མདུན་ངོས།
About Us
  • English
Advertisement
བོད་ཀྱི་དུས་བབ།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
    • གླ་ཡོད་རིན་གོང་།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese
No Result
ཆ་ཚང་གཟིགས།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
    • གླ་ཡོད་རིན་གོང་།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese
No Result
ཆ་ཚང་གཟིགས།
བོད་ཀྱི་དུས་བབ།
English
No Result
ཆ་ཚང་གཟིགས།

ཨོ་བྷ་མའི་ཐབས་ཤེས་རྦད་དེ་འཕྱུག་སོང་ཟེར།

བོད་ཀྱི་དུས་བབ།
༢༠༡༠/༠༢/༡༧
Share on FacebookShare on TwitterShare on EmailShare on Whatsapp

ཐེངས་འདིར་ཨོ་བྷ་མས་ཏཱ་ལའི་བླ་མར་མཇལ་འཕྲད་གནང་བ་དེ་ཐབས་ཤེས་ཡང་དག་དང་བློ་རིག་ལྡན་པ་ཞིག་མ་རེད། གང་ཡིན་ཟེར་ན། དེས་ཨ་རྒྱ་གཉིས་ཀྱི་འབྲེལ་བར་གཏོར་སྐྱོན་གཏོང་གི་རེད་ཟེར།

ཨོ་བྷ་མ་ཐེངས་འདིར་ཏཱ་ལའི་བླ་མར་མཇལ་ཏེ་ཨ་རྒྱ་གཉིས་ཀྱི་འབྲེལ་བར་གནོད་པ་བཟོ་བ་ལས་རྒྱ་ནག་གི་དཔོན་རིགས་ཚོའི་སྟེང་ལ་དུས་ཚོད་མང་ཙམ་གཏོང་བ་དང་གནད་དོན་གལ་ཆེ་རྣམས་ཀྱི་སྟེང་བསམ་བློ་གཏོང་ཐུབ་ཡོད་ན་ཡག་པོ་བྱུང་ཡོད་ཅེས་རྒྱ་ནག་གི་རྒྱལ་ཡོངས་ཨ་རྒྱ་གཉིས་ཀྱི་འབྲེལ་བའི་ཚོགས་ཆུང་ནང་གི་ཆེད་ལས་ཉམས་ཞིབ་པ་ ཧྥུ་རེ་ཌི་ ཊིན་ ཟེར་བ་ཞིག་གིས་ཞིན་ཧྭ་གསར་ཁང་ལ་བཤད་འདུག ཁོས་བཤད་དོན། ང་ཚོ་རྒྱ་ནག་དང་ཨ་རིའི་བར་དུ་འཛུགས་སྐྲུན་རང་བཞིན་གྱི་འབྲེལ་བ་དགོས་ཤིང་། དེ་ནི་ཨ་རིའི་མི་དམངས་དང་རྒྱ་ནག་མི་དམངས་ཀྱི་མངོན་འདོན་ངོ་མ་དེ་ཡིན་ཟེར།

ཧྥུ་རེ་ཌི་ ཊིན་གྱི་བསམ་ཚུལ་འདི་རྒྱ་ནག་གི་ཞིན་ཧྭ་གསར་ཁང་གིས་བསྒྲགས་པ་མ་ཟད། ཨ་རིའི་ཧ་ཧྥིན་ཊོན་གསར་ཁང་གིས་ཀྱང་སྤེལ་འདུག ཧ་ཧྥིན་ཊོན་གྱི་ནང་སྤེལ་བའི་རྩོམ་ཡིག་དེའི་ནང་ཁོས་བཤད་དོན། ཉེ་བའི་བདུན་ཕྲག་ཁ་ཤས་རིང་། ཨ་རྒྱ་གཉིས་ཀྱི་འབྲེལ་བ་དེ་ཡུལ་བབ་སྲིད་བྱུས་ཀྱི་དཀའ་ངལ་འགས་གཡོ་སྐྱོམ་བྱས་ཡོད། དེའི་ནང་གི་འགའ་རེ་ནི་བལྟས་ན་མཐོང་མི་ཐུབ་པའི་གྲས་ཡིན་ལ། འགའ་རེ་ནི་སྐབས་ཐོག་གི་ཨ་རྒྱ་གཉིས་ཀྱི་སྲིད་དོན་གྱི་གནམ་གཤིས་ཁྲོད་ནས་སྔ་ས་ནས་ཡལ་འོས་པའི་སྲིད་བྱུས་རྙིང་རུལ་གྱི་གྲུབ་འབྲས་ལས་བྱུང་བ་རེད། དཀའ་རྙོག་གི་དུས་རིམ་འདིའི་ནང་དུ། སྲིད་འཛིན་ཨོ་བྷ་མས་རྒྱ་ནག་མཉམ་དུ་འཛུགས་སྐྲུན་རང་བཞིན་གྱི་འབྲེལ་བ་སྐྲུན་རྒྱུར་ཐུགས་སྣང་གནང་དགོས་པ་ལས། ཕན་ཚུན་ཡིད་ཆེས་དང་གོ་རྟོགས་ཀྱི་མཐའ་སྣེ་ལས་བརྒལ་ཏེ་འགྲོ་མི་འོས་ཞེས་བཤད་འདུག

ཁོས་བཤད་དོན། ཨ་རིས་ཐའེ་ཝན་ལ་གོ་མཚོན་བཙོང་རྒྱུར་ཐག་བཅད་མ་ཐག་པའི་དུས་དང་། ཨ་རི་ནི་འཛམ་གླིང་གི་ཡུལ་བབ་སྲིད་བྱུས་ཀྱི་དུག་ཚེར་མང་པོ་ཞིག་གི་ཕྱོགས་ནས་རྒྱ་ནག་ལ་བསྟུན་དགོས་པའི་སྐབས་ཤིག་ལ། སྲིད་འཛིན་ཨོ་བྷ་མས་ཏཱ་ལའི་བླ་མ་ཕོ་བྲང་དཀར་པོའི་ནང་དུ་མགྲོན་འབོད་བྱས་ཚེ། ཁོས་ཨ་རྒྱ་གཉིས་ཀྱི་འབྲེལ་བ་དེ་གཏོར་བཤིག་གི་ཕྱོགས་སུ་བསྐོར་བ་རེད་ཟེར།

ཧྥུ་རེ་ཌི་ ཊིན་ལ་ད་དུང་རྒྱུ་མཚན་མང་པོ་ཡོད་པའི་གཅིག་ནི་བོད་དང་ཧ་ཡེ་ཝེ་ Hawaii གཉིས་བསྡུར་རྒྱུ་དེ་ཡིན། ཁོས་བཤད་དོན། ཧ་ཡེ་ཝེ་ཨ་རིའི་མངའ་སྡེ་ཞིག་ཏུ་མ་གྱུར་བའི་ཡར་སྔོན་དུ་མ་ཞིག་ནས་བོད་ནི་རྒྱ་ནག་གི་ཆ་ཤས་སུ་གྱུར་ཚར་ཡོད་ཅེས་དང་། ༡༨༩༣ ལོར་ཧ་ཡེ་ཝེ་རྒྱལ་ཁང་མགོ་རྟོང་སློག་པའི་ཁྲོད་ཨ་རིའི་གཞུང་གིས་རྒྱབ་རྩ་བྱས་པའི་ཐད་ལ་ཨ་རིའི་གྲོས་ཚོགས་ཀྱིས་དགོངས་སེལ་གྱི་གྲོས་ཆོད་ཅིག་བཞག་ཡོད་ཟེར།

ཁོས་དྲིས་དོན། གང་ལྟར། ཧ་ཡེ་ཝེ་ནི་ད་སྐབས་ཨ་རིའི་འོག་གི་མངའ་སྡེ་ཞིག་ཏུ་གྱུར་ཡོད་པ་རེད། གལ་སྲིད་རྒྱ་ནག་གིས་ཧ་ཡེ་ཝེ་རང་བཙན་གྱི་ལས་འགུལ་ལ་རྒྱབ་སྐྱོར་བྱས་པ་ཡིན་ན་ཨ་རིའི་གཞུང་གིས་ཡ་ལན་གང་འདྲ་ཞིག་སློག་གི་རེད།

སྐབས་བསྟུན་གྱིས་བཤད་ན། ཡུལ་གྱུར་བ་ཞིག་ལ་རྒྱས་སྟོན་བཤམས་ཤིང་། ཨ་རིའི་ཕྱི་སྲིད་ཀྱི་ལས་རོགས་གལ་ཆེན་ཞིག་ལ་ངོ་ལོག་བྱེད་པ་ནི་ཐབས་ཤེས་ལེགས་པོ་ཞིག་མ་རེད་ཟེར།

སྲིད་འཛིན་ཨོ་བྷ་མས་ཚོང་དོན་དང་གོ་ལའི་གནམ་གཤིས། ཨ་རིའི་བུ་ལོན་སོགས་གལ་ཆེ་གནད་དོན་ངོ་མ་དག་གི་ཆེད་དུ་རྒྱ་ནག་གི་དཔོན་རིགས་ཚོའི་མཉམ་དུ་དུས་ཚོད་མང་ཙམ་གཏོང་འོས་པ་ཞིག་རེད་ཟེར།

འབྲེལ་ཡོད་གསར་འགྱུར།

Mobile App

བོད་ཀྱི་སྐད་ཡིག་དང་རིག་གཞུང་ལ་གཅེས་སེམས་ཆེ་ཞིང་ལྷག་བསམ་དཀར་བའི་མི་རྒན་ཞིག་ལ་རྗེས་དྲན་ཞུ་བ།

ཆུ་ཚོད་ ༢ སྔོན་ལ།
བོད་ཀྱི་རིག་གཞུང་དང་ཧི་མ་ལ་ཡའི་དུས་སྟོན་ཐེངས་ ༢༤ འཚོགས། སྦར་སེལ་སྐུ་ཚབ་དོན་གཅོད་ཀྱི་པར།
Mobile App

བོད་ཀྱི་རིག་གཞུང་དང་ཧི་མ་ལ་ཡའི་དུས་སྟོན་ཐེངས་ ༢༤ འཚོགས།

ཆུ་ཚོད་ ༥ སྔོན་ལ།
༧གོང་ས་རྒྱལ་བ་རིན་པོ་ཆེ་མཆོག་ལ་དྭགས་སུ་ཕེབས་རྒྱུ་ཡིན་འདུག སྐུ་པར་བོད་ཀྱི་དུས་བབ་གསར་ཁང་གིས་བསྒྲིགས། ༢༠༢༥།༦།༢༣
༸གོང་ས་མཆོག གསར་འགྱུར།

༧གོང་ས་རྒྱལ་བ་རིན་པོ་ཆེ་མཆོག་ལ་དྭགས་སུ་ཕེབས་རྒྱུ་ཡིན་འདུག

ཆུ་ཚོད་ ༧ སྔོན་ལ།
༧གོང་ས་མཆོག་ནས་སྟོང་འཁོར་མཉྫུ་ཤྲཱི་ཧུ་ཐོག་ཐུས་གཙོས་པའི་སོག་པོ་ ༡༤༨ ལ་མཇལ་ཁ་དང་བཀའ་སློབ་སྩལ། དགའ་ལྡན་ཕོ་བྲང་གི་སྐུ་པར། ༢༠༢༥།༠༦།༢༠
༸གོང་ས་མཆོག གསར་འགྱུར།

༧གོང་ས་མཆོག་ནས་བོད་སོག་གཉིས་ལ་ཐུན་མོང་མིན་པའི་འབྲེལ་བ་ཞིག་ཡོད་ཅེས་གསུངས།

༢༠༢༥/༠༦/༢༠
༧གོང་ས་རྒྱལ་བ་རིན་པོ་ཆེ་མཆོག་ནས་རྒྱ་གར་གྱི་སྲིད་འཛིན་ལྕམ་སྐུ་ཤྲི་མ་ཏི་མཆོག་དགུང་གྲངས་ ༦༧ ལ་ཕེབས་པའི་འཁྲུངས་སྐར་ལ་འཚམས་འདྲི་མཛད། པར་བོད་ཀྱི་དུས་བབ་ཀྱིས་བསྒྲིགས། ༢༠༢༥།༦།༡༩
༧གོང་ས་མཆོག གསུང་འཕྲིན།

རྒྱ་གར་གྱི་སྲིད་འཛིན་མཆོག་གི་འཁྲུངས་སྐར་ལ་འཚམས་འདྲི་མཛད།

༢༠༢༥/༠༦/༡༩
བོད་མི་མང་སྤྱི་འཐུས་ལྷན་ཚོགས་ཀྱི་པར།
Mobile App

སྤྱི་ཟུར་འབའ་པ་རླུང་ཁར་ངག་དབང་བཀྲ་ཤིས་ལགས་སྐུ་གྲོངས་པར་ཐུགས་གསོ་ཞུས།

༢༠༢༥/༠༦/༡༩

མཆན། 15

  1. འཁྱམས་པོ། says:
    ལོ་ 15 སྔོན།

    སྙིང་རྗེ། འདི་ན་ཡང་ ཧྥུ་རེ་ཌི་ ཊིན་ཞེས་དེ་ རྒྱལ་ཞེན་ཁ་རུ་བཟུང་ནས་རྒྱ་ནག་ནས་འགྱིག་གི་ཅ་དངོས་ཁ་ཤས་ཤིག་ལྐོག་རྔན་ལ་ཞེན་པའི་བློ་ཆུང་བྱིས་པ་ཞིག་འདུག ཁོ་ཆབ་སྲིད་པ་ཡིན་མདོགས་ཁ་པོ་ཡིན་ས་རེད། འོན་ཀྱང་ཁོ་ལ་ཆབ་སྲིད་པ་ཞིག་ལས་ཚོང་པ་ཆུང་ཆུང་ཞིག་གི་བསམ་བློའང་མི་འདུག
    ཨ་རི་ནི་དམངས་གཙོའི་རྒྱལ་ཁབ་ཞིག་རེད། མ་ཟད་ལོ་རྒྱུས་སྟེང་དམར་ཕྱོགས་ལ་ཁ་གཏད་ལྕོག་མཁན་དང་པོ་དེ་ཆགས་ཡོད་པ་རེད། རྒྱ་ནག་ནི་དམར་ཕྱོགས་ཀྱི་གཞི་རྩ་བྱས་པའི་བཙན་གནོན་རང་ལུགས་ཀྱི་རྒྱལ་ཁབ་ཞིག་རེད། འདི་ནི་སྲིད་ཕྱོགས་ཀྱི་འགལ་ཟླ་སྟེ་གཅིག་གིས་གཅིག་ལ་མགོ་སྒུར་མི་འོས་པ་ཞིག་དང་མི་སྲིད་པ་ཞིག་རེད།
    ཚོང་ཕྱོགས་ནས་ལོ་རབ་བརྒྱད་ཅུ་དང་དགུ་བཅུ་ནས་ཨ་རིས་རྒྱ་ནག་ལ་ཚོང་འབྲེལ་བྱས་དེ་ཉེས་སྟོང་ལོ་ཡན་ནས་བཟོ་ལས་ཚོང་འབྲེལད་ཨ་རིས་ཕྱོགས་ནས་ཇེ་ཟབ་དུ་བཏང་དེ་ནི་ཨ་རིའི་གཞུང་གིས་ཁེ་བཟང་ཟ་འདོད་རེད་འོན་ཀྱང་དེ་ནི་ཆེས་ནོར་འཕྲུལ་རེད། དེ་ནས་བཟུང་ཨ་རིའི་རྒྱུ་ངོས་ཅ་ལག་གི་རྒྱུ་སྤུས་ཇེ་ཞན་དུ་སོང་། དེས་རྐྱེན་པས་མི་ཐམས་ཅད་ཀྱིས་ཨ་རིའི་རྒྱུ་ངོས་ཉོས་འཚམས་བཞགས། དེ་ལ་གཞི་བཞག་ནས་ཨ་རིའི་དཔལ་འབྱོར་ལ་ཅུང་གུད་ཆེས་ཆེན་པོ་ཕོག འདི་ནི་རག་ཟིན་ཞིག
    ད་དུང་ཡང་ཨ་རིའི་གཞུང་གཉིད་དུ་ཡུར་ནས་ཅོལ་ཆུང་ ཧྥུ་རེ་ཌི་ ཊིན་ཁོ་ལྟ་བུར་དབང་ཆ་སྤྲད་ནས་རྒྱ་ནག་ལ་མགོ་འདོགས་བྱས་ན་ད་ནས་ལོ་ངོ་ཉི་ཤུའི་རྗེས་སུ་ཨ་རིའི་ཤུལ་དུ་ཐལ་རྡུལ་ཞིག་ལས་ལྷག་རྒྱུ་ཁེགས་པོ་རེད།

    Reply
  2. གངས་མྱུག says:
    ལོ་ 15 སྔོན།

    ད་རྒྱ་གར་གྱི་ཆུ་ཚོད་བདུན་དང་ཕྱེད་ཀའི་ཐོག་མཇལ་འཕྲད་གནང་གི་ཡོད་ན་རྒྱ་ནག་སྤྲོ་ལངས་ནས་བཀད་ནའང་སྡུག་གྱོང་རེད།འདིས་ཨ་རི་ནི་དམངས་གཙོ་དང་དྲང་བདེན་ལ་རྒྱབ་སྐྱོར་བྱེད་མཁན་ཞིག་ཡིན་པ་མཚོན་གྱི་ཡོད།

    Reply
  3. གངས་མྱུག says:
    ལོ་ 15 སྔོན།

    ད་རྒྱ་གར་གྱི་ཆུ་ཚོད་བདུན་དང་ཕྱེད་ཀའི་ཐོག་མཇལ་འཕྲད་གནང་གི་ཡོད་ན་རྒྱ་ནག་སྤྲོ་ལངས་ནས་བཀད་ནའང་སྡུག་གྱོང་རེད།འདིས་ཨ་རི་ནི་དམངས་གཙོ་དང་དྲང་བདེན་ལ་རྒྱབ་སྐྱོར་བྱེད་མཁན་ཞིག་ཡིན་པ་མཚོན་གྱི་ཡོད།

    Reply
  4. གངས་མྱུག says:
    ལོ་ 15 སྔོན།

    ད་རྒྱ་གར་གྱི་ཆུ་ཚོད་བདུན་དང་ཕྱེད་ཀའི་ཐོག་མཇལ་འཕྲད་གནང་གི་ཡོད་ན་རྒྱ་ནག་སྤྲོ་ལངས་ནས་བཀད་ནའང་སྡུག་གྱོང་རེད།འདིས་ཨ་རི་ནི་དམངས་གཙོ་དང་དྲང་བདེན་ལ་རྒྱབ་སྐྱོར་བྱེད་མཁན་ཞིག་ཡིན་པ་མཚོན་གྱི་ཡོད།

    Reply
  5. གངས་མྱུག says:
    ལོ་ 15 སྔོན།

    ད་རྒྱ་གར་གྱི་ཆུ་ཚོད་བདུན་དང་ཕྱེད་ཀའི་ཐོག་མཇལ་འཕྲད་གནང་གི་ཡོད་ན་རྒྱ་ནག་ཁོང་ཁྲོ་ལངས་ནས་བཀད་ནའང་སྡུག་གྱོང་རེད།འདིས་ཨ་རི་ནི་དམངས་གཙོ་དང་དྲང་བདེན་ལ་རྒྱབ་སྐྱོར་བྱེད་མཁན་ཞིག་ཡིན་པ་མཚོན་གྱི་ཡོད།

    Reply
  6. ཙན་དན་ལོ་མ། says:
    ལོ་ 15 སྔོན།

    མི་འདིས་དྲང་བདེན་དང་འགྲོ་བ་མིའི་ཐོབ་ཐང་ཁས་ལེན་མེད་སྟབས་དྲག་སྤྱོད་ནི་ཐབས་ཤེས་ཡང་དག་པར་ཡིད་ཆེས་བྱེད་མཁན་གྱི་ Taliban གྱི་ལངས་ཕྱོགས་དང་བྱེད་སྟངས་དེ་ཆེས་འགྲིག་ཡོད་པར་ངོས་འཛིན་མི་བྱེད་ཐབས་མེད་རེད། འདི་འདྲིའི་བསམ་བློ་ལ་གདོང་ལེན་བྱེད་ཆེད་འཛམ་གླིང་དམག་ཆེན་གཉིས་པའང་བྱུང་རེད། འཛམ་གླིང་གི་དྲག་སྤྱོད་པའང་བསམ་བློ་འདྲལ་་གདོང་ལེན་བྱེད་ཆེད་བྱུང་བ་རེད། མི་རིགས་གྲངས་ཉུང་དང་ཉམས་ཆུང་ལ་འདི་འདྲའི་བརྙས་བཅོས་དང་མཐོང་ཆུང་བྱས་པ་ནི་ཡིད་ལ་འཛིན་དགོས་པ་ཞིག་རེད། གལ་སྲིད་ང་མི་འདི་དང་ཐུག་པ་ཡིན་ན་བཟོད་སྒོམ་བྱེད་ཁག་པོ་རེད། སྲོག་ནི་འདི་འདྲིའི་ཆེད་དུ་གཏོང་ཕོད་ན་གཟི་བརྗིད་རེད།

    Reply
  7. ཙན་དན་ལོ་མ། says:
    ལོ་ 15 སྔོན།

    གོང་གི་མི་འདིས་གོ་ལ་ཆེན་པོ་འདིའི་ཐོག་མི་ཁྲག་གི་ཁ་དོག་བསྒྱུར་མཁན་གྱི་ཉེས་ཅན་པ་རྒྱ་ནག་དམར་ཕྱོགས་གཞུང་ལ་འདི་ལྟར་རེ་བ་དང་རྒྱབ་སྐྱོར་བྱེད་པ་ནི་རྒྱལ་སྤྱིའི་འགྲོ་བ་མིའི་རིན་ཐང་དང་། རྒྱལ་སྤྱིའི་འགྲོ་བ་མིའི་ཐོབ་ཐང་མ་ཤེས་པའམ་མི་བརྩི་བའི་མི་སྒེར་སེམས་ཆེན་པོ་དང་། འཛམ་གླིང་གི་ཞི་བདེ་དང་འདྲ་མཉམ་སོགས་ལ་སེམས་ཁུར་མེད་པར་སྒེར་སེམས་ཁོ་ན་ལས་མེད་མཁན་ཞིག་རེད། ཁོའི་བསམ་ཚུལ་ཡིན་ན་མི་རིགས་ཆུང་ཆུང་ཚང་མ་རྒྱལ་ཁབ་ཆེན་པོ་ཚོས་གང་བྱུང་རྡོག་བརྫིས་གཏོང་ཆོག་པ་དང་། གཞན་པ་ཚོས་ཀྱང་དེ་ལ་རྒྱབ་སྐྱོབ་བྱེད་དགོས་པའི་བསམ་བློ་དེ་ནི་མི་ཡུལ་གྱི་མི་ཞིག་གི་བསམ་བློ་གཏོང་སྟངས་ཡིན་ག་ལ་སྲིད། ཆེན་པོ་ཚོས་ཆུང་ཆུང་རྣམས་ཟ་ཆོག་པའི་ཁྲིམས་ལུགས་དེ་རྒྱ་མཚོའི་འོག་གི་སྲིན་འབུ་ཕྲ་མོ་དང་དུད་འགྲོའི་གྲོང་ཁྱེར་དང་། ཡང་ན་ཤིང་ནགས་ནང་གི་གཅན་གཟན་གྱི་གནས་དག་ཏུ་ཡོད་སྲིད་པ་ལས། མི་ཡུལ་དུ་བསམ་ཚུལ་དང་གོམས་གཤིས་འདི་འདྲ་རན་པོ་མེད། མི་ཡུལ་དུ་རྒྱལ་སྤྱིའི་འགྲོ་བ་མིའི་ཐོབ་ཐང་ལ་བརྩི་དགོས་པ་དང་། ཐ་ན་དེའི་ཆེད་དུ་མཉམ་འབྲེལ་རྒྱལ་ཚོགས་ཀྱང་བཙུགས་པ་རེད།
    ཧ་ཝ་ཡེ་དང་བོད་ནང་གི་གནས་སྟངས་ཀྱི་ཁྱད་པར་ཙམ་མ་མཐོང་བར་མཉམ་དུ་གླེང་བ་ནི་ལོ་རྒྱུས་མིག་བཙུམ་ནས་ཀློག་མཁན་ཞིག་མིན་འགྲོ། ཨ་རིའི་བཙོན་ཁང་ཁག་ནང་ཧ་ཝ་ཡེའི་ཐོབ་ཐང་རྩོད་མཁན་གྱི་ཆབ་སྲིད་བཙོན་པ་གཅིག་ཀྱང་ཡོད་པ་རེད་དམ། ཧ་ཝ་ཡེའི་་མི་ཚོའི་འདོད་པ་ཁེངས་པ་དང་མི་ཚེ་སྐྱིད་པོ་ཡོད་ན་རྒྱལ་ཁབ་སུ་འདྲ་ཞིག་གི་མངའ་ཁོངས་བྱེད་ན་འགྲིག་གི་རེད། བོད་ནི་དེ་ལས་ལྡོག་ཏེ་བཙན་དབང་ཁོ་ན་ལ་བརྟེན་ནས་བཟུང་ཡོད་པ་དང་། བོད་ནང་འགྲོ་བ་མིའི་ཐོབ་ཐང་རྩོད་ལེན་བྱེད་མཁན་གྱི་བོད་མི་ཆབ་སྲིད་བཙོན་པ་ག་ཚོད་རྒྱ་ནག་གི་བཙོན་ཁང་དུ་གནས་ཡོད་པ་རེད་དམ། དེ་རིང་ཡང་ཁྲི་སྟོང་སྟོང་ཕྲག་མང་པོ་ཡོད་པ་རེད། ཨ་རིའི་བཙོན་ཁང་ནང་ཧ་ཝ་ཡེའི་ཆབ་སྲིད་བཙོན་པ་ཡོད་པ་རེད་དམ། མེད་པ་ཡིན་ན་མངའ་ཁུལ་དེར་ཐོབ་ཐང་ཡོངས་རྫོགས་ཐོབ་ཡོད་པ་དང་རྩོད་མི་དགོས་པའི་དཔང་རྟགས་རེད། བོད་ལའང་འགྲོ་བ་མིའི་ཐོབ་ཐང་ཆ་ཚང་ཡོད་པ་ཡིན་ན་རྒྱ་ནག་གི་མངའ་འབྲེལ་ཆགས་མ་ཆགས་དེ་ཙམ་གལ་ཆེན་པོ་མ་རེད།
    མདོར་ན་མི་འདི་འདྲ་ལ་ལན་ཡང་དག་པ་དེ་ Taliban རེད། གང་ཡིན་ན་ཟེར་ན་མི་འདི་ནི་དམག་ཤུགས་ཁོ་ནར་ཡིད་ཆེས་བྱེད་པ་དང་། དམག་ཤུགས་ཀྱིས་ཐག་བཅད་པ་ཚང་མ་ཁྲིམས་མཐུན་ཡིན་དགོས་ཟེར་སྟངས་ལ་ལྟོས་ན། སྒེར་སེམས་ཁོ་ན་ལས་འཛམ་གླིང་གི་ཞི་བེད་དང་འགྲོ་བ་མིའི་ཐོབ་ཐང་མི་དགོས་པའི་རྒྱ་མི་ཞིག་མིན་འགྲོ་སྙམ། རང་དབང་དང་འགྲོ་བ་མིའི་ཐོབ་ཐང་ལ་ལོངས་སྤྱོད་མྱོང་མཁན་ཞིག་རང་དབང་ལུང་ནང་འཚར་ལོངས་བྱུང་བའི་མི་ཞིག་འདི་འདྲ་དྲན་མི་སྲིད་པ་ཞིག་རེད།

    Reply
  8. ལུང་རྟོགས། says:
    ལོ་ 15 སྔོན།

    གོང་གི་ཧྥུ་རེ་ཌི་ཊིན་ཞེས་པའི་མི་འདིའི་མིང་ལ་བལྟས་ན་ཕྱི་རྒྱལ་བ་ཞིག་མིན་ནམ་སྙམ། གལ་ཏེ་ཕྱི་རྒྱལ་བ་ཞིག་ཡིན་ན་རྒྱ་ནག་གི་དཔལ་འབྱོར་གྱི་བསླུ་དྲིད་གི་འོག་ལ་ཚུད་ཟིན་པ་ཞིག་ཡིན་པ་ཐག་གི་ཆོད། སྤྱིར་འཛམ་བུ་གླིང་ནས་ད་ལྟའི་ཆར་དཔལ་འབྱོར་ལ་དོ་བསྣང་ཤུག་ཆེར་བྱེད་བཞིན་ཡོད་ཀྱང་། དམང་གཙོ་དང་འགྲོ་བ་མིའི་ཐོབ་ཐང་སོགས་ནི་ནུབ་ཕྱོགས་དམང་གཙོའི་རྒྱལ་ཁབ་དང་། རྒྱ་ནག་ལྟ་བུའི་དབང་ཆ་གཅིག་བསྡུད་རིང་ལུག་བར་གི་བལྟ་གྲུབ་གི་འགལ་ཟླ་ཞིག་ཡིན་པས། གལ་ལ་ཐུག་ན་དཔལ་འབྱོར་ལས་འདི་ལ་གལ་ཆེར་བརྩི་ངེས་རེད། མ་ཟད་སྲིད་གཞུང་ཁག་གི་སྲིད་ཇུས་ཇི་ལྟར་ཡིན་ཡང་། འཛམ་གླིང་མི་མང་ནས་དམང་གཙོ་དང་། འགྲོ་བ་མིའི་ཐོབ་ཐང་། ཆོས་ལུག་མཐུན་བསྒྲིལ་བཅས་ལ་གལ་ཆེར་བརྩི་བཞིན་ཡོད་པས། ཨོ་བྷ་མ་ལྟ་བུའི་དམང་གཙོའི་རྒྱལ་ཁབ་ཀྱི་དབུ་ཁྲིད་ཞིག་གི་རྒྱ་ནག་གི་མནོན་ཤུག་འོག དམང་གཙོ་དང་། འགྲོ་བ་མིའི་ཐོབ་ཐང་། ཆོས་ལུག་མཐུན་བསྒྲིལ་བཅས་ཀྱི་མཚོན་བརྟག་ལྟ་བུར་གྱུར་པའི་༸གོང་ས་མཆོག་ལ་མཇལ་འཕྲད་ཕྱིར་མཐེན་བྱེད་རྒྱུ་ནི་ལས་ལྷ་པོ་ཞིག་མ་རེད་

    Reply
  9. དགུ་ཚིགས་སྐྱ་མོ། says:
    ལོ་ 15 སྔོན།

    བོད་མི་དམར་པོའི་ལུང་པ་ཞིག་ཆགས་སོང་ན་ཕར་ཆེར་བོད་རང་གི་སྡུག་རེད་མ་གཏོགས་འབྱོར་ལྡན་རྒྱལ་ཁབ་གཞན་དག་ལ་གནོད་དོན་ཅི་ཡོད། ད་དུང་སྤྱིར་འཛམ་གླིང་ལ་མཚོན་ན་བོད་འདི་གལ་ཆེན་ཞིག་ཡིན་མིན་ང་ཚོ་མངོན་གསལ་རེད། དེང་སང་འཛམ་གླིང་ན་དཔལ་འབྱོར་ཡར་རྒྱས་དང་གསར་བདོད་རང་བཞིན་གྱི་རིགས་ལ་གདེངས་འཇོག་བྱེད་སྐབས་རེད་མ་གཏོགས། རྗེས་ལུང་དང་སྤྲང་པོ་ཁྱུ་གཅིག་མི་གྲབ་དང་ཁྱི་གྲབ་གང་ཡང་མེད་པ་བོད་མི་ཚོས་ཧ་གོ་དགོས།

    Reply
  10. ཅོ་རི་ཉི་མ། says:
    ལོ་ 15 སྔོན།

    གལ་སྲིད་འཛམ་གླིང་ཐོག་གི་དམངས་གཙོ་རྒྱལ་ཁབ་ཚོས་བོད་མི་རིགས་འདིར་རྒྱབ་སྐྱོབ་ཡག་པོ་མ་བྱེད་ན། བོད་མི་རིགས་འདི་དམར་ཕྱོགས་སུ་འགྱུར་རྒྱུ་ལས་ཐབས་གཞན་མེད། འཛམ་གླིང་དམར་པོ་ཆགས་དུས་བོད་མི་གཅིག་པོ་མིན་པ་འཛམ་གླིང་མི་མང་ཚང་མའི་སྡུག་བསྔལ་ཉམ་དགོས་ཐུག་ཡོང་བ་འདི་ཡང་ཤེས་ན་ཡག་པོ་རེད་ད།
    དེའི་ནང་ནས་འབྱོར་ལྡན་རྒྱལ་ཁབ་ཁག་གིས།།།།།།།།།།།།།།།།།

    Reply
  11. ཅོ་རི་ཉི་མ། says:
    ལོ་ 15 སྔོན།

    ཧྥུ་རེ་ཌི་ ཊིན་ལགས་ཀྱི་བསམ་ཚུལ་འདི་ཅི་འདྲ་བའི་དགོད་སྤྲོ་བ་མི་འདུག་གམ། ད་རིང་༧གོས་ས་མཆོག་གིས་ཨོ་བྷ་མར་མཇལ་འཕྲད་གནང་བ་འདི་ནི་ཨ་རི་དང་རྒྱ་ནག་བར་གྱི་འབྲེལ་བ་དང་གནས་སྟངས་ཡོད་པ་རྣམས་གྲོས་བསྡུ་གནང་གི་རེད། ཨ་རྒྱ་གཉིས་ཀྱི་ལྟ་བའི་ཐོག་ཏུ་སྔར་ནས་འགལ་ཟླ་ཡོད་པ་དང་རྒྱ་ནག་གིས་བཙན་རྒྱལ་ཨ་མེ་རི་ཀ་འཛམ་བུ་གླིང་གི་སྤྱིའི་དགྲ་བོ་ཡིན་པ་ངོས་ལེན་བྱས་པ་འདི་ཡང་སྐབས་རེའི་གནད་དོན་ཐོག་དངོས་གནས་བདེན་པ་འདྲ་པོ་ཡོད།
    ཨ་རིའི་ཕྱོགས་ཀྱིས་དམར་ཕྱོགས་པའི་ལྟ་བ་འདི་ནི་མི་དམངས་དུང་ཕྱུར་མང་པོ་འགོ་བསྐོར་དང་བཙན་དབང་གི་ཐོག་ཏུ་བེད་སྤྱོད་བྱས་པ་ལས་སྤྱི་མི་དམངས་ཀྱི་ཁེ་ཕན་དང་རང་དབང་མེད་པའི་ལྟ་བ་ཞིག་ངོས་ལེན་བྱས་ཀྱིན་ཡོད་རེད།
    ཀྲུང་ཧྭ་མི་དམངས་སྤྲི་མཐུན་རྒྱལ་ཁབ་ཀྱིས་བོད་ཀྱི་སྐུ་ཚབ་རྣམས་ལ་བྱེད་མི་རུང་བ་བཞི་སྤྲད་ཡོད་པ་རེད། འདི་ནི་༧གོང་ས་མཆོག་གཙོ་བཙན་བྱོལ་བོད་མི་རྣམས་ཀྱིས་དམར་ཕྱོགས་བྱེད་ཐུབ་དང་མི་ཐུབ་པའི་སྐད་ཆ་ཞིག་རེད་འདོད། གལ་སྲིད་༧གོང་ས་མཆོག་གི་འགོ་ཁྲིད་པའི་བཙན་བྱོལ་གཞུང་མང་གཉིས་ཀྱིས་དམར་ཕྱོགས་ལྟ་བ་སློབ་སྦྱོང་དང་ཀྲུང་ཡ་སྲིད་གཞུང་ལ་ཁ་ཞེན་གཉིས་ཀྱི་བརྩི་སྲུང་དང་རང་གི་རྒྱལ་ཁབ་ཡིན་པ་ངོས་ལེན་གནང་མ་ཐུབ་ན། ཀྲུང་ཡ་དཔོན་རིགས་ཚོས་དུས་ནམ་ཡང་༧གོང་ས་མཆོག་གི་འགོ་ཁྲིད་པའི་བོད་བཙན་བྱོལ་གཞུང་མང་གཉིས་དམར་པོའི་སྤྱི་མཐུན་རྒྱལ་ཁབ་ཀྱི་དགྲ་བོ་ཞིག་ཡིན་པ་ལས་རང་མི་ཞིག་ཡིན་པ་ངོས་ལེན་ག་ལ་ཡོད།
    ད་ལན་ཨོ་བྷ་མས་བོད་འདི་ཀྲུང་ཧྭ་མི་དམངས་སྤྱི་མཐུན་རྒྱལ་ཁབ་ཀྱི་ཆ་ཤས་ཡིན་པ་དང་༧གོང་ས་མཆོག་གི་འགོ་ཁྲིད་པའི་བོད་མི་རྣམས་ཀྱིས་ཁ་ཞེ་གཉིས་མེད་ཀྱིས་རྒྱ་ནག་དམར་ཕྱོགས་རྒྱལ་ཁབ་ལ་ཡིད་ཆེས་དང་རང་རྒྱལ་ལྟ་བུ་སྲུང་སྐྱོབ་ལྷག་བསམ་རྣམ་དག་གི་ཐོག་ཏུ་སྤྱི་མཐུན་རྒྱལ་ཁབ་དར་རྒྱས་གཏོང་ནས་བལ་ཡུལ་དང་རྒྱ་གར་ནང་དུ་དམར་ཕྱོགས་ཁྱབ་ཐུབ་པ་བྱེད་དགོས་ཟེར་ནས་གསུངས་ན་ཧཧཧཧཧཧཧཧཧ།
    ཨ་རིའི་གཞུང་དང་སྲིད་འཛིན་ཨོ་བྷ་མས་བོད་མི་རིགས་འདིར་རྒྱབ་སྐྱོབ་ཡག་པོ་ཞིག་དང་བོད་མི་རིགས་འདིས་མཐའ་ཐུག་རང་བཙན་སྒྲུབ་ས་ཡོད་པའི་སྐད་ཆ་མ་བཤད་པ་ཡིན་ན། བོད་མི་འདིས་ཀྲུང་ཧྭ་མི་དམངས་སྤྱི་མཐུན་རྒྱལ་ཁབ་དང་རྡོག་རྩ་གཅིག་སྒྲིལ་གྱི་ཐོག་ནས་བལ་ཡུལ་རྒྱལ་ཁབ་དང་རྒྱ་གར་བཅས་ཚང་མ་དམར་ཕྱོགས་བཟོ་རྒྱུ་ཡིན་ཞུ་ན་ཅི་གསུངས་ཡོང་ངམ།
    གལ་སྲིད་བོད་མི་རིགས་འདི་དམར་ཕྱོགས་ལ་འགྱུར་པ་ཡིན་ན་འཛམ་གླིང་འདི་དམར་པོ་བཟོ་ཐུབ་པ་ཡང་དེང་སང་འཛམ་གླིང་གི་མཁས་དབང་རྣམས་ཀྱི་ཤེས་དང་ཤེས་བཞིན་ཡོད་པ་འདྲ། མ་རེད་དམ།
    འཛམ་བུ་གླིང་གི་མི་རྣམས་ཀྱི་ཤེས་དགོས་པ་ནི་བོད་དང་ཀྲུང་ཧྭ་མི་དམངས་སྤྱི་མཐུན་རྒྱལ་ཁབ་གཉིས་རྡོག་རྩ་གཅིག་སྒྲིལ་ཆགས་པ་ཡིན་ན། འཛམ་གླིང་འདི་དམར་པོ་ཆགས་ཡོང་བ་ཡང་ཤེས་ན་དགའ་རེད་ད།
    ཡུང་རོ་དང་ཨ་རི་རྒྱ་གར་རྣམས་ཀྱིས་རྒྱ་ནག་གི་རྒྱལ་རྟེན་ཉིན་མོ་གོ་ལག་ཆ་མི་འདྲ་ལྔ་བཅུ་ང་གྲངས་མགྲོན་སྟོན་བྱས་པ་དེ་སུ་ཡི་འགོ་ཐོག་ཡིན་པ་ཤེས་ན་ཡག་པོ་ཡོད་ལེ་རེད།

    Reply
  12. རྒྱ་རྡེའུའི་དགེ་འདུན། says:
    ལོ་ 15 སྔོན།

    གང་ཞིག་བཤད་འདོད་ན་ཤོད།།ཨ་རྒྱ་གཉིས་ཀྱི་དཔལ་འབྱོར་ལ་གནོན་ཤུག་ཐེབ་ནི་མ་རེད་་་་་་རྒྱ་ནག་གི་སྔོན་ལ་ཅིག་བཅའ་འཇོག་ཁ་རེ་བཤད་རྒྱུ་གོམས་བདད་ཡོད་ནི་རེད་་་ཨ་རི་དང་ཚོང་འབྲེལ་བཅད་ན་རང་ཉིད་ལ་ཡང་གྱོང་གིན་ཆེན་པོ་ཐེབ་བཞིན་པ་ཤེས་ནི་རེད་ཡ་་་་་་

    Reply
  13. བསྟན་འཛིན་ཤེས་རབ། says:
    ལོ་ 15 སྔོན།

    རྒྱལ་ཁབ་ཀྱི་གནས་སྐབས་ཙམ་གྱི་ཁེ་ཕན་ཐད་ནས་བཤད་ན་ཁོས་བཤད་པ་དེར་ཡང་གནས་ལུགས་མེད་པ་མ་རེད་མོད། འཛམ་གླིང་སྤྱི་དང་འབྱུང་འགྱུར། ལྷག་དོན་འགྲོ་བ་མིའི་རིགས་ཀྱི་གནད་དོན་ཐད་ནས་བཤད་ན་ཁོས་བཤད་པ་དེ་རྦད་དེ་ནོར་འདུག

    Reply
  14. སེམས་བཟང་། says:
    ལོ་ 15 སྔོན།

    ཧྥུ་རེ་ཌི་ ཊིན་གྱིས་ཐེངས་འདིར་ཨོ་བྷ་མས་ཏཱ་ལའི་བླ་མར་མཇལ་འཕྲད་གནང་བ་ནི་བློ་རིག་ལྡན་པ་ཞིག་མ་རེད། ཅེས་ཞིན་ཧྭ་གསར་ཁང་ལ་བཤད་པ་དེ། གཅིག་བྱས་ན་རྒྱ་གཞུང་གིས་བརྒྱུད་བསྐུལ་བྱས་པ་ཡིན་སྲིད་ལ། གཅིག་བྱས་ན་དཔལ་འབྱོར་ཡར་རྒྱས་རྐྱང་པར་ཁ་ཕྱོགས་པའི་བལྟ་ཚུལ་ཙམ་ཡིན་སྲིད། གང་ལྟར་ཨ་རིའི་གཞུང་གིས་ད་ལྟ་དང་མ་འོངས་པའི་གནས་ཚུལ་ཆ་ཚང་བར་ཞིབ་འཇུག་གིས་ཕུགས་རྒྱང་རིང་པོའི་དགེ་ཕན་ལ་གཟིགས་ནས་མཇལ་འཕྲད་གནང་རྒྱུ་གཏན་འཁེལ་བྱས་པ་ཞིག་ཡིན་ཕྱིར། ཐེངས་འདིའི་མཇལ་འཕྲད་གནང་བ་ནོར་བར་བཤད་པ་ནི་དོན་དངོས་དང་མཐུན་པ་ཞིག་མ་རེད།

    Reply
  15. བྲག་འགོ་དཀོན་མཆོག་དར་རྒྱས། says:
    ལོ་ 15 སྔོན།

    ངེས་པར་དུ་་་༧་གོང་ས་མཆོག་ཨ་རིའི་སྲིད་འཛིན་དང་མཇལ་འཕྲད་གནང་དགོས།
    དེ་ནི་འཛམ་གླིང་གི་གནད་དོན་དང་འབྲེལ་བ་སྟིང་ཟབ་ཡོད་པ་མ་ཟད། རྒྱ་བོད་དང་ཨ་རྒྱ་གཉིས་ཕན་ཐོག་ཆེན་པོ་ཡོད།
    རྒྱ་ནག་གི་ད་ལྟའི་བར་མི་རིགས་མང་པོའི་བར་བཙན་འཛུལ་བྱས་ནས་བོད་སོགས་མི་རིགས་ལྔ་བཅུ་ལྷག་བཙན་གནོན་འོག་དབང་དུ་བསྡུས་ཟིན་པ་མ་ཟད།
    མི་རིགས་རང་རང་གི་ཆོས་དང་རིགས་རྩ་བརླགས་གཏོངས་ཟིན།
    ད་དུང་་ན་ནིང་ད་ལོ་་རྒྱ་ནག་གཞུང་འཛིན་པ་ཁག་ཅིག་གིས་གློ་བུར་དུ་གཉིད་ལས་སད་པ་བཞིན་་༼་་་་་བོད་དང་ཤིན་བཅང་་་་༽་་་་་གཉིས་དཔལ་འབྱོར་དང་མི་རིགས་འཆམ་འཐུན་སོགས་ཆ་རྐྱེན་མང་པོ་ཞིག་བསྒྲང་ནས་རྫུ་བག་སྟོན་བཞིན་ཡོད་།།
    དེ་དག་ཚང་མ་་་་༧་་གོང་ས་མཆོག་དང་་་་བོད་གཞིས་ལུས་དཔའ་བོ་དཔའ་མོ་རྣམས་ལ་ཁ་གཏད་ལངས་ཐབས་སོགས་
    ངན་ཇུས་སྣ་ཚཚོགས་སྤེལ་བཞིན་ཡོད་དོ།།
    རྒྱ་ཁ་ལ་ཉན་བསྡད་ན་་་
    ་འཛམ་གླིང་ནང་ཆགས་འཇིགས་ཡོང་བ་ལས་བདེ་སྐྱིད་འབྱུང་མི་སྲིད་པ་་དང་
    ཞི་མཐུན་ལྷིང་འཇགས་རྩ་མེད་འགྲོ་བ་ལས་དགེ་ཕན་གང་མེད་པ་ཚང་མས་ཤཻས་དགོས་སོོོ།

    Reply

དཔྱད་མཆན་སྤེལ། Cancel reply

Your email address will not be published. Required fields are marked *

སྤྱི་ཚོགས་དྲ་གནས།

ཁྱབ་བསྒྲགས།

དྲ་ངོས་ཀྱི་གནས་ཚུལ་ཚང་མའི་པར་དབང་བོད་ཀྱི་དུས་བབ་ལ་ཡོད།

གློག་འཕྲིན།

editor@tibettimes.net | office@tibettimes.net

ཁ་པར།

+91-98823-47075 | +91-92189-38041 | +91-81972-44372

Welcome Back!

OR

Login to your account below

Forgotten Password?

Retrieve your password

Please enter your username or email address to reset your password.

Log In

Add New Playlist

No Result
ཆ་ཚང་གཟིགས།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
    • གླ་ཡོད་རིན་གོང་།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese