མདུན་ངོས།
About Us
  • English
Advertisement
བོད་ཀྱི་དུས་བབ།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
    • གླ་ཡོད་རིན་གོང་།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese
No Result
ཆ་ཚང་གཟིགས།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
    • གླ་ཡོད་རིན་གོང་།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese
No Result
ཆ་ཚང་གཟིགས།
བོད་ཀྱི་དུས་བབ།
English
No Result
ཆ་ཚང་གཟིགས།

ཀྲུང་གོའི་བདག་དབང་ལ་གྲོས་མོལ་མེད་ཟེར།

བོད་ཀྱི་དུས་བབ།
༢༠༡༠/༠༢/༠༡
Share on FacebookShare on TwitterShare on EmailShare on Whatsapp

སྐུ་ཚབ་རྣམ་པ་ལྡི་ལིར་འབྱོར་མ་ཐག རྒྱ་ནག་འཐབ་ཕྱོགས་གཅིག་གྱུར་ཁང་གིས་གྲོས་མོལ་གྱི་སྒོ་མུ་མཐུད་ཕྱེ་ཡོད། ཡིན་ཡང་། བོད་ཐོག་གི་ཀྲུང་གོའི་བདག་དབང་ལ་གྲོས་མོལ་མེད་ཟེར།

འཐབ་ཕྱོགས་གཅིག་གྱུར་ཁང་གི་འགན་འཛིན་ཏུའུ་ཆེན་ལིན་གྱིས་གཟའ་ཟླ་བའི་ཉིན་ཞིན་ཧྭ་གསར་ཁང་ལ་བཤད་དོན། ཀྲུང་གོའི་མངའ་ཁོངས་དང་བདག་དབང་གི་སྐོར་ལ་གྲོས་མོལ་གཏན་ནས་མེད་ལ། འདིའི་ཐད་ནས་ཕྱིར་བཤོལ་ཅི་ཡང་མེད་ཟེར།

ཏུའུ་ཡིས་བཤད་དོན། བོད་ཆེན་པོ་ཟེར་བ་དང་ཚད་མཐོའི་རང་སྐྱོང་ཟེར་བ་དེས་ཀྲུང་གོའི་རྩ་ཁྲིམས་ལ་གཏོར་བཤིག་གཏོང་གི་ཡོད་ལ། གལ་སྲིད་ཏཱ་ལའི་བླ་མས་དགོས་འདུན་འདི་དག་གཏན་དུ་མཚམས་འཇོག་བྱས་པ་ཡིན་ན་གྲོས་མོལ་དང་འབྲེལ་བའི་རྨང་གཞི་ཞིག་ཡོད་སྲིད་པ་རེད་ཟེར།

ཁོས་མུ་མཐུད་དོན། ཏཱ་ལའི་བླ་མའི་ཕྱོགས་ནས་མུ་མཐུད་དེ་ཀྲུང་གོར་ངོ་རྒོལ་གྱི་ལས་འགུལ་སྤེལ་བ་དང་། གཞི་རྩའི་བརྩི་བཀུར་དང་ཡིད་ཆེས་ཙམ་ཡང་མི་སྟོན་ཚེ་འབྲེལ་མོལ་ལ་ཡར་རྒྱས་ཅི་ཡང་ཡོང་གི་མ་རེད་ཟེར། ཁོས་ད་དུང་། བོད་མི་རིགས་ཀྱིས་ཞི་བདེ་དང་བརྟན་ལྷིང་ལ་དགའ་མོས་བྱེད་གི་རེད། དེ་བས་ཁོང་ཚོར་བསླུ་བྲིད་གཏོང་བ་དང་ཁོང་ཚོའི་མངོན་འདོད་དང་མི་འཚམ་པའི་བྱ་སྤྱོད་སྤེལ་ན་ཕན་ཐོགས་ཡོད་པ་མ་རེད། དཀྲུགས་ཤིང་དང་ཞེ་འཁོན་གྱི་ལས་འགུལ་དེ་དག་ནི་ནམ་ཡང་མི་རྒྱལ་ལ། དེས་གྲོས་མོལ་ལ་འགོག་རྐྱེན་བཟོ་བ་དང་ཏཱ་ལའི་བླ་མ་དང་ཁོང་གི་རྗེས་མཇུག་པ་ཚོ་ཁེར་རྐྱང་ལ་གཏོང་གི་རེད་ཅེས་ཀྱང་ཟེར།

འབྲེལ་ཡོད་གསར་འགྱུར།

ཡུམ་ཆེན་གདུགས་དཀར་སྒྲོལ་མ་དང་ཧཱུྃ་ཀར་རྡོ་རྗེ་རིན་པོ་ཆེ་མཆོག པར་འབྲེལ་ཡོད་ནས་འདི་གར་མཁོ་སྤྲོད་གནང་། ཟླ་ཚེས་མི་གསལ།
Mobile App

ཧཱུྃ་ཀར་རྡོ་རྗེ་མཆོག་གི་མ་ཡུམ་གདུགས་དཀར་སྒྲོལ་མ་ལགས་སྐུ་གྲོངས།

ཆུ་ཚོད་ ༩ སྔོན་ལ།
༧གོང་ས་རྒྱལ་བ་རིན་པོ་ཆེ་མཆོག་ལ་འཁྲུལ་ཞིག་བླ་བྲང་དང་གདན་ས་རྫ་རོང་ཐུབ་བསྟན་སྨིན་གྲོལ་མདོ་སྔགས་ཆོས་གླིང་གཉིས་ཀྱིས་བརྟན་བཞུགས་བསྟར་འབུལ་ཞུ་བཞིན་པ། ༢༠༢༥།༥།༡༢
༸གོང་ས་མཆོག གསར་འགྱུར།

འཁྲུལ་ཞིག་རིན་པོ་ཆེའི་ཡང་སྲིད་མཆོག་གི་ཁྲི་སྟོན་མཛད་སྒོ་སྟབས་བདེ་ཞིག་འཚོགས།

ཆུ་ཚོད་ ༡༠ སྔོན་ལ།
Front Slider

བོད་མིའི་སྒྲིག་འཛུགས་ཀྱི་སྤྱི་ཐབ་སྐོར་ལ་བཅར་འདྲི།

༢༠༢༥/༠༥/༡༠
སྐྱབས་རྗེ་བཀའ་ཟུར་ཀིརྟི་རིན་པོ་ཆེ་མཆོག་གི་མཛད་རྣམ་ཤར་སྟག་མོའི་བུ་ཞེས་པའི་འཕྲུལ་དེབ་འགྲེམས་སྤེལ་གྱི་མཛད་སྒོ་དང་དཔྱད་བརྗོད་བགྲོ་གླེང་འཚོགས། བོད་ཀྱི་དུས་བབ་གསར་ཁང་གི་པར། ༢༠༢༥།༥།༩
Mobile App

བཀའ་ཟུར་༧སྐྱབས་རྗེ་ཀིརྟི་རིན་པོ་ཆེ་མཆོག་གི་མཛད་རྣམ་ཤར་སྟག་མོའི་བུ་ཞེས་པའི་འཕྲུལ་དེབ་འགྲེམས་སྤེལ་གྱི་མཛད་སྒོ་འཚོགས།

༢༠༢༥/༠༥/༠༩
Mobile App

བོད་རིགས་ཨ་རི་བ་ཨ་ཧྥ་ཊབ་ཀརྨ་སིང་པུ་རི་ཝལ་ལགས་སུ་འོས་བསྡུའི་ཁྲོད་རྒྱལ་ཁ་ཐོབ།

༢༠༢༥/༠༥/༠༩
The Dalai Lama offers blessings to his followers at his Himalayan residence in the northern hill town of Dharamshala, India, on December 20, 2024 [Priyanshu Singh/Reuters]
༸གོང་ས་མཆོག གསར་འགྱུར།

ཡུ་རོབ་གྲོས་ཚོགས་སུ་༧གོང་ས་མཆོག་གི་ཡང་སྲིད་དང་འབྲེལ་བའི་གྲོས་ཆོད་ཅིག་གཏན་འབེབས་བྱུང་། 

༢༠༢༥/༠༥/༠༩

མཆན། 56

  1. ཚེ་རིང༌། says:
    ལོ་ 15 སྔོན།

    སྐུ་ཚབ་འདི་ཚོས་ཕར་ལ་ག་རེ་འདྲ་ཞིག་བཤད་ཀྱི་བསྡད་པ་ཡིན་ནམ། ཚུར་ལ་ལན་རག་སྟངས་འདིར་བལྟས་ན། འདི་ཚོས་བཤད་དགོས་པ་དེ་མ་བཤད། མི་བཤད་དགོས་པ་ཞིག་བཤད་བཞག་ཡོད་པ་འདྲ། ད་རྒྱ་ནག་གཞུང་དང་ང་ཚོའི་བར་ན་དོན་དག་ག་རེ་ལྷག་ཡོད་རེད། གཅིག་ནས་སྐུ་ཚབ་ཚོས་འཇོན་ཡོད་ས་མ་རེད། གཉིས་ནས་རྒྱ་གཞུང་གིས་འགྲིག་ཡོད་ས་མ་རེད། ན་ནིང་གི་ཡིག་ཆ་དེས་ཕན་ཐོགས་མ་སོང་བ་དེ་ཡ་མཚན་རེད། ཡིག་ཆ་དེའི་ནང་དོན་མདོར་བསྡུས་ན། ད་ང་ཚོས་བོད་རང་བཙན་གྱི་བརྩད་རྒྱག་གི་མིན། རྩ་ཁྲིམས་རིན་པོ་ཆེ་གོང་བཀུར་ཞུ་གི་ཡིན། མེས་རྒྱལ་ཁྱིམ་ཚང་ཆེན་པོའི་ནང་ཕྱིར་ལོག་ཡོང་གི་ཡིན་ལབ་ཡོད་པ་རེད། དེའི་ལན་ལ། ད་ཡོང་མི་དགོས། ད་རུང་གནས་སྐབས་ལ་འདང་རྒྱོབས། འདང་བརྒྱབ་ཚར་སོང་ན་དེ་ནས་བཤད་ཆོག་གི་རེད་ལབ་འདུག ཡ་གྲོགས་པོ་ཚོ། ད་ཤོད་ཡ།

    Reply
  2. བསྟན་པ་ཡར་འཕེལ། says:
    ལོ་ 15 སྔོན།

    འོན་ཀྱང་དེ་རིང་རྒྱ་ནག་གིས་བཤད་ན་བོད་རིགས་ཡོངས་ལ་མིང་དོན་མཚུངས་པའི་རང་སྐྱོང་ཡོང་ཐབས་ཀྱི་བསམ་འཆར་ཟེར་བ་དེ་རྩ་ཁྲིམས་དང་འགལ་ཡོད་ཚུལ་བསྒྲགས་འདུག

    Reply
  3. བསྟན་པ་ཡར་འཕེལ། says:
    ལོ་ 15 སྔོན།

    དེ་རིང་ཉིན་རྒྱབ་ཆུ་ཚོད་གསུམ་པའི་ཐོག་ང་ཚོའི་སྐུ་ཚབ་ཚོས་གསལ་འགོད་གསལ་བསྒྲགས་གནང་རྒྱུ་རེད་འདུག གཏམ་བཟང་ཞིག་ཡོད་ལས་ཆེ། འོན་ཀྱང་ད་ནང་རྒྱ་ནག་གི་གསལ་བསྒྲགས་ནང་་་་་་་་་་་་་་་་་་་།

    Reply
  4. ཚེ་རིང༌། says:
    ལོ་ 15 སྔོན།

    སྐོམ་ན་ཆུ་ཐུངས།།
    ལྟོགས་ན་ཟས་ཟོ།།
    ཁོམ་ན་འདང་རྒྱོབས།།
    དེ་ནས་ཧ་གོ།

    Reply
  5. འཇིགས་བྲལ་བསྟན་འཛིན། says:
    ལོ་ 15 སྔོན།

    རྒྱ་ནག་བོད་ལྗོངས་དྲ་བར་ཚིག་འདི་བྲིས་འདུག
    ཀྲུང་དབྱང་གིས་ཏཱ་ལའི་བླ་མར་འཛིན་པའི་སྲིད་ཇུས་ནི་སྔ་ཕྱི་བར་གསུམ་གང་ཞིག་ཡིན་ཡང་འགྱུར་མེད་ཁ་གསལ་ཡིན་ལ། ཐུག་འཕྲད་གྲོས་མོལ་བྱེད་པའི་སྒོ་མོ་ནམ་ཡང་རྒྱ་ཆེར་ཕྱེ་ཡོད་པ་རེད། ༢༠༠༢ ལོ་ནས་ད་བར་དུ་ཀྲུང་དབྱང་གིས་ཏཱ་ལའི་བླ་མ་མི་སྒེར་གྱི་འཐུས་མི་གྲོས་མོལ་ཐེངས་དགུ་བྱས་ཡོད་པ་རེད། ཀྲུང་དབྱང་གི་ལངས་ཕྱོགས་དང་། ལྟ་བ། རྣམ་འགྱུར་བཅས་ནི་ཐོག་མཐའ་བར་གསུམ་དུ་གསལ་པོ་དང་བརྟན་པོ་ཡིན་ལ། ཀྲུང་དབྱང་དང་ཏཱ་ལའི་རུ་ཚོགས་དབར་གྱི་འཐབ་རྩོད་ཀྱི་མདོ་གནས་ནི་མི་རིགས་ཀྱི་གནད་དོན་མིན་ལ་ཆོས་ལུགས་ཀྱི་གནད་དོན་ཡང་མིན། འགྲོ་བ་མིའི་ཐོབ་ཐང་གི་གནད་དོན་ཟེར་བ་དེ་བས་ཀྱང་མིན། ཀྲུང་དབྱང་དང་ཏཱ་ལའི་རུ་ཚོགས་དབར་གྱི་འཐབ་རྩོད་ཀྱི་ལྟེ་བ་དང་ངོ་བོ་ནི་མེས་རྒྱལ་གོང་བུ་གཅིག་གྱུར་སྲུང་སྐྱོང་དང་ཁ་བྲལ་ལ་ངོ་རྒོལ་བྱེད་པའི་ཆབ་སྲིད་ཀྱི་གནད་དོན་ཞིག་ཡིན། རྒྱ་ནག་བོད་ལྗོངས་དྲ་བར་ཚིག་འདི་བྲིས་འདུག

    Reply
  6. དགུ་ཚིགས་སྐྱ་མོ། says:
    ལོ་ 15 སྔོན།

    གཉེན་ལ་འཐབ་ན་སྟག་དང་འདྲ། །
    དགྲ་ལ་ཐུག་ན་ཝྭ་དང་མཚུངས། །
    རྒྱུ་ནོར་ཐོབ་ན་བུ་ཡང་བཙོང་། །
    བཙན་གཤོལ་བོད་མིའི་རང་གཤེས་ཡིན།།

    Reply
  7. དགེ་བཤེས་སྨོན་ལམ་མཐར་ཕྱིན། says:
    ལོ་ 15 སྔོན།

    བོད་རྒྱ་འབྲེལ་མོལ་སྐུ་ཚབ་ཐུག་འཕྲད་བྱས་པའི་སྐོར་ལ་རྒྱ་གཞུང་གིས་སྤེལ་བའི་གསར་འགྱུར་གཤམ་གསལ་དྲ་བྱང་བརྒྱུད་གཟིགས།
    http://tibet.people.com.cn/140815/10905637.html

    Reply
  8. དགེ་བཤེས་སྨོན་ལམ་མཐར་ཕྱིན། says:
    ལོ་ 15 སྔོན།

    བོད་རྒྱ་འབྲེལ་མོལ་སྐུ་ཚབ་ཐུག་འཕྲད་བྱས་པའི་སྐོར་ལ་རྒྱ་གཞུང་གིས་སྤེལ་བའི་གསར་འགྱུར་ཞིག་འདིར་འདུག

    Reply
  9. གཞིས་ལུས་བོད་པ། says:
    ལོ་ 15 སྔོན།

    ད་སྙན་མོ་ཞིག་གོ་རྒྱུ་མེད་པ་འདྲ།

    Reply
  10. འཇམ་དབྱངས says:
    ལོ་ 15 སྔོན།

    རྒྱ་འདྲེ་འདི་ཚོས་ག་རེ་བཤད་གི་ཡོད་ནི་ཡིན་ན། གཡོ་སྒྱུ་རྐྱང་རྐྱང་།

    Reply
  11. བསྟན་འཛིན་ཤེས་རབ། says:
    ལོ་ 15 སྔོན།

    སྤྲེའུས་ངོ་སྐྱི་གཉེར་ཙམ་དང་འཕོང་ཚོས་འཁྲུག་ཙམ་བྱེད་བཞིན།

    ང་ལ་རང་དབང་སྟེར་རོགས།

    ང་ལ་ཐོབ་ཐང་གནང་རོགས།

    ངའི་ལྗོན་པ་དེ་མ་གཅོད་རོགས།

    ལྗོན་པ་དེར་ཡལ་འདབ་དང་ལོ་མ་སྐྱེ་རུ་འཇུག་རོགས་ཟེར།

    ཝ་མོས་གཡོ་སྒྱུའི་གདོང་པགས་དེ་འཛུམ་ཙམ་དང་།

    གཏུམ་སྤྱོད་ཀྱི་གྲ་མོ་གཟེངས་ཙམ་བྱེད་བཞིན།

    ངོ་རྒོལ་མ་བྱེད། ཁ་ཁར་སྡོད།

    ཁ་ལ་ཉོན་དང་ཀ་ར་སྟེར་ཟེར།

    ཝ་མོས་སྤྲེའུ་ཚོ་རང་ཉིད་ཀྱི་ཚང་དུ་ཁྲིད་དེ།

    ངའི་ཚང་དང་ཕྲུ་གུ་ཚོ་སྐྱིད་པོ་ཅི་འདྲ་འདུག ལྟོས་དང་ཟེར།

    Reply
  12. འཇིགས་བྲལ་བསྟན་འཛིན། says:
    ལོ་ 15 སྔོན།

    དྲ་གྲོགས་དབྱངས་བུ་ལགས། ༸གོང་ས་མཆོག་གི་བཀའ་སློབ་ཁུར་ནས་ལམ་སྟོན་གནང་བར་ཕེབས་པ་ཐུགས་རྗེ་ཆེ། བོད་རྒྱའི་གནད་དོན་དེ་ནི་དོན་ཡོད་གནས་ཚུལ་ལ་གཞིགས་ནས་སེལ་དགོས་པ་ལས། ཚོར་ཤུགས་ཟབ་མིན་ལ་བརྟེན་ནས་སེལ་ཐབས་མེད་པ་ཁྱེད་ཀྱིས་མཁྱེན་ངེས་རེད། ཟེར་བ་ཅི་མ་བདེན། ཡིན་ནའང་དྲ་གྲོགས་ལགས་ཀྱིས་ང་ལ་འཚེ་མེད་ཞི་བའི་དར་འཕྱར་དུང་བུད་བྱས་པའི་རྗེས་སུ་ཡང་སྡིག་ར་ཞིག་སྐུལ་འདུག དེ་ལ་བལྟས་ན་༸གོང་ས་མཆོག་གི་བཀའ་སློབ་བེད་སྤྱོད་བྱེད་པ་ལས་ཉམས་སུ་ལེན་མཁན་ཞིག་རང་ནི་མིན་ཚོད་འདུག དེ་ཡང་ཁྱོད་རང་གིས་ང་ལ་སྡིག་ར་འདི་འདྲ་ཞིག་སྐུལ་འདུག ལུས་ངག་ཡིད་ཀྱི་བྱ་སྤྱོད་རན་མཚམས་གནང་གལ་ཆེའོ།། ཟེར། རན་མཚམས་མ་བྱས་ན་གནས་ཚུལ་གཞན་པ་ཞིག་ཡོད་མདོག་བྱེད། རྗེས་མ་སྡིག་སྐུལ་སོགས་ཀྱི་སྐབས་སུ་༸གོང་ས་མཆོག་གི་མཚན་ཆེན་པོ་དེ་གང་འདོད་དུ་དྲུད་མ་ཡོང་ལོ། བཀའ་སློབ་ལམ་སྟོན་ལ་མཐོང་འཇོག་ཤེས་དགོས་པ་གལ་ཆེན་པོ་རེད།

    ཚོར་བ་དགོས་རབས་བཤད་པས་འཚང་ལ་ཕོག་པ་མིན་ནམ། །
    ནང་དཀྲུགས་མ་བྱེད་བཤད་པ་དོན་ལ་གནས་པས་ཡིན་ནམ། །
    དྲི་བ་འགའ་ཞིག་བཏང་བ་གཟེར་ལ་ཟུག་པ་ཡིན་ནམ། །
    དྲ་གྲོགས་དབྱངས་བུའི་ཐུགས་ལ་དཀའ་ངལ་ག་རེ་བྱུང་སོང་། །

    Reply
  13. ཧོར་བུ་ཡེ་ཤེས says:
    ལོ་ 15 སྔོན།

    དམག་རྒ་ལ༼དམག་སྒར༽བཅོས་རོགས་བྱོས།

    Reply
  14. ཧོར་བུ་ཡེ་ཤེས says:
    ལོ་ 15 སྔོན།

    རྒྱ་སྤྲང་དེ་ཚོས་ཐང་ཆུང་དེ་ཚོད་ལས་འདས་སོང་།ད་ནི་དམག་རྒ་༢༢པ་དེ་ཡར་རྒྱས་གཏང་བ་དང་དམག་མི་ནང་གང་མང་མང་ཞུགས་དགོས་པའི་དུས་ལ་སླེབས་སོང་།བོད་ལ་ཡོད་པའི་བོད་དམག་རྒྱ་སྤྲང་གི་དོན་དུ་ཤི།རྒྱ་གར་ལ་ཡོད་པའི་བོད་དམག་ཁོང་ཚོའི་དོན་དུ་ཤི།ད་བོད་དམག་ཚོ་རང་གི་ལུང་པའི་དོན་དུ་ལས་འགུལ་སྤེལ་བའི་དུས་ལ་བབས་སོང་།བོད་དམག་ཚོ་ཨ་རག་གི་མྱོས་ནས་མ་སྡོད།ད་ནི་ཁྱོད་རང་ཚོས་ལས་འགུལ་སྤེལ་བའི་དུས་ལ་སླེབས་པ་དེ་ཤེས་བར་བྱོས་དང་ང་ཚོ་ཡང་རྒྱབ་སྐྱོར་ཡོད།།

    Reply
  15. དབྱངས་བུ། says:
    ལོ་ 15 སྔོན།

    དོན་ཡོད་གནས་ཚུལ་ཟེར་བ།

    དངོས་ཡོད་གནས་ཚུལ་ལ་བཅོས་རོགས།

    Reply
  16. དབྱངས་བུ། says:
    ལོ་ 15 སྔོན།

    དྲ་གྲོགས་འཇིགས་བྲལ་བསྟན་འཛིན་ལགས།

    ཁྱེད་ཀྱིས་དེ་རིང་མཆན་བུ་མི་ཉུང་བ་ཞིག་བྲིས་པའི་ནང་དོན་ལ་གཞིགས་ན།སྐུ་ཉིད་ལ་ཚོར་ཤུགས་དྲག་པོ་བྱུང་ཡོད་བཟོ་འདུག་་་་འོན་ཀྱང་བོད་རྒྱའི་གནད་དོན་དེ་ནི་དོན་ཡོད་གནས་ཚུལ་ལ་གཞིགས་ནས་སེལ་དགོས་པ་ལས།ཚོར་ཤུགས་ཟབ་མིན་ལ་བརྟེན་ནས་སེལ་ཐབས་མེད་པ་ཁྱེད་ཀྱིས་མཁྱེན་ངེས་རེད།

    ༸གོང་ས་མཆོག་གི་བཀའ་སློབ་ལས་ཟུར་འདོན་ཞུས་པ་ཞིག་ཕུལ་ཡོད་པ་དེར་ཁྱེད་ཀྱིས་ངེས་པར་ཐུགས་བསམ་བཞེས་རོགས།འདིས་ཁྱེད་ཀྱི་ལུས་སེམས་གཉིས་ཀར་ཕན་ངེས།་
    ༼ཞི་བདེའི་བསྟི་གནས་བཟོ་རྒྱུའི་དམིགས་ཡུལ་འདི་ཁ་གཅིག་པུས་སྒྲུབ་ཐབས་མེད།རྒྱུན་གྱི་ལག་ལེན་ཐོག་སོ་སོའི་གཤིས་ཀ་དང་ཀུན་སྤྱོད་འདི་དངོས་གནས་འཚེ་མེད་ཞི་བདེའི་བསྟི་གནས་ཤིག་བཟོ་དགོས་པ་ལས།སོ་སོའི་སྒོ་གསུམ་གྱི་སྤྱོད་པར་དོ་སྣང་མ་བྱས་པར་ལྷོད་གཡེང་བཏང་སྟེ་ཁ་ནས་ཞི་བདེའི་བསྟི་གནས་ཞེས་བརྒྱ་སྟོང་བཤད་ཀྱང་ཕན་ཐོགས་མེད།བྱམས་པ་དང་སྙིང་རྗེ་གཉིས་དངོས་སུ་ལག་ལེན་དུ་འགེལ་ནས།འཚེ་མེད་ཞི་བའི་བསྟི་གནས་ཤིག་བསྐྲུན་དགོས།༽་ཅེས་གསུངས་པའི་དོན་ལ་ཐུགས་བསམ་བཞེས་ནས་ལུས་ངག་ཡིད་ཀྱི་བྱ་སྤྱོད་རན་མཚམས་གནང་གལ་ཆེའོ།།

    ཐུགས་རྗེ་ཆེ།།ནོར་འཁྲུལ་ཡོད་ན་དགོངས་སེལ་ཞུ།

    Reply
  17. ལུང་རྟོགས། says:
    ལོ་ 15 སྔོན།

    རྒྱ་ནག་བཞུང་གི་བསྐད་ཆ་ནི་སྨྱོན་པའི་བསྐད་ཆ་རང་རེད། ཁོ་ཚོས་སྡུག་བསྐད་ཇི་ལྟར་རྒྱབ་ཀྱང་བདེན་པའི་ལམ་ཁ་ནམ་ཡང་བཀག་ཐུབ་གི་མ་རེད། ཁུང་ལུང་མེད་པའི་གཏམ་བཤད་ལ་མཐའ་གཅིག་ཏུ་ངོ་བརྒོལ་ཡོད།

    Reply
  18. བཀྲ་ཤིས་ཟླ་བ། says:
    ལོ་ 15 སྔོན།

    ང་ཚོར་ཐབས་ཤེས་གཅིག་རང་ཡོད་པ་ནི། བཙན་བྱོལ་དུ་ཡོད་པའི་བོད་རིགས་ཡོངས་རྫོགས་ཐོག་མར་གཞི་རྩ་བརྟན་པོ་བཟོ་དགོས་ཀྱི་འདུག སློབ་གྲྭ་ཁག་ཏུ་དེང་དུས་ཀྱི་ཤེས་ཡོན་འདྲ་མིན་སློབ་སྦྱོང་སྤྲད་རྒྱུ་དང་། དེ་བཞིན་བཟོ་གྲྭ། ཚོང་ལས་པ། ཕྱི་རྒྱལ་ཁག་ཏུ་འགྲོ་མཁན་རྣམས་ལ་བོད་གཞུང་གིས་རོགས་རམ་དང་། དེ་མིན་གཞིས་ཆགས་ཁག་ཏུ་གནས་མཁན་ཡིན་ནའང་དེ་ལ་རོགས་རམ་གང་དྲག་གནང་སྟེ། མ་འོངས་པར་བཙན་བྱོལ་བོད་མི་རྣམས་སེམས་ཁྲལ་མི་དགོས་པར་བཟོ་དགོས། ང་ཚོའི་ཐབས་རྩོད་འདི་ཡུན་རིང་ལྷག་རྒྱུ་ཉག་ཅིག་རེད།

    Reply
  19. ཆུ་ཐིགས་སྔོན་མོ། says:
    ལོ་ 15 སྔོན།

    དགེ་བཤེས་ཚང་་་་བོད་གཞུང་གི་ལས་བྱེད་ཚོར་ཁ་ཕྱོགས་ཤིག་མི་འདུག་ཡ། རང་ཉིད་བདེ་ས་ཞིག་ལ་སླེབས་ཐབས་ལས་ཅང་མ་མཐོང་་་་་ཐ་ན་འཐུང་ཇེ་ཉུང་དུ་སོང་ནའང་སྐད་ཤུགས་འདི་འདྲ་རྒྱག་གི་འདུག་་་་་་གཞིས་བཞུགས་བོད་མིའི་དཀའ་ངལ་ལ་གཟིགས་དང་།་་་་་

    Reply
  20. ཆུ་ཐིགས་སྔོན་མོ། says:
    ལོ་ 15 སྔོན།

    བརྙེས་བཅོས་འདི་འདྲ་ཞིག་བཏང་ན་བཟོད་ཐབས་བྲལ་བ་ཞིག་རེད་ཡ། ཡིན་ནའང་ད་དུང་ཐབས་ཤེས་ཤིག་མི་འདུག་་་་་་་་ནམ་ཞིག་བདེན་པ་མངོན་དུ་ཤར་རྒྱུ་ཞིག་སྒུག་ན་མཐོང་རྒྱུ་ཨེ་ཡོད་དམ། དེ་མིན་ན་དྲག་ལས་རྐྱང་རྐྱང་ལ་གཞི་བཅོལ་དགོས་པ་མིན་འགྲོ།

    Reply
  21. དགེ་བཤེས་སྨོན་ལམ་མཐར་ཕྱིན། says:
    ལོ་ 15 སྔོན།

    བཙན་བྱོལ་བོད་གཞུང་གིས་ལོ་ཤས་སྔོན་ནས་བཟུང་《ཚད་མཐོའི་རང་སྐྱོང་》ཟེར་བའི་ཚིག་བེད་སྤྱོད་ནམ་ཡང་གཏོང་གི་ཡོད་མ་རེད་ལ། 《བོད་ཆེན་པོ་》ཡང་གསུང་གི་ཡོད་མ་རེད། ད་ལྟ་ང་ཚོས་《བོད་རིགས་ཡོངས་ལ་མིང་དོན་མཚུངས་པའི་རང་སྐྱོང་དགོས་》གསུང་གི་ཡོད་རེད།

    Reply
  22. ཨ་འབྲུག་དཀོན་མཆོག says:
    ལོ་ 15 སྔོན།

    ང་ཚོ་དུས་ནམ་ཡང་དྲིལ་བསྒྲགས་ཀྱི་སྐད་ཆ་ཞིག་བཟུང་ནས་གདོང་ཐུག་བརྒྱབ་ཡོད་པ་འདྲ།

    Reply
  23. ནགས་ཕྲན་པ་བསོད་ནམས་ཚེ་རིང་། says:
    ལོ་ 15 སྔོན།

    སྔོན་མ་སྐུ་ངོ་རྒྱ་ལོ་དོན་གྲུབ་ལགས་སུ་རང་བཙན་དོར་ན་སྐད་ཆ་བཤད་ཆོག་གླེང་པ་རེད་ལ། ང་ཚོས་ངོས་ནས་ཀྱང་དེ་ལྟར་བྱས་པ་རེད།
    ད་ཚད་མཐོའི་རང་སྐྱོང་མཚམས་བཞགས་ན་སྐད་ཆ་བཤད་ཆོག་མདོག་མདོག་བཤད་པ་རེད། འོ་ན་ད་གང་བྱེད་རྩིས་ཡོད།

    རེད། ང་ཚོས་རྒྱ་ནག་གི་བྱེད་ཕྱོགས་གཏན་ནས་མ་ཤེས་པ་མ་རེད་ལ། རྒྱ་ནག་གིས་ཀྱང་དོན་དངོས་ཐོག་ང་ཚོའི་དགོས་འདུན་དངོས་གནས་དེ་མ་ཤེས་པ་མ་རེད། འོ་ན་གང་རེད་ཟེར་ན། འདི་ནི་ཆབ་སྲིད་ཀྱི་གཡུལ་འགྱེད་ཅིག་རེད། གཡུལ་འགྱེད་དེ་ལས་ང་ཚོ་ཕམ་པ་རེད། ང་ཚོ་ལམ་དབུ་མ་ནས་ཕམ་པ་རེད།

    གོང་ས་མཆོག་གིས་ལོ་སྔོན་མའི་དམིགས་བསལ་ཚོགས་ཆེན་མ་འཚོགས་སྔོན་མ་ནས་ཕམ་པ་ཁས་ལེན་བྱས་པ་རེད། ཡིན་ན་ཡང་། བཀའ་ཁྲི་མཆོག་གི་ཨུ་ཚུགས་དང་ང་ཚོའི་མང་ཚོགས་ཀྱི་སྤྲེལ་ལད་ཀྱིས་དེ་རིང་གི་སྡུག་གྱོང་འདི་ཉོས་པ་རེད།

    འོན་ཀྱང་ང་ཚོ་གཏན་ནས་ཕམ་མེད།
    ང་ཚོར་རྒྱ་ནག་གིས་འཛམ་གླིང་གི་མདུན་ནས་འདི་ལྟར་བརྙེས་བཅོས་ག་ཚོས་བྱས་པ་ཡིན་ན། དེའི་ཚད་ཀྱིས་བོད་ཕྱི་ནང་གི་གཞོན་སྐྱེས་ཚོའི་རྒྱལ་ཞེན་དང་རིགས་ཞེན། ལ་རྒྱ་མཐོ་རུ་འགྲོ་གི་རེད། འདི་ལ་རྐྱེན་ངན་གྲོགས་ཤར་ཟེར། དྲ་གྲོགས་ཚོ་མུ་མཐུད་དེ་བགྲོ་གླེང་བྱོས་དང་། ང་ཚོས་རང་བཙན་རྩོད་རྒྱུར་ཁ་ཕྱོགས་ནས་འགྲོ

    Reply
  24. ནད་པ says:
    ལོ་ 15 སྔོན།

    ཕྱི་ལོ་ ༡༨༨༣ ལོར ནུབ་འཇར་མན་ནས་སྐྱེས་པའི་མར་ཁེ་སིས་གནའ་རབས་དབྱིན་ཇིའི་སྲིད་དོན་དང་དཔལ་འབྱོར་གྱི་རིག་པ། ཧྥ་རན་སིའི་སྟོང་བསམ་སྤྱི་ཚོགས་རིག་པ། འཇར་མན་གྱི་གནའ་རབས་མཚན་ཉིད་རིག་པའི་རྨང་གཞིའི་སྟེང་དུ་གཞི་བཅོལ་ནས་རང་ཉིད་ཀྱིས་གསར་དུ་སྤྱི་ཚོགས་རིང་ལུགས་ཀྱི་ལྟ་གྲུབ་གསར་དུ་བཏོན་ཡོད།
    དེ་རྗེས་སུ་ཨེན་ཁེ་སེས་མུ་མཐུད་རྒྱ་སྐྱེད་དང་འབྲེལ་ནས་རོགས་རམ་བྱས་རྗེས་སུ་ལེ་ཉན་གྱིས་ལྟ་གྲུབ་དེ་སྤེལ་ནས་གསར་བརྗེའི་ལས་འགུལ་རྒྱ་ཁྱབ་ཚད་མེད་ཕྱིན་ཡོད།
    དེ་ནས་རུ་སུའི་སི་ཏ་ལིས་དམར་ཤོག་རྒྱ་སྤྱེད་ཤུགས་ཆེ་བཏང་ནས་རྒྱ་ནག་སྐམ་སའི་ཁྱོན་ལ་རྒྱ་སྐད་ནང་དུ་ཕབ་བསྒྱུར་བྱེད་ཐུབ་པའི་དབང་གིས་སྤྱི་ཚོགས་རིང་ལུགས་ཀྱི་ལམ་དུ་སེམས་པ་ཕྱོགས་པའི་མེས་པོ་མའོ་ཙེ་ཏུང་སོགས་ཀྱིས་ཕྱི་ལོ་ ༡༩༢༡ ལོར་ཏང་མི་ ༥༠ ལས་གྲུབ་པའི་ཏང་གིས་ཤོག་ཁག་གིས་རྒྱ་ནག་ནང་དུ་གསར་བརྗེའི་ལས་འགུལ་སྤེལ་སྐབས་སུ་སྟོབས་ཤུགས་ཧ་ཅང་ཆུང་བའི་དུས་སྐབས་ཤིག་ཡིན།

    དེར་བརྟེན་གུང་མིན་ཏང་གི་མགོ་གཙོ་ཇང་ཇེ་ཧྲེས་་་་་དར་དམར་ག་དུས་བར་དུ་བསྒྲེང་ཐུབ་བམ་་་་་ཞེས་པའི་ཡི་གེ་གཅིག་བཏང་བའི་ལན་དུ་མའོ་ཙེ་ཏུང་གིས་་་་་མེ་སྟག་ཆུང་ངུས་སྤང་ལྗོངས་བསྲེགས་ཐུབ་་་་ཅེས་ལན་བཏབ་པ་བཞིན་མཐར་རྒྱལ་ཁ་བསླངས་ནས་ཕྱི་ལོ་ ༡༩༤༩ ། ༡༠ ། ༠༡ ལ་རྒྱ་ནག་དམར་ཤོག་དབུ་བརྙེས་པ་རེད།

    དེ་ནས་བཟུང་མའོ་ཡིས་རྒྱ་ནག་ཏུ་བོད་དེ་བཅིངས་གྲོལ་གཏོང་རྒྱུའི་བཀའ་བསྒྲགས་སྤེལ་ཏེ་རྒྱལ་ནང་དུ་རང་སྟོབས་རང་སྤེལ་གྱི་སྲིད་ཇུས་ལག་བསྟར་བྱས་ཏེ་བོད་དང་ཤིང་ཅང་སོགས་གྲངས་ཉུང་མི་རིགས་ཀྱི་ས་ཁུལ་ཁག་དབང་དུ་བསྡུས་ཏེ་མཐར་ཁྱོན་ཡོངས་སུ་ལོ་རབས་ ༧༠ ནང་རིག་གནས་བརྗེ་ཟེར་བ་ཡང་བསླངས་ནས་སྤྱི་ཚོགས་རིང་ལུགས་ཀྱི་འགྲོ་ལམ་རྒྱུན་འཁྱོངས་དང་མའོ་ཙེ་ཏུང་གི་དགོངས་པའི་ཚན་རིག་མངོན་གྱུར་ཡོང་བ་བྱེད་རྒྱུ་གཙོ་གནད་དུ་བཟུང་ཡོད།

    ཕྱི་ལོ་ ༡༩༨༠ ནང་ནས་ཏིང་ཞའོ་ཕིན་གྱིན་རིགས་པའི་གཞུང་ལུགས་ཀྱི་སྒོ་ཕྱེ་ནས་དེང་རབས་བཞི་ཞེས་ཞིང་ལས་དང་། བཟོ་ལས། རྒྱལ་སྲུང་། ཚན་རྩལ་བཅས་བཞི་ལག་ལེན་དོན་འཁྱོལ་ཡོང་བར་བྱེད་ཆེད་ལྟེ་བ་ཅིག་དང་གཞི་རྩའི་གནས་གཉིས་བེད་སྤྱད་དེ་རྒྱལ་ནང་བཅོས་གྱུར་དང་ཕྱི་ཕྱོགས་སྒོ་འབྱེད་ཀྱི་སྲིད་ཇུས་ལག་ལེན་མཐར་ཕྱིན་བྱས་སྟབས།
    རྒྱ་ནག་དེ་མི་ལོ་ ༢༠ ནང་ཆེས་མངོན་ཐོན་དུ་ཐོན་པ་བྱུང་ཡོད་ལ་དེ་རྗེས་འགྲོ་ལམ་འདི་ལ་མཐའ་ཅིག་ཏུ་ཡིད་ཆེས་བརྟན་པོ་ཡོད་པའི་ཅང་ཙེ་མིན་གྱིས་ལོ་ ༡༣ ཙམ་གྱི་རིང་མཚོན་བྱེད་གསུམ་གྱི་གལ་ཆེའི་ཆབ་སྲིད་ཀྱི་ལག་ལེན་མཐར་ཕྱིན་བྱས་ཡོད།
    དེ་རྗེས་ཧུ་ཅིན་ཐའོ་ཡིས་འཆམ་མཐུན་གྱི་སྤྱི་ཚོགས་ཟེར་བའི་མིང་ཚིག་འདི་བེད་སྤྱད་དེ་ལོ་ངོ་ ༡༠ རིང་དུ་རྩ་བའི་རྩ་དོན་བཞི་རྒྱུན་འཁྱོངས་བྱས་ཏེ་ད་ཆ་འཛམ་གླིང་ནང་ཆེས་སྟོབས་ཆེན་གྱི་རྒྱལ་ཁབ་ཅིག་ཏུ་འགྱུར་བཞིན་ཡོད།

    ཉེ་བའི་ཆར་བོད་ཀྱི་བཞུགས་མོལ་ཚོགས་འདུའི་སྟེང་དུ་ད་ལྟའི་བོད་ཀྱི་སྤྱི་ཚོགས་ཀྱི་དཀའ་ངལ་ནི་གྲལ་རིམ་འཐབ་རྩོད་ཀྱི་ངོ་ལས་ཉིན་རེིའ་དགོས་མཁོ་མང་དུ་འགྲོ་བ་ལས་བསློང་བཞིན་ཡོད་པའི་དཀའ་རྙོག་དང་། ཏྭ་ལའི་བླ་མའི་ཁ་བྲལ་གྱི་འཐབ་རྩོད་ཅིག་ཡོད་པས་སྒོ་ཀུན་ནས་བོད་ཀྱི་སྤྱི་ཚོགས་བརྟན་བརླིང་དང་། འཕེལ་རྒྱས་གཉིས་མུ་མཐུད་གོ་སྐབས་བདག་འཛིནབྱེད་པའི་བླང་བྱ་བསྟན་ཡོད།

    ད་དུང་འབྱུང་འགྱུར་ཕྱི་ལོ་༢༠༡༢ ལོར་མི་རབས་ལྔ་པའིཐུན་མོང་གི་སྲིད་འཛིན་དང་སྲིད་བློན་སོགས་བརྗེ་བསྒྱུར་བྱེད་འཆར་གྱི་གནད་དོན་དང་འབྲེལ་ནས་མཐའ་གཅིག་ཏུ་སྤྱི་ཚོགས་རིང་ལུགས་ཀྱི་འགྲོ་ལམ་རྒྱུན་འཁྱོངས་བྱེད་རྒྱུ་ཡིན་པ་མ་ཟད་དེ་བས་བོད་ལ་ཆེས་མཐོའི་རང་སྲིད་རང་སྐྱོང་ཟེར་བ་དེ་གཏན་ནས་སྤྲོད་ཐབས་བྲལ་བ་ཞིག་ཡིན་པ་གསལ་པོར་ཤེས་ཐུབ་པ་ཞིག་ཡིན།

    དེ་ལས་ད་དུང་ཕྱི་ལོ་ ༢༠༤༠ དང་ ༢༠༥༠ ནང་རྒཡ་ནག་འདི་འཛམ་གླིང་ནང་ཆེས་བླ་ན་མེད་པའི་སྟོབས་ཆེན་གྱི་རྒྱལ་ཁབ་གཅིག་རང་དེ་ཆགས་རྒྱུ་ཡིན་པའི་ངོས་འཛིན་བྱེད་པ་ཙམ་དུ་མ་ཟད་ལག་བསྟར་གྱི་སྲིད་ཇུས་དོན་འཁྱོལ་དངོས་སུ་རྩོད་ལེན་བྱེད་བཞིན་ཡོད།

    ཡིན་ནའང་ང་ཚོས་ཀྱང་བོད་དེ་གནའ་རབས་གླིང་ཨེ་ཤེ་ཡའི་སྟེང་དུ་ཆེས་སྟོབས་ཤུགས་ལྡན་པའི་ལོ་རྒྱུས་ཡུན་རིང་ཡོད་པའི་རྒྱལ་ཁབ་ཅིག་ཡིན་པའི་ཆ་ནས་མའོ་ཡིས་བཤད་པ་ལྟར་ང་ཚོས་ཀྱས་མེ་སྟག་ཆུང་ངུས་སྤང་ལྗོངས་བསྲེགས་ཐུབ་པའི་ཡིད་ཆེས་བྱེད་དགོས།

    ཡིད་ཆེས་ཙམ་མ་ཟད་ད་དུང་འབད་བརྩོན་མུ་མཐུད་བྱས་ཏེ་མཐར་བོད་རྒཡལ་ཁབ་དང་བོད་མི་རིགས་ཟེར་བ་འདི་ཡང་འཛམ་གླིང་སྟེང་དུ་ཆེས་བླ་ན་མེད་པའ་ཞིག་ཏུ་འགྱུར་རྒཡུའི་དམིགས་ཚད་ངེས་པར་དུ་བཟུང་དགོས།

    Reply
  25. ཆུ་ཐིགས་སྔོན་མོ། says:
    ལོ་ 15 སྔོན།

    ཏཱ་ལིའི་བླ་མས་དགོས་འདུན་འདི་དག་གཏན་དུ་མཚམས་བཞག་ན་དེ་ནས་ཅི་ཞིག་ལ་གྲོལ་མོལ་བྱེད་དགོས་པ་རེད། རྒྱ་འདྲེ་དེ། བོད་པ་ཚོས་རྡོག་རྩ་གཅིག་ཏུ་བསྒྲིལ་ཏེ་ལས་འགུལ་འདྲ་མིན་སྤེལ་རན་རེད་ཡ

    Reply
  26. karma dorje says:
    ལོ་ 15 སྔོན།

    བོད་ཀྱི་བདག་དབང་།ཀྲུང་གོའི་བདག་དབང་།བོད་མིའི་བདག་དབང་།རྒྱ་མིའི་བདག་དབང་།

    བོད་ལ་བོད་མིའི་བདག་དབང་།
    རྒྱ་ལ་རྒྱ་མིའི་བདག་དབང་།
    ཀྲུང་གོ་ལ་ཀྲུང་གོའི་བདག་དབང་སོ་སོར་དགོས་བགྱིད་འདུག

    Reply
  27. ཆུ་ཐིགས་སྔོན་མོ། says:
    ལོ་ 15 སྔོན།

    ཨ་རོགས་རྨེ་རུ་ལགས་་་་ང་ཚོས་མི་ལོ་ལྔ་བཅུ་ལྷག་ལ་ངང་རིང་བྱས་ནས་བསྡད་པ་རེད་་་་་ད་དུང་མུ་མཐུད་འདི་ལྟར་འདུག་རྒྱུ་ཡིན་ནམ།་་་་་་ད་འདི་ལྟར་བསྡད་ན་ནམ་ཞིག་བོད་པ་ཚང་ཚར་རྒྱུ་ལས་ངང་རིང་ལ་འདུག་ཁོམ་མི་འདུག་ཡ། ང་ཚོ་ངང་རིང་ལ་བསྡད་ན་རྒྱ་ནག་གིས་ངང་ཐུང་ཞིག་གིས་བོད་ནང་ཏག་ཏག་བཟོ་རྒྱུ་རེད་་་་་་་ད་འདི་ལྟར་མ་ལབ་རོགས་་་་་ད་ཐབས་ཤེས་འཚོལ་དགོས་པ་རེད་་་་་རྒྱ་ནག་གིས་བྱེད་སྟངས་ལ་ལྟོས་དང་་་་ང་ཚོ་རྩེད་བྱེད་ཅི་འདྲ་བྱེད་ཀྱིན་འདུག་་་་་་་་ཉིན་གཅིག་ཡིན་ནའང་སྔ་དགོས་པ་ལས་འཕྱི་དྲགས་མི་འདུག་པས་ཐབས་ལམ་འཚོལ་རོགས་ངས་རེ་བ་ཞུས་པ་ཡིན།

    Reply
  28. རྨེ་རུ། says:
    ལོ་ 15 སྔོན།

    དོན་ཆེན་བསྒྲུབ་པར་ངང་རིང་དགོས་ཞེས་པ་ལྟར་ང་ཚོའི་ལང་ཕྱོགས་ལ་འགྱུར་བ་ནམ་ཡང་གཏོང་མི་རུང་།
    བདེན་པ་བདེན་པར་གནས་པ་ཤོག།
    བདེན་པའི་དོན་ཡང་བསྒྲུབ་པ་ཤོག།
    བདེན་པས་འཛམ་གླིང་ཁྱབ་པ་ཤོག།
    བོད་ཀྱི་བདེན་དོན་གསལ་བར་ཤོག།

    Reply
  29. ཆུ་ཐིགས་སྔོན་མོ། says:
    ལོ་ 15 སྔོན།

    ཕྱོགས་གཅིག་གིས་དྲགས་ལས་བྱེད་དགོས་པ་དང་ཕྱོགས་གཅིག་གིས་ཞི་རྒོལ་བྱས་ན་ཅུང་འགྲིག་གི་མེད་འགྲོ་་་་་་་
    ལུང་རིགས་རྒྱལ་གྱིས་གསུང་པ་ལྟར་ཅིག་བྱས་ན་ང་ལྐུག་པའི་ཨུ་ཚུགས་དང།་་
    ཅིང་བྱས་ན་ཆུ་སྣ་གར་ཁྲིད་ཀྱི་གྲས་ཤིག་ཡིན་ན་ཐང་མོད་་་་་་་་ང་ཚོར་རེ་བ་མེད་པ་ཐག་གིས་ཆོད་འདུག་པས་ད་ཁ་ཕྱོགས་བསྒྱུར་དགོས་པ་དངོས་མཐོང་རེད་་་དེར་བརྟེན་ཨུ་ཐུག་གི་ལས་དཀའ་བྱེད་དགོས་ཀྱང་དེ་ལྟར་བྱེད་རྒྱུ་རེད། ཐབས་ལམ་འདྲ་མིན་ལ་བརྟེན་དགོས་པ་ལས་གཅིག་ཁོ་ནར་རེ་བ་བརྒྱབས་ན་དུས་ཚོད་འཕྲོ་བརླག་ལས་མི་འདུག་སྙམ

    Reply
  30. བཀྲ་ཤིས་ཟླ་བ། says:
    ལོ་ 15 སྔོན།

    མི་རབས་མང་པོ་སྒུགས་དགོས་ཀྱང་རང་བཙན་གྱི་ལམ་དུ་འགྲོ་རྒྱུ་ལས་ཐབས་ཤེས་གཞན་ག་རེ་ཡོད།

    Reply
  31. འཇིགས་བྲལ་བསྟན་འཛིན། says:
    ལོ་ 15 སྔོན།

    བརྙས་བཅོས་འདི་དེ་རིང་གཅིག་མ་རེད། མི་ལོ་ལྔ་བཅུ་རེད། ད་དུང་མུ་མཐུད་རྒྱུ་རེད། ཟིན་བྲིས་པ་ཚོ། དཱ་ནང་དཀྲུགས་ལ་མགོ་མི་འཁོར་བར་བསམ་ཚུལ་རེ་ཤོད་དང་། ཐབས་ལམ་རེ་སྟོན་དང་། ང་ཚོ་མི་རེས་བོད་ཀྱི་དཀའ་ངལ་སེལ་ཐབས་སུ་རང་རང་གི་ས་ནས་ཐབས་ཤེས་རེ་བཙལ་ཏེ་དྲ་ཐོག་ཏུ་ཁོད་དང་། ང་ཚོས་བགྲོ་གླེང་ཞིག་བྱེད།

    དཱ་ཚོར་བ་མེད་ན་མེད་པ་རེད་ལོ།
    དཱ་ཚོར་བ་མེད་ན་མེད་པ་རེད་ལོ།
    དཱ་ཚོར་བ་མེད་ན་མེད་པ་རེད་ལོ།

    Reply
  32. འཇིགས་བྲལ་བསྟན་འཛིན། says:
    ལོ་ 15 སྔོན།

    རྩོམ་སྒྲིག་པ་ལུང་རིག་རྒྱལ་ལགས། དྲི་ལན་མེད་པ་ཅི་རེད།
    དྲི་མཁན་ཆུང་སོང་བ་མིན་ནམ།

    Reply
  33. ཨ་རིག་དགེ་མཐོང་། says:
    ལོ་ 15 སྔོན།

    ད་བར་དུ་ཕམ་ཁ་མྱངས་པ་རེད་འདོད།

    Reply
  34. འབྲོག་རུ་ཆོས་གྲགས། says:
    ལོ་ 15 སྔོན།

    པེ་ཅིན་གྱི་དཔོན་རིགས་ཚོའི་ངར་སྐད་དེས་བཙན་བྱོལ་བའི་བརླ་འདར་གྱིན་ཡོད་པ་འདྲ། འདང་ཞིག་བརྒྱབས་ན་འདར་གྱི་རེད། རང་གི་རེ་བ་ཆུ་ལ་གཡུགས་པ་རེད། རང་གི་མི་རིགས་དགྲ་ལ་ཤོར་བ་རེད། དེ་རིང་ཡང་དབུས་ལས་ཁུངས་ཁག་གིས་འདིའི་ཐད་ཞལ་འདོན་སྐྱོར་གྱིན་འདུག འདི་ནི་དངོས་གནས་བོད་པ་ཚོ་འུ་ཐུག་པ་རེད། མི་འུ་ཐུག་ནས་ལྷ་ལ་དྲིས།། ལྷ་འུ་ཐུག་ནས་སྐྱག་རྫུན་ལབ་ཟེར་བའི་སྐུལ་ཚིག་འདིས་ད་ནི་ང་ཚོ་རྨོངས་བ་ལས་སད་རན་འདུག

    Reply
  35. འཇིགས་བྲལ་བསྟན་འཛིན། says:
    ལོ་ 15 སྔོན།

    ལུང་རིགས་རྒྱལ་ལགས།

    ང་ཚོར་རིགས་གཉིས་འདུག

    རིགས་གཅིག་ནི། ལྐུག་པའི་ཨུ་ཚུགས་ཅན་ཚོ་རེད།
    རིགས་གཞན་པ་ནི། ཆུ་སྣ་གར་ཁྲིད་ཅན་ཚོ་རེད།

    དེ་བས་ད་བར་དུ་ཕམ་ཁ་མྱངས་པ་རེད་འདོད། ཅེས་པའི་བསམ་ཚུལ་དེ་དོན་ཁ་གསལ་ཤོད་དང་།

    Reply
  36. འཇིགས་བྲལ་བསྟན་འཛིན། says:
    ལོ་ 15 སྔོན།

    ལུང་རིགས་རྒྱལ་ལགས། བཙན་བྱོལ་བོད་མི་ཁ་ཤས་ཀྱི་གནད་དོན་ཐག་གཅོད་བྱེད་རོགས་ཞུ་དགོས་ཀྱི་ཡོད་པ་རེད།

    Reply
  37. མི་ནག་ཚང་ལུང་རིགས་རྒྱལ། says:
    ལོ་ 15 སྔོན།

    ང་ཚོར་རིགས་གཉིས་འདུག

    རིགས་གཅིག་ནི། ལྐུག་པའི་ཨུ་ཚུགས་ཅན་ཚོ་རེད།
    རིགས་གཞན་པ་ནི། ཆུ་སྣ་གར་ཁྲིད་ཅན་ཚོ་རེད།

    དེ་བས་ད་བར་དུ་ཕམ་ཁ་མྱངས་པ་རེད་འདོད།

    Reply
  38. འབྲོག་རུ་ཆོས་གྲགས། says:
    ལོ་ 15 སྔོན།

    ངའི་ལྟ་ཚུལ་ནོར་མེད་ན། རྒྱ་ནག་གིས་ཏག་ཏག་བོད་དོན་འདི་ཕུད་རྒྱག་བྱེད་ཀྱིན་འདུག རྒྱ་ནག་གི་དམིགས་ཡུལ་དེ་བོད་དོན་འདི་ཕུད་རྒྱག་བྱས་ནས་མཐའ་མར་གཡང་ལ་གཡུགས་རྒྱུ་དེ་རེད། དུས་ཚོད་ལ་ཕུད་རྒྱག་བྱས་ནས་ྋགོང་ས་མཆོག་གི་སྐུ་ཚེ་རྫོགས་ཐབས་བྱས་སོང་ན། ཕལ་ཆེར་བོད་དོན་འདི་གཡང་ལ་ལྷུང་ཟིན་པའི་ངོས་འཛིན་བྱེད་ཀྱིན་ཡོད་པ་འདྲ། དེ་འདྲ་སོང་ཙང༌། དུས་ཚོད་ལ་ཕུད་རྒྱག་བྱས་ནས་འགྲོ་ཐབས་འདུག་ཐབས་བྱེད་ཀྱིན་ཡོད་པ་འདྲ།

    Reply
  39. འཇིགས་བྲལ་བསྟན་འཛིན། says:
    ལོ་ 15 སྔོན།

    སྨྱུག་རྒོད་ལགས། ཧམ་པ་ཆེ་རུ་ལོས་འགྲོ སྟོབས་ཤུགས་ཇེ་ཆེ་རེད། དཱ་ག་རེ་བྱེད་དགོས་མིན་ལ་བསམ་བློ་གཏོང་ཤོག རེ་བ་ཡིན་ལོ།

    Reply
  40. འཇིགས་བྲལ་བསྟན་འཛིན། says:
    ལོ་ 15 སྔོན།

    མི་ནག་ལགས། ཁོང་ཁྲོ་ཟ་གི་འདུག་གམ།
    ཟ་གི་འདུག་ན་མ་འོངས་བོད་ལ་ག་རེ་བྱེད་དགོས་མིན་ལ་བསམ་བློའི་གྲ་སྒྲིག་བྱོས། ངས་ཀྱང་རང་ས་ནས་བྱེད་ངེས་ཡིན།

    དྲ་གྲོགས་ཚོ། དཱ་ཚོར་བ་མེད་ན་མེད་པ་རེད།

    Reply
  41. སྨྱུག་རྒོད། says:
    ལོ་ 15 སྔོན།

    ཚད་མཐོའི་རང་སྐྱོང་གི་དགོས་འདུན་དེའང་མཆ༹མས་འཇོག་དགོས་ན་ད་ཅི་ཞིག་ལ་གྲོས་མོལ་བྱེད།རྒྱ་རྒན་འདི་ཆ༹ང་ཧམ་པ་ཆེ་ནས་ཆེ་རུ་འགྲོ་གི

    Reply
  42. blackman says:
    ལོ་ 15 སྔོན།

    ད་ཐེངས་ཀྱི་སྐུ་ཚབ་ཚོའི་གསལ་བསྒྲགས་་དེ་ཧ་ཅང་གི་བཙུན་ཤུགས་ཞིག་དང་ཐག་ཆོད་པ་ཞིག་ཡིན་རྒྱུ་རེད། ད་ཐེངས་ད་སྐུ་ཚབ་རྒྱལ་བློ་དང་གཞན་དག་རྒྱ་གཞུང་ལ་ཁོང་ཁྲོ་ཟ་ནས་འབར་བསྡད་ཡོད་རྒྱུ་རེད། གསལ་བསྒྲགས་་དེ་ཧ་ཅང་སྐད་གསེང་མཐོན་པོ་དང་མཐའ་གཅིག་ཏུ་ངོ་རྒོལ་གྱི་སྒོ་ནས་སྤེལ་རྒྱུ་ཡིན་པ་གསལ་བོ་རེད། ད་ནི་བོད་རྒྱ་ཞི་མོལ་ལ་རེ་བ་མེད་ཚུལ་དང། ང་ཚོ་སྐུ་ཚབ་ཚོ་ལ་༸གོང་ས་མཆོག་གི་སྐུ་ཚབ་བྱེད་པའི་འཇོན་ནུས་མེད་པ་སོགས་གསལ་བཤད་བྱེད་རྒྱུ་རེད་ལ། སྐུ་ཚབ་ལས་གནས་ནས་དགོངས་པ་ཞུ་གི་རེད་བསམ་གི།

    Reply
  43. ཆུ་ཐིགས་སྔོན་མོ། says:
    ལོ་ 15 སྔོན།

    འོ་ཡ་་་་རྒྱ་འདྲེ་དེས་བཤད་སྟངས་ལ་ལྟོས་དང་་་་་་་སྐུ་ཚབ་ཚོའི་གྲུབ་འབྲས་མཐོང་གསལ་རེད། ང་ཚོར་ནམ་ཡང་འདི་འདྲ་ཞིག་ལས་ཡོད་མི་སྲིད་་་་་ད་ཡིན་ན་ལམ་ཁ་གཞན་ཞིག་འཚོལ་དགོས་མིན་འགྲོ། རྒྱ་འདྲེ་དེས་བཤད་སྟངས་ལ་གཞིགས་ན་དབུས་གཞུང་གིས་ཐག་བཅད་ཟིན་པས་སྐུ་ཚབ་ཐེངས་བརྒྱར་བཏང་ཡང་འབྲས་བུ་མེད་ཐག་ཆོད་རེད། དེ་ལས་བསམ་བློ་གཞན་ཞིག་བཏང་ན་མི་ལེགས་སམ། བོད་པ་ཚོ་་་་་་མུ་མཐུད་འདི་ལྟར་འགྲོ་རྒྱུ་ཡིན་ནམ

    Reply
  44. འཇིགས་བྲལ་བསྟན་འཛིན། says:
    ལོ་ 15 སྔོན།

    བརྙས་བཅོས་འདི་དེ་རིང་གཅིག་མ་རེད། མི་ལོ་ལྔ་བཅུ་རེད། ད་དུང་མུ་མཐུད་རྒྱུ་རེད། ཟིན་བྲིས་པ་ཚོ། དཱ་ནང་དཀྲུགས་ཤིང་ལ་མགོ་མི་འཁོར་བར་བསམ་ཚུལ་རེ་ཤོད་དང་། ཐབས་ལམ་རེ་སྟོན་དང་། ང་ཚོ་མི་རེས་བོད་ཀྱི་དཀའ་ངལ་སེལ་ཐབས་སུ་རང་རང་གི་ས་ནས་ཐབས་ཤེས་རེ་བཙལ་ཏེ་དྲ་ཐོག་ཏུ་ཁོད་དང་། ང་ཚོས་བགྲོ་གླེང་ཞིག་བྱེད།

    དཱ་ཚོར་བ་མེད་ན་མེད་པ་རེད་ལོ།

    Reply
  45. blackman says:
    ལོ་ 15 སྔོན།

    རྒྱ་རྒན་ཚོས་ང་ཚོ་མིག་ནང་ལ་འཇོག་གི་མེད་ན། ང་ཚོས་གདོང་འཛུམ་འཛུམ་དང་ཉྭ་གུག་གུག་གིས་ཅི་ཡང་ཕན་གི་མ་རེད། མཐོང་ཆུང་དང་བརྙེས་བཅོས་ཟེར་བ་འདི་ལས་ཅི་ཞིག་ཡོད།

    Reply
  46. blackman says:
    ལོ་ 15 སྔོན།

    ཚད་མཐོ་བའི་རང་སྐྱོང་ལྗོངས་ཟེར་བ་དེ་གཏོར་བཤིག་རེད་ཅེས་སྨྲ་ན། ད་གྲོས་མོལ་གཞན་ཞིག་དང་རྨང་གཞི་གཞན་ཞིག་ཡོད་ས་མི་འགྲོ་གི། གྲོས་མོལ་་གྱི་གཞི་ཞིག་འཇོག་གི་ཡིན་ཟེར་བ་ནི་རྒྱལ་ཁབ་གཞན་གྱི་ཁ་འགོག་བྱེད་ཙམ་རེད།

    Reply
  47. བཀྲ་ཤིས་ཟླ་བ། says:
    ལོ་ 15 སྔོན།

    ད་ནི་ང་ཚོ་ནམ་ཡང་རང་བཙན་ལམ་དུ་བསྐྱོད་ན་ལེགས། མ་འོངས་པར་བོད་ཕྲུག་རྣམས་ཀྱི་དོན་དུ་རང་བཙན་ལེན་རྒྱུ་བཞག་དགོས། དེ་དག་ཚང་མ་བློས་གཏོང་བྱེད་ན་མ་འོངས་པར་བོད་ཕྲུག་རྣམས་ང་ཚོར་ཁོ་ཁྲོ་སྐྱེས་དགོས་པ་ཞིག་ཆགས་སྲིད། ང་ཚོའི་མི་ཚེ་འདིར་གཞིས་བྱིས་ལྷན་འཛོམས་ཡོང་མི་སྲིད་པ་ཞིག་མཐོང་། ནམ་ཡང་སེམས་ཤུགས་གནང་རོགས།

    Reply
  48. འཇིགས་བྲལ་བསྟན་འཛིན། says:
    ལོ་ 15 སྔོན།

    ད་གསལ་པོ་བཤད་འདུག་པཱ།

    གྲོས་མོལ་ལ་རེ་བ་མེད་པའི་ཕྱི་ཚུལ་གྱི་རྣམ་འགྱུར་བསྟན་སོང་བ།

    དཱ་སྐུ་ཚབ་རྣམ་པ་ཚོས་གསལ་བསྒྲགས་ག་དུས་གནང་གི་ཡོད་ན།

    Reply
  49. blackman says:
    ལོ་ 15 སྔོན།

    རྒྱ་རྒན་ཚོས་ང་ཚོ་མིག་ནང་ལ་འཇོག་གི་མེད་ན། ང་ཚོས་གདོང་འཛུམ་འཛུམ་དང་ཉྭ་གུག་གུག་གིས་ཅི་ཡང་ཕན་གི་མ་རེད། མཐོང་ཆུང་དང་བརྙེས་བཅོས་ཟེར་བ་འདི་ལས་ཅི་ཞིག་ཡོད།

    Reply
  50. མི་ནག་ཚང་ལུང་རིགས་རྒྱལ། says:
    ལོ་ 15 སྔོན།

    ཚད་མཐོའི་རང་སྐྱོང་གི་དགོས་འདུན་མཚམས་བཞག་པ་ཡིན་ན་གྲོས་མོལ་དང་འབྲེལ་བའི་གཞི་ཞིག་འཇོག་ཆོག་གི་རེད་ཟེར། ད་ནི་ག་རེའི་སྒང་ལ་གྲོས་མོལ་བྱ་དགོས་ཀྱི་ཡོད་ན།

    Reply
རྩོམ་ཡིག་སྔ་མ།

དཔྱད་མཆན་སྤེལ། Cancel reply

Your email address will not be published. Required fields are marked *

སྤྱི་ཚོགས་དྲ་གནས།

ཁྱབ་བསྒྲགས།

དྲ་ངོས་ཀྱི་གནས་ཚུལ་ཚང་མའི་པར་དབང་བོད་ཀྱི་དུས་བབ་ལ་ཡོད།

གློག་འཕྲིན།

editor@tibettimes.net | office@tibettimes.net

ཁ་པར།

+91-98823-47075 | +91-92189-38041 | +91-81972-44372

Welcome Back!

OR

Login to your account below

Forgotten Password?

Retrieve your password

Please enter your username or email address to reset your password.

Log In

Add New Playlist

No Result
ཆ་ཚང་གཟིགས།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
    • གླ་ཡོད་རིན་གོང་།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese