མདུན་ངོས།
About Us
  • English
Advertisement
བོད་ཀྱི་དུས་བབ།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
    • གླ་ཡོད་རིན་གོང་།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese
No Result
ཆ་ཚང་གཟིགས།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
    • གླ་ཡོད་རིན་གོང་།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese
No Result
ཆ་ཚང་གཟིགས།
བོད་ཀྱི་དུས་བབ།
English
No Result
ཆ་ཚང་གཟིགས།

ཞིན་ཅིང་ལ་གངས་སྐྱོན།

བོད་ཀྱི་དུས་བབ།
༢༠༡༠/༠༡/༡༡
Share on FacebookShare on TwitterShare on EmailShare on Whatsapp

དེ་རིང་ཞོགས་པ་བྷེ་བྷེ་སི་སོགས་རྒྱལ་སྤྱིའི་གསར་ལམ་ཆེ་ཁག་ཏུ་གནས་ཚུལ་ཐོན་པ་ལྟར་ན། ཟླ་འདིའི་ཚེས་ ༢ ཉིན་ནས་བསྟུད་མར་ཉིན་ ༨ རིང་། དེང་སྐབས་རྒྱ་ནག་གི་མངའ་འོག་ཏུ་ཡོད་པའི་ཞིན་ཅིང་ཡུ་གུར་རིགས་རང་སྐྱོང་ལྗོངས་ཀྱི་ཐ་ཁྲིན་དང་། ཨ་ལི་ཐེ་ས་ཁུལ་ཁག་ཏུ་གངས་སྐྱོན་ཚབས་ཆེན་བྱུང་སྟེ། ས་ཁུལ་དེ་གཉིས་ཀྱི་རྫོང་དང་གྲོང་ཁྱེར་ ༢༠ འོག་གི་ཞང་དང་གྲོང་རྡལ་ ༩༠ ལ་གངས་སྐྱོན་ཚབས་ཆེན་བྱུང་ཡོད་འདུག་ལ། དེ་རིང་ཞོགས་པ་བར་ཁངས་ཀྱི་མཐུག་ཚད་ཆ་སྙོམས་ལེ་མུས་ ༦༠ ལས་བརྒལ་ཏེ། འདས་པའི་ལོ་རྒྱུས་ནང་བྱུང་མ་མྱོང་བའི་གནས་ཚུལ་འཚབ་ཆེན་བྱུང་སྟེ། མང་ཚོགས་ ༢༦༠༠༠༠ ལྷག་ལ་གནོད་འཚེ་ཕོག་ཡོད་པ་དང་། མི་ ༢༧༦ ལ་རྨས་ཕོག་པ་དང་མི་ ༡ ཤི་ཡོད་འདུག གཞན་ཁང་མིག་ ༥༥༠༠ ལྷག་བརྡིབས་སྐྱོན་དང་གཏོར་ཞིག་ཐེབས་ཡོད་འདུག ཉིན་འདི་འགར་ས་ཁུལ་དེ་དག་མང་ཆེ་བའི་ལམ་ཁ་བས་བཅད་ཅིང་། འགྲིམ་འགྲུལ་འགག་པ་དང་གློག་ཆད་པ་སོགས་ཀྱི་གནས་སྟངས་ཛ་དྲག་ཆགས་ཡོད་འདུག

 

རྒྱ་ནག་གཞུང་ཕྱོགས་ནས་གསལ་བསྒྲགས་བྱས་པ་ལྟར་ན། ཐེངས་འདིར་ཞིན་ཅིང་ལ་གངས་སྐྱོན་ཚབས་ཆེན་བྱུང་སྟེ། རྒྱ་སྒོར་དུང་ཕྱུར་གཅིག་ ༡༠༠༠༠༠༠༠༠ ལྷག་གི་གྱོང་གུད་ཕོག་ཡོད་པ་དང་། ཞིན་ཅིང་ས་ཁུལ་ལ་གངས་སྐྱོན་བྱུང་བའི་གནས་ཚུལ་ཐོས་འཕྲུལ། སྲིད་གཞུང་གིས་དམག་མི་དང་མྱུར་སྐྱོབ་སྡེ་ཁག་མང་པོ་རྩ་འཛུགས་བྱས་ཏེ། གནོད་འཚེ་ཕོག་ཡུལ་གྱི་མི་ ༥༤༠༠ ལྷག་ས་གཞན་དུ་བསྐྱལ་ཏེ་ཉེན་ཁ་ལས་སྐྱོབ་ཐབས་བྱས་ཡོད་པ་དང་། རས་གུར་ ༥༠༠༠ དང་དགུན་ཆས་ ༡༠༠༠༠ ། དེ་བཞིན་ཉལ་ཆས་རིགས་ ༡༠༠༠༠ བཅས་གནོད་འཚེ་ཐེབས་ཡུལ་དུ་བསྐྱལ་ཏེ་མང་ཚོགས་ལ་བགོ་བཤའ་བྱས་ཤིང་། རྒུད་སྐྱོབ་ཀྱི་ལས་དོན་བསྒྲུབ་པའི་མ་དངུལ་རྒྱ་སྒོར་བྱེ་བ་གཅིག་དང་ས་ཡ་ལྔ་ ༡༥༠༠༠༠༠༠ ཙམ་གྲ་སྒྲིག་གིས་གནོད་འཚེ་ཐེབས་ཡུལ་མང་ཚོགས་ལ་འཚམས་འདྲི་དང་རྒུད་སྐྱོབ་ཀྱི་ལས་དོན་དུས་ཐོག་ལ་སྒྲུབ་ཀྱིན་ཡོད། ཅེས་བཀོད་འདུག

འབྲེལ་ཡོད་གསར་འགྱུར།

Mobile App

མཉམ་འབྲེལ་གྱི་གཞི་རྩའི་ནང་བསམ་བློ་མཉམ་འབྲེལ་གྱིས་མཐུན་སྒྲིལ་རྡོག་རྩ་ཆིག་སྒྲིལ་དང་གཅིག་ཕན་གཅིག་རོགས་དགོས་གལ་ཆེ་སྐོར་གསུངས།

ཆུ་ཚོད་ ༨ སྔོན་ལ།
༧གོང་ས་རྒྱལ་བ་རིན་པོ་ཆེ་མཆོག དགའ་ལྡན་ཕོ་བྲང་གི་སྐུ་པར།
༧གོང་ས་མཆོག གསུང་འཕྲིན།

༧གོང་ས་རྒྱལ་བ་རིན་པོ་ཆེ་མཆོག་ནས་ཐུགས་གསོའི་གསུང་འཕྲིན་བསྩལ།

ཆུ་ཚོད་ ༨ སྔོན་ལ།
Image from CCTV footage shows the border in Gyirong, Tibet, China, August 26, 2026
Mobile App

ར་སུ་ཝ་དགེ་རྒྱས་གླིང་བོད་མིའི་གཞིས་ཆགས་ཀྱི་མི་རྒྱུ་གཉིས་ལ་ཆུ་ལོག་གི་གནོད་འཚེ་ཤུགས་ཆེན་ཐེབས། 

ཆུ་ཚོད་ ༡༢ སྔོན་ལ།
 (Image: Cheng Xin/Getty Images)
Mobile App

རྒྱ་ནག་གཞུང་གིས་མི་འགྱངས་བར་འགྲོ་འོང་གི་ཁྲིམས་ཡིག་གསར་པ་ཞིག་ལག་བསྟར་བྱ་རྒྱུ་ཡིན་འདུག

༢༠༢༦/༠༨/༢༦
The Gao brothers (pictured) rose to prominence in China's art scene during the 1990s and 2000s, earning a global reputation for works that skewered the politics of their homeland
Mobile App

མའོ་ཙེ་ཏུང་ལ་ཟུར་ཟ་བྱས་པའི་ཉེས་མིང་འོག་སྒྱུ་རྩལ་བ་ཞིག་ལ་ལོ་གསུམ་གྱི་བཙོན་འཇུག་ཁྲིམས་ཐག་བཅད་འདུག

༢༠༢༦/༠༨/༢༦
པར་འདི་དཔལ་ལྡན་རྒྱལ་གྱིས་བླངས།
Mobile App

རྒྱལ་གཅེས་དཔའ་བོ་བློ་དགའ་རང་བཙན་ལགས་དང་བཅས་པའི་རང་ལུས་མེར་བསྲེགས་དང་དེའི་འཕྲོས་དོན་བརྟག་དབྱེ་བོད་བཙན་པོའི་རྟིང་འཇུག་དུས་ཀྱི་མེ་དཔུང་ཞེས་བྱ་བ་བཞུགས་སོ།།

༢༠༢༦/༠༨/༢༦

མཆན། 5

  1. karma dorje says:
    ལོ་ 17 སྔོན།

    ཨ་ཁ། ཁོར་ཡུག་གི་ལྷ་དེས་དུས་སུ་གྲོགས་མཛད་མ་ཐུབ་པ་ཅི་ནམ། ལས་རེད། རོགས་བྱོས།

    Reply
  2. གནམ་ལྕགས། says:
    ལོ་ 17 སྔོན།

    སྤྱིར་བཏང་གིས་དོན་འགྲུབ་བཀྲིས་ཀྱིས་བཤད་པ་དེ་བདེན་དུ་འཆི་ཡང་། ཕྱོགས་གཅིག་བཤད་ན། མི་རིགས་ཀྱི་ན་ཚ་དང་རྒྱལ་ཁབ་ཀྱི་ཤ་ཁོན་དེ་དེ་འདྲ་ཞིག་ལ་བརྗེས་མི་སྲིད་སྙམ། དགྱ་ནག་གིས་གདོང་འབག་གོན་ནས་ཇི་ལྟར་འཁྲབ་ནའང་། གདོང་འབག་ཕག་གི་མི་དེ་ནི་ནམ་ཡང་དགྱ་ནག་གོ།

    Reply
  3. དོན་འགྲུབ་བཀྲ་ཤིས། says:
    ལོ་ 17 སྔོན།

    གང་ལྟར། རྒྱ་ནག་གཞུང་གི་རླུང་རྟ་རྒྱག་སོང་། ཐེངས་འདིར་ཡུ་གུར་ས་ཆར་ཁངས་སྐྱོན་ཚབས་ཆེན་ཕོག་པ་དེ། ཡུ་གུར་ས་གནས་མང་ཚོགས་ལ་མཚོན་ན་རང་བྱུང་ཁམས་ཀྱི་གདམ་ཀ་མེད་པའི་གོད་ཆག་ཅིག་ཡིན་མོད། རྒྱ་ནག་གཞུང་ལ་མཚོན་ན་ཡུ་གུར་མི་མང་ལ་ཡིད་འགུག་བསླུ་བྲིད་གཏོང་རྒྱུའི་གོ་སྐབས་ཡག་ཤོས་དེ་ཆགས་ཡོད།
    བོད་ནང་ ༣ ,༡༤ དོན་རྐྱེན་དེས་བོད་གཙོས་པའི་གྲངས་ཉུང་མི་རིགས་ཁག་སྲིད་གཞུང་ལ་ལྟ་སྟངས་སྣ་ཚོགས་ཡོང་གིན་ཡོད་སྐབས། ཟི་ཁྲོན་ཡཱོན་ཁྲིན་ནང་ས་འགུལ་བརྒྱབས་ཏེ་རྒུད་སྐྱོབ་ཀྱི་ཟློས་གར་དེར་མི་གྲངས་དུང་ཕྱིར་བཅུ་གཉིས་དུང་སེམས་ཤོར།
    བོད་ཐོག་དྲག་གནོན་བྱས་པ་དང་རྒྱ་ནག་གི་འགྲོ་བ་མིའི་ཐོབ་ཐང་སོགས་ལ་རྒྱལ་སྤྱིའི་ཐོག་གླེང་སློང་ཤུགས་ཆེན་ཆགས་སྐབས། པེ་ཅིན་ཨོ་རྩེད་འགྲན་ཚོགས་ཀྱིས་འཛམ་གླིང་མི་མང་གི་ཡིད་སེམས་དྲངས།
    ད་ལོ་ཞིན་ཅིང་ནང་ ༧ , ༤ དོན་རྐྱེན་བྱུང་སྟེ། ཡུ་གུར་མི་མང་རྒྱ་གཞུང་ལ་ཁོང་ཁྲོ་ལང་ཡོད་སྐབས། ཉིན་འདི་འགའི་གངས་སྐྱོན་ལ་མྱུར་སྐྱོབ་ཀྱི་བྱ་འགུལ་དང་དངོས་ཡོད་ལས་ལྷག་པའི་དྲིལ་བསྒྲགས་བྱས་ཏེ། ཡུ་གུར་མི་མང་གི་ཁོང་ཁྲོ་དེ་ཡིད་ཆེས་དང་དགའ་ཞེན་གྱི་ངོ་བོར་བསྒྱུར་རྒྱུའི་གོ་སྐབས་ཡག་ཤོས་དེ་ཤར་སོང་ལ། འདི་རྒྱ་གཞུང་གི་སེམས་ནའང་ཁྲིགས་ཁྲིགས་ཡིན།

    Reply
  4. ཕུན་ཚོགས ། says:
    ལོ་ 17 སྔོན།

    ད་ནི་རྒྱ་ནག་པ་ཚོས་གསར་འགྱུར་ངོ་མ་རེ་འགའི་དར་ཆའི་འོག་ནས་ཁེ་བསང་མང་པོ་རག་ཡོང་སྙམ་པའི་ཧམ་སེམས་ཀྱི་མཆུ་ཏོ་རིང་པོ་སྲིང་གི་ཡོད་རྒྱུ་རེད།

    Reply
  5. བསྟན་འཛིན་ཤེས་རབ། says:
    ལོ་ 17 སྔོན།

    སྔ་ལོར་བོད་འདམ་གཞུང་ཁུལ་དུ་ས་ཡོམ་བརྒྱབ་རྗེས་ཀྱི་གནས་ཚུལ་དང་འདྲའམ་ང་ཚོས་ཡུན་གྱིས་བལྟ་ཆོག

    Reply

དཔྱད་མཆན་སྤེལ། Cancel reply

Your email address will not be published. Required fields are marked *

སྤྱི་ཚོགས་དྲ་གནས།

ཁྱབ་བསྒྲགས།

དྲ་ངོས་ཀྱི་གནས་ཚུལ་ཚང་མའི་པར་དབང་བོད་ཀྱི་དུས་བབ་ལ་ཡོད།

གློག་འཕྲིན།

editor@tibettimes.net | office@tibettimes.net

ཁ་པར།

+91-98823-47075 | +91-92189-38041 | +91-81972-44372

Welcome Back!

OR

Login to your account below

Forgotten Password?

Retrieve your password

Please enter your username or email address to reset your password.

Log In

Add New Playlist

No Result
ཆ་ཚང་གཟིགས།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
    • གླ་ཡོད་རིན་གོང་།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese