མདུན་ངོས།
About Us
  • English
Advertisement
བོད་ཀྱི་དུས་བབ།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
    • གླ་ཡོད་རིན་གོང་།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese
No Result
ཆ་ཚང་གཟིགས།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
    • གླ་ཡོད་རིན་གོང་།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese
No Result
ཆ་ཚང་གཟིགས།
བོད་ཀྱི་དུས་བབ།
English
No Result
ཆ་ཚང་གཟིགས།

སྤྱིན་བདག་མི་དགོས། གྲྭ་བ་མི་བྱེད། {དངོས་སྒྲུང་།} ཞེ་ལྔ།

བོད། ཤ་ཁྲག་རུས་གསུམ།
༢༠༡༠/༠༢/༠༦
Share on FacebookShare on TwitterShare on EmailShare on Whatsapp


་་་་་་་་་དངོས་སྒྲུང་འདི་བདག་ལ་རྒྱུས་མངའ་ཡོད་མཁན་གྱི་གྲྭ་བ་ཞིག་གི་ལོ་རྒྱུས་ཡིན།


བློ་བཟང་གིས་ཁ་ཕྱིར་འཁོར་ནས་བུད་མེད་དེས་ཅི་ཞིག་བཤད་རྒྱུ་ཡིན་ནམ་སྙམ་ཞོར་དུ། ཨ་ཞེས་ལན་བཏབ་དུས། བུད་མེད་དེས། ངེད་གཉིས་བོད་རིགས་གཅིག་པ་རེད། ལམ་བར་དུ་ཁ་བརྡ་འདྲ་བྱོས་དེ་སོང་ན་སྟབས་བདེ་བོ་འདུག ཁྱེད་རང་གིས་རྒྱ་མི་དེར་གཅིག་ཤོད་དང་། ཁོ་རང་གི་འདུག་ས་བརྗེ་བོ་བརྒྱབ་པ་ཡིན་ན་འུ་གཉིས་ཀྱིས་བ་བརྡ་བྱོས་དེ་འགྲོ་རྒྱུར་སྟབས་བདེ་བོ་མི་འདུག་གམ་ཟེར་ནས་བཤད།

བློ་བཟང་གིས་སྐད་ཆ་དེ་གོ་མ་ཐག དེ་དངོས་ནས་ངས་ག་རེ་གོ་སོང་བསམ་ནས་རང་གི་རྣ་བ་ལའང་ཡིད་ཆེས་བྱེད་དཀའ་བ་ལྟ་བུ་ཞིག་བྱུང་ན་ཡང་། ཁོ་རང་གི་གོ་བ་དེ་ནི་ནོར་མེད་པ་ཤེས་ནས། རེད་རེད། དེ་ངོ་མ་རེད། རང་མི་ཞིག་དང་ལྷན་དུ་ཁ་བརྡ་རེ་བྱོས་དེ་སོང་ན་དེ་དངོས་ནས་སྣང་བ་སྐྱིད་པོ་ཞིག་ཡིན་ནི་རེད། ངས་བཤད་པ་ལས་ཁྱེད་རང་གིས་བཤད་པ་ཡིན་ན་སྟབས་བདེ་བོ་ཡིན་ངེས་རེད་ཅེས་བཤད་དུས། བུད་མེད་དེས་ངས་རྒྱ་སྐད་མི་ཤེས་ཟེར་ནས་ལན་བཏབ།

བློ་བཟང་གིས་མགོ་བོ་འཕུར་ཞོར་དུ། ཡ་་ཡ་་་ དེས་ན་ངས་བཤད། ཁ་ལ་ཉན་མིན་མི་ཤེས་ཟེར་ཞོར་དུ། རྒྱ་རྒན་དེར་ཁོ་མོ་དང་ངེད་གཉིས་ཕ་ཡུལ་གཅིག་པ་ཡིན། ཁྱེད་རང་ལ་མི་བདེ་བ་འདྲ་མེད་པ་ཡིན་ན། ཉལ་ས་བརྗེ་བོ་ཞིག་བརྒྱབ་ན་འགྲིག་གི་རེད་དམ་ཞེས་བཤད་དུས། རྒྱ་རྒན་དེས་བློ་བཟང་ལ་འགྲིག་གི་རེད། ང་ཁྱེད་རང་གི་ཉལ་སའི་ནང་དུ་ཡོང་། ཁྱེད་རང་ང་ཡོད་སར་གནས་སྤོ་བྱས་ན་འགྲིག་གི་རེད་ཅེས་བཤད་དུས། བློ་བཟང་དགའ་ནས་ཁ་ཡང་བཙུམ་མ་ཐུབ་པར་ཐུགས་རྗེ་ཆེ། ཐུགས་རྗེ་ཆེ་ཞེས་བཤད་པའི་ཚུགས་པ་དེས་བུད་མེད་དེས་ཀྱང་བློ་བཟང་ཁོ་རང་གི་ཉལ་སའི་འཁྲིས་སུ་ཡོང་རྒྱུ་ཡིན་པ་ཚོར་ནས་བློ་བཟང་གི་ཅ་ལག་དེ་ཚོ་མོ་རང་ལ་སྤྲོད་རོགས་ཟེར་ནས་ལག་པ་བློ་བཟང་གི་ཕྱོགས་སུ་བསྲིངས།

ཁྱེད་རང་གི་མིང་ལ་ཅི་ཟེར།
ངའི་མིང་ལ་བན་སྡེ་འཚོ།
གང་གི་ཡིན།
བླ་བྲང་གི
བླ་བྲང་གང་གི་ཕྱོགས་ནས་ཡིན།
མཛོ་དགེ་ནས།
ལྷ་སར་ག་རེ་བྱེད་དུ་སོང་བ་ཡིན།
གྲོགས་མོ་ཞིག་དང་ཁ་འཆམ་ནས་མཇལ་དུ་སོང་བ་ཡིན།
དེས་ན་རླངས་འཁོར་ནང་ལ་བསྐྱེལ་དུ་ཡོང་མཁན་དེ་རེད་དམ།
མ་རེད། དེ་ང་རང་གི་ཨ་ཅེ་རེད།


ཁོ་གཉིས་ཀྱིས་སྐད་ཆ་དེ་ལྟར་འགོ་བཙུགས། བན་སྡེ་འཚོས་མོ་རང་ལྷ་སར་ཡོང་ཁར་ལས་ཀ་བྱེད་སར་དགོངས་པ་ཡང་མ་ཞུས་པ་དང་ཕ་མ་དག་གིས་ཀྱང་མི་ཤེས་པ་སོགས་ཀྱི་སྐོར་ཞིབ་དུ་བློ་བཟང་ལ་བཤད་པ་དང་། ལྷ་ས་ནས་རང་གི་ཨ་ཅེ་ཡི་ཟ་ཁང་ཞིག་གཉེར་ཡོད་པ་དེ་ཡི་ནང་དུ་འདུག་འདོད་མེད་པའི་རྒྱུ་མཚན། ད་དུང་རང་ཡུལ་དུ་ཕྱིར་འགྲོ་འདོད་ཀྱིས་ཨ་ཅེ་ཡི་ཁ་བརྡ་ལ་མ་ཉན་པར་ཕྱིར་རང་ཡུལ་འགྲོ་བཞིན་ཡོད་པ་དང་། ཕ་མ་གཉིས་ལ་ལྟ་སྐྱོང་བྱེད་མཁན་མེད་པའི་སྐོར་བཅས་ཞིབ་དུ་བཤད་དུས། བློ་བཟང་གིས་ཁོ་མོའི་ཚིག་འབྲི་རེ་རེ་ནི་བུ་རམ་ལས་ཀྱང་ཞིམ་པ་དང་སྤྲང་རྩི་ལས་ཀྱང་མངར་བ་ལྟ་བུ་ཞིག་ཚོར་ནས། དུས་ཚོད་ཀྱང་ནམ་གུང་དུ་སླེབས་པ་གཏན་ནས་མ་ཚོར་བ་རེད།

བན་སྡེ་འཚོས། བློ་བཟང་གི་མིང་དྲིས་པ་ལས་སྐད་ཆ་བཤད་མང་བོ་ཞིག་འདྲི་ཁོམ་མ་བྱུང་བར་མོ་རང་གིས་བློ་བཟང་གི་དྲི་ལན་ཏག་ཏག་བཏབ་ནས་མཚན་དཀྱིལ་དུ་སླེབས་དུས། ཁོ་མོས་ད་འུ་གཉིས་ཉལ། སང་ཉིན་མུ་མཐུད་དུ་ཁ་བརྡ་བྱེད་ཆོག མི་ཕལ་ཆེ་བ་གཉིད་ཚར་འདུག་ཞེས་བཤད་དུས། བློ་བཟང་གིས་ད་གཟོད་ཁོ་གཉིས་གཅིག་བུ་གཉིད་མེད་པར་ཁ་བརྡ་བྱེད་ཀྱི་ཡོད་པ་དེར་ངོ་གནོང་ཞོར་དུ། རེད་རེད། ད་གཉིད་ཡ་་

མུ་འགོད།

འབྲེལ་ཡོད་གསར་འགྱུར།

Mobile App

རྒྱ་གར་གཞུང་གིས་རྒྱ་ནག་ལ་སྐྱོན་བརྗོད་ནན་མོ་བྱས་འདུག

ཆུ་ཚོད་ ༡༡ སྔོན་ལ།
TT
Mobile App

ཨ་ཀྱཱ་རིན་པོ་ཆེ་མཆོག་དང་བློ་བཟང་བྱང་ཆུབ་འོད་ཟེར་མཆོག་རྣམ་གཉིས་ཀྱིས་༸གོང་ས་མཆོག་ལ་མཇལ་བཅར་ཞུས།

ཆུ་ཚོད་ ༡༡ སྔོན་ལ།
this photo provided by the North Korean government, its Foreign Minister Choe Son Hui, right, and her Chinese counterpart Wang Yi pose for a photo at the Kumsusan Palace of the Sun in Pyongyang, North Korea, Thursday, April 9, 2026. | Photo Credit: AP
Mobile App

རྒྱ་ནག་དང་བྱང་ཀོ་རི་ཡའི་ཚོང་དོན་མཉམ་ལས་བྱས་ནས་མི་ལོ་རེ་ལྔ་འཁོར་འདུག 

༢༠༢༦/༠༤/༡༠
ལམ་བྲག་རིན་པོ་
Mobile App

༸སྐྱབས་རྗེ་ལམ་བྲག་རིན་པོ་ཆེ་མཆོག་དང་སྐུ་ཞབས་ཡངས་གླིང་རྡོ་རྗེ་རྣམ་གཉིས་སྐུ་ཚེ་འཕེན་པ་རྫོགས།

༢༠༢༦/༠༤/༡༠
A poster of the documentary film by ITV
Mobile App

བོད་དོན་འཐབ་རྩོད་ཅེས་པའི་དངོས་བྱུང་གློག་བརྙན་ཞིག་ཨ་རིའི་ཨེ་མི་གཟེངས་རྟགས་ཁོངས་སུ་མིང་བཏོན་བྱས།

༢༠༢༦/༠༤/༡༠
tibettimes
Mobile App

བོད་ཀྱི་ཆབ་སྲིད་བཙོན་པ་ཡེ་ཤེས་བཟང་པོ་ལགས་ཀློད་གྲོལ་བཏང་འདུག

༢༠༢༦/༠༤/༠༩

མཆན། 3

  1. sha tak ri sim says:
    ལོ་ 16 སྔོན།

    ཇིང་སྲས་མིག་གསུམ་པ་ལགས། ཅོ་་རི་ཉི་མ་ལགས། ཁྱེད་གཉིས་ཕེབས་ནས་དགའ་ཡོད།

    Reply
  2. chokri nyima says:
    ལོ་ 16 སྔོན།

    དེ་ལས་གསལ་ཙམ་དང་རྒྱས་ཙམ་བཤད་ཀྱི་མེད་པས།

    Reply
  3. free sopu says:
    ལོ་ 16 སྔོན།

    བློ་བཟང་འདིས་ཡང་འདི་་་་་་་་་་་་་་་་་་་་་་་

    Reply

དཔྱད་མཆན་སྤེལ། Cancel reply

Your email address will not be published. Required fields are marked *

སྤྱི་ཚོགས་དྲ་གནས།

ཁྱབ་བསྒྲགས།

དྲ་ངོས་ཀྱི་གནས་ཚུལ་ཚང་མའི་པར་དབང་བོད་ཀྱི་དུས་བབ་ལ་ཡོད།

གློག་འཕྲིན།

editor@tibettimes.net | office@tibettimes.net

ཁ་པར།

+91-98823-47075 | +91-92189-38041 | +91-81972-44372

Welcome Back!

OR

Login to your account below

Forgotten Password?

Retrieve your password

Please enter your username or email address to reset your password.

Log In

Add New Playlist

No Result
ཆ་ཚང་གཟིགས།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
    • གླ་ཡོད་རིན་གོང་།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese