མདུན་ངོས།
About Us
Advertisement
བོད་ཀྱི་དུས་བབ།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese
No Result
ཆ་ཚང་གཟིགས།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese
No Result
ཆ་ཚང་གཟིགས།
བོད་ཀྱི་དུས་བབ།
No Result
ཆ་ཚང་གཟིགས།

སྐྱེ་བ་ནོར་མེད་ཀྱང་། འཚོ་བ་ལ་ནོར་འཁྲུལ་ཤོར་སོང་།

བོད། ཤ་ཁྲག་རུས་གསུམ།
༢༠༡༠/༠༡/༢༣
Share on FacebookShare on TwitterShare on EmailShare on Whatsapp

ངས་རང་གི་ནོར་འཁྲུལ་བསམ་ནས་རང་ཉིད་བོད་མི་ཞིག་དུ་སྐྱེ་བ་དེར་འགྱོད་པ་ཆེན་པོ་བྱེད་ཀྱི་ཡོད། འགྱོད་པ་དེ་ནི་ཡོང་ས་གཙོ་བོ་རང་ཉིད་བོད་མི་ཞིག་གི་སྐྱེ་བ་ནས་བཟུང་དེ། རང་གིས་རང་ཉིད་བོད་མི་ཚད་ལྡན་ཞིག་བཟོ་མ་ཐུབ་པ་དེ་ཡིན།

ཐོག་མར་བོད་མི་ཚད་ལྡན་ཞིག་བཟོ་མ་ཐུབ་པའི་ནོར་འཁྲུལ་དང་བོ་དེ་ནི། རང་ཉིད་ནས་རང་གི་རིགས་རྒྱུད་འདི་གཞན་ལ་ཤོར་བའི་ནོར་འཁྲུལ་དེ་ཡིན་ལ། ནོར་འཁྲུལ་དེ་ལ་བརྟེན་ནས་རང་གི་བུ་རབས་རྗེས་མའི་བོད་སྐད་མི་ཤེས་ཤིང་། བོད་ཀྱི་རུས་ཞེན་ཡོད་ཙམ་ལས། བོད་མི་ཞིག་བྱེད་པའི་ཚད་ལྡན་གྱི་རུས་རྒྱུད་གཙང་མ་དེ་མེད་པར་བཏང་བ་དེ་ཡིན།

ནོར་འཁྲུལ་གཞན་ཞིག་ནི་རང་ཉིད་ཀྱིས་ཀ་ཁ་ཤེས་པ་ནས་ཀ་ཁའི་སྒྲིག་སྟངས་ཡག་པོ་ཞིག་མི་ཤེས་པའི་སྒང་ལ། ཀ་ཁའི་ཁྲོད་དུ་མི་ཚེ་གཏོང་བར་འཁྲུལ་སྣང་བྱེད་ཀྱི་ཡོད་པ་འདི་ཡིན། དེ་ནི་ཀ་ཁའི་ཁྲོད་དུ་མི་ཚེ་བསྐྱེལ་བའི་བོད་སྤྱི་ཚོགས་དང་བོད་ཀྱི་ཁོར་ཡུག་དང་ཁ་བྲལ་ནས་ཀ་ཁ་ཡོད་སའི་ཚགས་པར་དང་དུས་དེབ་སྣ་གཅིག་ཀྱང་མི་མཐོང་བའི་ཡུལ་གྲུ་ཞིག་དུ་འཚོ་བཞིན་པ་འདི་ཡིན།

ནོར་འཁྲུལ་ལས་ནོར་འཁྲུལ་འབྱུང་སའི་རང་ཉིད་ནི། བོད་མི་རིགས་ཀྱི་སྐད་ཡིག་གོམས་གཤིས་ལ་ཞིབ་བརྡར་བྱེད་པའི་ཁོར་ཡུག་མེད་ས་ནས། བོད་ཀྱི་སྐོར་ལ་སྐད་མགོ་མཐོ་བ་ནས་སྐད་མགོ་མཐོ་སྟངས་དེ་ལ་ཡང་གནས་ལུགས་དང་རྒྱུ་མཚན་ཆེན་པོ་ཞིག་མེད་པ་དེ་ཡིན།

ནོར་འཁྲུལ་གྱི་ལམ་དུ་ཞུགས་པ་ནས། རང་གིས་རང་གི་སྐད་ཡིག་ལ་རང་མགོ་ཐོན་པ་ནས་རང་གིས་གང་བསམ་པ་དག་བོད་ཀྱི་སྐད་ཡིག་ཐོག་ནས་བོད་ཀྱི་སྤུན་ཟླ་ཚོ་ལ་དུས་ཐོག་དུ་ངོ་སྤྲོད་དང་བགྲོ་གླེང་བྱེད་པ་ནས་ལག་ལེན་ལ་བསྟར་སའི་ཆ་རྐྱེན་མེད་པ་དེ་ཡིན།

ནོར་འཁྲུལ་ལ་ཕྱིར་དྲན་བྱེད་དུས་སུ་རང་གིས་རང་ལ་ཚུགས་པ་ཟ་བ་དང་། རང་གིས་འདེམས་པའི་ལམ་ཁ་འདི་ཡང་རང་ལག་དུ་མ་སོང་བར་ལམ་ཁ་འདིར་ཞུགས་ནས་ད་དུང་ཡང་། མི་འདོད་ཀྱང་ཨུ་ཚུགས་ཀྱིས་ཉིན་མཚན་བསྐྱེལ་ཐབས་བྱེད་ཀྱི་ཡོད་པ་དེ་ཡིན།

ནོར་འཁྲུལ་ལ་བློ་འགྱོད་སྐྱེ་དུས་སུ། རྗེས་ཕྱོགས་ནོར་འཁྲུལ་འདི་ལས་ལྡོག་འདོད་ཀྱི་ཀུན་སློང་ཡོད་པ་དེ་ཙམ་ལས་ལག་ལེན་དངོས་ཀྱི་ཐོག་ལ་འགྲོ་ཐབས་བྲལ་བའི་བོད་མི་ཞིག་གི་གཟུགས་རིས་ཙམ་ཞིག་ལ་འཐམ་ནས་རྒྱལ་ཁབ་གཞན་ཞིག་གི་འཚོ་བར་འཁོར་ནས་ཡོད་པ་འདི་ཡིན།

ནོར་འཁྲུལ་དག་མིག་ལམ་དུ་ཤར་ནས་འོང་དུས་སུ། ནོར་འཁྲུལ་ལས་རང་ཉིད་ནོར་འཁྲུལ་ལས་མ་ཐར་བར་ནོར་འཁྲུལ་ལ་མུ་མཐུད་དུ་གནས་པ་འདི་ཡིན། དོན་དངོས་སུ། ང་བོད་དུ་སྐྱེ་བའི་ནོར་འཁྲུལ་ཡིན་མི་སྲིད་ཀྱང་། ངས་བོད་མི་ཞིག་གི་འགན་ལེན་བྱེད་མ་ཐུབ་པའི་ནོར་འཁྲུལ་འདི་ནི་ང་རང་བོད་མི་ཞིག་གི་མིང་ཡོད་པས་ནོར་འཁྲུལ་ཡིན།

ནོར་འཁྲུལ་ཆེས་ཆེ་བའི་ནོར་འཁྲུལ་དེ་ནི། ཁ་ནས་གང་བསམ་པ་དེ་དག་ཁོག་དུ་སྤས་ཀྱིན་ཕྱི་རུ་འཕུད་མི་ཐུབ་པའི་སྤྱི་ཚོགས་ཤིག་དུ་འཚོ་ཡོད་པ་དེ་ཡིན་ལ། ཁ་ནས་འཕུད་ཐུབ་ཀྱང་། དོན་དག་དེ་ནི་ནོར་འཁྲུལ་ལས་ནོར་འཁྲུལ་དུ་ཆགས་མི་ཡོང་ངམ་སྙམ་ནས་སེམས་ཁྲལ་ཆེ་བའི་ནོར་འཁྲུལ་འདི་ཡིན།

འབྲེལ་ཡོད་གསར་འགྱུར།

བོད་རེབ་གོང་རྫོང་མི་མང་སྲིད་གཞུང་ཟེར་བས་སྡེ་བ་བརྒྱད་ཀྱི་ནང་ནས་ས་ཆ་བསྡུ་རྒྱུ་ཡིན་པའི་བཀའ་བཏང་། ༢༠༢༣།༠༥།༢༩
Mobile App

རེབ་གོང་གི་སྡེ་བ་བརྒྱད་ཀྱི་ནང་ནས་ས་ཆ་གཞུང་བཞེས་གཏོང་རྒྱུ་ཡིན་པའི་བཀའ་བཏང་།

ཆུ་ཚོད་ ༡༧ སྔོན་ལ།
༧གོང་ས་མཆོག་དང་ཏུར་ཀིའི་སྲིད་འཛིན་ཨེར་ཌོ་གྷན། པར་དུས་བབ་ཀྱིས་བསྒྲིགས།
༸གོང་ས་མཆོག གསར་འགྱུར།

ཏུར་ཀིའི་སྲིད་འཛིན་ལ་བསྐྱར་དུ་རྒྱལ་ཁ་ཐོབ་པར་འཚམས་འདྲི་མཛད་འདུག

ཆུ་ཚོད་ ༡༨ སྔོན་ལ།
Representative image. Credit: DH Photo

Read more at: https://www.deccanherald.com/national/east-and-northeast/all-meat-shops-in-sikkim-to-remain-closed-till-june-4-in-view-of-tibetan-festival-1222433.html
Mobile App

ཧི་མ་ལ་ཡའི་རི་རྒྱུད་པ་ཚོས་གཞུང་འབྲེལ་ཐོག་ནས་ས་ག་ཟླ་བའི་རིང་ཤ་ཁང་སྒོ་བརྒྱབ།

ཆུ་ཚོད་ ༢༡ སྔོན་ལ།
༸གོང་ས་མཆོག གསར་འགྱུར།

ཕལ་ཆེར་ལོ་ཁ་ཤས་ནང་སྦྱོར་ལམ་གྱི་རྟོགས་པ་སྐྱེ་ཡོང་བསམ་པའི་རེ་བ་བྱེད་བཞིན་ཡོད་ཅེས་གསུངས།

༢༠༢༣/༠༥/༢༧
ཁྲི་ཟུར་ཟམ་གདོང་རིན་པོ་ཆེ་མཆོག་ནས་སཱི་ཤེས་ཡོན་སློབ་གསོའི་སྐོར་ལ་གསུང་བཤད་གནང་། ༢༠༢༣།༠༥།༢༥ དྲ་བརྙན་གྱི་པར།
Mobile App

སཱི་ཤེས་ཡོན་སློབ་གསོ་ནི་ཧ་ཅང་གཏིང་ཟབ་པའི་རིག་པའི་གཞུང་ལུགས་ཤིག་རེད་ཅེས་གསུངས།

༢༠༢༣/༠༥/༢༦
Mobile App

རྒྱ་ནག་གཞུང་གིས་མཐའ་མཚམས་སུ་གྲོང་ཚོ་གསར་པ་ཞིག་འཛུགས་སྐྲུན་བྱེད་བཞིན་འདུག

༢༠༢༣/༠༥/༢༦

མཆན། 26

  1. tsering tashi says:
    ལོ་ 13 སྔོན།

    དེང་སང་སྡ་ས་ནས་བོད་རིག་གཞོན་སྐྱེས་གཉིས་གྱི་ཕྱི་རྒྱལ་བ་དགེ་མོ་ཞིག་ལ་གཙན་གཡེམ་བྱས་པའི་སྐད་ཆ་གང་སར་ཆབ་འདུག་ངས་བསམ་ན་བོད་རིག་གཞོན་སྐྱེས་དེ་གཉིས་ལ་ངེས་པར་དུ་རོག་བྱེད་དགོས་པ་སྣང།
    འབྲེལ་ཡོད་རྣམ་པ་ཁྱེད་རྣམས་པས་གལ་སྲིད་ཁོ་གཉིས་སྐྱིས་ཁ་པར་ཨང་གྲང་དང་E_mail ཁ་བྱང་ཤེས་ན་ང་ལ་སྤྲད་རོག་གནང་ངས་ཁོ་གཉིས་ལ་སྐད་ཆ་ཞིག་བཤད་ན་འདོད།
    གནས་ཙུལ་འདི་གསལ་བོ་བཟོ་ཐབ་ཞིག་ཡོད་ན་མ་གཏོག་དེང་སང་མི་དེ་དག་གི་གཞོན་སྐྱེས་རྣམ་ལ་མཐོང་ཆུང་ཤ་ཏག་བཏང་གི་ཁོ་བོའི་ནི་དེ་ནོར་འཕྲུལ་ཁོ་ན་ཡིན་པར་སེམ།

    Reply
  2. sha tak ri sim says:
    ལོ་ 13 སྔོན།

    ཅོ་རི་ཉི་མ་ལགས། སྐུ་ཉིད་ནས་གསུངས་པ་དེ་ཚོ་དངོས་ནས་བདེན་པ་རེད་ལགས། ང་ནི་དངོས་ནས་མི་སླ་བོ་ཞིག་དང་ནུས་མེད་ཅིག་རེད། རང་གིས་བྱས་པའི་ནག་ཉེས་དེ་དག་ལ་རང་གིས་འགན་ལེན་ལོས་བྱེད། སྐུ་ཉིད་མི་སླ་བོ་དེ་ཚོ་དགའ་བ་ཁག་མེད་ཀི ང་རང་ཡང་མི་སླ་བོ་དེ་དག་གཏན་ནས་དགའ་བོ་མེད་ཀྱང་། རང་ཉིད་འདི་ལྟར་མི་སླ་བོ་ཞིག་ཆགས་ཟིན་དུས། རང་གིས་རང་ལ་དག་ཐེར་རེ་བྱེད་རྒྱུ་ལས། མི་གཞན་ལ་མཛུབ་མོ་འཛུགས་ས་ཞིག་གཏན་ནས་ལུས་མི་འདུག སྐུ་ཉིད་ནི་དངོས་ནས་བོད་མི་ཤ་གཙང་རུས་གཙང་ཞིག་ཆགས་ཡོད་པ་དེར་དགའ་བོ་ཡོད་ལ། ནང་མི་ཚང་མས་བོད་སྐད་བཤད་པ་དང་བོད་ཡིག་ཤེས་པ་དེར་དེ་ལས་ཀྱང་ཡི་རུང་ཡོད། ལྷག་པར་དུ་སྐུ་ཉིད་ནས་བདག་གི་མིང་དེ་བོད། ཤ་ཁྲག་རུས་གསུམ་ཟེར་བ་དེ་དོར་ན་འོས་པར་གསུངས་པ་དེ་ཡང་དངོས་ནས་རྒྱུ་མཚན་འདུག ང་ལྟ་བུ་ཞིག་ལ་དེ་འདྲའི་མིང་ཞིག་འོས་པོ་མེད་པ་བདེན་ན་ཡང་། རང་ཉིད་ཀྱིས་ནོར་འཁྲུལ་དེ་ལ་འགྱོད་གཤེགས་བྱེད་ཆེད་དུ། ངའི་རང་གི་མིང་ལ། བོད། ཤ་ཁྲག་རུས་གསུམ་བཏགས་པ་མིན་པར། བོད། ཤ་ཁྲག་རུས་གསུམ་ཟེར་བའི་མིང་འདི་ནི་ང་རང་ཤ་གཙང་རུས་གཙང་ཡིན་དུས་སྐབས་སུ་རང་གི་རང་ལ་བཏགས་པ་ཞིག་ཡིན་པ་མ་ཟད། སྐབས་དེ་ཡི་སེམས་ཤུགས་དེ་དག་དུས་ད་ལྟ་ཡང་ཉམས་མེད་ན་ཡང་། རང་ཉིད་འདི་ལྟར་མི་སླ་བོ་ཞིག་འདོད་མིན་ལ་མ་བལྟས་པར་ཆགས་ཚར་དུས། ངའི་མིང་དེ་ང་རང་ལ་ཐོབ་མིན་དེ་ལ་ཡང་དངོས་ནས་བསམ་གཞིགས་ནན་ཏན་ཞིག་བྱེད་དགོས་ངེས་རེད་འདུག མིང་འདིའི་ཆེད་དུ། ང་རང་མ་ཤི་བར་དུ་ཤུ་རེ་ཞིག་བྱེད་འདོད་ཡོད། རེད་དེ། ལམ་ལྷོངས་མ་བྱུང་ཉིན། ངས་རང་གི་མིང་དེ་ཕྱིར་བསྡུ་བྱེད་ཆོག་ལ། དེ་དུས་ཐོག་མར་སྐུ་ཉིད་ལ་བརྡ་རྒྱགས་ངེས་ཡིན།

    སྐུ་ཉིད་ཀྱིས་བོད་མི་རིགས་བསམ་ནས་གསུངས་པ་དེར་བདག་གིས་རྒྱབ་སྐྱོར་ཡོད་ལ། བོད་མི་རིགས་ཀྱི་ཆེད་དུ་མ་ཤི་བར་འབད་བརྩོན་ལྷོད་མེད་ཅིག་གནང་རྒྱུར་ཡང་རེ་བ་ཆེན་པོ་ཡོད།

    Reply
  3. sha tak ri sim says:
    ལོ་ 13 སྔོན།

    ཆུ་ཐིགས་སྔོན་མོ་ལགས། སྐུ་ཉིད་ཀྱིས་དེ་ལྟར་བདག་ལ་སེམས་ཤུགས་བསྐྲུན་པ་དེ་ནི་དངོས་ནས་བཀའ་དྲིན་ཆེ་ལགས། རེད་དེ། དངོས་ནས་བཤད་ན་བདག་ནི་རང་གི་རིགས་རྒྱུད་ལ་ལྷད་ཤོར་དུ་བཅུགས་པའི་ནག་ཉེས་དེ་ནི་བོད་མ་འཇུག་པ་དེ་སྲིད་དུ། ནོར་འཁྲུལ་བཟོས་ཟིན་པའི་དེ་ལ་འདག་ཐུབ་ཡོད་པ་མ་རེད། འོན་ཀྱང་། ད་ནི་ལྷུང་ཟིན་པའི་ལམ་ཁ་འདི་ནས་རང་ཉིད་ཀྱིས་གང་ཐུབ་ཅི་ཐུབ་རེ་བྱེད་ཨེ་ཐུབ་འབད་རྒྱུ་དེ་ནི་རང་ཉེས་ལ་འགྱོད་གཤེགས་ཀྱི་ཚུལ་ཞིག་ལོས་བྱེད་ལགས།

    Reply
  4. chokri nyima says:
    ལོ་ 13 སྔོན།

    དྲ་གྲོགས་ཤ་དཀར་པོ་ལགས།
    ཁྱེད་ཀྱི་ཤ་ཁྲག་དེའི་ངོ་བོ་གཞན་ཞིག་གི་ངོ་བོ་འགྱུར་བཞིན་ཡོད་པ་ནི་བློ་ཕམ་དང་ཁོང་ཁྲོའི་རྒྱུ་ཅིག་རེད་འདུག
    ཡིན་ནའང་དེང་སང་བོད་མི་རིགས་འདི་དགྲ་བོ་རྒྱ་དམར་གྱི་ངོ་བོ་འགྱུར་བཞིན་པར་བསམ་བློ་གཏོང་ན་དེ་ལས་ཕྱི་རྒྱལ་མི་རིགས་དཀར་པོ་འདི་ཚོ་བོད་མི་རིགས་ཀྱི་དགྲ་བོ་མ་རེད་ལ་ང་ཚོའི་གྲོགས་པོ་རེད།
    དཔེར་ན་རྒྱ་ལོ་དོན་གྲུབ་ཀྱི་སྐྱེ་དམན་ཡང་རྒྱ་སྤྲང་ཞིག་ཡིན་པ་འདྲ། དེ་ཚོ་བསམ་བློ་གཏོང་ན་ཁྱེད་ཨོ་ཙི་རེད།
    མ་གཞི་ནས་བོད་མི་རིགས་འདི་ཤ་ཟད་རུས་ལ་ཐུག་ཆུག་མཁན་བོད་མི་སླ་པོ་ཁྱེད་ཚོ་རེད།
    ང་ཅོ་རི་ལ་མཚོན་ན་ངའི་ཤ་ཁྲག་གི་རིག་རྒྱུད་ལ་མི་རིགས་གཞན་གྱི་ལྷད་ཡོད་པ་གཅིག་ཀྱང་མེད་པ་མ་ཟད་ངའི་རང་ཁྱིམ་ནང་དུ་བོད་སྐད་མ་གཏོགས་རྒྱག་བཞིན་མེད།
    འདི་ཚོ་རང་ཉིད་ངོ་སྤྲོད་ཙམ་ཡིན་པ་ལས་ཁྱེད་ལ་སྤོབས་ཤོས་བཤད་པ་མིན།
    ངས་རེ་བ་ལ་ཁྱེད་ཀྱིས་རང་གི་བཟའ་ཟླ་བུ་ཕྲུག་བོད་མི་རིགས་དང་བོད་ཀྱི་རིག་གཞུང་ཕྱོགས་སུ་ཚུར་ཁྲིད་ཐུབ་པ་བྱེད་རོགས།
    གལ་སྲིད་ཚུར་ཁྲིད་མ་ཐུབ་པ་ཁྱེད་རང་ཕར་རྗེས་སུ་རྒྱག་པ་ཡིན་ན་ཁྱེད་ཀྱི་སྨྱུག་མིང་བོད་ཤ་རུས་ཁྲག་གསུམ་ཟེར་བ་འདི་དོར་ན་དགའ་ལེ་རེད།
    ང་སྤྱི་སྟངས་ནས་བོད་མི་སླ་བྱ་ར་འདི་ཚོ་ལ་དགའ་པོ་མེད།
    ངས་བཤད་པའི་སྐད་ཆ་ཚོ་བོད་མི་རིགས་ཀྱི་ཆེད་དུ་ཡིན་མ་གཏོགས་ང་སྒེར་གྱི་ངོས་ནས་མི་ཚོའི་ཆང་ས་སུ་མཉམ་དུ་རྒྱག་དང་མ་རྒྱག་ཁྱད་པ་དེ་ཙམ་མི་འདུག་ཞུ།

    Reply
  5. mekor says:
    ལོ་ 13 སྔོན།

    ཨ་རོགས་བུ་རྒོད་པོ་་་་་རང་ཉིད་ཀྱི་ནོར་འཁྲུལ་ངོས་ཟིན་ནོ་ཡ་མཚན་རེད་ཡ་་་་དེ་མིན་དེང་སང་ས་ཆ་གང་སར་དབྱིན་མོ་རེ་ཁྲིད་རྒྱུ་རེག་ན་ངས་ཧང་སང་བ་ཞིག་འཇོན་ཡོད་པའི་སྣང་བ་ཤར་བའི་བོད་པའི་ཕོ་སར་མང་གི་ཡ་་་་་དེ་ཚོས་རང་ཉིད་ཀྱི་སྐྱོན་གྱི་ཟུར་ཙམ་ཡང་མ་མཐོང་བར་གཞན་གྱིས་མ་འཇོན་པར་ངོས་འཛིན་བྱེད་ཀྱིན་འདུག་པས་་་་་་ཁྱེད་རང་དེ་དང་མི་འདྲ་བར་རང་སྐྱོན་ངོས་ལེན་དང་སྐྱོན་རྣམས་ཡོ་བསྲང་བྱེད་ཅི་ཐུབ་བྱེད་པ་འདི་རྗེས་སུ་ཡི་ཡང་གི་གནས་རེད་ཡ། རང་གི་བུ་རྒྱུད་ཚོར་བོད་སྐད་ཅི་ཐུབ་རེ་བསླབ་ཐུབ་ན་ཡག་པོ་རེད་་་་དེ་མ་གཏོགས་དུས་འགྱུར་གྱི་དབང་གིས་ཐབས་ཤེས་ཡོད་ནི་མ་རེད་་་སེམས་ཁྲལ་བྱེད་དགོས་ནི་མ་རེད་ལོ་་་་་ཨ་མའི་བུ་རབ་ཤུགས་རྒྱོབས་ཨཱ

    Reply
  6. sha tak ri sim says:
    ལོ་ 13 སྔོན།

    གནམ་ལྕགས་ལགས། སྐུ་ཉིད་ནས་དྲན་སྐུལ་གནང་བ་དེར་བདག་གིས་སེམས་སུ་འཛིན་ངེས་ཡིན། སེམས་པ་བདེ་མོ་བྱོས། ས་མཐའ་ཡོད་ཀྱང་། རང་གིས་རང་ལ་བདག་པོ་ལོས་བྱེད། ལྷག་པར་དུ་ཕ་རྒན་ཞིག་ཆགས་ཡོད་པས། འཆི་བ་འདིས་ཁྲིད་མ་སོང་བར་དུ་ཤུ་རེ་བྱེད་ངེས་ཡིན།

    Reply
  7. kkalsang says:
    ལོ་ 13 སྔོན།

    ཨ་རོགས། ད་ཡང་ཁྱོད་ཀྱི་རྟ་ཁ་དེ་ཅུང་ལྷོད་ཆེ་བ་མིན་ནམ། ངའི་རེ་བ་ཡིན་ན་ཅུང་སྒག་ཙམ་གནང་འོས།

    Reply
  8. sha tak ri sim says:
    ལོ་ 13 སྔོན།

    བསྟན་འཛིན་ཤེས་རབ་ལགས། ཉིད་ཀྱིས་གསུངས་པ་ལྟར་གང་ཐུབ་ཐུབ་ཅིག་བྱེད་ངེས་ཡིན། སང་ཉིན་ནངས་ཉིན་ཞིག་ལ་གློ་བར་དུ་ཤི་སོང་ན། དངོས་ནས་སང་ཞོགས་ཤི་ཡོད་ན་སུས་ཤེས། ཤི་རེག་བར་དུ་ཤུ་རེ་བྱེད་ངེས་ཡིན་ལགས།

    Reply
  9. sha tak ri sim says:
    ལོ་ 13 སྔོན།

    འཇིགས་བྲལ་ལགས། མི་འགྱངས་པར་གློག་འཕྲིན་ཞིག་སྐུར་ངེས་ཡིན། སྐུ་ཉིད་ཀྱིས་ང་རང་ཁ་པར་ཨང་གྲངས་དང་གློག་འཕྲིན་ཁ་བྱང་གནང་བ་དགའ་ནས་ཡོད།

    Reply
  10. ttensher says:
    ལོ་ 13 སྔོན།

    ཨ་རོ། ད་འདས་ཟིན་པ་ཚོ་འདས་ཟིན་པ་རེད། སེམས་དེ་འདྲ་ཞིག་ཕམ་ནས་ཅི་བྱེད། དེ་ལས་མ་འོངས་པ་ཚོར་རྡོག་ཐོ་ཁ་ཤས་གཞུ་ཨེ་ཐུབ་ལྟོས།

    Reply
  11. jigdal says:
    ལོ་ 13 སྔོན།

    ཤ་ཁྲག་རུས་གསུམ་ལགས།
    མྱུར་འཕྲིན་ཁ་བྱང་། jigdalten@yahoo.com དང་།
    ལག་འཁྱེར་ཁ་པར་ཨང་། +91-9901884759 ཡིན།

    བཤད་རྒྱུ་མང་ཡཱ།

    Reply
  12. sha tak ri sim says:
    ལོ་ 13 སྔོན།

    དྲི་རྟགས་ལགས། སྐུ་ཉིད་ནས་ང་རང་ལ་དེ་འདྲའི་གདེང་འཇོག་བྱས་པ་ཚད་མཐོ་དྲགས་པ་རེད་ལགས། ང་ནི་རང་གི་རིགས་རྒྱུད་ཙམ་ཡང་བདག་པོ་བྱེད་མ་ཐུབ་པའི་མི་ནོར་འཁྲུལ་ཅན་ཞིག་ཡིན་པ་རེད། གང་ལྟར། སྐུ་ཉིད་ནས་བདག་ལ་དྲན་སྐུལ་བྱས་པ་དེར་བཀའ་དྲིན་ཆེ་ལགས། རང་གིས་གང་ཐུབ་ཐུབ་ཅིག་བྱེད་ངེས་ཡིན། སེམས་ཤུགས་མི་ཆག་ཁོ་ཐག་ཡིན། འབད་བརྩོན་གང་ཐུབ་བྱེད་ཆོག

    Reply
  13. 897887 says:
    ལོ་ 13 སྔོན།

    དངོས་གནས་བོད་ཤ་ཁྲག་རུས་གསུམ་འདི་ཤ་ཞེན་ཅན་གྱི་ཕོ་རྒོད་ཤིག་རེད་འདུག་

    འོན་ཀྱང་བོད་རིགས་ལ་སྐྱེས་པ་ལ་དེ་ཙམ་འགྱོད་དགོས་དོན་གཏན་ནས་མེད་
    གལ་སྲིད་བྱ་བ་ལ་ནོར་འཁྲུལ་ཡོད་ཡོ་བསྲང་བྱེད་དགོས་པ་ལས་འཁང་ར་བྱས་ན་ཅི་ཞིག་ཕན་
    དེས་ན་སེམས་ཤུགས་མ་ཆགས་
    གྲོགས་པོ་སྙིང་ལ་རུས་པ་བཅུགས་རོགས་
    ཤ་ཁྲག་རུས་གསུམ་་་་་་་་་་་་་་་་་་་་་་་་་་་་་དོན་ལ་ཤ་ཁྲག་རུས་གསུམ་ཡིན་ད
    ཤུགས་རྒྱོབས

    Reply
  14. sha tak ri sim says:
    ལོ་ 13 སྔོན།

    བླ་འགུགས་མིང་ཅན་གྱི་མིང་ཅན་གྱི་སྤུན་ཟླ་གསར་བ་ལགས། སྐུ་ཉིད་ནས་དེ་ལྟར་གདེང་འཇོག་བྱས་པ་དེར་ཐུགས་རྗེ་ཆེ་ལགས། ཚིག་གཅིག་གིས་ཕན་ཐོག་བྱུང་བ་ཡིན་ན་ཡང་། ངས་རང་གི་ནོར་འཁྲུལ་ལ་འགྱོད་གཤེགས་བྱས་པའི་གྲུབ་འབྲས་སུ་འདོད་ཀྱི་ཡོད། སྐུ་ཉིད་ཀྱིས་ཀྱང་བདག་ལྟ་བུའི་ནོར་འཁྲུལ་གྱི་ལམ་ཁར་འགྲོ་གྲབས་བྱེད་མཁན་གང་ན་སུ་ཡོད་པ་དག་མཐོང་དུས། སེམས་བསམ་པའི་སྐད་ཆ་ཞིག་གསུང་རྒྱུ་མ་བརྗེད་ཅིག

    Reply
  15. sha tak ri sim says:
    ལོ་ 13 སྔོན།

    རྨེ་རུ་ལགས། ནུབ་ཕྱོགས་རྒྱལ་ཁབ་ཁག་དུ་དེ་འདྲ་མི་ཉུང་བ་ཞིག་ཡོད་སྲིད་ཀྱང་། ཁོང་ཚོ་ང་ལས་ལྷག་པའི་འཇོན་ཐང་གཞན་ཞིག་གི་ཁྲོད་ནས་བོད་མི་རིགས་ལ་ཞབས་འདེགས་ཆེན་པོ་སྒྲུབ་མཁན་ཡང་ཡོད་ངེས་ཡིན། འོན་ཀྱང་། བདག་ནི་དེ་འདྲ་མིན་པར་རང་གིས་ལྟོ་དོན་འདྲ་བའི་ལས་ཤིག་གི་ཆེད་དུ་འཚོ་བ་དང་རང་གི་རིགས་རྒྱུད་ཀྱང་གཞན་ལ་ཤོར་བ་སོགས་ཀྱི་ནོར་འཁྲུལ་དག་ལ་བསམ་ནས་བྲིས་པ་ཡིན་ལགས།

    Reply
  16. sha tak ri sim says:
    ལོ་ 13 སྔོན།

    མཐོ་སྒང་བུ་ལགས། སྐུ་ཉིད་ནས་མཆན་པུ་ཞིག་བཏབ་ཡོད་ཟེར་བ་དེ་ནི་ཕལ་ཆེར་སྐུ་ཉིད་ནས་མཆན་པུ་འཇུག་སྟངས་ནོར་བ་ཡིན་རྒྱུ་རེད་ལགས། དེ་མིན་བདག་གིས་དུས་དང་ནམ་པ་ཀུན་དུ་སྤུན་ཟླ་སུ་ཞིག་གིས་མཆན་པུ་གསུབ་མི་སྲིད། གལ་ཏེ། མཆན་པུ་འདེབས་མཁན་ཁོ་རང་གིས་རེ་སྐུལ་བྱས་དེ་གསུབ་རོགས་ཞུ་ཟེར་བ་འདྲ་བྱུང་བ་ཡིན་ན་གནས་ཚུལ་ལོག་པ་རེད།

    Reply
  17. sha tak ri sim says:
    ལོ་ 13 སྔོན།

    བྲག་འགོ་དཀོན་མཆོག་དར་རྒྱས་ལགས། སྐུ་ཉིད་ནས་བདག་གི་མྱོང་ཚོར་ལ་གདེང་འཇོག་ཆེན་པོ་བྱས་པ་བཀའ་དྲིན་ཆེ་ལགས། ཡིན་ཡང་། འོག་གི་བསམ་ཚུལ་དེ་ནི་སྐུ་ཉིད་ཀྱིས་ཀུ་རེ་ཡིན་ངེས་རེད། དེ་འདྲ་མིན་དུས། ང་ལྟ་བུ་ཞིག་བཀའ་བློན་ཁྲི་བར་འདེམས་རྒྱུར་ཐུག་དུས་བོད་པ་ཚང་ལ་མི་རྫོགས་པ་ཡིན་ནི་རེད། ང་ནི་ཤེས་འཇོན་གང་ཡང་མེད་པའི་བོད་མིང་ཐོབ་པའི་བོད་མི་ནོར་འཁྲུལ་ཅན་ཞིག་ཡིན་པ་གོང་དུ་ཞུས་ཟིན་པ་ལྟར་རོ།

    Reply
  18. sha tak ri sim says:
    ལོ་ 13 སྔོན།

    སྐར་ཁྲི་བཙན་ལགས། སྐུ་ཉིད་ནས་དེ་ལྟར་སེམས་གསོ་བྱེད་སྟངས་གཞན་ཞིག་གི་སྟེང་ནས་བསམ་ཚུལ་གསུངས་པ་དེར་དགའ་ཡོད། ལོ་སར་རྗེས་སུ་དོན་དག་སྐུ་ཉིད་ལ་འོ་བརྒྱལ་བཟོ་དགོས་བྱུང་བ་ཡིན་ན། སླར་ཡང་སྐུ་ཉིད་ལ་བརྡ་ལན་འཇོག་ངེས་ཡིན་ལགས།

    Reply
  19. lomaserpo says:
    ལོ་ 13 སྔོན།

    ངོ་མ་བདེན་པ་རེད་གོང་གི་སྡོམ་ཚིག་ཐུང་ཐུང་དེ་གཉིས་ཀྱི་ངོ་མ་ངེས་ཤེས་གསར་བ་ཞིག་སྐྱེས་གི་ཞིག་ཐ། ཐུགས་རྗེ་ཆེ།

    Reply
  20. mheru says:
    ལོ་ 13 སྔོན།

    ཤ་ཁྲག་ལགས། ནོར་འཁྲུལ་ངོས་འཛིན་ཐུབ་པ་ནི་ཕ་རབ་ཀྱི་བརྟགས་རེད།
    ཡིན་ན་ཡང་། འདི་འདྲའི་ནོར་འཁྲུལ་དེ་ནི་ང་ཚོ་སྐྱབས་བཅོལ་གྱི་གནས་བབ་འོག་ཡོད་སྟབས་
    དེས་མིན་ནམ། ནུབ་ཕྱོགས་རྒྱལ་ཁབ་མང་པོའི་ནང་ཁྱེད་དང་འདྲ་བ་མང་པོ་ཡོད་སྲིད།

    Reply
  21. togangbu says:
    ལོ་ 13 སྔོན།

    མཆན་ཞིག་འཇོག་ཡོད་ཀྱང་མངོན་མི་འདུག

    Reply
  22. Dre Sha Zen says:
    ལོ་ 13 སྔོན།

    བོད་། ཤ་ཁྲག་རུས་གསུམ་འདིས་གནས་ལུགས་རེ་བགྲང་ཡོང་དུས་་ངོ་མ་སྐུ་ཉིད་་རྗེས་མར་བཀའ་སློབ་ཁྲི་པའི་འོས་འདེམ་ནང་ཁྱེད་ངེས་པར་དུ་བླུགས་རྒྱུ་ཡིན།
    ཁྱེད་འདྲ་བ་མང་ང་ཚོ་བོད་མི་བཙན་བྱོལ་ནང་དགོས་རྒྱུ་འདུག
    རྗེས་མ་ཡོང་གི་ཡིན།
    ད་ལྟ་བྲེལ་བ་ཆེན་པོ་འདུག
    ཧཧ།

    Reply
  23. Baichung says:
    ལོ་ 13 སྔོན།

    ཁྱོའི་བལ་ཡུལ་གྱི་དོན་དག་རྗེས་མ་ལོ་སར་རྗེས་བསྒྲུབ་རོགས་བྱེད་ཆོག

    Reply
  24. Baichung says:
    ལོ་ 13 སྔོན།

    ནོར་འཁྲུལ་ཤོར་ཡོད་ནོ་ཁྱོ་གཅིག་པོ་ཡིན་ནི་མ་རེད། བཙན་བྱོལ་བ་མང་ཆེ་བ་རེད།
    གང་ལྟར་རང་གིས་བྱས་ཚད་ཚང་མ་དོན་དང་ལྡན་པ་ཡིན་སོམས་སྡོད་དང་འགྲིག་གོ་རེད།

    Reply
  25. sha tak ri sim says:
    ལོ་ 13 སྔོན།

    ཨ་འཕྲིན་ལགས། སྐུ་ཉིད་ནས་སེམས་གསོ་གནང་བ་དེར་བཀའ་དྲིན་ཆེ་ལགས། རེད་དེ། རང་གིས་ནོར་འཁྲུལ་ལ་རང་གིས་འགྱོད་གཤེགས་བྱེད་པའི་བསྐལ་བ་ཞིག་ཡོད་སྲིད་ཀྱང་། རང་གི་རུས་རྒྱུད་འདི་ལ་ལྷད་ཞུགས་པ་དེ་ཡི་ནག་ཉེས་ནམ་ཡང་འདག་ཐབས་ཤིག་གཏན་ནས་ཁག་པོ་རེད།

    Reply
  26. affthin says:
    ལོ་ 13 སྔོན།

    བོད་ཤ་ཁྲག་རུས་གསུམ། ནོར་འཁྲུལ་ཞིག་ཤོར་ཚར་དུས་ནོར་འཁྲུལ་གྱི་རྒྱུད་རིམ་དང་ཉེས་བྱས་གླེང་བ་དོན་དངོས་རེད། འོན་ཀྱང་རང་ཉིད་ཁོ་ནའི་ཆེད་དུ་ནོར་འཁྲུལ་སེམས་ཁྲལ་དུ་མི་འགྲོ་བ་ཞིག་ཏུ་ཅིས་ཀྱང་གཟབ་དགོས། ཕྱིའི་ས་མཐའ་འདིར་་་་་། གྲོགས་གཉེན་ཉེ་མེད་པའི་གནས་དེར་་་་་་།

    Reply

དཔྱད་མཆན་སྤེལ། Cancel reply

Your email address will not be published. Required fields are marked *

སྤྱི་ཚོགས་དྲ་གནས།

ཁྱབ་བསྒྲགས།

དྲ་ངོས་ཀྱི་གནས་ཚུལ་ཚང་མའི་པར་དབང་བོད་ཀྱི་དུས་བབ་ལ་ཡོད།

གློག་འཕྲིན།

editor@tibettimes.net | office@tibettimes.net

ཁ་པར།

+91-98823-47075 | +91-92189-38041 | +91-81972-44372
No Result
ཆ་ཚང་གཟིགས།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese

Welcome Back!

OR

Login to your account below

Forgotten Password?

Retrieve your password

Please enter your username or email address to reset your password.

Log In

Add New Playlist