མདུན་ངོས།
About Us
  • English
བོད་ཀྱི་དུས་བབ།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
    • གླ་ཡོད་རིན་གོང་།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese
No Result
ཆ་ཚང་གཟིགས།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
    • གླ་ཡོད་རིན་གོང་།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese
No Result
ཆ་ཚང་གཟིགས།
བོད་ཀྱི་དུས་བབ།
English
No Result
ཆ་ཚང་གཟིགས།

སྤྱིན་བདག་མི་དགོས། གྲྭ་བ་མི་བྱེད། {དངོས་སྒྲུང་།} རེ་གཉིས།

བོད། ཤ་ཁྲག་རུས་གསུམ།
༢༠༡༠/༠༢/༡༥
Share on FacebookShare on TwitterShare on EmailShare on Whatsapp
་་་་་་་་་དངོས་སྒྲུང་འདི་བདག་ལ་རྒྱུས་མངའ་ཡོད་མཁན་གྱི་གྲྭ་བ་ཞིག་གི་ལོ་རྒྱུས་ཡིན།


བློ་བཟང་གིས། མུན་ནག་ཁྲོད་ནས་རང་གི་ནུ་བོ་ལྷ་འབུམ་རྒྱལ་དང་། བན་སྡེ་འཚོ། ཆོས་སྒྲོན་གསུམ་ལ་ལམ་བར་ནས་དཀའ་ལས་མ་ཁག་གམ་ཟེར་ནས་ནང་དུ་བསུ་བ་བྱས། ནུ་བོ་ལྷ་འབུལ་རྒྱལ་གྱིས་ལྕགས་ཐབ་ནང་དུ་མེ་ཁ་བསྒོས་པ་དང་ཇ་བསྐོལ་རྒྱུའི་གྲྭ་སྒྲིག་བྱས།

བློ་བཟང་གིས། ཁྱེད་གཉིས་ཀྱིས་ནུབ་ཚལ་འཐུང་ཨེ་ཡོད་ཅེས་དྲིས་དུས། ནུ་བོ་ཀླུ་འབུལ་རྒྱལ་གྱིས་ཁོ་གཉིས་ཀྱིས་ནུབ་ཚལ་འཐུང་ཟེར་ནས་ཨུ་ཚུགས་བྱེད་ཀྱི་འདུག དེ་ཡིན་དུས་རྫོང་ཐོག་ནས་ངས་དོ་ནུབ་ཞོར་ཟས་ཁ་ཤས་ཤིག་མ་གཏོགས་གང་ཡང་ཉོས་མེད། གལ་སྲིད། དངོས་ནས་ནུབ་ཚལ་འཐུང་མེད་པ་ཡིན་ན། ད་འདི་ན་རྩམ་པ་མ་གཏོགས་ཟ་རྒྱུ་ཡོད་པ་མ་རེད་ཅེས་བཤད་ཞོར་དུ་ཁོ་རང་སྒོ་ཕྱི་རུ་མེ་ཤིང་ལེན་དུ་སོང་།

བློ་བཟང་གིས། དགོད་ཞོར་དུ་བན་སྡེ་འཚོ་ལ། དངོས་ནས་ཁྱེད་གཉིས་ཀྱིས་ནུབ་ཚལ་འཐུང་མེད་ན་རྩམ་པ་ཟས་ན་མར་ཕྱུར་གསར་བ་ཡིན་ནི་རེད་ཅེས་བཤད་དུས་སུ། བན་སྡེ་འཚོས། ངེད་གཉིས་ཀྱིས་ཁྱེད་རང་བསུ་རུ་ཡོང་རྒྱུ་རེད་བསམ་ནས་ནུབ་ཚལ་མ་འཐུང་བར་ཁྱེད་རང་སླེབས་ན་ང་ཚོས་ལྷན་དུ་ཟ་མ་ཞིག་ཟ་དགོས་བསམ་ནས་སྒུག་ཡོད་དུས། ཁྱེད་རང་གི་ནུ་བོ་ལྷ་འབུམ་རྒྱལ་སླེབས་ནས་ཁྱེད་རང་ཡོང་མ་ཐུབ་པའི་རྒྱུ་མཚན་བཤད་སྟབས། ངེད་གཉིས་ཀྱིས་ནུབ་ཚལ་འཐུང་མེད་ཟེར་ནས་བཤད་རྒྱུ་ངོ་ཚ་སོང་ཞེས་བཤད།

མཚན་མོ་དེར། བློ་བཟང་གི་ནུ་བོ་ལྷ་འབུམ་རྒྱལ་གྱིས་རྡུང་ལེན་བྱས་པ་དང་། མཚམས་རེར་ཁོང་ཚོ་ཚང་མ་དགོད་སྒྲ་དང་ལྷན་དུ་ལྕགས་ཐབ་ནང་གི་མེ་ལྕེ་ཡང་ཆེ་རུ་ཕྱིན། བློ་བཟང་གིས་ད་ང་ཚོ་ཉལ་ན་རེད། ལྷ་འབུམ་རྒྱལ་ཁྱེད་རང་སོང་ནས་མགྲོན་པོ་ཉལ་སའི་ཁང་ཆུང་དེ་རུ་ཆོས་སྒྲོན་ཉལ་ས་བཟོས། ཁྱེད་རང་ཕར་ནང་དུ་ཉལ་ན་འགྲིག་གི་རེད། ཆུ་ཚ་བོ་ཞིག་ཡོད་ན་ང་རང་ལ་སྤྲོད་དང་ངས་རང་གི་རྐང་བ་འདི་དཀྲུ་དགོས་ཀྱི་འདུག དེ་ནས་ཉལ་ན་ད་སྐྱིད་ནི་རེད་ཅེས་གདོང་ལ་འཛུམ་ཞིག་བླངས།

ལྷ་འབུམ་རྒྱལ་གྱིས་ཆུ་ཚ་བོ་ཞིག་དཀྲུས་གཤོང་ཞིག་གི་ནང་དུ་ཁུར་ནས་འོང་དེ། ཕུ་བོ་འདི་ཁྱེད་རང་གི་རྐང་བ་དཀྲུ་བྱེད་ཡིན། ལྷམ་མགོ་ང་ལ་སྤྲོད་དང་ངས་སྒོ་ཕྱི་ལ་བཞག་ཆོག་ཟེར་ནས་ལྷམ་མགོ་ཁུར་ལེན་ཞོར་དུ། ཆོས་སྒྲོན་ལ། འགྲོ་ངས་ཁྱེད་རང་ལ་ཉལ་ས་བཟོས་ཚར་བ་ཡིན་ཞེས་འགྲོ་གྲབས་བྱེད་ཀྱིན་པའི་སྐབས་དེར། བློ་བཟང་གིས་ནུ་བོ་ཀླུ་འབུམ་རྒྱལ་ལ། ཁྱེད་རང་ནངས་དུས་སྔ་བོ་ཨ་མྱེ་བདེ་ཆེན་དང་འགྲོག་ནས་སྔོན་དུ་སོང་། ཨ་མས་དྲིས་ན་ང་རང་ཅུང་ཙམ་ཉལ་ནས་ཡོང་གི་ཡིན་ཟེར་བཞིན་འདུག་ཟེར་ནས་བཤད་རོགས།

བན་སྡེ་འཚོས། བློ་བཟང་ཁྱེད་རང་གི་ནུ་བོ་དངོས་ནས་ཁྱེད་རང་ལ་བཟང་གི ལྷག་པར་དུ་ཁྱེད་ཚང་གི་ཁྱིམ་ཚང་འདི་དངོས་ནས་ཕན་ཚུན་ལ་བརྩི་བཀུར་ཆེན་པོ་ཡོད་པའི་ཁྱིམ་ཚང་ཞིག་ཡིན་ཐག་གཅོད་རེད་འདུག དངོས་ནས་ཁྱེད་རང་ང་ལ་ཐོབ་པ་ངས་བསོད་ནམ་རེད་ཟེར་ཞོར་དུ་ཉལ་ཐུལ་ནང་དུ་འཛུལ།

བློ་བཟང་གིས། དངོས་ནས་ང་རང་གི་ནུ་བོ་དང་ནང་མི་ཚོ་ངའི་སྒང་ལ་ཧ་ཅང་བཟང་བ་མ་ཟད། ངའི་སྐོར་ལ་སེམས་ཁྲལ་ཡང་མི་ཉུང་བ་ཞིག་བྱེད་ཀྱི་ཡོད་པ་རེད། ད་ཡང་ངས་ཁོང་ཚོ་ལ་དཀའ་ངལ་བཟོ་དགོས་ཀྱི་ཡོད་པ་རེད། ང་འདི་དངོས་ནས་མི་སྡུག་ཐུག་ཞིག་རེད་ཅེས་ཐ་ནག་རྐང་གཅིག་ལ་མེ་སྒྲོན།

ཁོ་གཉིས་ཉལ་སའི་ཁང་བ་དེ་ནི་ནུ་བོ་ཀླུ་འབུམ་རྒྱལ་གྱི་ཁང་བ་ཡིན་པ་དང་། ལྷག་པར་དུ་ཁང་བ་དེ་ཡི་ནང་གི་བརྩིགས་ངོས་ཡོངས་ལ་བློ་བཟང་གི་འདྲ་དཔར་གྱི་བཀང་དེ་ཡོད་པ་རེད། འདྲ་དཔར་དེ་དག་ནི་བློ་བཟང་གིས་རྒྱ་གར་ནས་སྐུར་མྱོང་བ་རྐྱང་རྐྱང་ཡིན་པ་རེད། མང་ཤོས་ཤིག་ནི། བློ་བཟང་ཁོ་རང་གི་གྲྭ་བ་ཡིན་དུས་ཀྱི་འདྲ་དཔར་རྐྱང་རྐྱང་ཆགས་ཡོད་པ་དེ་དག་ལ་བན་སྡེ་འཚོས་མཛུབ་མོ་འཛུགས་དེ། ཁྱེད་རང་དངོས་ནས་གྲྭ་བ་ཡག་པོ་ཞིག་ཡིན་ས་རེད། འདྲ་དཔར་ལ་བལྟས་དེ་འོང་དུས་སེམས་སྡུག་ནི་ཞིག་རེད།

ཞག་བཀང་བོར་བློ་བཟང་དང་བན་སྡེ་འཚོ་གཉིས་ལ་གཉིད་ཅིག་ཁུག་རྒྱུ་མ་བྱུང་བར་མ་འོངས་པའི་སྐོར་དང་ཕན་ཚུན་ལ་ཤ་མཆིན་པ་བརླན་བཞིན་འདོད་པའི་བདེ་བ་ལ་རོལ་ནས་ནམ་ཡང་སྐྱ་སིང་ངེར་སོང་བ་རེད།

ནམ་སྐྱ་སིང་ངེར་སོང་བ་དང་ལྷན་དུ་སྒྲོག་སྒྲ་ཞིག་དང་བཅས་ཁོ་གཉིས་ཡོད་སའི་ཁང་བའི་ནང་དུ་ཡོང་ནས། ཁྱེད་གཉིས་གཉིད་སད་ཡོད་དམ་ཟེར་ཞོར་དུ་ལྕགས་ཐབ་ནང་དུ་མེ་བཞག་པ་དང་། བློ་བཟང་ལ་ད་ནི་ང་རང་ཡར་ནང་དུ་སོང་ནས་ཨ་མྱེ་ཁྲིད་དེ་སྔོན་དུ་བུད་འགྲོ ཁྱེད་རང་རྗེས་སུ་ག་ལེར་ཤོག་ཟེར་བཞིན་བུད་སོང་།

མུ་འགོད།

འབྲེལ་ཡོད་གསར་འགྱུར།

རྒྱ་ནག་གཞུང་གིས་གངས་ལྗོངས་གནའ་དེང་ཤེས་རིག་སློབ་གླིང་སྒོ་བརྒྱབ། བོད་ཀྱི་དུས་བབ་ཀྱི་པར།
Mobile App

རྒྱ་ནག་གཞུང་གིས་གངས་ལྗོངས་གནའ་དེང་ཤེས་རིག་སློབ་གླིང་སྒོ་བརྒྱབ།

ཆུ་ཚོད་ ༧ སྔོན་ལ།
སེན་ཊི་པོལ་གྲོང་ཁྱེར་དུ་༸སྐུའི་འཁྲུངས་སྐར་བྱམས་བརྩེའི་ཉིན་མོར་སྲུང་གཙི་ཞུ་རྒྱུའི་གཏན་འབེབས་གནང་། སྐུ་པར་བོད་ཀྱི་དུས་བབ་གསར་ཁང་གིས་སྒྲིག་སྦྱོར་བྱས།
༸གོང་ས་མཆོག གསར་འགྱུར།

སེན་ཊི་པོལ་གྲོང་ཁྱེར་དུ་༸སྐུའི་འཁྲུངས་སྐར་བྱམས་བརྩེའི་ཉིན་མོར་སྲུང་གཙི་ཞུ་རྒྱུའི་གཏན་འབེབས་གནང་།

ཆུ་ཚོད་ ༨ སྔོན་ལ།
26 Trade Passes Issued As India-Tibet Border Trade Resumes Photo (ETV Bharat Archives)
Mobile App

འཕགས་བོད་གཉིས་ཀྱི་ལི་པུ་ལེག་ཚོང་ལམ་སྒོ་ཕྱེ་ནས་རྒྱ་གར་གྱི་ཚོང་པ་ཤར་གཏོང་བྱ་རྒྱུ་ཡིན་འདུག 

ཆུ་ཚོད་ ༡༡ སྔོན་ལ།
TTT
Mobile App

སྲི་ཞུའི་ལས་བྱེད་གཉིས་ལ་ཕྱི་ལོ་ ༢༠༢༥ ལོའི་ལས་དོན་གཟེངས་ཐོན་གྱི་གཟེངས་རྟགས་དབུལ་རྒྱུ་ཡིན་འདུག 

༢༠༢༦/༠༦/༢༤
Mobile App

རྒྱ་གར་གྱིས་རྒྱ་ནག་ལ་བརྟེན་མི་དགོས་པར་རང་སྐྱ་འཕེར་བའི་ཉི་གློག་བཟོ་སྐྲུན་གྱི་སྲིད་ཇུས་གསར་པ་ཞིག་སྤེལ་རྒྱུ་རེད།

༢༠༢༦/༠༦/༢༤
TT
Mobile App

ཚོགས་གཙོ་སྒྲོལ་མ་ཚེ་རིང་མཆོག་གིས་ཨ་རིའི་གཞུང་ཚབ་ཁང་གི་ཆབ་སྲིད་སྡེ་ཚན་གྱི་ལས་བྱེད་དང་མཇལ་འཕྲད་གནང་།

༢༠༢༦/༠༦/༢༤

མཆན། 2

  1. sha tak ri sim says:
    ལོ་ 16 སྔོན།

    ཨ་འཕྲིན་ལགས། སྐུ་ཉིད་ཕེབས་པ་དགའ་ཡོད། ཐུགས་ཆེ་རྗེ། རྗེས་ཕྱོགས་ཀྱང་བློ་བཟང་གི་སྒྲུང་ལ་ཁོམ་པ་བྱུང་ན་ཉན་དུ་ཤོག

    Reply
  2. affthin says:
    ལོ་ 16 སྔོན།

    བོད་ཤ་ཁྲག་རུས་གསུམ་ལགས། གནམ་ལོ་གསར་བའི་ནང་ཁྱེད་ཀྱི་བསམ་དོན་ལྷུན་གྱིས་འགྲུབ་པའི་སྨོན་འདུན་ཞུ།
    ད་རེབ་དངོས་སྒྲུང་འདི་ཞིབ་ཀློག་བྱེད་ཁོམ་མ་བྱུང་ཡང་ག་ལེར་ཞིབ་ཀློག་བྱེད་རྒྱུ་ཡིན།

    Reply

དཔྱད་མཆན་སྤེལ། Cancel reply

Your email address will not be published. Required fields are marked *

སྤྱི་ཚོགས་དྲ་གནས།

ཁྱབ་བསྒྲགས།

དྲ་ངོས་ཀྱི་གནས་ཚུལ་ཚང་མའི་པར་དབང་བོད་ཀྱི་དུས་བབ་ལ་ཡོད།

གློག་འཕྲིན།

editor@tibettimes.net | office@tibettimes.net

ཁ་པར།

+91-98823-47075 | +91-92189-38041 | +91-81972-44372

Welcome Back!

OR

Login to your account below

Forgotten Password?

Retrieve your password

Please enter your username or email address to reset your password.

Log In

Add New Playlist

No Result
ཆ་ཚང་གཟིགས།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
    • གླ་ཡོད་རིན་གོང་།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese