སྐུ་ཚབ་རྣམ་པ་ལྡི་ལིར་འབྱོར་མ་ཐག རྒྱ་ནག་འཐབ་ཕྱོགས་གཅིག་གྱུར་ཁང་གིས་གྲོས་མོལ་གྱི་སྒོ་མུ་མཐུད་ཕྱེ་ཡོད། ཡིན་ཡང་། བོད་ཐོག་གི་ཀྲུང་གོའི་བདག་དབང་ལ་གྲོས་མོལ་མེད་ཟེར།
འཐབ་ཕྱོགས་གཅིག་གྱུར་ཁང་གི་འགན་འཛིན་ཏུའུ་ཆེན་ལིན་གྱིས་གཟའ་ཟླ་བའི་ཉིན་ཞིན་ཧྭ་གསར་ཁང་ལ་བཤད་དོན། ཀྲུང་གོའི་མངའ་ཁོངས་དང་བདག་དབང་གི་སྐོར་ལ་གྲོས་མོལ་གཏན་ནས་མེད་ལ། འདིའི་ཐད་ནས་ཕྱིར་བཤོལ་ཅི་ཡང་མེད་ཟེར།
ཏུའུ་ཡིས་བཤད་དོན། བོད་ཆེན་པོ་ཟེར་བ་དང་ཚད་མཐོའི་རང་སྐྱོང་ཟེར་བ་དེས་ཀྲུང་གོའི་རྩ་ཁྲིམས་ལ་གཏོར་བཤིག་གཏོང་གི་ཡོད་ལ། གལ་སྲིད་ཏཱ་ལའི་བླ་མས་དགོས་འདུན་འདི་དག་གཏན་དུ་མཚམས་འཇོག་བྱས་པ་ཡིན་ན་གྲོས་མོལ་དང་འབྲེལ་བའི་རྨང་གཞི་ཞིག་ཡོད་སྲིད་པ་རེད་ཟེར།
ཁོས་མུ་མཐུད་དོན། ཏཱ་ལའི་བླ་མའི་ཕྱོགས་ནས་མུ་མཐུད་དེ་ཀྲུང་གོར་ངོ་རྒོལ་གྱི་ལས་འགུལ་སྤེལ་བ་དང་། གཞི་རྩའི་བརྩི་བཀུར་དང་ཡིད་ཆེས་ཙམ་ཡང་མི་སྟོན་ཚེ་འབྲེལ་མོལ་ལ་ཡར་རྒྱས་ཅི་ཡང་ཡོང་གི་མ་རེད་ཟེར། ཁོས་ད་དུང་། བོད་མི་རིགས་ཀྱིས་ཞི་བདེ་དང་བརྟན་ལྷིང་ལ་དགའ་མོས་བྱེད་གི་རེད། དེ་བས་ཁོང་ཚོར་བསླུ་བྲིད་གཏོང་བ་དང་ཁོང་ཚོའི་མངོན་འདོད་དང་མི་འཚམ་པའི་བྱ་སྤྱོད་སྤེལ་ན་ཕན་ཐོགས་ཡོད་པ་མ་རེད། དཀྲུགས་ཤིང་དང་ཞེ་འཁོན་གྱི་ལས་འགུལ་དེ་དག་ནི་ནམ་ཡང་མི་རྒྱལ་ལ། དེས་གྲོས་མོལ་ལ་འགོག་རྐྱེན་བཟོ་བ་དང་ཏཱ་ལའི་བླ་མ་དང་ཁོང་གི་རྗེས་མཇུག་པ་ཚོ་ཁེར་རྐྱང་ལ་གཏོང་གི་རེད་ཅེས་ཀྱང་ཟེར།
དྲ་གྲོགས་འཇིགས་བྲལ་བསྟན་འཛིན་ལགས།
དེང་སྐབས་སྤྱི་ཚོགས་དེའི་ནང་ལ་༸ཁོང་གི་བཀའ་སློབ་བེད་སྤྱད་ནས་རང་དོན་སྒྲུབ་མཁན་དང།་་ཡང་ན་སྤྱི་དོན་ཁ་ལ་འཁྱེར་ནས་སྒེར་དོན་སྒྲུབ་མཁན་ཡོད་པ་དངོས་བདེན་རེད།་་འོན་ཀྱང་གུས་པས་ཁྱེད་ལ་ཕུལ་བའི་བསམ་ཚུལ་ནི་བཅོས་མིན་དྲ་གྲོགས་ཀྱི་ངོ་བོའི་ཐོག་ནས་ཕུལ་བ་ཞིག་ལས་ཉིད་ལ་སྡིག་ར་བསྐུལ་བ་དེ་འདྲ་རྩ་བ་ནས་མ་ཡིན་པ་མཁྱེན་དགོས།གུས་རང་ལ་མཚོན་ན་ཤེས་ཡོན་དང་ཤེས་ཡོན་ཅན་རྣམས་ལ་དགའ་བ་ཙམ་ལས་རང་ཉིད་ལ་དེ་ཙམ་བལྟ་བཟོ་མེད་མཁན་ཉམ་ཆུང་ཞིག་ཡིན།འོན་ཀྱང་འདི་ཕྱིའི་སྐྱབས་གནས་སྤྱི་ནོར་༸གོང་ས་༸མཆོག་གི་བཀའ་སློབ་ལ་རྒྱུན་དུ་དོ་སྣང་གིས་གང་ཐུབ་ལག་ལེན་ལ་བསྟར་མཁན་ཞིག་ཡིན།
ཡང་ཁྱེད་ཀྱིས་མཆན་བུའི་ནང་གུས་པས་ཁྱེད་ལ་སྡིག་ར་བསྐུལ་རབས་གསལ་འདུག་མོད།་་གུས་པས་ཞུ་མ་ཤེས་པ་ཡིན་རུང་ཁྱེད་ཀྱིས་ཉན་ཤེས་པ་གནང་དགོས་སྙམ།་རང་ཉིད་ཚོར་སྣང་ཟབ་པའམ་ཁོང་ཁྲོའི་གཞན་དབང་དུ་འགྱུར་ན་ལས་དོན་གང་ཡིན་རུང་ལེགས་ཉེས་དབྱེ་འབྱེད་གསལ་པོ་མི་ཐུབ་པའི་ཁར་རང་ཉིད་ཀྱི་ལུས་ངག་ཡིད་གསུམ་ཀར་གནོད་པའི་རང་བཞིན་ལས་མ་འདས་པ་ཉིད་ཀྱིས་མཁྱེན་ངེས་ལགས།
མདོར་ན།གུས་པར་དེ་སྔ་ལྷག་བསམ་བཟང་པོས་ཉིད་ལ་བསམ་ཚུལ་བཏོན་པ་ལས་སྡིག་ར་བསྐུལ་བ་དེ་འདྲ་རྩ་བ་མིན་པའི་གསལ་བཤད་ཙམ་ལས།ངོ་དགའ་སྤྲེལ་ལད་བྱེད་པ་དེ་འདྲ་རྩ་བ་ནས་མིན་ལ།དེ་འདྲ་བྱེད་དགོས་དོན་ཡང་མ་མཆིས་སོ།།་།།
རྒྱ་རི་ཕྱི་ལོ ༢༠༠༢ལོ་ནས་ཕྱི་ལོ ༢༠༡༠ལོར་སྐུ་ཚབ་གནང་བའི་འབྲས་བུ་བོད་དོན་ཏཱ་ལའི་ཅན་ནས་ཏཱ་ལའི་སྒེར་དོན་ཅན་ལ་བསྐུལ་འདེད་གནང་ཡོད་པས། བྱས་རྗེས་ཟེར་ན་འདི་འདྲ་དགོས། སྐུ་ཚབ་ཟེར་ན་འདི་འདྲ་དགོས། བོད་དོན་ཚར་རག་བར་དུ་སྐུ་ཚབ་གནང་བར་ཤོག བོད་པ་འཇིག་རག་བར་དུ་སྐུ་ཚབ་གནང་བར་ཤོག
The state-run China Tibet Imformation Center in an article posted on its website-has said that the Dalai Lama’s resent statment(གསལ་ཁ་མེད།) describing himself as a “son of India” shows he has become “subservient to his Indian masters” and is “trying to deny his Chinese citizenship”.
འདི་བདུན་ཕྲག་སྔོན་མའི་རྒྱ་གར་དུས་བབ་ཚགས་ཤོག་ཏུ་ཐོན་པ་རེད།
ཡིན་ཡང་༸གོང་ས་མཆོག་གིས་རྒྱ་གར་བ་དང་བོད་པ་དགེ་རྒན་དང་དགེ་ཕྲུག་གི་འདུ་ཤེས་བཟུང་བ་ལས་རྒྱ་གར་གྱི་ཕྲུ་གུ་ཡིན་རབས་ཤིག་གསུངས་པ་མ་གོ
འོན་ཀྱང་འདི་སྐོར་རིག་གཞུང་ཤེས་རིག་གི་འབྲེལ་བ་ལས་ཆབ་སྲིད་ཅིག་གི་ལག་ཆར་དམིགས་པ་མ་ཡིན་པ་གསལ་བོ་རེད།
རྒྱ་ནག་གུང་ཁྲན་ཏང་ལ་༸མགོན་པོ་གང་ཉིད་ཀྱིས་རྒྱ་ནག་རི་བོ་རྩེ་ལྔར་གནས་གཟིགས་ལ་ཕེབས་པའི་ཐུགས་རེ་ཡོད་གསུངས་པ་བཞིན་ད་ནི་༸མགོན་པོ་གང་ཉིད་ཀྱི་ཞབས་པད་བརྟན་རིང་རྒྱ་ནག་གི་མི་སེར་རམ་ཆབ་འབངས་ཐོབ་ཐང་གོང་ལྟར་ཞལ་ནས་བྱུང་ན་འདོད་ཀི་ཡོད།་
ཡིན་ཡང་འདས་མ་ད་གསུམ་དུ་ཁྱི་ཤ་དང་འབི་སྲིན་ཟ་བའི་མི་སེར་ཞིག་ལ་ཆགས་པར་ཐུགས་དགོངས་ཡེ་མི་གཏོད་དོ།།
རྒྱ་ནག་གཞུང་གིས་གསར་འགོད་གསལ་བསྒྲགས་སྤེལ་བའི་ཐད་གཏོང་བྱས་པའི་སྒྲ་འདི་ན་ཉན་རྒྱུ་འདུག http://gb.cri.cn/news/gxb.htm ད་ཡང་སྐྱོན་གསར་པ་ཞིག་འཛུགས་ཀྱི་འདུག སྐྱབས་མགོན་རིན་པོ་ཆེ་ཡིས་ཁོང་གི་རྒྱ་གར་གྱི་བུ་ཡིན་ལབ་ཀྱི་འདུག དེ་ནི་གནད་དོན་ཆུང་ཆུང་ཞིག་མ་རེད་ཟེར། དེ་འདྲ་ཞིག་གསུང་ཡོད་དམ།
དེ་རིང་ཕྱི་དྲོ་རྒྱ་གར་གྱི་ཆུ་ཚོད་ ༣།༠༠ པའི་ཐོག་བོད་རྒྱ་འབྲེལ་མོལ་སྐུ་ཚབ་རྣམས་ཀྱི་གསར་འགོད་གསལ་བསྒྲགས་དེ་རྡ་རམ་ས་ལར་བྷག་སུའི་བརྙན་འཕྲིན་བརྒྱུད་ཐད་ཀར་བཏོན་རྒྱུ་རེད་འདུག་པ་དང་། བཙན་བྱོལ་བོད་གཞུང་གི་དྲ་བརྙན་བརྒྱུད་ཐད་ཀར་བཏོན་རྒྱུ་ཡིན་འདུག
དྲ་གྲོགས་ཚོ་གཟིགས་དང་ ད་ལོ་རྒྱ་ནག་གིས་་་་ཀྲུང་གོའི་བདག་དབང་་་་ཞེས་པའི་ཚིག་ཞིག་སྒྲོགས་ཀྱི་འདུག་པས་ ཡང་ཁོང་ཚོས་གཡོ་སྒྱུར་ཞིག་འཁྲག་གི་རེད།