ཞིག་ཀྱང་ཡིན།

    དེར་བརྟེན་ཆོས་རིག་གཞུང་གི་ངོས་ནས་བཤད་ན་རྒྱ་ནག་ནི་འཕགས་པ་འཇམ་དཔལ་དབྱངས་ཀྱིས་བྱིན་གྱིས་བརླབས་པའི་གནས་མཆོག་ཁྱད་པར་ཅན་རི་བོ་རྩེ་ལྔ་ཡིན་ལ་གནས་དེ་ཡིད་ལ་དྲན་པ་ཙམ་གྱིས་འཇམ་དཔལ་ཐུགས་ཀྱི་བྱིན་རློབ་ཡིད་ལ་བཞུགས་ཐུབ་པའི་ལས་སྨོན་ཁྱད་པར་བ་ཡོད་སྟབས་སྤྱིེར་རྒྱ་ནག་གི་མི་རིགས་སྤྱི་དང་ལྷག་པར་༸ གོང་མའི་ཕོ་བྲང་ནང་དུ་ཆབ་སྲིད་ཀྱི་རིག་སྟོབས་ལ་འགྲན་ཟླ་མེད་པ་ལྟ་བུར་གྱུར་ཡོད།

    དུས་རབས་ ༡༩ པ་དེའི་ནང་རྒྱ་ནག་ལ་དུས་ཟིང་ཡོ་ལངས་ཅན་ཞིག་བྱུང་བར་བརྟེན་རྒྱལ་ནང་དུ་དམག་འཁྲུག་དང་། མུ་གེ ནད་ཡམས། མི་གསོད་ཁྲག་ཤོར་གྱི་ལོག་ལམ་དུ་འཕྱན་སྟབས་ད་ལྟའི་རྒྱ་ནག་ནི་འཛམ་གླིང་ནང་ཆེས་དུག་རྩུབ་ཅན་ཞིག་ཏུ་གྱུར་པ་རེད།

    དེ་ཡང་གཙོ་བོ་ནི་ཨུ་རུ་སུ་ནས་ཀལ་མགསེ་དང་། ལི་ནིང་། སི་ཏ་ལི་བཅས་ཀྱི་དམར་པོའི་ལྟ་གྲུབ་ཀྱིས་ཤུགས་རྐྱེན་འོག་མའོ་ཙེ་ཏུང་སོགས་སྲིད་དོན་གྱི་མགོ་འཁྲིད་ཅན་ཚོས་མུ་མཐུད་དེ་གནའ་བོའི་ཆོས་དང་། རིག་གཞུང་། ལྟ་གྲུབ་སོགས་དུག་ཏུ་བརྩིས་ནས་དེང་རབས་ཀྱི་སྤྱི་ཚོགས་ཅན་ཞིག་ཏུ་བསྒྱུར་རྒྱུར་ལས་འབྲས་དང་། དྲང་བདེན། ཞི་བདེ། བཟང་སྤྱོད། འཚེ་བ་མེད་པ་སོགས་བརྒྱབ་ཏུ་བསྐྱུར་ནས་ཆེས་སྡུག་རྩུབ་དང་། མནར་གཅོད། བཙན་དབང་གྱི་སྲིད་དོན་བེད་སྤྱད་དེ་རྒྱ་ནག་རྒྱལ་ཁབ་དེ་ད་ལྟའང་དེའི་འོག་ཏུ་འགྲོ་བཞིན་ཡོད།

    ལོག་ལམ་དེ་ལྟ་བུར་ཕྱིན་ཟིན་པ་དེས་ད་ཆ་རྒྱ་མི་ཟེར་བ་དུས་མ་རབས་དང་། སྡུག་རྩུབ། གཡོ་སྒྱུ་ཅན་ཞིག་ཡིན་པར་འདོད་ཀྱི་ཡོད་མོད་༸ གོང་ས་མཆོག་དང་། ཐེ་ཧན་གྱི་མཁན་པོ། རྒྱ་གར་གྱི་ཆོས་དཔོན་སོགས་གནས་ཆེན་རི་བོ་རྩེ་ལྔར་ལན་ཅིག་ཞབས་ཀྱིས་བཅགས་ཐུབ་ན་རིམ་པས་རྒྱ་ནག་དེ་ཡ་རབས་དང་། ཞི་བདེ། དྲང་བདེན་གྱི་རྒྱལ་ཁབ་དང་མི་རིགས་ཅིག་ཏུ་འགྱུར་རྒྱུར་ཡང་རེ་བ་ཆེན་པོ་ཞིག་དང་མདུན་ལམ་ཆེན་པོ་ཞིག་ཡོད།

    Reply
  10. ཡེལ་པ་བ། says:
    ལོ་ 15 སྔོན།

    དེ་དེ་བཞིན་དུ་འགྲུབ་པར་གྱུར་ཅིག དཀོན་མཆོག་གསུམ་ལ་ཕྱག་འཚལ་ལོ། ཏདྱ་ཐཱ། པཉྩནྡྲི་ཡ་ཨ་བ་བོ་དྷ་ནེ་སྭཱ་ཧཱ།

    Reply

དཔྱད་མཆན་སྤེལ། Cancel reply

Your email address will not be published. Required fields are marked *

སྤྱི་ཚོགས་དྲ་གནས།

ཁྱབ་བསྒྲགས།

དྲ་ངོས་ཀྱི་གནས་ཚུལ་ཚང་མའི་པར་དབང་བོད་ཀྱི་དུས་བབ་ལ་ཡོད།

གློག་འཕྲིན།

editor@tibettimes.net | office@tibettimes.net

ཁ་པར།

+91-98823-47075 | +91-92189-38041 | +91-81972-44372

Welcome Back!

OR

Login to your account below

Forgotten Password?

Retrieve your password

Please enter your username or email address to reset your password.

Log In

Add New Playlist

No Result
ཆ་ཚང་གཟིགས།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
    • གླ་ཡོད་རིན་གོང་།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese