མདུན་ངོས།
About Us
  • English
བོད་ཀྱི་དུས་བབ།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
    • གླ་ཡོད་རིན་གོང་།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese
No Result
ཆ་ཚང་གཟིགས།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
    • གླ་ཡོད་རིན་གོང་།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese
No Result
ཆ་ཚང་གཟིགས།
བོད་ཀྱི་དུས་བབ།
English
No Result
ཆ་ཚང་གཟིགས།

སྤྱིན་བདག་མི་དགོས། གྲྭ་བ་མི་བྱེད། {དངོས་སྒྲུང་།} དྲུག་བཅུ།

བོད། ཤ་ཁྲག་རུས་གསུམ།
༢༠༡༠/༠༢/༡༢
Share on FacebookShare on TwitterShare on EmailShare on Whatsapp
་་་་་་་་་དངོས་སྒྲུང་འདི་བདག་ལ་རྒྱུས་མངའ་ཡོད་མཁན་གྱི་གྲྭ་བ་ཞིག་གི་ལོ་རྒྱུས་ཡིན།


རི་ཁྲོད་གོང་དུ་འབྱོར་ནས་བློ་བཟང་དང་། ནུ་བོ་ཀླུ་འབུམ་རྒྱལ་གཉིས་ཀྱིས་ཁོ་མོ་གཉིས་ལ་རི་ཁྲོད་པ་ཡོད་སའི་རི་འདབས་དེ་ནས་སྤང་ཐང་ཡངས་ས་ཞིག་ནས་ཅུང་ཙམ་སྒུག་དུས་སུ། བན་སྡེ་འཚོས་ངོ་གདོང་ཡོངས་སུ་འཛུམ་མདངས་ཀྱིས་འཁང་བཞིན་སླེབས་པ་དེས་བློ་བཟང་ལ་གཏམ་བཟང་ཞིག་བཤད་འདོད་ཀྱི་འདུན་པ་ལྷུག་པོ་ཞིག་ཡོད་པའི་ཚུགས་ཀ་བསྟན་དུས་སུ། བློ་བཟང་གིས་ནུ་བོ་ལྷ་འབུམ་རྒྱལ་ལ། ཁྱེད་རང་གིས་སྔོན་ལ་ཁོ་མོ་བསྐྱེལ་ནས་ངེད་གཉིས་ཕྱིར་ལེན་དུ་ཤོག ངེད་གཉིས་ག་ལེར་རྐང་འཐུང་ལ་ཐོན་ཚད་ཅིག་བར་དུ་ཡོང་ཞེས་བཤད།

བན་སྡེ་འཚོ་བློ་བཟང་གི་མཆན་ཁོང་དུ་འཇར་ནས། བློ་བཟང་དེ་རིང་རི་ཁྲོད་པ་ཚང་གིས་ཕྱག་མོ་དངོས་ནས་ཡག་པོ་འདུག་གསུངས་སོང་། ཁོང་ཚང་གིས་གསུངས་པ་ཡིན་ན། ཁྱེད་རང་གིས་ཨ་རག་མ་འཐུང་བ་ཡིན་ན་འུ་གཉིས་ཀྱི་མི་ཚེ་ནང་ལ་བདེ་སྐྱིད་འདུག་ཞེས་གསུངས་སོང་། ངས་རེ་བ་ལ་ཁྱེད་རང་གིས་ཨ་རག་མ་འཐུང་བ་ཡིན་ན་བསམ་གྱི་ཡོད། འོན་ཀྱང་། ངས་མ་བཤད་ཀྱང་ཁྱེད་རང་གིས་ཤེས་གསལ་རེད། ངས་ཁྱེད་རང་ལ་མ་འཐུང་ཟེར་ནས་ཨུ་ཚུགས་གཏན་ནས་བྱེད་འདོད་མེད། དུ་བ་འཐེན་ན་སྐྱོན་མི་འདུག་ཞེས་བཤད།

བློ་བཟང་གིས་དངོས་ནས་རི་ཁྲོད་པ་ཚང་གིས་ཁྱེད་རང་ལ་ཕྱག་མོ་ཡག་པོ་འདུག་ཟེར་གྱི་འདུག་ན་དེ་ནི་དངོས་ནས་བཟང་གི དེ་སྔོན་ངས་ཁྱེད་རང་རི་ཁྲོད་པ་ཚང་ནས་ཕྱི་ལ་ཐོན་སྐབས་དེར་ངས་ཁྱེད་རང་ལ་གཏམ་བཟང་ཞིག་ཡོད་པ་ཤེས་སོང་། ངས་ཀྱང་ཨ་རག་མི་རིང་བར་མི་འཐུང་བསམ་ནས་བསྡད་ཡོད། ལྷག་པར་དུ་ང་རང་སློབ་གྲྭ་དེར་འགྲོ་ཐུབ་སོང་བ་ཡིན་ན་ཐ་མག་ཡང་འཐེན་རྩིས་མེད་ཅེས་སྙིང་གཏམ་དག་བཤད་ཀྱིན་བཤད་ཀྱིན་འགྲོ་བཞིན་པའི་སྐབས་སུ། ཁོ་རང་གི་ནུ་བོ་ལྷ་འབུམ་རྒྱལ་ཕྱིར་འབྱོར་དུས། ཁོ་གཉིས་ཀྱིས་ཁ་གཅིག་གྲགས་ཀྱིས་ཁྱེད་རང་དངོས་ནས་མགྱོགས་པོ་འདུག་ཞེས་བཤད་དུས། ནུ་བོ་ཀླུ་འབུམ་རྒྱལ་གྱིས་དགོད་ཞོར་དུ། ང་རང་འཕུར་ནས་ཡོང་བ་ཡིན་ཞེས་བཤད།

བློ་བཟང་གིས་ཁྱེད་གཉིས་ཕྱི་དྲོ་ས་མ་རུབ་བར་དུ་རྫོང་ཐོག་འདི་ནས་བསྡོད་དང་། དེ་ནས་ང་ཚོས་དུས་ཆད་བྱས་པའི་ས་འདི་ནས་ཐུག ངེད་གཉིས་སྤག་སྤག་ཞོན་ནས་ཁྱེད་གཉིས་ལེན་དུ་འོང་ཟེར་བཞིན་བན་སྡེ་འཚོ་དང་། བན་སྡེ་འཚོའི་ཨ་ཅེ་ཆོས་སྒྲོན་གཉིས་རྫོང་ཐོག་ནས་སྐྱུར་ནས་ཁོ་གཉིས་ཕྱིར་དབྱར་སྐྱིད་གཏོང་སའི་རྩྭ་ཐང་གི་གླིང་ཕྲན་དེར་ཕྱིན། ལམ་བར་དུ་ནུ་བོ་ཀླུ་འབུམ་གྱིས་བློ་བཟང་ལ། ཕུ་བོ། དངོས་ནས་ཁྱེད་རང་གི་བུད་མེད་དེ་ཡག་མ་རེད་འདུག་པ་མ་ཟད། ཁྱིམ་ཚང་ཡང་དགའ་ཞིག་གི་ཡིན་ས་རེད། རྣ་ལུང་། སྐེ་འདོག མཛུབ་དཀྲིས་བཅས་ཚང་མ་གསེར་གྱི་གཡོགས་འདུག་ཞེས་བཤད།

བློ་བཟང་གིས། རེད་རེད། བན་སྡེ་འཚོ་མོ་རང་གི་ཁྱིམ་ཚང་དེ་ཡི་ནང་གི་གཅེས་ཕྲུག་མ་ཡིན་རབས་འདུག གང་ལྟར། ཁྱིམ་ཚང་གང་འདྲ་ཞིག་ཡིན་མིན་དེ་ནི་ང་རང་ལ་མཚོན་ན་དངོས་ནས་གལ་ཆེན་པོ་མ་རེད་ལ། གསེར་གྱི་འདོག་ཆའི་རིགས་ལ་ང་རང་གཏན་ནས་དགའ་བོ་མེད། འོན་ཀྱང་། མོ་རང་དངོས་ནས་བུད་མེད་ཡག་མ་ཞིག་རེད། དེ་བདེན་པ་རེད།

ཁོ་གཉིས་དབྱར་སྐྱིད་གཏོང་སའི་རྩྭ་ཐང་གི་གླིང་ཕྲན་དེ་ནས་ནུབ་མོ་དེར། ཨ་མྱེ་ཁྱེད་རང་ནང་དུ་འགྲོ་འདོད་མེད་པ་ཡིན་ན། ངེད་གཉིས་ཀྱིས་དོ་ནུབ་ཡར་ནང་མར་ནང་གཉིས་ཀྱི་ཁང་བ་སྲུང་ཆོག་གི་རེད་ཅེས་ཨ་མྱེ་བདེ་ཆེན་ལ་བཤད་ཀྱང་། ཨ་མྱེ་བདེ་ཆེན་གྱིས་མི་སྐྱོན། ང་རང་ནང་དུ་སོང་ནས་ཉལ་ན་ཉལ་ས་བདེ་བོ་འདུག་ཟེར་ནས་ཁོ་གཉིས་དང་ལྷན་དུ་ལམ་དུ་ཆས། ཁོ་གཉིས་ཀྱིས་ཨ་མྱེ་བདེ་ཆེན་ལྷན་དུ་མ་ཡོང་བ་ཡིན་ན། ཁང་བ་ཡར་ནང་ནས་ཕ་རྒན་འཇིགས་གྲོལ་གྱིས་སྤག་སྤག་བཏང་ནས་ཁོ་གཉིས་ཀ་རྫོང་ཐོག་དུ་བན་སྡེ་འཚོ་དང་ཆོས་སྒྲོན་གཉིས་ལེན་དུ་འགྲོ་བསམ་པ་ཡིན་ཡང་། ཨ་མྱེ་བདེ་ཆེན་ཁོ་གཉིས་ཀྱིས་ལྷན་དུ་ཡོང་ཡོད་སྟབས། ཕ་རྒན་འཇིགས་གྲོལ་གྱི་སྤག་སྤག་ལག་དུ་མ་རེག་ནས། བློ་བཟང་གིས། ཁྱེད་རང་གཅིག་པོ་སོང་ན་འགྲིག་གི་རེད། ཁོ་གཉིས་ལ་ནུབ་ཚལ་འཐུང་ཡོད་མེད་སྐད་ཆ་དྲིས། འཐུང་མེད་ན། རྫོང་ཐོག་ནས་ནུབ་ཚང་ཞིག་འཐུང་ནས་ཤོག་ཞེས་རྒྱ་སྒོར་ཉི་ཤུ་ཞིག་ཁོ་ལ་སྤྲད།

ཆུ་ཚོད་ཕྱེད་ཀ་ཙམ་གྱི་རྗེས་སུ་བློ་བཟང་གིས་ཕྱི་རོལ་ནས་སྤག་སྤག་གི་སྒྲ་ཞིག་གྲགས་ཀྱིན་པ་ཐོས་ནས་ག་ལེར་སྒོ་ཕྱེ་ནས་ཕྱི་རུ་འབུད།

མུ་འགོད།

འབྲེལ་ཡོད་གསར་འགྱུར།

རྒྱ་ནག་གཞུང་གིས་གངས་ལྗོངས་གནའ་དེང་ཤེས་རིག་སློབ་གླིང་སྒོ་བརྒྱབ། བོད་ཀྱི་དུས་བབ་ཀྱི་པར།
Mobile App

རྒྱ་ནག་གཞུང་གིས་གངས་ལྗོངས་གནའ་དེང་ཤེས་རིག་སློབ་གླིང་སྒོ་བརྒྱབ།

ཆུ་ཚོད་ ༧ སྔོན་ལ།
སེན་ཊི་པོལ་གྲོང་ཁྱེར་དུ་༸སྐུའི་འཁྲུངས་སྐར་བྱམས་བརྩེའི་ཉིན་མོར་སྲུང་གཙི་ཞུ་རྒྱུའི་གཏན་འབེབས་གནང་། སྐུ་པར་བོད་ཀྱི་དུས་བབ་གསར་ཁང་གིས་སྒྲིག་སྦྱོར་བྱས།
༸གོང་ས་མཆོག གསར་འགྱུར།

སེན་ཊི་པོལ་གྲོང་ཁྱེར་དུ་༸སྐུའི་འཁྲུངས་སྐར་བྱམས་བརྩེའི་ཉིན་མོར་སྲུང་གཙི་ཞུ་རྒྱུའི་གཏན་འབེབས་གནང་།

ཆུ་ཚོད་ ༨ སྔོན་ལ།
26 Trade Passes Issued As India-Tibet Border Trade Resumes Photo (ETV Bharat Archives)
Mobile App

འཕགས་བོད་གཉིས་ཀྱི་ལི་པུ་ལེག་ཚོང་ལམ་སྒོ་ཕྱེ་ནས་རྒྱ་གར་གྱི་ཚོང་པ་ཤར་གཏོང་བྱ་རྒྱུ་ཡིན་འདུག 

ཆུ་ཚོད་ ༡༡ སྔོན་ལ།
TTT
Mobile App

སྲི་ཞུའི་ལས་བྱེད་གཉིས་ལ་ཕྱི་ལོ་ ༢༠༢༥ ལོའི་ལས་དོན་གཟེངས་ཐོན་གྱི་གཟེངས་རྟགས་དབུལ་རྒྱུ་ཡིན་འདུག 

༢༠༢༦/༠༦/༢༤
Mobile App

རྒྱ་གར་གྱིས་རྒྱ་ནག་ལ་བརྟེན་མི་དགོས་པར་རང་སྐྱ་འཕེར་བའི་ཉི་གློག་བཟོ་སྐྲུན་གྱི་སྲིད་ཇུས་གསར་པ་ཞིག་སྤེལ་རྒྱུ་རེད།

༢༠༢༦/༠༦/༢༤
TT
Mobile App

ཚོགས་གཙོ་སྒྲོལ་མ་ཚེ་རིང་མཆོག་གིས་ཨ་རིའི་གཞུང་ཚབ་ཁང་གི་ཆབ་སྲིད་སྡེ་ཚན་གྱི་ལས་བྱེད་དང་མཇལ་འཕྲད་གནང་།

༢༠༢༦/༠༦/༢༤

མཆན། 3

  1. sha tak ri sim says:
    ལོ་ 16 སྔོན།

    སྤུན་ཟླ་ཁྱེད་གཉིས་འདི་རུ་ཕེབས་ན་དགའ་ཡོད། ལྷག་དུ་ཇིང་སྲས་ཁྱེད་རང་གིས་བདག་ལ་འཚམ་འདྲི་དང་ཁ་གཡང་བོས་པ་དེར་བཀའ་དྲིན་ཆེ། ཡིན་ཡང་། བདག་གི་སེམས་ཁོང་དུ་ནམ་ཡང་ས་མཐའ་ནས་ལོ་གསར་ཟེར་བའི་སྤྲོ་སྣང་དེ་ཡོང་མ་མྱོང་ལ། ཉིས་སྟོང་བརྒྱད་ནས་བཟུང་དེ་རང་ཉིད་བོད་མི་ཞིག་གི་ངོས་ནས་བོད་ལ་ལོག་རྒྱུ་མ་བྱུང་བར་དུ་ལོ་གསར་ཞེས་པ་ཞིག་གཏོང་རྒྱུ་ཡོད་པར་གཏན་ནས་རང་གིས་རང་ལ་ཡིད་ཆེས་བྱེད་ཀྱི་མེད།

    Reply
  2. free sopu says:
    ལོ་ 16 སྔོན།

    ལོ་གསར་ལ་བཀྲ་ཤིས་བདེ་ལེགས་ཞུ་བ་དང་ཆབས་གཅིག་ལོ་གསར་བ་འདིའི་ནང་སྐུ་ཉིད་ཀྱི་རླུང་རྟ་ཡར་རྒྱུག་དང་བྱ་བ་ཡར་འགྲོ་ཡོང་པའི་སྨོན་ལམ་ཞུ།
    གསལ་བཤད་བྱེད་རྒྱུ་ཞིག་ལ་མི་སྒེར་གྱི་ལོ་གསར་ལག་སྐྱེས་ཕུལ་ཆོག་པ་ཞུས།

    Reply
  3. Dre Sha Zen says:
    ལོ་ 16 སྔོན།

    ཨོ་ཡཡཡཡ་དེ་ནས་་་་་ད་དུང་མུ་འཐུད་ནས་ཉན་ས་ཡོང་གི་ཡིན་

    Reply

དཔྱད་མཆན་སྤེལ། Cancel reply

Your email address will not be published. Required fields are marked *

སྤྱི་ཚོགས་དྲ་གནས།

ཁྱབ་བསྒྲགས།

དྲ་ངོས་ཀྱི་གནས་ཚུལ་ཚང་མའི་པར་དབང་བོད་ཀྱི་དུས་བབ་ལ་ཡོད།

གློག་འཕྲིན།

editor@tibettimes.net | office@tibettimes.net

ཁ་པར།

+91-98823-47075 | +91-92189-38041 | +91-81972-44372

Welcome Back!

OR

Login to your account below

Forgotten Password?

Retrieve your password

Please enter your username or email address to reset your password.

Log In

Add New Playlist

No Result
ཆ་ཚང་གཟིགས།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
    • གླ་ཡོད་རིན་གོང་།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese