མདུན་ངོས།
About Us
  • English
Advertisement
བོད་ཀྱི་དུས་བབ།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
    • གླ་ཡོད་རིན་གོང་།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese
No Result
ཆ་ཚང་གཟིགས།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
    • གླ་ཡོད་རིན་གོང་།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese
No Result
ཆ་ཚང་གཟིགས།
བོད་ཀྱི་དུས་བབ།
English
No Result
ཆ་ཚང་གཟིགས།

ཕྱི་ལོ་ ༢༠༡༠ ལོའི་ཨ་རྒྱ་གཉིས་དང་ང་ཚོ།

བོད་ཀྱི་དུས་བབ།
༢༠༡༠/༠༡/༡༡
Share on FacebookShare on TwitterShare on EmailShare on Whatsapp

ཕྱི་ལོ་ ༢༠༡༠ ལོ་ཚེས་མ་ཐག་ངྷ་རམ་ས་ལའི་ཕྱོགས་ནས་ལོ་འདིར་བོད་རྒྱའི་འབྲེལ་བ་བཟང་ཕྱོགས་སུ་འཕེལ་རྒྱུའི་རེ་བ་ཡོད་ཅེས་བཀྲ་ཤིས་པའི་ཁ་གཡང་བསྒྲགས། ཡིན་ཡང་། པེ་ཅིན་དང་ཝ་ཤིན་ཊོན་གྱི་སྲིད་དོན་དགེ་བཤེས་དག་གིས་ལོ་འདི་ཡང་འགལ་ཟླའི་རྣོ་ངར་ཆེ་ཞིང་དྲག་པོའི་གདོང་ལེན་མང་བའི་ལོ་ཞིག་ཡིན་ཚུལ་ལུང་བསྟན་མཛད།

ཚེས་གཅིག་ཉིན་བཀའ་ཁྲི་མཆོག་གིས་རྒྱ་གར་གྱི་གསར་ལམ་ཁག་ཏུ་ལོ་གསར་པ་འདིའི་ནང་དུ་བོད་རྒྱ་གཉིས་ཀྱི་འབྲེལ་བ་བཟང་ཕྱོགས་སུ་འཕེལ་རྒྱུའི་རེ་བ་ཡོད་སྐོར་གསུངས་ཡོད། འདི་ནི་བཀའ་ཁྲི་མཆོག་གི་ཐུགས་རེའམ་སྨོན་ལམ་ཙམ་ཡིན་པ་མ་གཏོགས་ཁོང་གི་བཀའ་མོལ་གྱི་དངོས་ཤུགས་གང་དུའང་བོད་རྒྱ་གཉིས་ཀྱི་འབྲེལ་བ་བཟང་ཕྱོགས་སུ་འཕེལ་འོས་པའི་དན་རྟགས་འདྲ་ཅི་ཡང་མེད།

ཕྱི་ལུགས་ལོ་གསར་མ་ཚེས་གོང་དེར་ཀྲུང་གོའི་དབུས་སྤྱི་ཚོགས་ཚན་རིག་ཁང་གིས་རྒྱ་ནག་གཞུང་གི་དཔོན་རིགས་ཚོར་ ༢༠༡༠ ལོ་ནི་རྒྱལ་ནང་གི་བདེ་འཇགས་ལ་ཉེན་ཁ་ཆེ་ཞིང་ཕྱོགས་ཡོངས་ནས་གདོང་ལེན་བྱ་དགོས་པའི་ལོ་ཞིག་ཡིན་སྐོར་ཉེན་བརྡ་བཏང་ཡོད། དེ་བཞིན་ཕྱི་ཟླ་ ༡༢ པའི་ཚེས་ ༡༨ ཉིན་འཚོགས་པའི་ལོ་རེའི་ཁྲིམས་སྲིད་ཀྱི་ཚོགས་ཆེན་སྟེང་རྒྱ་ནག་གི་བདེ་འཇགས་ལྷན་ཁང་གི་བློན་ཆེན་གཞོན་པ་ཡཱང་ཧན་ནན་ཟེར་བས་བཤད་དོན། ༢༠༡༠ ལོའི་རྒྱལ་ནང་གི་དཀའ་ཁག་ཆེ་ཤོས་ནི་སྤྱི་ཚོགས་བརྟན་ལྷིང་གི་ལས་དོན་དེ་ཡིན་པ་དང་། ནུབ་ཕྱོགས་ཀྱི་རྒྱ་རྒོལ་སྟོབས་ཤུགས་དག་གིས་ཁ་བྲལ་གྱི་ལས་འགུལ་དང་། ནུབ་ཕྱོགས་ཅན་དུ་བསྒྱུར་བ། རྒྱལ་ཁབ་ཕན་ཚུན་བར་འགལ་བ་དང་རྩོད་གཞ་ི་སློང་བ། དྲག་པོའི་ལས་འགུལ་གྱིས་ཟིང་ཆ་དང་འཁྲུག་ཆ་བཟོ་བར་གོ་སྐབས་འཚོལ་གྱིན་ཡོད་སྟབས། རྒྱལ་ཁབ་ཀྱི་བདེ་འཇགས་དང་སྤྱི་ཚོགས་བརྟན་ལྷིང་གི་ཕྱོགས་ལ་མུ་མཐུད་ཛ་དྲག་གིས་གདོང་ལེན་བྱ་དགོས་སྐོར་བརྗོད་ཡོད་ལ། ལོ་འདིའི་སྤྱི་ཚོགས་བརྟན་ལྷིང་གི་ལས་དོན་ཐད་གདོང་ལེན་བྱ་དགོས་ས་གཙོ་བོར་བོད་དང་ཞིན་ཅང་གཉིས་བཞག་ཡོད་འདུག

རྒྱ་ནག་གཞུང་གི་ཉེན་བརྡ་འདིས་བསྟན་པ་ནི་ ༢༠༠༨ ལོ་ནས་བཟུང་བོད་དང་ཞིན་ཅང་ས་ཁུལ་ལ་བཟུང་བའི་རྒྱ་ནག་གི་སྲིད་བྱུས་དེར་འགྱུར་བ་གཏོང་རྒྱུ་མིན་ལ། ས་ཁུལ་འདི་གཉིས་མུ་མཐུད་ནས་ཉེན་རྟོག་པའི་འཛིན་སྐྱོང་ངམ་དྲག་ཆས་སྡེ་ཚན་གཙོ་བོར་བྱས་པའི་འཛིན་སྐྱོང་དང་ལྟ་རྟོག་གི་འོག་འདུག་དགོས་པ་དང་། དགོས་མཁོ་ནམ་བྱུང་ལ་དྲག་པོའི་རྒོལ་རྡུང་བྱ་རྒྱུ་དེ་རེད། དེ་བཞིན་དུ་འཛིན་སྐྱོང་འདིའི་འོག་ཏུ་མང་ཚོགས་ཀྱི་ཕྱོགས་སྐྱོད་དང་འདུ་འཛོམས། ཆོས་ལུགས་བྱེད་སྒོ་སོགས་ལ་སྔར་བཞིན་དམ་དྲག་བྱ་དགོས་པའི་ཉེན་བརྡ་བཏང་ཡོད།

རྒྱ་ནག་གིས་ལོ་འདིར་སྟོན་ངེས་པའི་སྤྱོད་པ་ངན་པ་གཅིག་ནི་༧གོང་ས་མཆོག་དང་ཨ་རིའི་སྲིད་འཛིན་ཨོ་མ་བྷ་རྣམ་གཉིས་ཀྱི་མཇལ་འཕྲད་ཀྱི་མཛད་རིམ་དེའི་ཐོག་ནས་འབྱུང་རྒྱུ་ཡིན། མཇལ་འཕྲད་འདི་ལ་ལོ་སྔོན་མ་ནས་དུས་ཚོད་ངེས་ཅན་ཞིག་འཚོལ་བཞིན་པ་ཡིན་ཡང་། ད་ལྟའི་བར་ཕྱིར་འགྱངས་ཀྱི་རྣམ་པའི་ཐོག་བཞག་ཡོད། སྐུ་སྒེར་ཡིག་ཚང་གི་དྲ་ངོས་སུ་བཀོད་པའི་༧གོང་ས་མཆོག་གི་མཛད་རིམ་གྱི་ནང་དུ་ཁོང་དང་སྲིད་འཛིན་ཨོ་བྷ་མའི་མཇལ་འཕྲད་ཀྱི་དུས་ཚེས་ད་དུང་གསལ་བསྒྲགས་གནང་མེད་ནའང་། ཉིན་ཤས་གོང་ཨ་རིའི་མཐོ་རིམ་དཔོན་རིགས་ཤིག་གིས་ཁོང་རྣམ་པ་གཉིས་ཀྱི་མཇལ་འཕྲད་དེ་ནི་ལོ་འདིའི་ཕྱི་ཟླ་ ༢ པའི་ནང་ཡིན་པར་བཤད་ཡོད། གང་ལྟར་༧གོང་ས་མཆོག་དང་སྲིད་འཛིན་ཨོ་བྷ་མ་རྣམ་གཉིས་ཀྱི་མཇལ་འཕྲད་འདིའི་ཕྱོགས་ལ་པེ་ཅིན་དང་ཝ་ཤིན་ཊོན་གྱི་སྲིད་དོན་ཉམས་ཞིབ་པ་ཁག་གིས་ད་ལྟ་ནས་ཉེན་བརྡ་བཏང་སྟེ། འདིས་ཨ་རི་དང་རྒྱ་ནག་གི་འབྲེལ་བར་དོ་ཕོག་འགྲོ་རྒྱུ་ཡིན་པར་བཤད་ལ། དེའི་ཁར་ཨ་རིས་ཐའེ་ཝན་ལ་གོ་མཚོན་བཙོང་འཆར་དེས་ཨ་རྒྱ་གཉིས་ཀྱི་འབྲེལ་བའི་རྨ་ཁ་ཇེ་ཟབ་ལ་གཏོང་རྒྱུ་ཡིན་སྐོར་བཤད་ཡོད།

ཆིན་ཧྭ་སློབ་ཆེན་གྱི་ཨ་རྒྱའི་འབྲེལ་བའི་ཞིབ་འཇུག་ལྟེ་གནས་ཁང་གི་འགན་འཛིན་སུན་ཀྲུ་འབོད་པ་ཞིག་གིས། ཨ་རྒྱ་གཉིས་ཀྱི་ཚོང་འབྲེལ་གྱི་འགལ་བ། ཐའེ་ཝན་ལ་གོ་མཚོན་བཙོང་བ། ཨོ་བྷ་མ་དང་ཏཱ་ལའི་བླ་མ་རྣམ་གཉིས་ཀྱི་མཇལ་འཕྲད་བཅས་ཀྱི་རྩོད་རྙོག་རྣམས་ནི་མཉམ་གཅིག་ཏུ་ལོ་འདིའི་ཟླ་ངོ་དང་པོ་བཞིའི་རིང་འབྱུང་རྒྱུ་ཡིན་པར་བཤད།

རྒྱ་ནག་གི་ཉམས་ཞིབ་པ་འགའ་རེས། ཨ་རིས་ཐའེ་ཝན་ལ་གོ་མཚོན་བཙོང་བ་དང་ཏཱ་ལའི་བླ་མར་མཇལ་འཕྲད་སོགས་རྒྱ་ནག་ལ་གནོད་གཞིའི་སྲིད་བྱུས་དག་སྤེལ་སྐསབ་རྒྱ་ནག་གི་ཕྱོགས་ནས་ཀྱང་མཉམ་ལས་མང་པོ་ཞིག་མཚམས་འཇོག་དགོས་ལ། ལྷག་པར་དུ་ཨ་རིའི་གཞུང་ལ་གྱོང་ཆེ་ཞིང་གནོད་གཞིའི་རིགས་མཚམས་འཇོག་བྱ་དགོས་ཞེས་ཕྱིར་ཨ་རིའི་ཐོག་ལ་གནོན་ཤུགས་སྤྲོད་དགོས་པར་བཤད།

ཨ་རིའི་སྲིད་དོན་དབྱེ་ཞིབ་པ་སྐོར་ཞིག་གིས། སྲིད་འཛིན་ཨོ་བྷ་མའི་གཞུང་གིས་རྒྱ་ནག་མཉམ་དུ་མཐུན་ཕྱོགས་བཟོ་ཐབས་སུ་རྒྱ་ནག་ལ་བསྟུན་རྒྱུ་མང་དྲགས་སོང་ལ། ད་ནི་ལོ་གསར་པ་འདི་ཚེས་པ་དང་བསྟུན་ནས་ཨ་རིའི་ཨེ་ཤ་ཡའི་སྲིད་བྱུས་ལ་བསྐྱར་ཞིབ་ཅིག་བྱ་དགོས་པར་འདུག རྒྱ་ནག་ལ་བསྟུན་མཁས་བྱས་པ་ཙམ་གྱིས་ལས་དོན་གང་ཡང་འགྲུབ་རྒྱུ་མེད་ཚུལ་གླེང་། ལོ་གསར་པ་འདི་མགོ་བཙུགས་པ་དང་མཉམ་དུ་ཕྱོགས་གཉིས་ཀྱི་སྲིད་དོན་ཉམས་ཞིབ་པ་དག་གིས་ལོ་འདིའི་ཨ་རྒྱ་གཉིས་ཀྱི་འཐབ་བྱུས་ཀྱི་རྩེད་འགྲན་དེ་ཇི་ལྟར་མགོ་འཛུགས་སྐོར་གླེང་གི་ཡོད།

ཨ་རིའི་བོད་དོན་དམིགས་བསལ་འབྲེལ་མཐུད་པ་ཟུར་པ་ལྕམ་ པོ་ལ་ རྗེ་ ཌོབ་རེན་སུ་ཁེ་ PAULA J. DOBRIANSKY ལགས་ཀྱིས་ཕྱི་ཚེས་ ༦ ཉིན་ནེའུ་ཡོག་དུས་བབ་ཀྱི་སྟེང་བཀོད་དོན། ཨ་རིའི་གཞུང་གིས་༧གོང་ས་ཏཱ་ལའི་བླ་མར་འཛིན་པའི་སྲིད་བྱུས་ལ་འགྱུར་བ་གང་འདྲ་ཞིག་བཏང་ནའང་དེས་པེ་ཅིན་ལ་སྤྱོད་པ་ངན་པ་སྤེལ་རྒྱུར་སྐུལ་མ་ཐེབས་ཀྱི་ཡོད། རྒྱ་ནག་ལ་ཅི་ཙམ་བསྟུན་མཁས་བྱས་ན་པེ་ཅིན་གྱི་སྤྱོད་པ་དེ་ཙམ་གྱིས་ཇེ་སྡུག་ལ་འགྲོ་བར་གླེང་། ཆེད་རྩོམ་དེའི་ནང་དུ་ཁོང་གིས་ལོ་སྔོན་མར་སྲིད་འཛིན་ཨོ་བྷ་མས་༧གོང་ས་མཆོག་ལ་མཇལ་འཕྲད་མ་གནང་བ་དེས་ཨ་རིས་བོད་ཐོག་འཛིན་པའི་སྲིད་བྱུས་ལ་ལྟ་ཚུལ་སླེབས་ཡོད། ལྷག་པར་དུ་མི་མང་པོ་ཞིག་ལ་འགྲོ་བ་མིའི་ཐོབ་ཐང་གོང་སྤེལ་ནི་སྲིད་གཞུང་འདིའི་ཕྱི་སྲིད་ཀྱི་ལྟེ་བ་མིན་པའི་བསམ་ཚུལ་སྤྲད་ཡོད། ལྟ་ཚུལ་འདི་ལ་གང་མྱུར་འགྱུར་བ་གཏོང་དགོས། ཨ་རིའི་གཞུང་གིས་བོད་ནི་ཀྲུང་ཧྭ་མི་དམངས་སྤྱི་མཐུན་རྒྱལ་ཁབ་ཀྱི་ཆ་ཤས་ཤིག་ཡིན་པར་ངོས་འཛིན་བྱེད་ཀྱི་ཡོད་ནའང་། ལོ་རབས་མང་པོ་ཞིག་ལ་ང་ཚོའི་རྒྱལ་ཁབ་ཀྱིས་བོད་མིའི་རང་སྐྱོང་ལ་རྒྱབ་སྐྱོར་བྱས་ཡོད་ལ། ལྷག་པར་དུ་རིག་གཞུང་དང་ཆོས་ལུགས་ཀྱི་རང་སྐྱོང་ལ་རྒྱབ་སྐྱོར་བྱས་ཡོད། ཨ་རིའི་གཞུང་གི་ལངས་ཕྱོགས་འདི་ལ་རྒྱབ་བཤོལ་བྱས་ཚེ་རྒྱ་ནག་གཞུང་གིས་བོད་མི་རྣམས་ལ་དྲག་གནོན་བྱ་རྒྱུ་ཇེ་མང་དུ་འགྲོ་ངེས་ཡིན་ཅེས་བཤད་ཡོད། དེ་བཞིན་ཁོང་གིས། སྲིད་འཛིན་དང་༧གོང་ས་མཆོག་རྣམ་གཉིས་མཇལ་འཕྲད་སྐབས་བོད་མིའི་ཚད་མཐོའི་རང་སྐྱོང་ལ་སྔར་བཞིན་རྒྱབ་སྐྱོར་ཡོད་སྐོར་དང་། ༧གོང་ས་མཆོག་རྒྱ་ནག་རི་བོ་རྩེ་ལྔར་གནས་མཇལ་དུ་ཕེབས་འཇུག་རྒྱུ་རྒྱ་ནག་གི་དཔོན་རིགས་ཚོར་འབོད་སྐུལ་ཡོངས་ཁྱབ་ཀྱིས་བསྒྲགས་དགོས་སྐོར་བཤད་ཡོད།

འདི་ལྟར་ད་ལྟའི་ཨ་རྒྱ་གཉིས་ཀྱི་འབྲེལ་བ་དང་། བོད་དང་ཨ་རིའི་འབྲེལ་བའི་འཕེལ་ཕྱོགས་བཅས་ལ་བལྟས་ཚེ། བཀའ་ཁྲིའི་ཐུགས་རེ་ལྟར་ལོ་འདིར་བོད་རྒྱ་གཉིས་ཀྱི་བར་མཐུན་ཕྱོགས་ཀྱི་ཁོར་ཡུག་ཅིག་ཁ་ཐུག་ཏུ་མི་མཐོང་ལ། བོད་ནང་གི་གནས་སྟངས་ཀྱང་མུ་མཐུད་ནས་ཛ་དྲག་གི་ངོ་བོར་གནས་རྒྱུ་རེད། དེར་བརྟེན་བཙན་བྱོལ་བོད་མི་ཚོའི་ངོས་ནས་བོད་ཀྱི་གནས་སྟངས་མུ་མཐུད་ནས་ཛ་དྲག་གི་ངོ་བོར་གནས་ཡོད་པ་དང་། བོད་རྒྱའི་འབྲེལ་བར་ཡང་ཡར་རྒྱས་ཀྱི་རྣམ་པ་མི་མངོན་པའི་སྐབས་འདིར་མུ་མཐུད་ནས་རྒྱལ་སྤྱིའི་སྟེང་གཞིས་ལུས་མི་དམངས་དང་བོད་དོན་གྱི་གནས་བབ་ངོ་སྤྲོད་བརྒྱུད། བོད་དོན་འདི་རྒྱལ་སྤྱིའི་གནད་དོན་ཅིག་ལ་བསྒྱུར་ཐབས་ཀྱི་གོ་སྐབས་རེ་རེ་བཞིན་དམ་འཛིན་བྱ་རྒྱུ་ནི་སྐབས་ཐོག་གི་ལས་འགན་གལ་ཆེན་དུ་གྱུར་ཡོད།

མི་ནག་ཚང་ལུང་རིགས་རྒྱལ།

འབྲེལ་ཡོད་གསར་འགྱུར།

Protesters wave pre-1979 Islamic Revolution flags of Iran during a demonstration against the Iranian regime's crackdown on protests, in central Paris, on January 4, 2026. (Photo by Blanca CRUZ / AFP)
Mobile App

ཨི་རན་ནང་སྲིད་འགྱུར་འབྱུང་ཉེན་འདུག

ཆུ་ཚོད་ ༢༠ སྔོན་ལ།
The routes come from Indrunag, Gallu Devi, and Chamba over the Indrahar Pass
Mobile App

ཊི་རོན་ཌི་རི་སྒང་དུ་འགྲོ་བར་དམིགས་བསལ་ཆོག་མཆན་ཞུ་དགོས་ཀྱི་འདུག

ཆུ་ཚོད་ ༢༠ སྔོན་ལ།
གསར་འགྱུར།

རྒྱ་ནག་གིས་བོད་ནང་གཞུང་ལམ་འཛུགས་སྐྲུན་གྱིས་བོད་ཀྱི་རང་བྱུང་ཐོན་ཁུངས་སྔོག་འདྲེན་བྱེད་པར་དམིགས་ཡོད།

ཆུ་ཚོད་ ༢༢ སྔོན་ལ།
གསར་འགྱུར།

ཇོ་ནང་སྨོན་ལམ་ཆེན་མོ་སྐབས་བཅུ་དགུ་པ་འཚོག་གིན་འདུག

༢༠༢༦/༠༡/༠༦
From left to right: US President Donald Trump, Venezuela’s President Nicolas Maduro and Chinese President Xi Jinping. Graphic by Adekunle Owolabi
Mobile App

ཨ་རིས་ཝི་ནེ་རྫོ་ལར་དྲག་རྒོལ་བྱེད་དོན་ནི་སྣུམ་གྱི་ཐོན་ཁུངས་ཆེད་རེད་ཟེར།

༢༠༢༦/༠༡/༠༥
ཕྱི་ལོ་ ༢༠༢༥ ཟླ་ ༩ ཚེས་ ༡༤ ཉིན་ནས་བཟུང་དགེ་འདུན་པ་བློ་བཟང་ཚེ་རིང་ལགས་དང་དགེ་འདུན་པ་བློ་བཟང་དར་རྒྱས་ལགས་རྣམ་གཉིས་ཀྱིས་ནང་པའི་གནས་ཆེན་བརྒྱད་ལ་རྐྱང་ཕྱག་འཚལ་ནས་སྐོར་བཞིན་པ། པར་དོ་བདག་ནས་འདི་གར་མཁོ་སྤྲོད་གནང་།
Mobile App

དགེ་འདུན་པ་གཉིས་ཀྱིས་ནང་པའི་གནས་ཆེན་བརྒྱད་ལ་རྐྱང་ཕྱག་འཚལ་ནས་ཕེབས་ཀྱི་འདུག

༢༠༢༦/༠༡/༠༥

མཆན། 9

  1. karma dorje says:
    ལོ་ 16 སྔོན།

    བོད་མིའི་མཐར་ཐུག་རེ་ས།

    བོད་པ་ཨ་རིར་མ་རེ་ཅིག །
    བོད་པ་རྒྱ་མིར་མ་རེ་ཅིག །
    བོད་པ་ཕྱི་མིར་མ་རེ་ཅིག། །
    བོད་པ་བོད་མི་རང་ལ་རེ། །

    ཨེ་མ་ ཁམས་བཟང་ བོད་རིགས་ཚོ། །

    Reply
  2. ཅོ་རི་ཉི་མ། says:
    ལོ་ 16 སྔོན།

    ཨ་རོ་བསྟན་འཛིན་ཤེས་རབ།
    ད་མུ་མཐུད་དུ་དེ་ལྟར་གཡང་གཟར་དུ་འཆོང་ན་འགྲིག་པ་ཞིག་མཐོང་མ་སོང་། སྤྱིར་ང་ཚོ་རང་ངེས་ནས་ལས་འགུལ་མ་སྤེལ་ན་མ་སྤེལ་བ་རེད་མ་གཏོགས་རྒྱ་ནག་གི་གནས་སྐབས་ཀྱི་དགོས་མཁོའི་ཁ་བཤད་མངར་མོའི་བསླུ་བྲིད་ལ་ཡིད་ཆེས་ཏེ་ལས་འགུལ་མཚམས་འཇོག་བྱས་ན་མཇུག་འབྲས་ནི་ང་ཚོར་ཕམ་ཁ་རེག་པ་ལས་ཅི་ཡང་མི་འདུག ཞེས་བྲིས་ཁུལ་བྱས་འདུག་པས་མི་མཐུན་དུ་དེ་ལྟར་གཡང་གཟར་རུ་འཆོང་ན་འགྲིག་པ་ཞིག་མཐོང་མ་སོང་ཞེས་བཤད་པར་གཞི་ན་ཁ་གསལ་པོ་བཟོ་དགོས་ཀྱིན་འདུག
    1གཡང་གཟར་རུ་འཆོང་མཁན་སུ་ལ་ཟེར་གྱིན་ཡོད་དམ།
    2སྔོན་མ་གཡང་གཟར་རུ་འཆོང་སོང་སུ་ལ་ཟེར་གྱིན་ཡོད་དམ།
    3༧གོང་ས་མཆོག་གི་འགོ་ཁྲིད་པའི་བཙན་བྱོལ་བོད་གཞུང་ལ་ཟེར་གྱིན་ཡོད་དམ།
    4གཡང་གཟར་རུ་འཆོང་མཁན་དེ་སློབ་དཔོན་བཀའ་བློན་ཁྲི་པར་ཟེར་གྱིན་ཡོད་དམ།
    5རྒྱ་ནག་གིས་མངར་མོའི་སླུ་ཁྲིད་ལ་ཡིད་ཆེས་ཏེ་སུ་ཡིས་ལས་འགུལ་མཚམས་འཇོག་བྱས་སོང་ངམ།

    པྭ་ཕྲུག་ཁྱོད་ཀྱིས་འདི་ཚོ་ཁ་གསལ་པོ་བཟོ་དགོས་ཀྱིན་འདུག
    གལ་སྲིད་ཁ་གསལ་བཟོ་ཡ་མེད་ན་སྤྲང་ཕྲུག་ཁ་བདེ་པོ་མ་བཤད།

    Reply
  3. ཡོན་བྷེ། says:
    ལོ་ 16 སྔོན།

    ཁ་སང་ཁ་ཉིན་དུས་བབ་དྲྭ་ཚིགས་ནང་གསར་བ་གང་ཡང་མཐོང་རྒྱུ་མེད་པར་ཁ་རེ་ཕྱེ་དུས་ཁ་སང་གི་དུ་རང་རེད། འོན་ཀྱང་དེ་རིང་དུས་གཅིག་ལ་འདི་འདྲའི་མང་པོ་ཞིག་སྤུངས་ཡོང་དུས་ཀློག་ཀྱང་ཚར་གྱི་མི་འདུག

    Reply
  4. བསྟན་འཛིན་ཤེས་རབ། says:
    ལོ་ 16 སྔོན།

    སྤྱིར་བཙན་བྱོལ་བོད་གཞུང་གིས་རྒྱ་ནག་མཉམ་དུ་བཟང་ཕྱོགས་ཀྱི་ཁོར་ཡུག་ཅིག་བསྐྲུན་རྒྱུར་འབད་བརྩོན་གནང་བ་འགྲིག་ནའང་མང་བོ་ཞིག་གི་ཐོག་ནས་ཧ་ཅང་འཐུས་ཤོར་དུ་འགྲོ་བཞིན་པའི་ཚོར་སྣང་ཞིག་འདུག སྤྱིར་བོད་རེ་བས་འཕོངས་ཞེས་པ་དེ་ན་ནིང་དོ་ཚོགས་རང་རེ་རྣམས་ཀྱི་མིག་ཐོག་ཏུ་ཤར་སོང་བ་རེད། ད་མུ་མཐུད་དུ་དེ་ལྟར་གཡང་གཟར་དུ་འཆོང་ན་འགྲིག་པ་ཞིག་མཐོང་མ་སོང་། སྤྱིར་ང་ཚོ་རང་ངེས་ནས་ལས་འགུལ་མ་སྤེལ་ན་མ་སྤེལ་བ་རེད་མ་གཏོགས་རྒྱ་ནག་གི་གནས་སྐབས་ཀྱི་དགོས་མཁོའི་ཁ་བཤད་མངར་མོའི་བསླུ་བྲིད་ལ་ཡིད་ཆེས་ཏེ་ལས་འགུལ་མཚམས་འཇོག་བྱས་ན་མཇུག་འབྲས་ནི་ང་ཚོར་ཕམ་ཁ་རེག་པ་ལས་ཅི་ཡང་མི་འདུག

    སྤྱིར་གནའ་ནས་ད་བར་རྒྱ་ནག་ནི་གཡོ་སྒྱུས་འཚོ་བ་ཞིག་ཡིན་སྟབས་དུས་ནམ་ཡང་ཁོ་ཚོར་ཡིད་ཆེད་བྱེད་རྒྱུ་ཡོད་པ་མ་རེད། དེ་བས་ང་ཚོ་ཡང་གཞི་ནས་གཉིད་ལས་སད་ན་རེད།

    Reply
  5. ཡོན་བྷེ། says:
    ལོ་ 16 སྔོན།

    ལུང་རིགས་ལགས། རེད་སྤྱིར་བཤད་ན་ཚོད་དཔག་ལ་དེ་ལྟར་འབྱུང་ངེས་པའི་ཁྱབ་པ་ཡོད་པ་མ་རེད། འོན་ཀྱང་དཔྱད་ཞིབ་པ་ཁོང་ཚོས་ཀྱང་ཨ་རྒྱ་གཉིས་ཀྱི་དངོས་ཡོད་འབྲེལ་བ་གཞིར་བཞག་ནས་རྩོད་གླེང་དང་དཔྱད་ཞིབ་བྱེད་ཀྱི་ཡོད་སྟབས་བཙན་བྱོལ་གཞུང་གི་སྐུ་ངོ་ཚོས་ཐུགས་སྨོན་གནང་བཞིག་པ་འདི་ལས་དངོས་ཡོད་ཀྱི་ཕྱོགས་སུ་ཐག་ཉེ་ཙམ་ཁོང་ཚོའི་ཚོད་དཔག་མིན་འགྲོ་སྙམ།

    Reply
  6. བྲག་འགོ་དཀོན་མཆོག་དར་རྒྱས། says:
    ལོ་ 16 སྔོན།

    བཀླགས་ཟིན་།
    དྲྭ་གྲོགས་རྣམས་ལ་འཚམས་འདྲི་ཞུ།།

    Reply
  7. མི་ནག་ཚང་ལུང་རིགས་རྒྱལ། says:
    ལོ་ 16 སྔོན།

    ཡོན་བྷེ་ལགས། སྐུ་ཉིད་ཀྱིས་ཐུགས་སྣང་དང་བཅས་འདིར་དྲི་བ་བཏོན་པ་ཤིན་ཏུ་ལེགས། ངའི་བསམ་ཚུལ་འདི་དག་ནི་ཉེ་ཆར་རྒྱ་ནག་གི་གོ་ལའི་དུས་བབ་ཅེས་པའི་དྲ་རྒྱ་དང་། ཉེའུ་ཡོག་དུས་བབ། ཝ་ཤིན་ཊོན་ཕོ་སུ་ཊི་དྲ་རྒྱ་བཅས་ཀྱི་ནང་དུ་ཨ་རི་དང་རྒྱ་ནག་གི་སྲིད་དོན་ཉམས་ཞིབ་པ་དང་། ཆབ་སྲིད་པ་བཅས་ཀྱིས་ལོ་འདིར་ཨ་རྒྱ་གཉིས་ཀྱི་འབྲེལ་ལམ་གང་འདྲ་ཞིག་ཏུ་འཕེལ་སྲིད་པའི་ཕྱོགས་ལ་རྩོམ་ཡིག་སྤེལ་བ་དག་གཙོ་བོར་བཞག་ནས་བྲིས་པ་ཡིན། མཐའ་གཅིག་ཏུ་དེ་ལྟར་འཕེལ་བའི་ངེས་པ་ཡོད་པ་མ་རེད།

    སྲིད་དོན་ཉམས་ཞིབ་པ་འདི་དག་གི་གཞི་འཛིན་ས་ནི་ཐད་ཀར་དུ་རྒྱ་ནག་དང་ཨ་རི་གཉིས་ལ་འབྲེལ་བ་ཡོད་པའི་གནས་ཚུལ་ཁག་ཅིག་འབྱུང་གི་ཡོད་པ་དེ་དག་རེད། དཔེར་ན། མི་འགྱངས་པར་ཨ་རིས་ཐའེ་ཝན་ལ་གོ་མཚོན་འཚོང་རྒྱུ་དང་། སྲིད་འཛིན་ཨོ་བྷ་མས་༧གོང་ས་མཆོག་ལ་མཇལ་འཕྲད་གནང་རྒྱུ་ལྟ་བུ་རེད། གནས་ཚུལ་འདི་དག་གི་ཤུགས་རྐྱེན་ཅི་ཙམ་ཡིན་མིན་ལ་ད་ལྟ་ནས་དཔྱད་གླེང་བྱེད་ཀྱིན་འདུག གཙོ་བོ་གཅིག་ནི། སྲིད་འཛིན་ཨོ་བྷ་མ་དང་༧གོང་ས་མཆོག་རྣམ་གཉིས་མཇལ་འཕྲད་སྐབས་ཡོངས་ཁྱབ་ཀྱི་བཀའ་མོལ་ག་རེ་གནང་དགོས་པའི་སྐོར་ནི་གཙོ་བོའི་གྲས་ཡིན་པ་འདྲ། ཉམས་ཞིབ་པ་མང་པོ་ཞིག་ནི་རང་རང་གི་རྒྱལ་ཁབ་ཀྱི་ཕྱོགས་སུ་ལངས་ནས་སྐད་ཆ་བཤད་ཀྱིན་འདུག

    རིན་པོ་ཆེ་མཆོག་གིས་བོད་རྒྱའི་འབྲེལ་བའི་ཐད་བཟང་ཕྱོགས་ཀྱི་འགྱུར་བ་ཞིག་ཐེབས་རྒྱུར་རེ་བ་གནང་བ་དེ་ནི་སྤྱིར་བཏང་ལེགས་པའི་ཆ་རེད། ལྷག་པར་དུ་རྒྱ་ནག་མཉམ་དུ་བཟང་ཕྱོགས་ཀྱི་ཁོར་ཡུག་ཅིག་བསྐྲུན་རྒྱུར་འབད་བརྩོན་གནང་བཞིན་པའི་བཙན་བྱོལ་བོད་གཞུང་ལ་མཚོན་ན། ག་དུས་ཡིན་ཡང་རྒྱ་ནག་ལ་ཁ་རྡུང་རྐྱང་གཏོང་བ་ལས་སྐད་ཆ་འདིའི་རིགས་ཀྱང་གལ་ཆེན་པོ་ཡིན་སྲིད། དེའི་ཁར་གསར་འགོད་པས་ཐད་ཀར་དྲིས་པ་ཡིན་སྟབས་རིན་པོ་ཆེས་ཀྱང་དངོས་གནས་བོད་རྒྱའི་བར་འགྱུར་བ་ཡག་པོ་ཡོང་རྒྱུར་རེ་བ་བརྒྱབས་པ་ཙམ་ཡིན་སྲིད།

    བཙན་བྱོལ་བོད་གཞུང་ལ་སྲིད་དོན་ཉམས་ཞིབ་པ་མེད་པ་མིན་ཡང་དཀོན་པོ་རེད། ལྷག་པར་དུ་བོད་རྒྱའི་འབྲེལ་བ་དང་རྒྱལ་སྤྱིའི་ཆབ་སྲིད་ཀྱི་འཕེལ་ཕྱོགས་ལ་ཕུ་ཐག་ཆོད་པའི་ཉམས་ཞིབ་གནང་མཁན་ཕལ་ཆེར་མེད་ཚོད་ཡིན། དེའི་སྟབས་ཀྱིས་རིན་པོ་ཆེས་ཀྱང་ཁོང་གི་ཐུགས་རེ་ཙམ་མ་གཏོགས་ཉམས་ཞིབ་ཀྱི་གྲུབ་དོན་ཞིག་ལ་གཞིར་བཞག་ནས་བཀའ་མོལ་གནང་བ་ཉུང་ཉུང་རེད་འདོད།

    Reply
  8. ཡེལ་པ་བ། says:
    ལོ་ 16 སྔོན།

    བཀའ་བློན་ཁྲི་པས་ལོ་འདིར་བོད་རྒྱ་འབྲེལ་མོལ་གྱི་འཕེལ་རིམ་ལེགས་ཕྱོགས་སུ་འགྲོ་རྒྱུའི་རེ་བ་ཡོད་གསུངས་པ་ནི། ཁོང་བོད་ཡིན་པས་རེད། བོད་རེ་བ་ཞེས་པ་དེ་རེད་ལགས།

    Reply
  9. ཡོན་བྷེ། says:
    ལོ་ 16 སྔོན།

    སྐུ་ཞབས་ལུང་རིགས་ལགས། ཉིད་ཀྱིས་འདིར་འབྲེལ་ཡོད་ཆབ་སྲིད་དབྱེ་ཞིབ་ཀྱི་གནས་ཚུལ་ཁ་གསལ་བཀོད་པར་ཐུགས་ཆེ། གཤམ་དུ་འདྲི་རྒྱུར།

    ཨ་རྒྱ་གཉིས་ཀྱི་སྲིད་དོན་དབྱེ་ཞིབ་པ་མང་པོ་ཞིག་གིས་འདི་ལྟར་ཉིས་སྟོང་བཅུ་གཅིག་འདི་འགལ་ཟླའི་རང་བཞིན་གྱི་སྲིད་དོན་རྩོད་ལེན་གྱི་ལོ་ཁམས་ཤིག་ཏུ་འགྱུར་ཚུལ་གྱི་ལུང་བསྟན་གནང་བཞིན་པ་དང། བཙན་བྱོལ་བོད་བཞུང་གི་གཙོ་འཛིན་བཀའ་བློན་ཁྲི་པས་ལོ་འདིར་བོད་རྒྱ་འབྲེལ་མོལ་གྱི་འཕེལ་རིམ་ལེགས་ཕྱོགས་སུ་འགྲོ་རྒྱུའི་རེ་བ་ཡོད་སྐོར་གཉིས་ལ་བར་སྟོང་དང་ཧེ་བག་དེ་འདྲའི་ཆེན་པོ་ཞིག་ཤོར་སོང་བ་འདི་རྒྱུ་མཚན་གང་ཞིག་ལ་ཐུག་འདུག

    བོད་བཙན་བྱོལ་གཞུང་གི་ཆབ་སྲིད་གཙོ་འཛིན་བཀའ་བློན་ཁྲི་པས་རྒྱ་ནག་གི་ཆབ་སྲིད་འགྱུར་འགྲོས་དང་རྒྱལ་སྤྱིའི་ཆབ་སྲིད་གནས་བབ་བཅས་ལ་གཟིགས་ནས་འདི་འདྲའི་གནས་ཚུལ་ཞིག་སྤེལ་བ་རེད་དམ།

    ཡང་ན་ཁོང་གི་རེ་བ་དེ་སྤྱིར་བཏང་གི་རེ་བཞག་ཙམ་ལས་ཞིབ་འཇུག་དང་དཔྱད་ཞིབ་མེད་པར་ཐུགས་སྨོན་གནང་བ་ཙམ་རེད། དེ་འདྲ་ཞིག་ཡིན་སོང་ན། བོད་བཙན་བྱོལ་གཞུང་གི་ཆབ་སྲིད་ལས་སྟངས་འདིར་ཕྱོགས་ཡོངས་ཀྱི་ཆབ་དབྱེ་ཞིབ་པ་དང་ཆེད་ལས་ཆབ་སྲིད་ཉམས་ཞིབ་པ་དེ་འདྲ་མེད་སོང་བ་རེད་དམ།

    Reply

དཔྱད་མཆན་སྤེལ། Cancel reply

Your email address will not be published. Required fields are marked *

སྤྱི་ཚོགས་དྲ་གནས།

ཁྱབ་བསྒྲགས།

དྲ་ངོས་ཀྱི་གནས་ཚུལ་ཚང་མའི་པར་དབང་བོད་ཀྱི་དུས་བབ་ལ་ཡོད།

གློག་འཕྲིན།

editor@tibettimes.net | office@tibettimes.net

ཁ་པར།

+91-98823-47075 | +91-92189-38041 | +91-81972-44372

Welcome Back!

OR

Login to your account below

Forgotten Password?

Retrieve your password

Please enter your username or email address to reset your password.

Log In

Add New Playlist

No Result
ཆ་ཚང་གཟིགས།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
    • གླ་ཡོད་རིན་གོང་།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese