མདུན་ངོས།
About Us
  • English
Advertisement
བོད་ཀྱི་དུས་བབ།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
    • གླ་ཡོད་རིན་གོང་།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese
No Result
ཆ་ཚང་གཟིགས།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
    • གླ་ཡོད་རིན་གོང་།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese
No Result
ཆ་ཚང་གཟིགས།
བོད་ཀྱི་དུས་བབ།
English
No Result
ཆ་ཚང་གཟིགས།

སྤྱིན་བདག་མི་དགོས། གྲྭ་བ་མི་བྱེད། {དངོས་སྒྲུང་།} རེ་བཞི།

བོད། ཤ་ཁྲག་རུས་གསུམ།
༢༠༡༠/༠༢/༡༧
Share on FacebookShare on TwitterShare on EmailShare on Whatsapp
་་་་་་་་་དངོས་སྒྲུང་འདི་བདག་ལ་རྒྱུས་མངའ་ཡོད་མཁན་གྱི་གྲྭ་བ་ཞིག་གི་ལོ་རྒྱུས་ཡིན།


བློ་བཟང་གིས་ཉིན་གཉིས་ཀྱི་རྗེས་སུ། ཕ་མ་གཉིས་ལ་སྐྱག་རྫུན་བཤད་དེ། དེ་རིང་ང་རྫོང་ཐོག་དུ་གྲོགས་པོ་ཞིག་གི་སར་འགྲོ་རྒྱུ་ཡིན། ཉེ་སྔོན་ནས་བཟུང་དེ་ཁོས་ང་རང་ཁོ་ཡོད་ས་རུ་གཅིག་ཡོང་རོགས། ལྷོད་ལྷོད་བྱས་དེ་ཁ་བརྡ་བྱས་ནས་འདུག་ཟེར་ནས་ཐེངས་མ་ཁ་ཤས་ཤིག་ལ་བཤད་སོང་།

བློ་བཟང་རང་གི་ནུ་བོ་ལྷ་འབུམ་རྒྱལ་དང་འགྲོག་ནས་རྫོང་ཐོག་གི་རླངས་འཁོར་ས་ཚིགས་དུ་སོང་བ་དང་། དེ་ནས་ཁོ་རང་ལ་བན་སྡེ་འཚོས་བཤད་པའི་སྐད་ཆ་དེ་དག་ཚང་མ་ཞིབ་དུ་བཤད་ནས། དོ་ནུབ་ང་རང་ཕྱིར་ཡོང་མི་ཐུབ་པ་གཏན་འཁེལ་ཡིན། འོན་ཀྱང་། ངས་དོ་ནུབ་ཀ་ཅུ་ནས་ཕྱིར་ཕ་མ་གཉིས་ལ་ཁ་པར་གཏོང་ཆོག ང་རང་རོགས་པ་ས་ན་བསྡད་ཡོད་ཅེས་བཤད་ཆོག

ཕྱི་དྲོ་ཆུ་ཚོད་བདུན་པ་མ་ཟིན་ཙམ་ལ་བློ་བཟང་སྔོན་ཆད་བན་སྡེ་འཚོ་ཁོ་གཉིས་བསྡོད་མྱོང་སའི་མགྲོན་ཁང་དེ་རུ་ཁང་བ་ཡོད་མེད་སྐད་ཆ་འདྲི་རུ་སོང་དུས། མགྲོན་བདག་གིས་ཁང་བ་ཚང་མ་ཁ་སང་ནས་མིས་འཁང་ནས་ཡོད་པ་རེད། གང་ཡིན་ཟེར་ན་དོ་ནུབ་འདི་རུ་གླུ་བ་སྐད་གྲགས་ཅན་ཐང་ཀར་སླེབས་ནས་གཞས་གཏོང་གི་ཡོད་སྟབས། ཕྱོགས་བཞི་མཚམས་བརྒྱད་ཀྱི་སྐུ་མགྲོན་དག་གིས་མགྲོན་ཁང་མ་རེག་པར་ཡོད་པ་རེད་ཅེས་བཤད་སྟབས། བློ་བཟང་ལ་ཐབས་ཤེས་མེད་པར་མགྲོན་ཁང་གི་སྒོ་འགྲམ་དུ་བན་སྡེ་འཚོ་ཡོང་བར་སྒུག་ནས་བསྡད།

ཆུ་ཚོད་བདུན་པ་སྐར་མ་ལྔ་དྲུག་ཞིག་གི་གཟུར་མ་ཐག བན་སྡེ་འཚོ་བློ་བཟང་ཡོད་སར་འབྱོར། དེ་དུས་དངོས་བློ་བཟང་གིས་ཁོ་མོ་མཐོང་བ་དང་དངོས་ནས་ཧ་ལས་པར་གྱུར། མོ་རང་ནི་སྔོན་ཆད་ལས་ཀྱང་ཇེ་ཡག་དུ་སོང་ཡོད་པ་མ་ཟད། དེང་རབས་གྱོན་ཆས་གསར་བ་ཞིག་གོན་ཡོད་པ་དེ་ཡི་ལྷག་དུ་རྒྱན་ཡོད་པ་རེད།

བན་སྡེ་འཚོས། བློ་བཟང་མགྲོན་ཁང་གླས་ཚར་བ་ཡིན་ནམ་ཟེར་ནས་ལག་མགོ་འཇུས་དེ་བཤད་དུས་སུ། བློ་བཟང་གིས་མགྲོན་ཁང་མི་རེག་པའི་རྒྱུ་མཚན་དག་བཤད་མ་ཐག བན་སྡེ་འཚོས། སྐྱོན་ནི་མ་རེད། འུ་གཉིས་ལ་མགྲོན་ཁང་བརྫིག་པོ་ཞིག་དགོས་དོན་ཡོད་པ་མ་རེད། འགྲོ འདི་ནས་སྒེར་གྱི་མགྲོན་ཁང་ཁེ་བོ་ཞིག་འཚོལ་དུ་འགྲོ

སྒེར་བའི་མགྲོན་ཁང་དེ་ཡི་གཙང་གྲྭ་ཡག་པོ་མེད་ཀྱང་། མགྲོན་གླ་ནི་དངོས་ནས་གོང་ཁེ་བོ་ཡིན་ན་ཡང་། ནང་ལོག་གི་ཉལ་ཆོས་སོགས་ལ་ཚུལ་དྲི་ཁ་བ་དང་དྲི་བཙོག་བྲོ་ན་ཡང་ཁོ་གཉིས་ལ་འདམ་ཁ་གཞན་མེད་སྟབས། མགྲོན་ཁང་དེ་ཐོ་འགོད་བྱས་ནས་ཁང་བའི་ནང་དུ་སོང་ནས་ཕན་ཚུན་ལ་འཐམ་ནས་ཅུང་ཙམ་བསྡད་རྗེས་སུ་ཕྱི་རུ་ཟ་མ་རེ་ཟ་རུ་སོང་།

དགོང་མོ་དེར་ཁོ་གཉིས་ཀྱིས་འདོད་པའི་བདེ་བ་རོལ་རྗེས་སུ། བན་སྡེ་འཚོས་རང་གི་མགོ་བོ་བློ་བཟང་གི་བྲང་ཁར་བཞག་ནས། ངས་ཁྱེད་རང་ལ་སྐད་ཆ་ཞིག་བཤད་རྒྱུ་ཡོད་ཟེར་བ་དེ་ནི་ང་རང་ལ་བྱིས་པ་འཁོར་འདུག་ཞེས་བཤད་མ་ཐག བློ་བཟང་གིས་དེ་ནི་དངོས་ནས་གཏམ་བཟང་རེད། ང་རང་དངོས་ནས་བྱིས་པ་གསོ་སྐྱོང་བྱེད་རྒྱུར་དགའ་བོ་ཡོད་ཅེས་བཤད་བཞིན་ཉལ་ཁྲིའི་འགྲམ་གྱི་ཐ་མག་རྐང་གཅིག་བླངས་དེ་མེ་རུ་སྒྲོན་བཞིན། ཁྱེད་རང་གིས་རང་ཉིད་ལ་བྱིས་པ་ཆགས་ཡོད་པ་ཇི་ལྟར་ཤེས་སོང་ཞེས་དྲིས།

བན་སྡེ་འཚོས། ཉིན་འགའི་སྔོན་དུ་ངས་ཁྱེད་རང་ལ་ཁ་པར་མ་བརྒྱབ་སྔོན་དེར། ང་རང་གི་གཅིན་པ་གཏན་ནས་བསྲན་ཐུབ་ཀྱི་མི་འདུག སྐར་མ་ཁ་ཤས་རེ་ཡི་ནང་དུ་གཙང་སྤྱོད་ལ་འགྲོ་དགོས་ཀྱི་འདུག དེ་དུས་ངས་རང་གི་ཨ་ཅེ་ལ་བཤད་པ་ཡིན། ཨ་ཅེ་ཡིས་བཤད་ན་བྱིས་པ་འཁོར་ཡོད་ན་ཐང་། སང་ཉིན་སྨན་ཁང་དུ་སོང་ནས་བརྟག་དཔྱད་ཅིག་བྱེད་ཟེར་བ་ལྟར། ངེད་གཉིས་སྨན་ཁང་དུ་སོང་ནས་བརྟག་དཔྱད་བྱས་པ་ཡིན། སྨན་པས་བཤད་ན་བྱིས་པ་འཁོར་ནས་བདུན་ཕྲག་གཉིས་ཙམ་འགྲོ་བཞིན་འདུག་ཟེར། དེ་ཡིན་དུས་ང་རང་བདུན་ཕྲག་གསུམ་ཙམ་གྱི་སྔོན་དེར་ཁྱེད་རང་གི་ནུ་བོའི་ནང་དུ་འུ་གཉིས་ཞག་བཀང་བོར་མ་ཉལ་བའི་བསྡད་པའི་དུས་ཚོད་དེ་དང་ཏག་ཏག་མཐུན་གྱི་འདུག སྨན་པས་བཤད་ན་ད་ལྟ་བྱིས་པ་མི་དགོས་པ་ཡིན་ལས་སླ་བོ་ཡོད་པ་རེད་ཟེར། ཁྱེད་རང་གིས་བསམ་ན་འུ་གཉིས་ལ་ད་ལྟ་བྱིས་པ་སྔ་འདུག་བསམ་ན་ངས་མེད་པ་བཟོ་ཆོག

བློ་བཟང་གིས་ཐ་མག་རྔུབ་འཐེན་བྱེད་ཞོར་དུ། ད་ནི་རང་ཉིད་མི་རིང་བར་ཁོ་མོ་དང་བྲལ་ནས་འགྲོ་བཞིན་ཡོད་པ་རེད། ཁོ་མོ་ལ་བྱིས་པ་ཞིག་ཆགས་ཡོད་པ་འདི་དངོས་ནས་བཤད་ན་མེད་པར་བཟོ་རྒྱུ་དེ་ཐབས་ཤེས་ཤིག་གཏན་ནས་མ་རེད། འོན་ཀྱང་། ངས་ཁོ་མོ་དང་ལྷན་དུ་མི་ཚེ་བསྐྱེལ་མི་ཐུབ་པ་ཐག་གིས་གཅོད་ཡོད་པ་རེ་སྙམ་བཞིན། བན་སྡེ་འཚོ། ང་རང་ལ་དངོས་ནས་བྱིས་པ་མེད་པར་བཟོ་རྒྱུ་དེར་གཏན་ནས་འཐད་པ་མེད་མཁན་གྱི་གྲངས་དེ་ཡིན། དེ་ཡིན་དུས་བྱིས་པ་དེ་མེད་པར་མ་གཏོང་། གནས་ཚུལ་ག་རེ་བྱུང་ཡང་། བྱིས་པ་དེ་བདག་པོ་རྒྱག་དགོས་པ་རེད་ཟེར་ནས་བཤད།

བན་སྡེ་འཚོས། ཁྱེད་རང་གིས་གང་བཤད་པ་དེ་ཡིན། གལ་སྲིད། ང་རང་དངོས་ནས་ཁྱེད་རང་དང་འགྲོག་རྒྱུ་མ་བྱུང་བ་ཡིན་ན། ང་ནི་དངོས་ནས་བོད་ཡུལ་ནས་གཏན་ནས་མི་འདུག ཉིན་མ་དེ་འདྲ་ཞིག་བྱུང་ཉིན་ནས་ང་རང་གི་ལས་ཀ་བྱེད་ས་འདིའི་འོ་མ་བཟོ་གྲྭ་ཞིག་རྒྱ་ཁོག་ཧྲིན་ཀྲིན་ཟེར་བ་དེ་རུ་ཡོད་པ་རེད། དེ་རུ་བུད་མེད་ཡོང་མཁན་མ་རེག་པར་བསྡད་འདུག ང་རང་དེ་རུ་སོང་ནས་མ་མཐའ་ལོ་ངོ་བདུན་བརྒྱད་ཅིག་ལ་ཕྱིར་མི་ཡོང་ཁོ་ཐག་ཡིན་ཟེར་ནས་བློ་བཟང་གི་སྐེ་རུ་འཐམ་ནས་བཤད།

བློ་བཟང་གིས། ཁྱེད་རང་གིས་དེ་འདྲའི་གླེན་འདང་རྒྱག་གི་མ་འདུག འུ་གཉིས་ལ་བར་ཆད་འདྲ་ཡོང་གི་མ་རེད་ཅེས་སེམས་གསོ་ཞིག་བྱས་ཀྱང་། དོན་དངོས་ཐོག སྐད་ཆ་དེས་བློ་བཟང་གི་སེམས་པ་དེ་འཁྱག་རོག་གེར་བཏང་བ་རེད།

ཕྱིར་ཉིན་ཞོགས་པ་ཆུ་ཚོད་དགུ་བ་མ་ཟིན་ཙམ་ཞིག་ལ། བན་སྡེ་འཚོ་ཕྱིར་ལས་ཀར་འགྲོ་དགོས་སྟབས། བློ་བཟང་གིས་ཁོ་མོ་དགའ་བའི་བག་ལེབ་དང་ཤིང་ཏོག་ཁ་ཤས་ཉོས་དེ་ལམ་འཇུག་བྱས། ཁོ་མོས་མི་རིང་བར་ཁ་པར་ཨང་གྲངས་ཤིག་སྤྲོད་ངེས་ཡིན། དེ་ཡི་སྟེང་ལ་ང་རང་ལ་འབྲེལ་བ་བྱེད་རོགས། དེ་ནས་ཁྱེད་རང་འབྲོག་ས་དེར་སོང་ནས་ས་ཆ་ཡག་པོ་ཞིག་རེག་སོང་བ་ཡིན་ན། ང་རང་འདི་ནས་ཕྱིར་འབུད་ཆོག་ཆོག་ཡིན། ཡིན་གཅིག་མིན་གཅིག་ཟླ་གཅིག་ཏག་ཏག་གི་རྗེས་སུ་ང་རང་ལ་འབྲེལ་བ་བྱེད་རོགས གལ་སྲིད་ཟླ་གཅིག་གི་རྗེས་སུ་ཁྱེད་རང་ལ་གྲགས་འགུལ་འདྲ་མེད་སོང་བ་ཡིན་ན། ང་རང་ཁྱེད་ཀྱི་ནུ་བོ་ལ་ཐུག་འཕྲད་བྱེད་དུ་ཡོང་ངེས་ཡིན། ཁྱོས་ཁོ་རང་ལ་སྐད་སྐུར་གང་ཞིག་ཡོད་ན་འཇོག་རྒྱུ་མ་བརྗེད་ཅེས་བཤད།

བློ་བཟང་གིས་རང་གིས་རང་ལ་ཁོང་ཁྲོ་སྐྱེ་བ་དང་རང་གིས་རང་ལ་ཨ་ཐང་ཆད་ཞོར་དུ། ཁོ་མོའི་རྗེས་སུ་བལྟས་དེ་བསྡད། ཁོ་མོས་བློ་བཟང་ལ་ལག་གཡུགས་ཤིག་བྱས་དེ་གླ་བྱེད་རླངས་འཁོར་དེ་ཡི་ནང་དུ་བུད་སོང་།

མུ་འགོད།

འབྲེལ་ཡོད་གསར་འགྱུར།

པར་བོད་ཀྱི་དུས་བབ་ཀྱི་བསྒྲིགས།
བསམ་ཚུལ།

རྒྱ་ནག་གི་ཆུ་མཛོད་ཆེན་མོ་དེ་ནི་གཙང་པོའི་སྟོད་རྒྱུད་ཀྱི་ཆུའི་འབར་རྫས་ཤིག་རེད།

༢༠༢༦/༠༩/༡༣
AfD party members celebrate victory in Saxony-Anhalt on Sunday [Matthias Schrader/AP]
Mobile App

གཡས་ཐལ་རིང་ལུགས་པའི་མགོ་འཕངས་ཇེ་མཐོ་རེད།

༢༠༢༦/༠༩/༡༡
Hong Kong’s Tiananmen vigil organizers handed lengthy prison terms
Mobile App

དྲུག་བཞིའི་དོན་རྐྱེན་རྗེས་དྲན་ཞུ་མཁན་གསུམ་ལ་བཙོན་འཇུག་ཁྲིམས་ཐག་བཅད།

༢༠༢༦/༠༩/༡༡
ངོ་རྒོལ་ལས་འགུལ་སྤེལ་སྐབས། གཞོན་ནུ་ལྷན་ཚོགས་ཀྱི་པར།
Mobile App

ཞི་ཅིན་ཕིན་རྒྱ་གར་དུ་ཡོང་བར་ངོ་རྒོལ་ཡོད།

༢༠༢༦/༠༩/༡༡
Hong Kong's then Chief Executive Tung Chee-hwa listens during a Legislative Council meeting, October 14, 2004. (REUTERS)
Mobile App

ཧོང་ཀོང་གི་སྤྱི་ཁྱབ་ཏོང་ཅན་ཧྭའི་ཚེ་སྲོག་དང་ལྷན་དུ་རྒྱལ་ཁབ་གཅིག་ལ་ལམ་ལུགས་གཉིས་ཞེས་པའི་སྲིད་ཇུས་མཇུག་བསྒྲིལ།

༢༠༢༦/༠༩/༡༠
Advertisement for App

བོད་ཀྱི་ཟློས་གར་ཚོགས་པའི་ལས་བྱེད་ས་མིག་གསལ་བསྒྲགས།

༢༠༢༦/༠༩/༡༠

མཆན། 8

  1. sha tak ri sim says:
    ལོ་ 17 སྔོན།

    སྤུན་ཟླ་ཚོ་ཕེབས་ནས་རང་རང་གི་ཁ་གཡང་དང་བསམ་ཚུལ་དག་གསུངས་པ་དེར་དགའ་ཡོད། རྗེས་ཕྱོགས་ཀྱང་ཕེབས་རོགས་གནོང་།

    Reply
  2. mheru says:
    ལོ་ 17 སྔོན།

    ཁྱིམ་དུ་བཅོས་རོགས།

    Reply
  3. mheru says:
    ལོ་ 17 སྔོན།

    ཤ་ཁྲག་ལགས་ཉིན་ཤས་ཁྱེད་ཀྱི་ཁྱིམ་དུས་ཡོང་ཁོམ་མ་བྱུང་དགོངས་འགལ་མེད་པ་ཞུ།
    མུ་མཐུད་ཕེབས་རོགས་དགའ་བསུ་ཡོད།

    Reply
  4. triyungdrung says:
    ལོ་ 17 སྔོན།

    ལོ་གསར་ལ་བཀྲ་ཤིས་བདེ་ལེགས་ཡིན་གོ

    Reply
  5. durkbey says:
    ལོ་ 17 སྔོན།

    ཨ་རོ། དུས་འདིར་རིན་ཐང་ཡོད་པའི་དངོས་སྒྲུང་ཁ་ཤས་དུས་བབ་ཟིན་སྟེགས་སྟེང་འཕངས་ཀྱིན་པ་ནི་དགའ་འོས་པ་ཞིག་འདུག

    Reply
  6. Kongthup says:
    ལོ་ 17 སྔོན།

    དྲ་གྲོགས་ཤ་ཁྲག་ལགས། གནམ་ལོ་གསར་བར་བཀྲ་ཤིས་བདེ་ལེགས་དང་མུ་འགོད་སྒྲུང་རིང་བཀོད་པར་བཀྲིན་ཆེ་ཞུའོ།།

    Reply
  7. free sopu says:
    ལོ་ 17 སྔོན།

    བཀླགས་ཟིན་ངོ་མ་ཡག་པོ་བྲིས་འདུག་ད་དུང་མུ་མཐུད་དུ་་་་་་

    Reply
  8. kangjinpa says:
    ལོ་ 17 སྔོན།

    དྲ་གྲོགས་ཤ་ཁྲག་ལགས། བཀླགས་ཟིན་པ་ཡིན། ངོ་མ་ཡག་པོ་འདུག བུད་མེད་བན་དེ་མཚོ་༼ཧྲིན་ཀྲིན་༽ལ་མི་འགྲོ་བའི་སྨོན་འདུན་ཞུ། མཇུག་དེའང་ཀློག་འདོད་ཆེ་ཀི

    Reply

དཔྱད་མཆན་སྤེལ། Cancel reply

Your email address will not be published. Required fields are marked *

སྤྱི་ཚོགས་དྲ་གནས།

ཁྱབ་བསྒྲགས།

དྲ་ངོས་ཀྱི་གནས་ཚུལ་ཚང་མའི་པར་དབང་བོད་ཀྱི་དུས་བབ་ལ་ཡོད།

གློག་འཕྲིན།

editor@tibettimes.net | office@tibettimes.net

ཁ་པར།

+91-98823-47075 | +91-92189-38041 | +91-81972-44372

Welcome Back!

OR

Login to your account below

Forgotten Password?

Retrieve your password

Please enter your username or email address to reset your password.

Log In

Add New Playlist

No Result
ཆ་ཚང་གཟིགས།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
    • གླ་ཡོད་རིན་གོང་།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese