་་་་་་་་་་་་་་་་་་་་མཚན་མཐུན་གཉེན་སྒྲིག་བྱེད་མཁན་དག་ལ་ཕུལ་བ།
དྲན་ཤེས་རླུང་ལ་སྐུར་བའི་སྔ་ནུབ་དུ།།
ཚོར་བ་དུག་ལ་བསྲེས་པའི་ཉིན་མོ་ལ།།
ཁྲག་གི་དྭངས་མ་ཁུ་བ་འདང་ཅན་པོ།།
བེད་མེད་ཕྱི་ལ་དཔྱངས་པའི་ཉེས་པ་ལྕི།།
རིགས་མཐུན་བརྩེ་བ་ཟེར་ནས་བདེན་ཁ་སྒྲོག།
འདོད་པའི་ཞེན་རྩ་ཟེར་ནས་སྲོལ་རྒྱུན་གཏོར།།
ཕོ་མོ་འདྲ་མཉམ་ཟེར་ནས་གང་འདོད་བྱེད།།
མི་ལུས་བསྐྱེད་སྲུང་བྱེད་པའི་འགན་དེ་གཡུགས།།
ཆགས་སེམས་མེ་ལ་འབར་བའི་སེམས་ངོགས་སུ།།
རང་གཤིས་ཚད་མར་སྣང་བའི་ཁྱེད་ཚོ་ཡིས།།
འཁྲུལ་བའི་རྣམ་བཞག་མ་རྟོགས་འཚོ་བའི་ནང་།།
རང་གི་འདོད་པ་མི་ཡི་སྲོལ་དུ་རློམ།།
དགའ་ན་དགའ་བའི་ལུགས་ལ་ཚོད་ཅིག་ཡོད།།
རང་དབང་ཟེར་ཡང་ཀུན་དང་མཐུན་པ་ཞིག།
མེད་པར་བཟོས་པའི་ལམ་ཕྲན་དོག་མོ་འདི།།
མི་རྒྱུད་རྩ་ནས་བཤིག་པའི་འགད་རྫས་ཤིག།
གནའ་བོའི་གཞུང་ལམ་སྒེར་ཚུགས་ལྟ་བར་གླེང་།།
དེང་རབས་འཕྲུལ་ལམ་བདེ་འཇག་ལམ་དུ་སྙམ།།
འདི་ཕྱིའི་གོ་རིམ་ལྡོག་པའི་མི་ཡུལ་ན།།
ཕོ་མོའི་འབྲེལ་ཐག་བར་ལ་ཁྲམ་རྟགས་བརྒྱབ།།
སྐྱིད་སྐྱིད་འདྲ་བའི་རང་གི་སྣང་བ་དང་།།
བདེན་བདེན་སྙམ་པའི་ཁྱེད་ཚོས་བྱེད་སྟངས་འདིས།།
འགྲོ་དྲུག་ཕོ་མོའི་བརྩེ་དུང་ཟབ་མོ་དེར།།
མི་འདོད་བཙན་གཡབ་བྱས་པ་སེམས་ཤིག་སྐྱོ།།
རུས་གསུམ་གྱི་བདག་པོ་ལགས། ཁ་ནས་ཕོ་མོའི་བརྩེ་དུང་དང་འདོད་པའི་འཁྲིག་སྤྱོད་སོགས་གླེང་ནས་ཅི་ལ་ཕན་བཟོད་བསྲན་མེད་ན་གྲྭ་ལོག་ཆས། ཧ་་ཧ་ཧ་ཧ་་་་་་་
རུས་གསུམ་གྱི་བདག་པོ་ལགས། ཁ་ནས་ཕོ་མོའི་བརྩེ་དུང་དང་འདོད་པའི་འཁྲིག་སྤྱོད་སོགས་གླེང་ནས་ཅི་ལ་ཕན་བཟོད་བསྲན་མེད་ན་གྲྭ་ལོག་ཆས། ཧ་་ཧ་ཧ་ཧ་་་་་་་
རུ་གསུམ་གྱི་བདག་པོ་ལགས། ཁ་ནས་ཕོ་མོའི་བརྩེ་དུང་དང་འདོད་པའི་འཁྲིག་སྤྱོད་སོགས་གླེང་ནས་ཅི་ལ་ཕན་བཟོད་བསྲན་མེད་ན་གྲྭ་ལོག་ཆས།
ཧ ཧ ཧ སྐུ་ཞབས་བྱམས་པ་ལགས་ཀྱིས་མཚན་མཐུན་གཉེན་བསྒྲིགས་བྱས་པ་དེ་ལ་དམིགས་ཧང་དགོས་དོན་ཅི། ངས་ལྟས་ན་ཁོ་ནི་མངོན་ལྐོག་མི་བྱེད་པའི་དྲང་མོ་དྲང་རྐྱང་ཞིག་རེད་བསམ་བསྡད་ཡོད། དེ་མིན་དགོན་སྡེ་དག་གི་ནང་ལ་བསམ་བློ་ཞིག་ཐོངས་དང་། གྲྭ་ཕྲུག་རྣམས་དགོན་པར་འདུག་མ་ཐུབ་པར་མི་འདོད་བཞིན་དགོན་པ་ནས་ཕྱིར་འབུད་དགོས་པའི་རྒྱུ་མཚན་གཅིག་ནི། དགོན་པའི་ནང་གི་གྲྭ་རྒན་བསམ་མེད་དག་གིས་མཚན་མཐུན་ཆགས་སྤྱོད་ལ་བརྟེན་ནས་གྲྭ་ཕྲུག་ཚོར་བཙན་གཡེམ་བྱེད་རྒྱ་མང་སོང་བས་རེད། དཔེར་ན། རྒྱ་གར་ལྷོ་ཕྱོགས་ཀྱི་དགོན་སྡེ་ཁག་གི་ནང་ལ་བསམ་བློ་ཞིག་ཐོངས་དང་། མཚན་མཐུན་ཆགས་སྤྱོད་ཙམ་མ་ཡིན་པར་གཉིན་བསྒྲིགས་བྱས་ནས་མི་ཚེ་སྐྱེལ་མཁན་ཡང་གྲངས་མེད་རེད། དེ་མཚུངས་རྡ་རམ་ས་ལའི་ཉེ་འཁོར་གྱི་དགོན་སྡེ་ཆུང་ཆུང་དག་གི་ནང་ལ་ཡང་མཚན་མཐུན་ཆགས་སྤྱོད་བྱེད་མཁན་ཧ་ཅང་མང་། དེ་ནི་ཕྱི་ལ་མངོན་མ་མངོན་ཙམ་ཞིག་རེད། གནས་ཚུལ་རྒྱུས་ལོན་བྱས་པ་ལྟར་ན། ཡོན་བྷེ་ཟེར་བའི་ཟིན་བྲིས་པ་དེ་ཡང་མཚན་མཐུན་ཆགས་སྤྱོད་པ་ཞིག་རེད་འདུག སྐུ་ཞབས་བྱམས་པ་ནི་རང་གིས་མི་སྐྱ་ཞིག་རེད། འོན་ཀྱང་གྲྭ་བ་རྣམ་ནི་དགེ་འདུན་པ་ཞིག་རེད། ཞིབ་ཏུ་བསམ་བློ་ཐོངས་ནས་ཤོད་དང་། གཞི་ནས་སེམས་ཤེས་རྒྱུ་ཞིག་ཡོད།
ཡོན་བྷེས་ཤེས་སོང་། ཐུགས་རྗེ་ཆེ།
མིའུ་ཕྲུག་ལགས། ཡུན་རིང་ཞིག་ལ་རིག་རྒྱུ་མཐོང་རྒྱུ་མེད་སོང་། དེ་རིང་འདི་་རུ་ཕེབས་ནས་སྙན་ངག་གོ་དོན་ཅན་ཞིག་མཆན་པུ་བཏབ་པ་དགའ་ཡོད། རྗེས་ཕྱོགས་ཀྱང་ཁོམ་དུས་རེ་བསམ་ཚུལ་རེ་གསུང་དུ་ཕེབས་རོགས་ཞུ།
ཡོན་བྷེ་ལགས། ངས་སྐུ་ཉིད་ཀྱིས་འདོད་པ་དེ་སྐོང་ཐུབ་རྒྱུ་ཁག་པོ་འདུག གང་ཡིན་ཟེར་ན་ང་རང་ལ་དེ་འདྲའི་དབྱིན་ཡིག་གི་ཆུ་ཚད་ཡག་པོ་ཞིག་མེད་ལགས། སྐུ་ཉིད་ནས་མཁྱེན་འདོད་ཡོད་ན། ཁོམ་པ་ཡོད་དུས་ཤིག་ལ། སྤུན་ཟླ་དབྱིན་ཡིག་ཡག་པོ་ཤེས་མཁན་ཞིག་ལ་སྐད་སྒྱུར་བྱེད་དུ་བཅུགས་དེ་ཞིབ་དུ་གཟིགས་རོགས་ཞུ།
ལོག་སྤྱོད་ཡིད་ལ་གོམས་པའི་སྟ་གོན་འོག།
ཕ་མེས་རིག་གཞུང་སྣུབས་པའི་འཁྲིག་སྦྱོར་གྱིས།།
རང་གི་མི་ཚེ་སྐྱག་དྲི་ཐུལ་ལེའི་ཕྱིར།།
ཁྲེལ་དང་ངོ་ཚ་གཤང་ལམ་སྦུབས་སུ་དྲངས།།
དཀར་ཟླུམ་མྱོས་བུམ་འཆང་བའི་རེག་ཚོར་བྲལ།།
ཕྲ་ལྡེམ་སྐེད་པར་འཁྱུད་པའི་བསོད་ནམས་ཟད།།
འགྲམ་ཆང་བདུད་རྩི་འཐུང་བའི་ཁ་སྦྱོར་དབེན།།
གཅིན་སྐྱག་ལྷན་ཅིག་སྦྲེལ་འདིར་སུ་ཡིད་སྤྲོ།།
བདེ་སྟོང་ཟག་མེད་སྦྱིན་པའི་མཆོག་གི་ལས།།
ཐབས་ཤེས་ཟུང་དུ་འཇུག་པའི་ཡང་དག་ལམ།།
ཕོ་མོ་གཉིས་སྦྱོར་དགའ་བཞི་སྤངས་པ་ཡི།།
མཚན་མཐུན་ཆགས་སྤྱོད་པ་རྣམས་སྙིང་རེ་རྗེ།།
ཁ་སྤུ་ཁ་ལ་འཕྲད་དུས་ཟ་འཁྲུག་ལངས།།
ཕོ་མཚན་ཕོ་ལ་འཕྲད་དུས་ན་ཟུག་འབྱིན།།
བུ་ཡིས་བུ་ལ་འཁྱུད་ན་སྐྱག་དྲི་ཐུལ།།
མ་རབས་མ་ལུས་ཚང་བའི་ལས་འདི་ངན།།
ཉེ་སྔོན་བོད་པའི་ཕོ་སར་ཞིག་དང་དབྱིན་ཇི་ཞིག་མཉམ་དུ་ཆང་ས་བརྒྱབ་པའི་གློག་བརྙན་ཞིག་ཡོས་ཁྲོབ་ནང་ནས་མཐོང་སོང་། འོན་ཀྱང་དབྱིན་ཡིག་མི་ཤེས་སྟབས་ཡག་པོ་ཞིག་མགོ་ཚོས་མ་སོང་། ཁོམ་པོ་ཡོད་དུས་ཤིག་ལ་དེའི་སྐོར་ངོ་སྤྲོད་ཅིག་བྱེད་རོགས།
ཕོ་མོའི་བརྩེ་དུང་རྨིང་ནས་བཤིག་པ་འདི་ཟེར་ནས་བཅོས་རོགས་ཞུ།
འདྲེ་རིག་ལྡན་ལགས།
བཙན་གཡབ་བྱེད་སྟངས་འདི་ནི་འཇིགས་པ་ལ།།
ཕོ་མོའི་བརྩེ་དུང་རྨིང་ནས་ཞུགས་པ་འདི།།
རིང་ནས་དར་སྲོལ་ཆེ་བའི་སྲོལ་རྒྱུན་ཡང་།།
དེང་སང་རྩ་ནས་དོར་བ་ཡིད་རེ་སྐྱོ།།
ཕོ་མོ་ཕན་ཚུན་འདྲེས་པས་རྒྱལ་ཁམས་བྱུང་།
བདེ་སྡུག་ཡག་བཙོག་རིག་པའི་དཀྱིལ་འཁོར་བསྐྲུན།
ཐབས་ཤེས་ཟུང་དུ་འཇུག་པས་གོ་འཕངས་བརྙེས།
འགྲོ་དྲུག་འཁོར་བའི་གཡང་ནས་ཐུགས་རྗེས་དྲངས།
ད་ནི་ཕོ་ཡིས་ཕོ་རྐུབ་དཔྲལ་བར་རྩོམ།
མོ་ཡིས་མོ་སྟུ་སྦྱོར་ནས་འདོད་པ་མྱངས།
དུས་ཐུང་བདེ་བ་ཙམ་ལ་འཐུས་མོད་ཀྱང་།
ཨ་རོགས་རིགས་ཀྱི་མྱུ་གུ་གང་ནས་སྤེལ།
ཅོ་རི་ཉི་མ་ལགས། འདོད་པ་ནི་འདོད་པ་རང་རེད། འདོད་འདོད་ཅིག་བྱེད་ཀི་བསྡད་ན། དེ་ཡང་འདོད་པ་གཅིག་བུའི་དབང་ལ་བདེན་ཁ་བྱིན་ན། ཉིན་ཞིག་མི་གཞན་གྱིས་ཁྱེད་རང་གི་སྲོག་དེ་ཡང་ལེན་འདོད་ཀྱི་ཀུན་སློང་བྱེད་དུས་སུ། སྐབས་དེར་སྐུ་ཉིད་ནས་འདོད་པ་ཐམས་ཅད་བདེ་བ་ཡིན་ཟེར་འཕོད་དམ། ཧཧཧཧ
གྲོགས་པོ་ལགས།
འདོད་པའི་མི་དང་འདོད་པར་མཐུན་པ་ལ་དགེ་བ་མ་གཏོགས་སྡུག་པ་ཡོང་དོན་ག་ལ་ཡོད་ཞེས་གསུངས་པར་ལྟར་མིན་ནམ་སྙམ།ཧཧཧཧཧཧཧཧཧཧཧཧཧ
བསྟན་འཛིན་ཤེས་རབ་ལགས། དངོས་ནས་དྲང་གནས་ཀྱིས་ཉིད་ཀྱི་བསམ་ཚུལ་དེ་འདྲ་ཞིག་མིན་པར་རེ་བ་ཡོད། དངོས་ནས་དེ་འདྲ་ཡིན་དུས། ད་མི་བཤད། ཉིད་ཀྱིས་བསམ་བློ་གཏོང་རོགས་ཞུ།
ད་དངོས་གནས་ཡིན། ང་ཡིན་ན་མང་བོ་མང་བོ་ཞིག་ལ་ཐེ་ཇུས་བྱེད་འདོད་མི་འདུག རང་རང་ས་ནས་རྐང་རྐྱངས་ལག་རྐྱངས་བྱས་ནས་བསྡད་བཞག་ན་དེ་སྐྱིད་ཀི
ལི་ཐང་ངག་དབང་དབྱིག་གཉེན་ལགས། བསྟོད་བསྔགས་གནང་བ་བཀའ་དྲིན་ཆེ་ལགས། ཡང་ཡང་ཕེབས་ནས་བསམ་ཚུལ་གང་ཡོད་གསུང་རོགས་ཞུ། བཟང་ངན་གང་ཤར་ཁ་ནས་འདོན་རོགས་གནོང་།
གཞན་གྱི་སྙན་བརྩོམ་མང་པོ་ཞིག་བཀླགས་མྱོང་ཡོད་དེ་་་་་་་གོ་རྒྱུ་དེ་ཙམ་མི་འདུག་མོད་་་་་་དེ་རིང་་་་་་དངོས་གནས་བྲོ་བ་ཞིག་སྟེར་སོང་་་་་་་ཨ་་་་དྲ་གྲོགས་ཤ་ཁྲག་ལགས་་་་་ཧཧཧཧཧ
ཁམས་ཕྲུག་ལགས། ཐུགས་རྗེ་ཆེ་ཞུ་དགོས་པ་མ་རེད། དེ་ནི་འུ་ཅག་སྤུན་ཟླ་དག་གིས་ཕན་ཚུན་ལ་བྱེད་ཐུབ་པའི་དྲ་ཐོག་གི་ལས་ངོ་མ་དེ་ཡིན། རྗེས་ཕྱོགས་ཀྱང་ག་རེ་འདྲི་འདོད་ཡོད་ན་དྲིས་ཤིག་དང་། རང་གིས་ལན་འདེབས་འོས་པ་དང་ཤེས་པ་འདྲ་ཡིན་ན་འདེབས་ཁོ་ཐག་ཡིན་ལགས།
རྨེ་རུ་ལགས། ཉིད་རང་བསྡོད་སའི་ཁོར་ཡུག་ན་མེད་ཀྱང་། ཁོར་ཡུག་གཞན་ནས་འགོ་བཙུགས་དེ་འོང་བཞིན་པ་དེར་བསམ་ཚུལ་གང་ཡོད་ཅེས་པ་དེ་ཡིན། སྐུ་ཉིད་ཁོམ་ན་ཁ་བརྡ་དྲ་ཐོག་གི་སྐུ་ཞབས་བྱམས་པ་མིང་ཅན་གྱི་མཚན་མཐུན་གཉེན་སྒྲིག་སྐོར་དེ་ལ་གཟིགས་ནས་བསམ་ཚུལ་དྲང་མོ་ཞིག་གསུང་རོགས་ཞུ།
ཤ་ཁྲག་ལགས། འོ་ཡ། ལན་བཏབ་པར་ཐུགས་རྗེ་ཆེ། ཁྱེད་རང་བོད་པ་ཚོ་ནང་མཐུན་གྱིས་ཡ།
ཤ་ཁྲག་ལགས།བཀླགས་ཟིན་པ་ཡིན།
ང་ཚོའི་ཁོར་ཡུག་ལ་འདི་འདྲ་མེད་རྐྱེན་དམིགས་བསལ་བསམ་ཚུལ་མེད།
གནམ་ལྕགས་ལགས། སྙིང་འདར་བཞིན་འདར་ཞོར་དུ། ཁ་བརྡ་ཚང་དུ་ཕེབས་ནས། བོད་རིགས་བྱམས་པ་མིང་ཅན་ཞིག་གིས་ཕྱི་རྒྱལ་བ་ཞིག་དང་མཚན་མཐུན་གཉེན་སྒྲིག་བྱས་པའི་བསྐོར་གྱི་བརྙན་དེ་གཟིགས་རོགས་ཞུ། དེ་ནས་བསམ་ཚུལ་གང་ཡོད་ཉིད་ཀྱིས་ཟིན་བྲིས་ནང་དུ་ཟིན་བྲིས་ཐུང་ཐུང་ཞིག་སྤེལ་རོགས་གནོང་།
ཁམས་ཕྲུག་ལགས། ང་རང་ཡོད་ས་འདི་ན་བོད་རིགས་རྒྱུན་བསྡོད་བྱེད་མཁན། རྒྱལ་ཁབ་འདིས་མི་དང་གཉེན་སྒྲིག་སྡེབས་ཟིན་པ་བརྒྱད་ཡོད་ལ། ལོ་རེ་བཞིན་རྒྱ་གར་ནས་གཞིས་ཆགས་ཁག་ནས་སོ་ནམ་ཞིང་ལས་སློབ་སྤྱོང་བྱེད་པའི་མིང་ཐོག་ནས་ཕོ་མོ་དབྱེར་མེད་མི་ལྔ་བཅུ་རེ་ཡོང་གི་ཡོད་པ་དང་། ཁོང་ཚོ་རིང་ན་ལོ་གཅིག་དང་ཐུང་ན་ཟླ་བདུན་བརྒྱད་རེ་བསྡོད་ཀྱི་ཡོད་པ་རེད་ལགས།
གཡུ་དྲུག་དཀར་ལགས། སྐུ་ཉིད་བདག་གིས་སུ་ཡིན་མི་ཤེས་ཀྱང་། ཉིད་ནས་ང་རང་ལ་ཅུང་ཙམ་རྒྱུས་མངའ་ཡོད་ཁུལ་འདྲ་ཞིག་གསུངས་འདུག གང་ལྟར།
ང་རང་གར་འགྲོ་གར་བསྡོད་ས་ཆ་ནས།།
སེམས་ཀྱི་ལོ་མ་རླུང་བའི་འཁྱེར་སྟངས་ཤིག།
བཅོས་མེད་ཡི་གེ་གཟུགས་ལ་བྲིས་པ་དེར།།
དོན་གྱི་བསམ་ཚུལ་གང་ཡོད་གསུང་རོགས་ཞུ།།
གཅན་བཟོད་རྒྱམ་ལགས། སྐུ་ཉིད་ནས་བསྟོད་བསྔགས་གནང་བ་བཀའ་དྲིན་ཆེ་ལགས། ལྷག་པར་དུ་ཞི་དག་བྱས་པ་དགའ་ཡོད།
མཚན་མཐུན་འཁྲིག་སྤྱོད་འགན་མེད་འཁྲིག་སྲེད་འདི།།
འགྲོ་བ་མི་ཡི་བྱང་སུ་སླེབས་པ་འདིར།།
རིགས་ཀྱི་མྱུ་གུའི་ས་བོན་བྱུང་བ་ལ།།
ད་ནི་ཉེན་ཁ་ཡིན་པས་བརྡ་ཞིག་རེད།།
འདྲེ་རིག་ལྡན་ལགས།
ཤར་ནུབ་གང་ནས་དར་འགོ་བཙུགས་མིན་ནི།།
ལོ་རྒྱུས་རྙོག་འཛིང་ཡིན་པས་ཤེས་དཀའ་ཡང་།།
ཕོ་མོའི་འདོད་པའི་ལྷན་སྐྱེས་བདེ་སྤྱོར་ལ།།
མི་འདོད་བཙན་གཡབ་བྱས་པ་ཡ་རེ་ང་།།
མཚན་མཐུན་ཆགས་སྤྱོད་འདི་གོ་ན་སྙིང་འདར་གི
ཤ་ཁྲག་ལགས། ཁྱོད་ཡོད་སའི་རྒྱལ་ཁབ་དེ་ན་བོད་རིགས་གྲངས་ཀ་མང་ཉུང་ག་ཚོད་ཡོད་པ་རེད། ལན་ཞིག
ཤ་ཁྲག་རུས་གསུམ་ཤར་ནས་ནུབ་ལ་འབྱོར།།
ཤིན་ཏུ་དགའ་བའི་སྒྲུང་རིང་རྨང་ནས་བརྗེད།།
འཕྲིན་ཡིག་སོ་དྲུག་བཀྲམས་པའི་གནོན་ཤུགས་དེས།།
བུ་མོ་ཤར་མར་བོད་ཀྱི་ཡུལ་དུ་བརྫངས།།
ཨ་ལ་ཀུ་རེ་ཡིན། ཤ་ཁྲག་རུས་གསུམ་ལགས་ཀྱི་གློག་ལྟར་མྱུར་བའི་ཡར་རྒྱས་ལ་བཀྲ་ཤིས་བདེ་ལེགས་གྲངས་མེད་ཞུ།། སྐུ་ཉིད་མུ་མཐུད་ནས་འདི་ལྟར་ཡར་རྒྱས་སོང་ཚེ་ཟིན་བྲིས་དེད་དཔོན་དུ་འགྱུར་བར་ཐེ་ཚོམ་མེད།
ཡང་རྒྱས་ཟེར་བ་ནི་བལྟས་བལྟས་རིག་རིག་ལ་བུད་ཐལ་ནོ་ཨེ་རིག་གི
རྩོམ་ཡིག་ཇེ་ཡག་ནས་ཇེ་ཡག་རེད། དངོས་བཀླགས་སྤྲོ་བོ་བྱུང༌།
ཨ་རོགས། ལམ་ཕྲན་དོག་མོ་ལ་ལམ་ཕྲན་དག་མོ་ཞེས་བྲིས་པར་བལྟས་ན། འབོ་ར་ཨ་མཆོག་ཕྱོགས་ས་ནས་ཡིན་ནི་མིན་ནམ། འབོ་ར་ཨ་མཆོག་གིས་སྐད་ཆ་བཤད་དུས་ན་རོ་ཡི་ཁ་ནང་དུ་ཐོན་གི་མ་རེད། ཨ་མཆོག་ལ་ཨ་མཆག་འདྲ་ཟེར་གི་རེད།
མཚན་མཐུན་འཁྲིགས་སྤྱོད་ཤར་གྱི་ཡུལ་ནས་དར། །
མཚན་མཐུན་གཉེན་སྒྲིག་ནུབ་ཕྱོགས་ཡུལ་ནས་དར། །
མངོན་དང་སྦས་པའི་ཟ་ཟུར་མང་པོ་ན། །
མི་ཡི་འགྲོ་བ་རྒུད་པའི་མཚན་མ་མང་། །