མདུན་ངོས།
About Us
  • English
Advertisement
བོད་ཀྱི་དུས་བབ།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
    • གླ་ཡོད་རིན་གོང་།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese
No Result
ཆ་ཚང་གཟིགས།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
    • གླ་ཡོད་རིན་གོང་།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese
No Result
ཆ་ཚང་གཟིགས།
བོད་ཀྱི་དུས་བབ།
English
No Result
ཆ་ཚང་གཟིགས།

མི་ལུས་ཕྱུར་པོ་ཆེ།

བོད་ཀྱི་དུས་བབ།
༢༠༡༠/༠༡/༡༣
Share on FacebookShare on TwitterShare on EmailShare on Whatsapp

བསྟན་འཛིན་སྲི་ཞུ་ལགས་ཀྱི་གློག་བརྙན་༼མི་ལུས་ཕྱུར་པོ་ཆེ་༽ཞེས་པ་ལེགས་འགྲུབ་བྱུང་སྟེ་བོད་ལྕགས་སྟག་ལོའི་ལོ་སར་སྐབས་དགྲམ་རྒྱུ་རེད། མགོ་ལོག་ཟླ་བྷེ་དེའི་ནང་གི་འཁྲབ་སྟོན་པ་ཞིག་རེད།

ཕྱི་ཚེས་ ༡༣ ཉིན་གྱི་ངྷ་སའི་ནམ་ཟླ་ཧ་ཅང་གྲང་ཐོག ཞོགས་པའི་ཆུ་ཚོད་ ༨ དང་སྐར་མ་ ༢༠ ཙམ་ནས་ཆར་བ་འབབ་མགོ་བརྩམས་ཡོད། ཞོགས་པ་དེར་ལས་ཁུངས་སུ་འབྱོར་རྗེས་གློག་བརྙན་གསར་བ་ཞིག་གི་སྐོར་ལ་གསར་འགོད་གསལ་བསྒྲགས་ཤིག་འདུག་ཟེར་བས། ང་རང་ཆར་རླུང་ཁྲོད་ཁ་སྣ་གཉིས་ཀྱང་བཤུད་ལ་ཁད་ཀྱིས་གསར་འགོད་དུ་བསྐྱོད། གསར་འགོད་པ་འདུ་འཛོམས་བྱེད་ས་ནི་ངྷ་ས་ས་གནས་བདེ་དོན་ཚོགས་ཁང་ནང་རེད་ལ། ས་དེར་འབྱོར་རྗེས་ཉེ་ཆར་བོད་ནས་གསར་དུ་འབྱོར་བའི་མགོ་ལོག་ཟླ་བྷེ་ཡང་དེ་རུ་འབྱོར་འདུག་པས། ངས་གཞི་ནས་ཁོང་ཐེངས་འདིའི་གསར་འགོད་དང་འབྲེལ་བ་ཡོད་པ་རྟོགས།

ཆུ་ཚོད་ ༡༠ ཙམ་ལ་བོད་ཀྱི་གློག་བརྙན་བཟོ་སྐྲུན་པ་བསྟན་འཛིན་སྲི་ཞུ་ལགས་ཀྱིས་ཐེངས་འདིའི་གསར་འགོད་གསལ་བསྒྲགས་དབུ་འཛུགས་གནང་བ་དང་། ཁོང་གིས་འདས་པའི་ཟླ་གཅིག་དང་ཟླ་ཕྱེད་རིང་འཁྲབ་ཁྲིད་བྱས་ཏེ་དུས་ཡུན་སྐར་མ་ ༤༥ ལྷག་ཡོད་པའི་ ༼ མི་ལུས་ཕྱུར་པོ་ཆེ་༽ ཞེས་པའི་གློག་བརྙན་ཞིག་འཁྲབ་སྟོན་ལེགས་འགྲུབ་བྱུང་ཞིང་། གློག་བརྙན་དེ་འདི་ལོའི་བོད་ལྕགས་སྟག་ལོའི་ལོ་སར་སྐབས་དང་བསྟུན་ནས་སྤྱི་ཚོགས་ཁྲོད་དངོས་སུ་དགྲམ་རྒྱུ་ཡིན་སྐོར་བརྗོད་སོང་། ཉིན་དེར་གློག་བརྙན་འཁྲབ་སྟོན་པ་གཙོ་གྲས་མགོ་ལོག་ཟླ་བྷེ་དང་བྱང་ཆུབ་ཤཱཀྱ་གཉིས་ཀྱང་ཕེབས་ཡོད།

བསྟན་འཛིན་སྲི་ཞུ་ལགས་ཀྱིས་ངོ་སྤྲོད་བྱས་དོན། མི་ལུས་ཕྱུར་པོ་ཆེ་ཞེས་པའི་དོན་ནི་མི་ཚེའི་ནང་མི་དགེ་བ་བཅུ་རྐྱང་རྐྱང་བྱེད་མཁན་ལ་གོ་དགོས་ཀྱི་འདུག་ལ། མི་ལུས་ཕྱིར་པོ་ཆེ་ཞེས་པའི་གློག་བརྙན་འདི་བརྒྱུད་ནས་དེང་རབས་བོད་ཀྱི་གཞོན་སྐྱེས་རྣམས་ལ་བསམ་བློའི་སློབ་གསོ་སྤྲོད་ཐུབ་པ་དང་། ཁོང་ཚོའི་བསམ་བློའི་ནང་འགྲོ་བ་མིའི་རིགས་ཀྱི་བྱམས་སྐྱོང་དང་བརྩེ་བ་ངོས་ཟིན་པར་མ་ཟད། དམིགས་བསལ་གྱིས་ཐ་མག་འཐེན་པ་དང་ཆང་རག་འཐུང་བ། ཐ་མག་ནག་པོ་དང་སྨྱོས་རྫས་རིགས་བེད་སྤྱོད་པ་སོགས་ལ་དམིགས་ཏེ་བཟོས་པ་ཞིག་ཡིན། དེ་བཞིན་གློག་བརྙན་འདི་ངྷ་སར་བཟོས་པ་ཡིན་ལ་དེ་ལྟར་ས་གནས་འདི་ནས་བཟོ་དོན། ངྷ་ས་ནི་ཕྱི་གླིང་བའི་ཡུལ་སྐོར་སྤྲོ་འཆམ་པ་མང་བོ་འདུ་འཛོམས་ཆེ་བའི་ས་གནས་ཤིག་རེད་ལ། ཁོང་ཚོའི་མང་བོ་ཞིག་ངྷ་སར་ངན་གོམས་དེ་དག་སྤོང་གི་ཡོང་ཡོད་ལ། འདིར་སླེབས་ནས་ཡར་རྒྱས་ཀྱང་འགྲོ་བཞིན་ཡོད་ནའང་། བོད་རིགས་གཞོན་སྐྱེས་ཚོས་ཁོང་ཚོའི་སར་ནས་སྦྱོང་གི་འདུག་པས་ཐོག་མར་དར་སྟངས་དེ་འདྲ་རེད། ཡང་མང་ཉུང་ལ་མ་ལྟོས་པར་བཙན་བྱོལ་གྱི་ས་གནས་ཁག་ཚང་མར་དེའི་རིགས་བེད་སྤྱོད་བྱེད་མཁན་གྱི་གཞོན་སྐྱེས་གང་འཚམ་ཡོད་སྟབས་ཁོང་ཚོའི་གནས་སྟངས་ལ་འཕོ་འགྱུར་ཡོང་བ་དང་། རྗེས་ཕྱོགས་དེའི་རིགས་བེད་སྤྱོད་མི་ཡོང་ཆེད་གློག་བརྙན་འདི་འཁྲབ་སྟོན་བྱས་པ་ཡིན་ཞེས་དང་། གློག་བརྙན་འདིའི་ནང་དུ་ཆབ་སྲིད་སྐོར་ཡང་ཅུང་ཙམ་ཡོད་ལ་དེ་ནི་གཙོ་བོ་བོད་རིགས་ནང་ཁུལ་དུ་ཕན་ཚུན་ལ་ཆོལ་ཁ་དང་ཆོས་ལུགས། ལུང་ཚན་ལྟ་བུའི་རྩོད་གླེང་མི་བྱེད་པར་མི་རིགས་མཐུན་སྒྲིལ་དང་རྡོག་རྩ་གཅིག་སྒྲིལ་ཡོང་ཆེད་ཡིན་སྐོར་སོགས་ཀྱང་འགྲེལ་བརྗོད་བྱས་ཡོད།

དེ་བཞིན་མི་ལུས་ཕྱུར་པོ་ཆེ་ཞེས་པའི་གློག་བརྙན་ནང་བསྔགས་པ་ཞིག་གི་འཁྲབ་ཚན་མི་ཉུང་བ་ཞིག་ཡོད་སྟབས། བོད་ནས་གསར་དུ་འབྱོར་མ་ཐག་པའི་མགོ་ལོག་ཟླ་བྷེའམ་སྣང་གསལ་སྐུ་རྒོད་ཁོང་གིས་ཐེངས་འདིའི་འཁྲབ་ཁྲིད་ནང་གལ་ཆེའི་ནུས་པ་ཐོན་ཡོད་ཅེས་མགོ་ལོག་ཟླ་བྷེས་གློག་བརྙན་འདིའི་ནང་གི་བསྔགས་པ་ཞིག་གི་འཁྲབ་ཁྲིད་མི་སྣ་གཙོ་བོ་བྱས་ཡོད་སྐོར་འགྲེལ་བརྗོད་བྱས་ཡོད།
དེའི་རྗེས་མགོ་ལོག་ཟླ་བྷེ་ལགས་ཀྱིས་གློག་བརྙན་འདིའི་འཁྲབ་སྟོན་པ་བྱེད་དགོས་པའི་སྐོར་ལ་འགྲེལ་བརྗོད་གནང་དོན། ང་རང་ཉིད་ལ་མཚོན་ན་སྐྱབས་བཅོལ་དུ་འབྱོར་ནས་དུས་ཡུན་རིང་བོ་སོང་མེད་སྟབས་མི་རང་ཉིད་ཀྱི་བྱ་བའི་ལས་བྲེལ་ཧ་ཅང་ཆེ་ནའང་། མི་ལུས་ཕྱུར་པོ་ཆེ་ཞེས་པའི་གློག་བརྙན་འདིའི་ནང་དུ་འཁྲབ་སྟོན་བྱེད་དགོས་དོན་གླ་ཕོགས་དང་རང་གི་མཚན་སྙན་གྲགས་ཀྱི་ཆེད་དུ་མིན་པར། བོད་ནང་དུ་ཁ་ཤགས་དང་མཚར་གཏམ། གཞས་ཚིག་སོགས་གསར་རྩོམ་དང་འཁྲབ་སྟོན་བྱས་ཏེ་བོད་ཀྱི་སྒྱུ་རྩལ་པ་ཞེས་མིང་སྟོང་ཞིག་འཁུར་མྱོང་བས། བོད་ཕྱི་ནང་གང་དུའང་འཁྲབ་སྟོན་བྱེད་ཡུལ་རག་གི་ཡོད་ཀྱང་གཙོ་བོ་འཁྲབ་གཞུང་འདི་ང་ཚོའི་སྤྱི་ཚོགས་དང་མིའི་འགྲོ་བ། བོད་མི་རིགས་ལ་ཕན་ཐོགས་ཡོད་ཤག་ཤག་གི་ནང་དོན་ཕུན་སུམ་ཚོགས་པ་ལྡན་པ་ཞིག་ཡིན་སྟབས། འཁྲབ་སྟོན་པ་ཞིག་གི་ངོས་ནས་མི་རིགས་དང་སྤྱི་ཚོགས་ལ་ཞབས་འདེགས་ཞུ་རྒྱུ་རང་གི་འོས་འགན་ལྟ་བུར་བརྩིས་ཏེ་རང་གི་ལས་ཀ་དང་དུས་ཚོད་ཡོད་ཚད་བློས་གཏོང་གིས་འདིའི་ནང་ཞུགས་པ་ཡིན། དཔེར་ན། ཐ་མག་ནག་པོ་དང་དུ་ཆང་གིས་ང་ཚོ་མི་ལུས་རིན་པོ་ཆེ་དེ་མི་ལུས་ཕྱུར་པོ་ཆེར་བཟོ་གི་ཡོད་པ་གཞིར་བཞག་རེད། འོན་ཀྱང་། རྒྱལ་ཁབ་གཞན་དང་མི་རིགས་གཞན་ལ་དེའི་སྐོར་གྱི་སློབ་ཁྲིད་བྱེད་མཁན་དང་འཁྲབ་ཁྲིད་བྱེད་མཁན། བདག་འཛིན་བྱེད་མཁན་ཡོད་པར་མ་ཟད། དེས་ཀྱང་གླགས་མ་འཁེལ་ན་ཁྲིམས་ཀྱི་སྟེང་ནས་རང་གི་མི་རིགས་ལ་བདག་སྐྱོང་དང་བཟོ་བཅོས་རྒྱག་གི་རེད། ང་ཚོར་ཁྲིམས་ཀྱི་སྟེང་ནས་རང་གི་མི་རིགས་ལ་བདག་སྐྱོང་བྱེད་པའི་སྐལ་བ་ལྡན་མེད་སྟབས། ང་ཚོས་ཁྱབ་བསྒྲགས་བྱེད་པ་དང་འཁྲབ་སྟོན་གྱི་ལམ་ནས་སློབ་གསོ་བྱ་རྒྱུ་ནི་གལ་ཆེའི་ནང་གི་དོན་ཆེན་ཞིག་རེད་ཅེས་ཐེངས་འདིར་མི་ལུས་ཕྱུར་པོ་ཆེའི་གློག་བརྙན་འཁྲབ་སྟོན་པ་བྱེད་དགོས་དོན་འགྲེལ་བརྗོད་གནང་ཡོད།

འབྲེལ་ཡོད་གསར་འགྱུར།

Mobile App

གྲྭ་མཛེས་དགའ་རྒྱ་མཚོ་ལགས་ཀློད་འདུག་ཀྱང་ལྟ་རྟོག་ནན་པོ་བྱེད་ཀྱི་འདུག

ཆུ་ཚོད་ ༡༠ སྔོན་ལ།
སྐབས་བཅུ་བདུན་སྤྱི་འཐུས་གྲོས་ཚོགས་ཚོགས་དུས་བཅུ་གཅིག་པའི་ལས་ཉིན་དྲུག་པ། བོད་མིའི་སྒྲིག་འཛུགས་ཀྱི་པར།
Mobile App

བོད་ཀྱི་རྒྱལ་དར་དང་རྒྱལ་རྟགས་རྒྱལ་གླུ་བཅས་ཀྱི་ཚན་མཐུན་གཅིག་འགྱུར་གྱི་སྙན་ཐོར་བགྲོ་གླེང་གནང་སོང་།

༢༠༢༦/༠༣/༢༡
Tibet, China - Sep 7, 2012. Chinese soldiers walking at the Jokhang temple in Lhasa, Tibet. The Jokhang Temple has two Buddha statues sacred to Tibetan Buddhists. — Photo by phuongphoto
Mobile App

པེ་ཅིན་གཞུང་གིས་བོད་མི་དང་གྲངས་ཉུང་མི་རིགས་གཞན་དག་རྒྱ་སྒྱུར་བྱ་བ་ཁྲིམས་མཐུན་བཟོ་བཞིན་འདུག

༢༠༢༦/༠༣/༢༡
Loomer meets Dalai Lama, lauds him for standing firm against threats to freedom
༸གོང་ས་མཆོག གསར་འགྱུར།

ཨ་རིའི་ཆབ་སྲིད་ལས་འགུལ་བ་ལུ་མར་ལགས་ཀྱིས་༸གོང་ས་མཆོག་ལ་མཇལ་བཅར་ཞུས།

༢༠༢༦/༠༣/༢༡
Penny Wong, Richard Marles, Judith Collins KC, Winston Peters
Mobile App

བོད་ནང་གི་ཆོས་དང་རིག་གཞུང་སོགས་ཉམས་རྒུད་དུ་འགྲོ་བཞིན་པར་བློ་འཚབ་བསྟན།

༢༠༢༦/༠༣/༢༠
TTTTT
Mobile App

དྷི་ཚ་དགོན་པའི་གྲྭ་བ་བསམ་གཏན་ལགས་ཉེས་རྡུང་བཏང་ནས་བཀྲོངས་འདུག

༢༠༢༦/༠༣/༡༨

མཆན། 29

  1. ཨ་རུ་ར། says:
    ལོ་ 16 སྔོན།

    གློག་བརྙན་མ་མཐོང་གོང་ནས་སྤྲངས་རྟགས་བསྟན་སོང་།

    Reply
  2. ཨ་རུ་ར། says:
    ལོ་ 16 སྔོན།

    གློག་བརྙན་མཐོང་གོང་ནས་སྤྲངས་རྟགས་བསྟན་སོང་།

    Reply
  3. karma dorje says:
    ལོ་ 16 སྔོན།

    ཤེས་རབ་འབྱུང་གནས་ལགས་ཀྱིས།
    འདྲེ་སྲིན་བྱུར་གསུམ་གྱིས་ལྷ་མི་གཤེན་གསུམ་ལ་གནོད་ཚུལ་དེ་ལེགས་བཤད་དུ་འདུག་པས་བྱུར་གྱིས་གཤེན་ལ་གནོད་ཚུལ་དཔེ་དོན་ཅིག་གསལ་ཁ་ངྱུང་ན་ཕན།

    Reply
  4. karma dorje says:
    ལོ་ 16 སྔོན།

    གཅན་བཟོད་རྒྱམ་ལགས།
    བོད་རིགས་ཚང་མས་གོ་ཐུབ་པའི་སྐད་ཅིག་ཡོད་རེད་དོ།

    Reply
  5. karma dorje says:
    ལོ་ 16 སྔོན།

    ཨ་ཁ་མནན་ས་ནོར་སོང་།
    ཅོ་རི་ཉི་མ་ལགས།
    རྗེའུའི་མི་རིགས་དང་ཡུལ་ལ། Isreal=གཡིསྶརིའིལ།
    རྒྱ་གར་གྱི་མངའ་ས་སྡེའི་མིང་ཧིན་སྐད་དུ། Andhrapradesh=ཨཱནདཱརཔཱརདེཤ

    Reply
  6. karma dorje says:
    ལོ་ 16 སྔོན།

    ཅོ་རི་ཉི་མ་ལགས།
    འཇིའུའི་མི་རིགས་དངཡུལ་ལ།

    Reply
  7. ཤེས་རབ་འབྱུང་གནས། says:
    ལོ་ 16 སྔོན།

    ངས་བལྟས་ན་གློག་བརྙན་བཟོ་མཁན་གྱིས་བྱུར་ཟེར་བསམ་པ་ཡིན་རྒྱུ་རེད།   རྒྱུ་མཚན་བྱུར་ཟེར་བ་ནི་བཀྲ་མི་ཤེས་པའམ་མྱ་ངན་གྱི་བརྡ་རྙིང་ཡིན་ལ།  ཡང་བོན་གྱི་བརྡ་ཆད་དུ་གཤེན་ལ་བར་ཆད་གཏོང་བའི་བདུད་ཀྱི་བྱེ་བྲག་ཅིག་གི་མིང་རེད།   དེ་ཡང་སྔ་རབས་བོད་ཀྱི་བྱུང་བ་བརྗོད་པའི་འབེལ་གཏམ་ལས།   འོག་ན་འདྲེ་སྲིན་བྱུར་གསུམ་སྟེ།   འདྲེ་ནི་ལྷ་ལ་འགྲན་དུ་འཚོལ།   སྲིན་ནི་མི་ལ་བདུད་དུ་ཆེ།   བྱུར་ནི་གཤེན་ལ་བར་གཅོད་རྩོམ་ཞེས་པ་ལྟ་བུ་རེད།
    དེ་མིན་ཕྱུར་ནི་ཆུར་བ་ཡི་འབྲི་ཚུལ་གཞན་ཞིག་རེད།   མི་ལུས་ཆུར་བ་ཆེན་པོ་ཟེར་བ་ནི་ཡིན་རྒྱུ་མ་རེད།   
    ཡང་ན་ཕྱུར་བུ་ཞེས་བྲིས་ན་བྱུར་དང་དོན་གཅིག་པ་རེད།   དཔེར་ན་མི་ལུས་ངན་པ་བྱུར་གྱི་སྣ་འདྲེན་ཟེར་བ་ལྟ་བུ་རེད།   
    གང་ལྟར་བཙན་བྱོལ་ཁྲོད་ནས་བོད་ཡིག་ཐོག་མིང་ཚིག་གཅིག་བྲིས་ན་ཡང་ཡིག་ནོར་ཞིག་དང་ཁ་འབྲལ་ཐབས་མེད་པ་ནི་རྒྱུན་ལྡན་ཡིན་མོད།   རང་གིས་མི་ཤེས་ཟེར་རྒྱུ་དང་གཞན་ལ་འདྲི་རྒྱུར་དུག་ལྟར་འཛེམས་མཁན་རྣམས་ལ་བྱུར་དང་ཆག་སྒོ་ལས་ཡར་རྒྱས་ཟེར་བ་ཡོང་རྒྱུ་གང་ཡང་མེད།

    Reply
  8. བོད། ཤ་ཁྲག་རུས་གསུམ། says:
    ལོ་ 16 སྔོན།

    ད་ནི་བཙན་བྱོལ་ནང་གི་སྤུན་ཟླ་དག་གིས་མི་མཐུད་དུ་གློག་བརྙན་འཁྲབ་མཁན་གྱི་མི་སྣ་མི་ཉུང་བ་ཞིག་བསྐྱེད་སྲུང་བྱེད་ཐུབ་པར་རེ་བ་ཆེན་པོ་ཡོད། བདག་གིས་ཉིས་སྟོང་བཞི་ལོར་སྤྱི་ཚོགས་མེ་ལོང་ཚགས་ཤོག་བརྒྱུད་དེ་འབོད་སྐུལ་ཞིག་ཞུས་མྱོང་ཡོད་ཀྱང་། དེ་ནི་མི་ཆུང་སྐད་ཆ་ལ་རིན་གོང་མེད་པར་སོང་བ་རེད། འོན་ཀྱང་། དེང་སྐབས་ཆ་རྐྱེན་མི་ཉུང་བ་ཞིག་འཛོམ་ནས་འོང་བཞིན་ཡོད་དུས། བོད་ཀྱི་ཕོ་གསར་མོ་གསར་མི་ཉུང་བ་ཞིག་ལ་གོ་སྐབས་སྤྲོད་མཁན་གང་ན་སུ་ཡོད་པ་དག་ལ་སེམས་ཁོང་རུས་པའི་གཏིང་ནས་དགའ་བསུ་ཞུ།

    Reply
  9. ཨ་མྱེ་རྫ་རྒྱ་ says:
    ལོ་ 16 སྔོན།

    གློག་བརྙན་འདི་ལ་བལྟ་འདོད་ཡོད་ན་ཡང་གོ་སྐབས་ཡོང་མིན་ད་དུང་ཆ་མ་འཚལ་བས་སྐོམས་པ་ཆུ་ལ་རེ་བ་ལྟར་ཡིན་འདུག

    Reply
  10. ཅོ་རི་ཉི་མ། says:
    ལོ་ 16 སྔོན།

    མ་ཟད་དེང་སང་དབྱིན་སྐད་ཚིག་རེ་གཉིས་ཤེས་མཁན་ཚོས་གོ་ཐུབ་པའི་སྐད་ཡིག་འདི་རེད་དོ།
    ཨི་ཇིཕ་རའིལ། ཤོན་མེཀ་ཀོར་མེཀ ཨེ་འུརྡ་ཨོལ་མརཊི། ཤིལྦ་སེ་ནེའུ། སུ་རེཤ་པ་ར་སྦུ།
    ཨ་ཨེཕ་པི། སྦུཤི། ཆེ་རའེ་སེ། ཨེ་སེ་རའིལ། ཤིལྦ་ཤང་ཀར་མེ་ནན། ཨཇ་མལ་ཀ་སབ།
    ཨན་དར་པར་དེཤ། པི་ཀྲི་ཨའེ

    Reply
  11. ཅོ་རི་ཉི་མ། says:
    ལོ་ 16 སྔོན།

    གཅན་བཟོད་རྒྱམ་ལགས།
    བོད་མི་ཚང་མས་གོ་ཐུབ་པའི་སྐད་ཡིག་དེ་མདོ་བརྒྱུད་གཙུག་ལག་རྒྱ་མཚོ་ལྟ་བུ་འདི་རེད་དོ། ཨ་མདོའི་ཕལ་སྐད་མ་རེད།

    Reply
  12. གཅན་བཟོད་རྒྱམ། says:
    ལོ་ 16 སྔོན།

    རེད་ཡ། བོད་མི་ཚང་མས་གོ་ཐུབ་པའི་སྐད་བོད་སྐད་དེ་གང་རེད། དེ་ལྟ་བུའི་བོད་སྐད་ཅིག་ཡོད་དམ། མེད་ན་དེ་ལྟ་བུའི་བོད་སྐད་ཡོད་ན་ཅི་མ་རུང་། མགོ་ལོག་དྷ་བྷེའི་སྐད་དེ་ཁོང་བཙན་བྱོལ་དུ་ཡོང་མ་ཐག་ཡོན་པས་ཨམ་སྐད་སྟུག་སྟུག་པ་ཞིག་ལོས་ཡིན་འདོད་ཀིམདོ་དབུས་ཁམས་གསུམ་གྱི་མི་སུ་ཡིན་རུང་བཙན་བྱོལ་སྤྱི་ཚོགས་ནང་ཚོ་བ་ཡུན་རིང་རོལ་མྱོང་མཁན་ཞིག་ཡིན་ན། ཁོའི་སྐད་ཀྱང་ང་ཚོ་ཅུང་གོ་བདེ་བོ་ཞིག་ཡོད་སྲིད།

    Reply
  13. བློ་བཟང་དཔལ་ལྡན། says:
    ལོ་ 16 སྔོན།

    གཅན་བཟོད་རྒྱམ་ལགས། ཁྱོད་ཀྱིས་བཤད་པ་ལྟར་༼ད་ཡང་འདི་ཚོས་ཨམ་སྐད་རྐྱང་རྐྱང་བརྒྱབས་ཡོད་རྒྱུ་རེད་པ། སྤྱིར་བོད་མི་ཚང་མས་གོ་ཐུབ་པ་ཞིག་ཡིན་ན་བཟང་མོད།
    ཨ་མདོ་བ་ཚོས་མ་གཏོགས་གཞན་ཚོས་གོ་རྒྱུ་ཨེ་ཡིན་ནམ་འདོད་ཀི གློག་བརྙན་འདིའི་ཁ་བྱང་གི་དོན་ཅང་མ་གོ་ཐལ། ངའི་གོ་རྟོགས་འདི་སྐྱོ་བ་ལ།༽བོད་མི་ཚང་མས་གོ་མཁན་ཀྱི་བོད་སྐད་དེ་གང་ཡིན། དེང་སྐབས་བོད་རང་གི་ནང་ལ་བསྐད་བསྒྱུར་དང་ཡིག་བསྒྱུར་སོགས་འགྲོ་བཞིན་པ་ན་ཡིན་ནམ།

    Reply
  14. བློ་བཟང་དཔལ་ལྡན། says:
    ལོ་ 16 སྔོན།

    གཅན་བཟོད་རྒྱམ་ལགས། ཁྱོད་ཀྱིས་བཤད་པ་གཞིན། ༼ད་ཡང་འདི་ཚོས་ཨམ་སྐད་རྐྱང་རྐྱང་བརྒྱབས་ཡོད་རྒྱུ་རེད་པ། སྤྱིར་བོད་མི་ཚང་མས་གོ་ཐུབ་པ་ཞིག་ཡིན་ན་བཟང་མོད།
    ཨ་མདོ་བ་ཚོས་མ་གཏོགས་གཞན་ཚོས་གོ་རྒྱུ་ཨེ་ཡིན་ནམ་འདོད་ཀི གློག་བརྙན་འདིའི་ཁ་བྱང་གི་དོན་ཅང་མ་གོ་ཐལ། ངའི་གོ་རྟོགས་འདི་སྐྱོ་བ་ལ།༽བོད་མི་ཚང་མས་གོ་མཁན་གྱི་བོད་སྐད་དེ་གང་ཡིན་དེང་སང་བོད་རང་གི་ནང་ལ་སྐད་བརྒྱུར་དང་ཡིག་བརྒྱུར་སོགས་འགྲོ་བཞིན་པ་མ་ཡིན་ནམ།

    Reply
  15. བསེ་རུ། says:
    ལོ་ 16 སྔོན།

    ལུང་རིགས་ལགས་ཀྱིས་ཕྱུར་པོ་དང་བྱུར་པོ་གཉིས་ཀྱི་ཚིག་དོན་དྲངས་པ་ནི་བོད་རྒྱ་ཚིག་མཛོད་ཆེན་པོའི་ནང་གི་ཚིག་འགྲེལ་རེད། མིང་གི་དག་ཆ་ཕྱུར་པོ་དེ་མ་དག་པ་རེད་ཅེས་བཤད་ན་མངོན་སུམ་ལ་བསྙོན་པ་རེད། འོན་ཀྱང་། གློག་བརྙན་གྱི་མིང་འདོགས་སྟངས་ཀྱི་སྟེང་ནས་བརྗོད་མི་བདེ་བ་མ་ཟད། རྣ་བར་ཡང་དེ་ཙམ་མི་སྙན་པ་ཞིག་རེད།
    སྤྱིར་ང་ཚོས་མིང་འདོགས་སྟངས་ཚུན་ནས་དོ་སྣང་སྤྲོད་དགོས་པའི་བསླབ་བྱ་ཞིག་ཀྱང་རེད་སྙམ།།

    Reply
  16. བཀྲ་ཤིས་རྒྱ་མཚོ says:
    ལོ་ 16 སྔོན།

    བོད་ཀྱི་གློག་བརྙན་གསར་བ་འདི་བལྟ་འདོད་ཀྱི་འབུ་གསར་བ་ཞིག་ལངས་བཞིན་འདུག་ན་བོད་ལུགས་ལོ་གསར་བར་དུ་འབུ་ཤི་ཉེན་འདུག།
    སྒྱུ་རྩལ་བ་ཟླ་བ་ཐར་བཙན་བྱོལ་དུ་ཕེབས་པར་དགའ་བསུ་ཡོད། འོན་ཀྱང་ཆུ་ཐོམ་གང་གི་ནང་ལ་ཉ་འདོམ་གང་ཞེས་བའི་དཔེ་རུ་མི་འགྱུར་བའི་ངེས་བ་མེད།

    Reply
  17. ཅོ་རི་ཉི་མ། says:
    ལོ་ 16 སྔོན།

    དྲ་གྲོགས་རྣམ་པ་ཚོ་ནི་དག་ཡིག་ཧ་ཅང་བཟང་བ་ཡིན་དུས་གཤམ་གྱི་མིང་ཚིག་འདི་ཚོར་ཀློག་རྒྱུ་ཡོད་མེད་དང་དག་ཡོད་མེད་གཞུང་གང་ལ་བརྟེན་ནས་བྲིས་མིན་སུམ་ཅུ་པ་དང་མཐུན་མིན་འགྲེལ་བཤད་ཤིག་གནང་རོགས་ཞུ།

    ཨི་ཇིཕ་རའིལ། ཤོན་མེཀ་ཀོར་མེཀ ཨེ་འུརྡ་ཨོལ་མརཊི། ཤིལྦ་སེ་ནེའུ། སུ་རེཤ་པ་ར་སྦུ།
    ཨ་ཨེཕ་པི། སྦུཤི། ཆེ་རའེ་སེ། ཨེ་སེ་རའིལ། ཤིལྦ་ཤང་ཀར་མེ་ནན། ཨཇ་མལ་ཀ་སབ།
    ཨན་དར་པར་དེཤ། པི་ཀྲི་ཨའེ།

    Reply
  18. ཅོ་རི་ཉི་མ། says:
    ལོ་ 16 སྔོན།

    མི་ལུས་ཕྱུར་པོ་ཆེ་ཞེས་པ་འདིར་གོ་རྒྱུ་མེད་པའི་དབང་གཏོང་ཡང་འདི་ཀློག་རྒྱུ་ཡོད་པ་ཞིག་རེད་འདུག
    གོ་རྒྱུ་ཀློག་རྒྱུ་གཉིས་ཀ་མེད་མཁན་སུམ་ཅུ་པའི་སྒྲིག་གཞི་དང་འགལ་རེ་དུས་ཁྱེད་རྣམ་པར་ཅི་ཡང་གསུངས་ཀྱི་མི་འདུག

    Reply
  19. karma dorje says:
    ལོ་ 16 སྔོན།

    མི་ལུས་ཕྱུར་་པོ་ཆེ་དང་ཕྱིར་པོ་ཆེའི་དོན་ནི་མི་ཤེས། ་་་་་་བྱུར་པོ་ཆེ་ནི་གོ་དོན་གསལ།
    སྣོད་ཆེན་པོ་ཅིག་གི་ནང་ལ་མི་ལུས་མང་པོ་ཡར་ཕྱུར་ཕྱུར་གང་བ་ལ་ནི་ཟེར་འདོད་ཨ་ཡོད། །

    Reply
  20. མི་ནག་ཚང་ལུང་རིགས་རྒྱལ། says:
    ལོ་ 16 སྔོན།

    དག་ཡིག་གི་འགྲེལ་འདི་ན་འདུག

    ༼ཕྱུར་པོ།༽ ཡར་མཐོན་པོར་ལངས་པ་དང༌། གཏམས་པའི་རྣམ་འགྱུར།…སྣོད་ཕྱུར་པོར་གང་བ།…འབྲུ་ཕུང་ཕྱུར་པོ།…གྲོ་སོག་ཕྱུར་པོར་སྤུངས་འདུག

    ༼བྱུར་པོ།༽ 1.ཆགས་སྒོའམ་རྐྱེན་ངན།…བློ་ཡུལ་དུ་མེད་པའི་བྱུར་པོ་ཆེ་ཞིག་བྱུང་འདུག… 2.བྱུར་བུ་དང་འདྲ།

    Reply
  21. མི་ཆུང་། says:
    ལོ་ 16 སྔོན།

    དྲ་གྲོགས་ཚོ། བརྡ་ལོག་རྐྱང་ལབ་མ་སྡོད། ཕྱུར་པོ་ཟེར་བ་གང་ན་ཡོད། དེའི་གོ་དོན་གང་ཡིན་ནམ། ཡང་སྐབས་འདིར་གློག་བརྙན་གྱི་མིང་ཡང་བརྡ་རྙིང་བཏགས་པ་ཡོད་པ་རེད། བརྡ་རྙིང་ཡིན་ན། མིང་དེར་འགྲེལ་བཤད་མང་ཙམ་མ་བྲིས་ན་མི་འཚམས། དང་པོ་མིང་འདིས་མི་རྣམས་མགོ་རྨོངས་སུ་འཇུག་རྒྱུ་ཉག་ཅིག་རེད།

    Reply
  22. སྤོབས་པ་མཐའ་ཡས། says:
    ལོ་ 16 སྔོན།

    འདི་ཚོས་རང་གིས་ནི་མི་ཤེས་པ་རེད། གཞན་ལ་ནི་སྟོན་མི་འདོད་པ་རེད། འདི་གློག་བརྙན་བཟོ་མཁན་གྱིས་ཡིག་ནོར་ཡིན་ནམ་གསར་འགྱུར་འགོད་མཁན་གྱས་ཡིག་ནོར་བྲིས་པ་རེད།

    Reply
  23. རྨེ་རུ། says:
    ལོ་ 16 སྔོན།

    སྤོབས་པ་མཐའ་ལགས། དག་ཡིག་གསར་བསྒྲིགས་ཀྱི་ལུགས་ལ་ཕྱུར་བུ་འདི་བྱུར་བུ་ཡི་འབྲི་ཚུལ་གཞན་མ་ཡིན་ནམ། འདི་ཡིག་ནོར་ཡིན་རྒྱུ་མ་རེད་སྙམ།

    Reply
  24. དབུས་ཕྲུག་ཚེ་རིང་། says:
    ལོ་ 16 སྔོན།

    གློག་བརྙན་གྱི་མིང་འདི་ཅུང་བློར་མི་བདེ་བ་ཞིག་འདུག ཡང་ན་མི་ལུས་བྱུར་བུ་དང་། ཡང་མི་ལུས་ཕྱུར་བུ། ཡང་ན་མི་ལུས་མཆོར་པོ་ཡིན་ནམ་སྙམ།

    Reply
  25. སྤོབས་པ་མཐའ་ཡས། says:
    ལོ་ 16 སྔོན།

    ད་ག་རེ་མ་འགྲིགས་པ་རེད། མི་ལུས་ཕྱུར་པོ་ཆེ་ཟེར་བ་ཞིག་གང་དུ་ཡོད། མི་ལུས་བྱུར་པོ་ཆེ་ཟེར་བ་ལོས་ཡིན། ད་ཡིན་ན་གློག་བརྙན་གྱི་མིང་ཡང་ཡིག་ནོར་བཟོས་འདུག དེ་ཙམ་ག་རེ་མ་འགྲིགས་པ་ཡིན་ནམ། ད་བསེ་རུ་དང་བསྟན་འཛིན་ཚེ་དཔག་ཟེར་བ་དེ་ཚོ་ཐོན་ཤོག བཀའ་བཀྱོན་ཐོངས་དང་།

    Reply
  26. རྨེ་རུ། says:
    ལོ་ 16 སྔོན།

    གློག་བརྙན་འདི་ལེགས་གྲུབ་བྱུང་བར་འཚམས་འདྲི་ཞུ་རྒྱུ་ཡིན།
    གློག་བརྙན་འདི་སྒྱུ་རྩལ་གྱི་ཉམས་དང་སྐད་ཆ་ཤོད་སྟངས་སོགས་ཡག་པོ་ཞིག་ཡོད་པའི་རེ་བ་ཡོད།

    Reply
  27. གཅན་བཟོད་རྒྱམ། says:
    ལོ་ 16 སྔོན།

    ད་ཡང་འདི་ཚོས་ཨམ་སྐད་རྐྱང་རྐྱང་བརྒྱབས་ཡོད་རྒྱུ་རེད་པ། སྤྱིར་བོད་མི་ཚང་མས་གོ་ཐུབ་པ་ཞིག་ཡིན་ན་བཟང་མོད།
    ཨ་མདོ་བ་ཚོས་མ་གཏོགས་གཞན་ཚོས་གོ་རྒྱུ་ཨེ་ཡིན་ནམ་འདོད་ཀི གློག་བརྙན་འདིའི་ཁ་བྱང་གི་དོན་ཅང་མ་གོ་ཐལ། ངའི་གོ་རྟོགས་འདི་སྐྱོ་བ་ལ།

    Reply
  28. བློ་གྲོས་རྒྱལ་པོ། says:
    ལོ་ 16 སྔོན།

    གློག་བརྙན་འདིའི་མིང་འདོགས་སྟངས་བཟོ་ཇི་འདྲའི་དགོད་སྤྱད་ཞིག་རེད།

    Reply
  29. བསེ་རུ། says:
    ལོ་ 16 སྔོན།

    བསྟན་འཛིན་སྲི་ཞུ་ལགས་ཀྱི་གློག་བརྙན་དེ་བཞིན་བོད་མིའི་སྤྱི་ཚོགས་ཀྱི་འཚོ་བ་དང་ཁ་ཐག་ཉེ་པོ་ཡོད་པར་ཡིད་ཆེས་དང་རེ་བ་བྱེད་ཀྱིན་ཡོད་ལ། སྒྱུ་རྩལ་པ་ཟླ་བྷེ་འདི་ལྟར་བཙན་བྱོལ་ནས་སྒྱུ་རྩལ་གྱི་གར་སྟེགས་ཆུང་ཆུང་ཞིག་གི་ནང་ཞུགས་ཐུབ་པར་འཚམས་འདྲི་ཡོད།

    གོང་གི་གསར་འགྱུར་གྱི་ནང་མི་ལུས་ཕྱིར་པོ་ཆེ་ཞེས་པའི་གློག་བརྙན་འདི་བརྒྱུད་ནས་ཞེས་པའི་ནང་”ཕྱུར་པོ་”ལ་ཕྱིར་པོ་”ཞེས་གཏགས་ནོར་ཤོར་འདུག འདི་ནི་དབྱངས་ཨི་དང་ཨུའི་སྒྲ་གདངས་ཉེ་བར་འདོན་མཁན་ཚོར་དཀའ་ངལ་དེ་རིགས་ཡོང་དང་ཡོང་མུས་ཡིན་ལ། དེའི་སྐོར་དྲན་སྐུལ་ཡང་བཏང་དང་གཏོང་མུས་ཡིན། ཀློག་པ་པོ་གཞན་ཚོས་ཀྱང་དེ་དོན་ཐུགས་སྣང་གནང་རོགས།།

    Reply

དཔྱད་མཆན་སྤེལ། Cancel reply

Your email address will not be published. Required fields are marked *

སྤྱི་ཚོགས་དྲ་གནས།

ཁྱབ་བསྒྲགས།

དྲ་ངོས་ཀྱི་གནས་ཚུལ་ཚང་མའི་པར་དབང་བོད་ཀྱི་དུས་བབ་ལ་ཡོད།

གློག་འཕྲིན།

editor@tibettimes.net | office@tibettimes.net

ཁ་པར།

+91-98823-47075 | +91-92189-38041 | +91-81972-44372

Welcome Back!

OR

Login to your account below

Forgotten Password?

Retrieve your password

Please enter your username or email address to reset your password.

Log In

Add New Playlist

No Result
ཆ་ཚང་གཟིགས།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
    • གླ་ཡོད་རིན་གོང་།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese