མདུན་ངོས།
About Us
  • English
Advertisement
བོད་ཀྱི་དུས་བབ།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
    • གླ་ཡོད་རིན་གོང་།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese
No Result
ཆ་ཚང་གཟིགས།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
    • གླ་ཡོད་རིན་གོང་།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese
No Result
ཆ་ཚང་གཟིགས།
བོད་ཀྱི་དུས་བབ།
English
No Result
ཆ་ཚང་གཟིགས།

ག་ལེར་འགྲོ་དུས་སུ།

བོད། ཤ་ཁྲག་རུས་གསུམ།
༢༠༡༠/༠༡/༢༦
Share on FacebookShare on TwitterShare on EmailShare on Whatsapp

ག་ལེར་འགྲོ་དུས་སུ ཕྱི་རོལ་རླུང་བུ་འཚུབ་མོ་ཞིག་གིས
སེམས་ཁ་རལ་བར་གཏོང་དུས
མི་རིགས་ཤིག་གི་གནའ་བོའི་དབྱངས་རྟ་ཞིག
ག་ལེར་ཁུར་ནས་འགྲོ་བ་མཐོང་ཐེངས་རེར
ལྷོད་ལྷོད་ཀྱི་སེམས་གཤིས་ཤིག ནམ་ཡང་རྒྱུད་ལ་འཇག་ཐབས་མེད་པར
རླུང་བུ་གྲང་མོ་ཞིག་སྒུམ་ནས འཇིག་རྟེན་གཞན་ཞིག་གི་རྨི་ལམ་རྨིས་པའི་ང་ཚོ
འགྱུར་བག་གི་ལྷག་རླུང་གི་ཁྲོད་དུ ར་བཟི་ཁྱུ་ཞིག་དང་འདྲ་བར
ག་ལེར་ག་ལེར ཕལ་ཆེ་བ་རྫོགས་འགྲོ་ངེས་ཡིན་ནམ་ཅི

ག་ལེར་འགྲོ་དུས་སུ ཆེས་ཡིད་འོང་གི་སྐད་འབོད
འཛམ་གླིང་གི་མཐོ་སར་བསྒྲགས་ཀྱང་
རྣ་བ་འོན་ཟིན་པའི་ཕར་ཕྱོགས་ཀྱི་གསན་མཁན་དེ་ཚོས
འུ་ཅག་གི་ག་ལེར་སྤོ་བཞིན་པའི་གོམ་སྒྲ་ཐོས་མྱོང་མེད་ལ
དུས་གཏན་ནས་སྣང་བ་ཡང་བཞག་མེད་དུས
ད་དུང་ འུ་ཅག་གི་མགྲོན་པོ་དེ་ཚོར་ག་ལེར་ག་ལེར
ཆེས་ཐག་རིང་གི་ལམ་ཕྲན་ཞིག་གི་སྣེ་མོ་ཙམ་ཡང་ཟིན་མེད་པར
རང་རློམ་གྱི་ལྕིབས་ཁུགས་ཞིག་དུ་ངལ་གསོ་བྱེད་དོན་ཅི་ཡིན

འབྲེལ་ཡོད་གསར་འགྱུར།

པར་བོད་ཀྱི་དུས་བབ་ཀྱི་བསྒྲིགས།
བསམ་ཚུལ།

རྒྱ་ནག་གི་ཆུ་མཛོད་ཆེན་མོ་དེ་ནི་གཙང་པོའི་སྟོད་རྒྱུད་ཀྱི་ཆུའི་འབར་རྫས་ཤིག་རེད།

༢༠༢༦/༠༩/༡༣
AfD party members celebrate victory in Saxony-Anhalt on Sunday [Matthias Schrader/AP]
Mobile App

གཡས་ཐལ་རིང་ལུགས་པའི་མགོ་འཕངས་ཇེ་མཐོ་རེད།

༢༠༢༦/༠༩/༡༡
Hong Kong’s Tiananmen vigil organizers handed lengthy prison terms
Mobile App

དྲུག་བཞིའི་དོན་རྐྱེན་རྗེས་དྲན་ཞུ་མཁན་གསུམ་ལ་བཙོན་འཇུག་ཁྲིམས་ཐག་བཅད།

༢༠༢༦/༠༩/༡༡
ངོ་རྒོལ་ལས་འགུལ་སྤེལ་སྐབས། གཞོན་ནུ་ལྷན་ཚོགས་ཀྱི་པར།
Mobile App

ཞི་ཅིན་ཕིན་རྒྱ་གར་དུ་ཡོང་བར་ངོ་རྒོལ་ཡོད།

༢༠༢༦/༠༩/༡༡
Hong Kong's then Chief Executive Tung Chee-hwa listens during a Legislative Council meeting, October 14, 2004. (REUTERS)
Mobile App

ཧོང་ཀོང་གི་སྤྱི་ཁྱབ་ཏོང་ཅན་ཧྭའི་ཚེ་སྲོག་དང་ལྷན་དུ་རྒྱལ་ཁབ་གཅིག་ལ་ལམ་ལུགས་གཉིས་ཞེས་པའི་སྲིད་ཇུས་མཇུག་བསྒྲིལ།

༢༠༢༦/༠༩/༡༠
Advertisement for App

བོད་ཀྱི་ཟློས་གར་ཚོགས་པའི་ལས་བྱེད་ས་མིག་གསལ་བསྒྲགས།

༢༠༢༦/༠༩/༡༠

མཆན། 25

  1. sha tak ri sim says:
    ལོ་ 17 སྔོན།

    བསང་ཆུ་འབྲུག་བྷེ་ལགས། རླུང་བུ་ཇི་འའདྲའི་འཁྱག་ན་ཡང་
    རླུང་ཁ་ན་འདར་བའི་མི་རིགས་འདི་ལ་གསོན་ཤུགས་ཤིག་རྒྱས་ན
    རླུང་ཁ་ན་གཟད་ཀྱིན་པའི་ལས་དབང་འདི་ལ་འགྱུར་བ་ཞིག་སོང་ན
    ཨ་་ཨ་་་་ཨ་་་་

    Reply
  2. durkbey says:
    ལོ་ 17 སྔོན།

    རླུང་བུ། འཁྱགས་སོབ་སོབ་ཀྱི་རླུང་བུ་འདི་གཡུག་ཚུལ་ནི་ཡིད་དུ་འོང་།

    Reply
  3. sha tak ri sim says:
    ལོ་ 17 སྔོན།

    ཨ་མྱེ་རྫ་རྒྱ་ལགས། ཉིད་ལ་ཆམ་པ་རེ་འཕོག་ཡོད་ན་དངོས་ནས་གཟབ་གཟབ་བྱོས་མ་གཏོགས། དེང་སང་ཆམ་ནད་ཀྱིས་སྐྱེན་བྱས་དེ་ནད་ཚ་འདྲ་མིན་ཞིག་འཕོག་གི་ཡོད་རབས་ཉིད་ཀྱིས་གོ་ཡོད་ངེས་ཡིན། ཆམ་པ་དྲགས་སོང་ན། ཕྱིར་ཤོག་ལ་ཁ་བརྡ་རེ་བྱོས། སྒུག་ནས་འདུག

    Reply
  4. sha tak ri sim says:
    ལོ་ 17 སྔོན།

    གཅན་བཟོད་རྒྱམ་ལགས། ཟ་ལེ་རྒྱལ་འཁྲབ་ཀྱང་འགྲིག་གི་རེད། ཡིན་ཡང་། ངས་རྗེས་སུ་མ་ཡོང་། དེ་དུས་རླུང་བུ་གཡུགས་སྟངས་ལ་འགྱུར་བ་ག་ཚོད་གཏོང་འདོད་ཀྱང་། རིགས་རྒྱུད་གཞན་ལ་ཤོར་རྗེས་སུ་ཚར་ནི་རེད། དེ་སེམས་ལ་བཟུང་ནས་ཟ་ལེ་འཁྲབ་ན་རང་གིས་འདོད་པ་བྱོས་ལོ།

    Reply
  5. a gyatso says:
    ལོ་ 17 སྔོན།

    དྲ་གྲོགས་ལགས་དེ་རིང་ང་ཆམས་པ་ཕོག་འདུག་ཚར་གཅིག་བཀླགས་པ་མ་གཏོགས་གཞན་ཡི་གེ་འབྲི་མ་ཐུབ་ཐལ་རྗེས་མ་མཇལ་ཆོག

    Reply
  6. chentsasopa says:
    ལོ་ 17 སྔོན།

    ཨོ་ཡ། ད་དོ་དགོང་རླུང་གཡུགས་ཁོམ་མེད་ཀི ཟ་ལེ་རྒྱ་ཞིག་འཁྲབ་ཨེ་ཐུབ་བལྟ་རུ་འགྲོ་གི་ཡིན་ལོ།།

    Reply
  7. sha tak ri sim says:
    ལོ་ 17 སྔོན།

    གཅན་བཟོད་རྒྱམ་ལགས
    རླུང་བུའི་ཁྲོད་ཀྱི་མི་རབས
    རླུང་དང་འགྲོགས་ནས་གང་སར་འཐོར
    རླུང་གི་ཤེད་ཤུགས་དྲགས་པོས
    རླུང་ནང་གི་མི་རིགས་འདི་ངེས་མེད་དུ་གང་སར་འཁུར
    དེ་ནས་བཟུང་ ཁྱེད་ཀྱི་ལས་དབང་རླུང་གིས་སྒུལ
    ཁྱེད་ཀྱི་རམ་འདེགས་རླུང་གིས་བྱས
    ཁྱེད་ཀྱི་མི་ཚེ་རླུང་དང་འགྲོགས
    མདོར་ན་དུས་གསུམ་དུ འུ་ཅག་ནི་རླུང་ཁྲོད་ཀྱི་མི་རིགས་ཤིག

    Reply
  8. chentsasopa says:
    ལོ་ 17 སྔོན།

    རླུང་བུ་དེས་ས་མཐའི་འཚོ་བ་འདི་སྐྱོ་སྡུག་གིས་བཙན་མནན་ཡོང
    རླུང་བུ་དེས་ངའི་མི་ཚེ་འདི་དོན་མེད་དུ་ཟད་དུ་སོང
    རླུང་བུ་དེས་ས་མཐའ་ནས་ཨ་མ་དང་ཕ་ཡུལ་དྲན་བཞིན་རྒས་སུ་བཅུག་སོང
    རླུང་བུ་དེས རླུང་བུ་དེས་ང་ཐག་རིང་དུ་འགྲོ་བའི་མིག་ཟུང་ཡོངས་སུ་བསྒྲིབས་སོང

    རླུང་བུ་དེ རླུང་བུ་དེ་རལ་གྲི་ཞིག་ཡིན་ན
    ད་ནི་ང་དུམ་བུར་གཏུབས་ཀྱང
    ཤུལ་དུ་ལྷག་པ་ནི་ཅི་ཡང་མི་འདུག

    རླུང་བུ་འདི
    རླུང་བུ་གཏན་ནས་གཏན་དུ་གཡུགས་རོགས་ཀྱེ
    ངའི་མི་ཚེ་འདི་སྡུག་ལ་སྦྱོར་ཕྱིར
    ཕ་ཡུལ་དྲན་གདུང་གིས་གཟིར་ཕྱིར
    འཁྱམས་པོའི་བྲོ་བ་འདི་གཏིང་ནས་གཏིང་དུ་མྱོང་ཕྱིར
    རླུང་བུ་ཡ རླུང་བུ
    ཤུགས་ཀྱིས་གཡུགས་དང

    Reply
  9. sha tak ri sim says:
    ལོ་ 17 སྔོན།

    ལྷ་ཆབ་སྤྱིན་པ་ལགས
    རླུང་དང་འགྲོག་ནས་འོང་བའི་རྒྱང་རིང་གི་སྐད་ཆ་དག
    སྙི་མོ་སྙིང་ལ་བཏེགས་ནས་འབད་དུས་སུ
    འཚག་དང་སེར་བུའི་ཁྲོད་ཀྱི་མི་ཚེ་འདིར
    རེ་ལྟོས་ཤིག་ཡོད་མེད་ལ་མ་བལྟས་པར
    དལ་བུར་རྒྱུ་བའི་སྐར་ཚོགས་ཀྱི་གསེབ་དུ་འཕྱོ་བའི་མུན་པ་ཞིག་གིས
    འཇིག་རྟེན་འདི་ཡུན་གྱིས་སྒྲུབ་དུས་སུ
    ང་ལ་ཁྱེད་རང་ལྟ་བུའི་སྙིང་གྲོགས་བློས་ཐུབ་རེ་ཡོད་སྟབས
    སེམས་ཁུངས་སུ་དྲོད་ཀྱིས་འཚོ

    Reply
  10. sha tak ri sim says:
    ལོ་ 17 སྔོན།

    འཇིགས་བྲལ་ལགས། ང་རང་ཁྱེད་ཚང་དུ་ད་ལྟ་རང་འགྲོ་ངེས་ཡིན། བསམ་ཚུལ་དག་ལ་ཞིབ་དུ་བརྟག་ཆོག
    ག་ལེར་འགྲོ་དུས་རྡོ་དང་རྡེའུ་རིགས་གཟབ་རྒྱུ་ལས
    རྡོ་དང་རྡེའུ་སྟེང་གི་འགྱེལ་སྟངས་ལ་གཟབ་ངེས་ཡིན
    སྐད་དང་གོམས་གཤིས་བར་ནས་རྒས་ཐེངས་རེར
    མི་དང་མི་རིགས་བར་གྱི་བདེན་དོན་ལ་སྙེགས་ཐབས་བྱེད

    Reply
  11. jigdal says:
    ལོ་ 17 སྔོན།

    ཤ་ཁྲག་རུས་གསུམ་ལགས། བསམ་ཚུལ་ངོ་མ་རེ་ཡང་སྤེལ་དང་། སྐྱོན་བརྗོད་རེ་ཡང་བྱོས་དང་།

    Reply
  12. lhachapjinpa says:
    ལོ་ 17 སྔོན།

    རླུང་བུ་དེ་སྟོན་ཁའི་རླུང་བུ་ཞིག་དང་མཚུངས
    རླུང་བུ་དེས་སྙིང་སྡུག་མའི་སྐྲ་ལོ་ཡང་ཤད་སོང
    རླུང་བུ་དེ་ཡོད་ཚད་སྨིན་ཡོད་པའི་སྣང་བ་ཞིག་འཁོར་བྱུང
    ད་དུང་རླུང་བུ་དེས་བདག་ལ་དྲན་སྐུལ་གཞན་ཞིག་ཀྱང་གནང་སོང
    རླུང་བུ་འདི་སྐར་ལྔའི་དར་དམར་གྱི་གཡོ་འགུལ་བཞིན་གཡུགས་བྱུང
    རླུང་བུ་དེས་ལོ་ངོ་ལྔ་བཅུའི་མི་རིགས་ཤིག་གི་སྔུག་བསྔལ་གླེང་ནས་བུད་སོང
    རླུང་བུ་དེ་བྱང་ནས་ལྡང་བྱུང
    རླུང་བུ་དེ་འབྲུག་སྒྲ་དང་མཉམ་དུ་ལྡང་བྱུང
    རླུང་བུ་དེས་བདག་གི་རྨི་ལམ་ཡང་དཀྲོགས་སོང

    Reply
  13. jigdal says:
    ལོ་ 17 སྔོན།

    ག་ལེར་འགྲོ་དུས་མིག་གིས་ས་ལ་ལྟོས། །
    རྡོ་ལི་རེ་འགའ་མདུན་དུ་ལྷག་ཀྱང་སྲིད། །

    ཨོ་རྩེད་མོ་ཡིན།
    ངའི་ཟིན་བྲིས་ན་ཁྱོད་ལ་བསམ་ཚུལ་མང་གི་ཡཱ།

    Reply
  14. sha tak ri sim says:
    ལོ་ 17 སྔོན།

    གཅན་བཟོད་རྒྱམ་ལགས། ད་ག་ལེར་ཤོག་ཨ ལོན་ལོ་རེག་བར་དུ་ང་ལྟ་བུ་དག་ཚེ་ཐག་ཨེ་རུང་མི་ཤེས། གང་ཐུབ་ཅི་ཐུབ་ཅིག་མགྱོགས་པོ་འགྲོ་ཁུལ་བྱས་པས་ཚེ་ཟད་འགྲོ་ན་ཐང་་ དེ་དུས་གཞི་བདག་ལྟ་བུའི་དྲ་ཐོག་གི་སྤུན་ཟླ་ངའི་ཆེད་དུ་ཀུ་རེ་ཐོབས

    Reply
  15. chentsasopa says:
    ལོ་ 17 སྔོན།

    ད་གང་ལྟར་ཀྱང་ང་ཡང་ག་ལེར་འགྲོ་བ་དང་བཙོག་ནས་འདུག་མཁན་གྱི་གྲས་ཡིན་དའ།

    Reply
  16. sha tak ri sim says:
    ལོ་ 17 སྔོན།

    བསེ་རུ་ལགས
    ག་ལེར་འགྲོ་བར་གོམས་ཟིན་པའི་མི་རིགས་འདིས
    མགྱོགས་པོ་འགྲོ་མཁན་དག་ལ་འཕྱ་དམོད་བྱེད་ལ
    མགྱོགས་པོ་འགྲོ་མཁན་དག་ནི་འཕྲུལ་ཆས་སུ་ཡང་འདོད་ཡོད
    སྐབས་རེར དེ་ལ་གནས་ལུགས་རེ་ཡང་ཡོད་སྲིད་ཀྱང་
    ག་ལེར་འགྲོ་བ་ལས ག་ལེར་བསྡོད་མཁན་དག་བྱུང་ནས
    ག་ལེར་ག་ལེར ད་གཟོད་མི་རིགས་ཤིག་གི་མཇུག་བྱང་ཅིག་བཞེང་དུས
    འུ་ཅག་གིས་ རང་གི་རྐ་ལག་འདི་ཡང་ག་ལེར་བཏང་

    Reply
  17. sha tak ri sim says:
    ལོ་ 17 སྔོན།

    བྲག་འགོ་དཀོན་མཆོག་དར་རྒྱས་ལགས
    ག་ལེར་འགྲོ་དུས་སུ ག་ལེར་གོམ་པ་སྤོ་དུས་སུ
    ག་ལེར་འཚོ་བཞིན་པའི་མི་རིགས་ཤིག་གི་ངོ་གདོང་ནས
    རང་ཉིད་ཀྱི་ངོ་གདོང་དེ་ཡང་དེ་དག་དང་མི་འདྲ་བ་གང་ཡོད་ཐད
    ཁོམ་པ་རེ་བྱུང་དུས་སུ
    བསམ་གཞིགས་རེ་བྱེད་རྒྱུ་བྱུང་ན
    ག་ལེར་ག་ལེར འགྱུར་བ་ཞིག་ཡོད་ངེས་ཡིན་ལ
    ཉིད་ཀྱིས་བདག་ལ་གདེང་འཇོག་བྱས་པ་དེ་ལས་ཀྱང་གཞན
    རང་གིས་རང་ལ་གདེང་འཇོག་བྱེད་དགོས་པ་དེ་ཤེས་སྲིད

    Reply
  18. sha tak ri sim says:
    ལོ་ 17 སྔོན།

    རྨེ་རུ་ལགས། སྐུ་ཉིད་ནི་ཤད་རྒྱག་རྒྱུར་རེ་བ་ཡོད་མཁན་གྱི་གྲངས་དུ་ཡོད་པ་འདྲ། ང་རང་ལ་གོམས་སྲོལ་ཞིག་གིས་ཤད་མེད་པ་འབྲི་བ་དེ་ལ་དགའ་བ་དང་དུངས་པ་ཞིག་སླེབས་འདུག་ལགས།

    Reply
  19. sha tak ri sim says:
    ལོ་ 17 སྔོན།

    རུ་གསར་ཚང་ལགས། ཀློག་དུ་ཕེབས་པ་དགའ་ནས་ཡོད། རྗེས་མར་ཡང་ཕེབས་རྒྱུ་མ་བརྗེད་ཅིག བསམ་ཚུལ་གང་ཤར་ལྷུག་པོར་བརྗོད་རོགས་གནོང་།

    Reply
  20. sha tak ri sim says:
    ལོ་ 17 སྔོན།

    བསང་ཆུ་འབྲུག་བྷེ་ལགས། ང་རང་ད་ལྟ་ལས་ཀ་ནས་ཕྱིར་ནང་དུ་འབྱོར་བ་ཡིན། ཁྱེད་ཚང་དུ་སོང་ནས་ཉིད་ཀྱི་ན་ཟུག་གི་མྱོང་བ་དེ་ཀློག་ངེས་ཡིན།

    Reply
  21. samkhar says:
    ལོ་ 17 སྔོན།

    ག་ལེར་འགྲོ་དྲགས་པའི་རྐྱེན་གྱིས།
    ད་གཟོད་མི་རིགས་འདིར་རྗེས་ལུས་ཞེས་པའི་མིང་ངན་ཞིག་ཀྱང་བཏགས་མི་འདུག་གམ།
    ག་ལེར་འགྲོ་དུས་སྟོང་ཆ་ཁ་སྐོང་བྱ་རྒྱུ་དུ་མ་ཞིག་ལྷག་པའི་ཚོར་སྣང་ཡང་ཡོང་གི་མི་འདུག་གམ།

    Reply
  22. Dre Sha Zen says:
    ལོ་ 17 སྔོན།

    ང་ག་ལེར་དུས་བབ་ཟིན་བྲིས་ནང་ལན་རེར་འབྱོར་སྐབས།
    ཁ་བའི་སྤུན་ཟླ་རྣལ་མ་ཞིག་གིས་ཟིན་བྲིས་མཐོང་དུས།
    ཁོ་བོ་མི་འདོད་བཞིན་བཞུད་ཡོང་བའི་གཞན་ཡུལ་འདིར་།
    ཕ་མ་སོགས་མེད་པའི་སེམས་ལ་སུན་སྣང་ཆེ་ཡང་།
    ཁྱེད་ཀྱིས་ཟིན་བྲིས་འདིས་ནང་།
    ཁ་བའི་རིགས་ལ་བཅངས་བའི་བརྩེ་སེམས་དེས།
    རྒྱུན་དུ་ང་ལ་སྤྲོ་སེམས་འཁོར་ཞིང་།
    ཁྱེད་ཀྱི་བདག་ལ་བདེ་བ་ཆུང་ཆུང་ཞིག་གི་འོད་སྣང་འགྱེད་བྱུང་།
    རེད་་་བོད་་་ཤ་ཁྲག་རུས་གསུམ།་་་ཧཧཧཧ་་་་བདེ་མོ་གྱིས་།།

    Reply
  23. mheru says:
    ལོ་ 17 སྔོན།

    ཤ་ཁྲག་ལགས་བཀླགས་ཟིན་པ་ཡིན།གཅིག་ཤད་རེ་བརྒྱབ་ན་སྐྱོན་མེད་སྙམ་ཤད་མ་བརྒྱབ་ན་ཅུང་ཟད་མ་བདེ་བ་ཞིག་མཐོང་གི་འདུག།

    Reply
  24. snowwind says:
    ལོ་ 17 སྔོན།

    བཀླགས་ནས་བོད་སོང་།

    དགེ་སྐྱོན་བཤད་མི་ཤེས།

    Reply
  25. durkbey says:
    ལོ་ 17 སྔོན།

    ཨ་རོ་དུས་འདིར་ན་ཟུག་ཅིག་འདོན་ཁུལ་གྱི་སྙན་ངག་གསར་བ་ཞིག་སྤེལ་ཡོད་པས།་ཉིད་ཀྱི་གཟིགས་རོགས།

    Reply

དཔྱད་མཆན་སྤེལ། Cancel reply

Your email address will not be published. Required fields are marked *

སྤྱི་ཚོགས་དྲ་གནས།

ཁྱབ་བསྒྲགས།

དྲ་ངོས་ཀྱི་གནས་ཚུལ་ཚང་མའི་པར་དབང་བོད་ཀྱི་དུས་བབ་ལ་ཡོད།

གློག་འཕྲིན།

editor@tibettimes.net | office@tibettimes.net

ཁ་པར།

+91-98823-47075 | +91-92189-38041 | +91-81972-44372

Welcome Back!

OR

Login to your account below

Forgotten Password?

Retrieve your password

Please enter your username or email address to reset your password.

Log In

Add New Playlist

No Result
ཆ་ཚང་གཟིགས།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
    • གླ་ཡོད་རིན་གོང་།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese