མདུན་ངོས།
About Us
  • English
Advertisement
བོད་ཀྱི་དུས་བབ།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
    • གླ་ཡོད་རིན་གོང་།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese
No Result
ཆ་ཚང་གཟིགས།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
    • གླ་ཡོད་རིན་གོང་།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese
No Result
ཆ་ཚང་གཟིགས།
བོད་ཀྱི་དུས་བབ།
English
No Result
ཆ་ཚང་གཟིགས།

འབྱུང་འགྱུར་གྱི་ལོ་ལྔ་བཅུ་ལས་སླ་བོར་བསྐྱལ་ཐུབ་གི་མ་རེད།

བོད་ཀྱི་དུས་བབ།
༢༠༡༠/༠༢/༢༤
Share on FacebookShare on TwitterShare on EmailShare on Whatsapp

བཀའ་བློན་ཁྲི་པ་ཟམ་གདོང་རིན་པོ་ཆེ་མཆོག་གིས་ས་གནས་ཁག་གི་གཞིས་མགོ་རྣམས་ལ། འདས་པའི་ལོ་ལྔ་བཅུ་དེ་ང་ཚོས་ལས་སླ་བོ་དང་སྐྱིད་པོ་བྱས་ནས་བསྐྱལ་ཡོད་ལ། དཀའ་ངལ་ཡོད་པ་དེ་ཚོ་ཡང་ཆུང་ཆུང་རེད། ཡིན་ནའང་། མ་འོངས་པའི་ལོ་ལྔ་བཅུ་དེ་སྐྱིད་པོ་དང་ལས་སླ་བོ་བྱས་ཏེ་བསྐྱལ་ཐུབ་རྒྱུ་ཁག་པོ་རེད་ཅེས་གསུངས་ཡོད།

ཕྱི་ཚེས་ ༢༤ དང་ ༢༥ ཉིན་གཉིས་རིང་གངས་སྐྱིད་སྤྱི་ཐབ་ཚོགས་ཁང་ནང་། བོད་གཞུང་ནང་སྲིད་ལས་ཁུངས་ཀྱི་ཁྱབ་ཁོངས་འོག་གི་ས་གནས་མགོ་འཛིན་རྣམས་ཀྱི་འཛིན་སྐྱོང་དང་འབྲེལ་བའི་ཚོགས་ཐེངས་དྲུག་པ་འཚོགས་བཞིན་ཡོད་པ་དང་། ཚོགས་འདུའི་མཛད་སྒོའི་སྐུ་མགྲོན་གཙོ་བོར་བཀའ་བློན་ཁྲི་པ་ཟམ་གདོང་རིན་པོ་ཆེས་གཙོས་ལྷན་ཁང་ཁག་དྲུག་གི་བཀའ་བློན་རྣམ་པ་ཚོ་ཕེབས་ཡོད་པ་དང་། ཐེངས་འདིའི་ཚོགས་འདུའི་སྟེང་ ༢༠༠༧ ལོའི་ས་གནས་མགོ་འཛིན་ལྷན་འཛོམས་ཚོགས་འདུའི་གྲོས་ཆོད་ཁག་དབུས་ས་གཉིས་ནས་ལག་བསྟར་ཅི་ཞུས་ཀྱི་གྲུབ་དོན་ཐད་ནང་སྲིད་དྲུང་ཆེ་མཆོག་གིས་སྙན་སྒྲོན་ཞུ་རྒྱུ་དང་། སྔ་ལོ་ ༢༠༠༨ ཕྱི་ཟླ་ ༡༠ ཚེས་ ༢༥ ཉིན་ངྷ་སྟེང་བོད་ཁྱིམ་དབུ་བརྙེས་ནས་ལོ་ངོ་ ༤༨ འཁོར་བའི་དུས་དྲན་མཛད་སྒོའི་ཐོག་༧གོང་ས་མཆོག་གིས་ཤེས་ཡོན་དང་། གཞས་ཆགས་ཁག་སྲ་བརྟན་གྱི་ལས་འཆར་གསར་གཏོད་དགོས་པའི་བཀའ་སློབ་དང་། དེ་རྗེས་ ༢༠༠༨ ཟླ་ ༡༡ ཚེས་ ༡༧ ཉིན་གཞུང་མང་ཛ་དྲག་ཚོགས་འདུ་བསྐྱངས་རྗེས། ༢༠༠༨ ལོའི་ཟླ་ ༡༡ ཚེས་ ༢༣ ཉིན་གཙུག་ལག་ཁང་དུ་ཚོགས་བཅར་བ་ཡོངས་ལ་བཀའ་སློབ་སྤྱི་བསྩལ་བཅས་དབུས་སའི་གཞུང་མང་གཉིས་དང་། ལྷག་དོན་ཐོག་མའི་འཚོ་རྟེན་བཟོ་ལས་ལག་ཤེས་ལ་རྟེན་པའི་བཟོ་གཞིས་ཁག་ནས་ཚ་ཚ་འུར་འུར་གྱིས་རང་རང་འཁོས་དཔག་གི་སྤྱི་སྒེར་གཉིས་ཕན་གྱི་ཞུ་སྒོ་ཅི་མཆིས་ཐོག་བགྲོ་གླེང་། ༢༠༠༨ ལོའི་ཟླ་ ༤ ཚེས་ ༢ འཁོད་བཀའ་ཤག་ནས་བཙན་བྱོལ་བོད་མིའི་ཁྲོད་ཉམ་ཐག་རྣམས་ལ་ཞིབ་འཇུག་དང་ལྟ་སྐྱོང་བྱེད་ཕྱོགས་ཀྱི་ལས་གཞིའི་སྲིད་བྱུས་དང་། ལམ་སྟོན་ཕེབས་ཡོད་པའི་ནང་གསལ་ཁྱབ་ཁོངས་ས་གནས་མགོ་འཛིན་ཚང་མས་ལམ་སྟོན་ནང་གསལ་ལྟར་ཚུལ་བཞིན་ལག་བསྟར་ཞུ་ཕྱོགས་ལ་བཀའ་བསྡུར་དོན་སྨིན་ལམ་ལྷོང་ཡོང་སླད་སོགས་གྲོས་གཞི་ཁག་བཞིའི་ཐད། ཚོགས་ཆུང་བགོས་ཏེ་བགྲོ་གླེང་གནང་རྒྱུ་ཡིན་འདུག

ཉིན་དེར་བཀའ་བློན་ཁྲི་པ་མཁས་དབང་ཟམ་གདོང་རིན་པོ་ཆེ་མཆོག་གིས་བཀའ་སློབ་གསུང་བཤད་གནང་དོན། བོད་མི་སྐྱབས་བཅོལ་བ་རྣམས་འཛམ་གླིང་གི་སྲིད་དོན་སྐྱབས་བཅོལ་བ་གཞན་དག་དང་མི་འདྲ་བར། རིག་གཞུང་སྲུང་སྐྱོབ་དང་རྩ་དོན་གྱི་ལས་འགུལ་སྤེལ་ཕྱོགས། སོ་སོའི་འཚོ་ཐབས་སོགས་གང་ཡིན་ནའང་དམིགས་བསལ་གྱིས་གྲུབ་འབྲས་ཡོང་བའི་རྒྱུ་གཙོ་བོ་དེ་རྒྱ་བོད་འབྲུག་གསུམ་ནང་། བོད་མི་སྐྱབས་བཅོལ་བ་རྣམས་བྱེ་མའི་ནང་དུ་ཆུ་འཐིམ་པ་ལྟར་ཁ་འཐོར་དགུ་འཐོར་དུ་མ་ཕྱིན་པར། སྤྱི་ཚོགས་ཀྱི་ངོ་བོའི་ཐོག་གཞིས་ཆགས་ཐུབ་པ་དེས་རེད་ལ། གལ་སྲིད་ང་ཚོ་རྒྱ་གར་ནང་སླེབས་སྐབས་སྤྱི་ཚོགས་ཀྱི་རྣམ་པར་གྲུབ་མེད་པར། རྒྱ་གར་མི་མང་དུང་ཕྱུར་མང་བོའི་ནང་དུ་འཐིམ་ཟིན་ཡོད་ཚེ། ད་ལྟ་བཙན་བྱོལ་བོད་མི་དང་བཙན་བྱོལ་བོད་མིའི་སྒྲིག་འཛུགས་གཉིས་ཀར་མཛུབ་མོ་འཛུགས་ས་མེད་པ་ལྟ་བུ་ཆགས་ཟིན་པ་དང་། ལྷག་པར་དུ་འདས་པའི་ལོ་ལྔ་བཅུའི་ནང་གསར་དུ་བྱུང་བའི་བོད་མི་ན་གཞོན་དེ་ཚོ། བོད་མི་ཞིག་ལ་ངོས་འཛིན་དང་མཚན་ཉིད་མ་ཚང་བ་ཞིག་ཆགས་ཟིན་པ་དེ་བཤད་མ་དགོས་པ་ཞིག་རེད། ༡༩༥༩ ལོར་གནས་བབ་སྐྱོ་བོ་དང་ཛ་དྲག་གཞན་དང་མ་འདྲ་བ་ཡོད་ནའང་། ༧གོང་ས་མཆོག་དང་སྲིད་བློན་ནེའུ་རུ་རྣམ་གཉིས་ཀྱིས་ཕུགས་རྒྱང་རིང་བོར་དགོངས་པ་བཞེས་ནས། བོད་མིའི་གཞིས་ཆགས་ཁག་གསར་རྒྱག་དང་བོད་མིའི་སློབ་གྲྭ་ཟུར་འཛུགས་གནང་བ་རེད། ད་ལྟ་ལོ་ལྔ་བཅུའི་རྗེས་ལ་ཕྱིར་བལྟས་སློག་དུས་དེ་དག་རླབས་ཆེན་གྱི་མཛད་ཕྱོགས་ཡག་པོ་ཞིག་དང་། སྲིད་བྱུས་མ་ནོར་བ་བྱུང་འདུག་བསམ་ནས་ངོས་འཛིན་བྱེད་ཐུབ་པ་ཞིག་རེད་ཅེས་གསུངས་ཡོད།

ཁོང་གིས་མུ་མཐུད་དོན། དབུས་ཀྱི་ལྷན་ཁང་ཁག་བདུན་གྱི་བཀའ་བློན་རྣམ་པ་ཚོའི་བཀའ་སློབ་ལག་ལེན་བསྟར་མཁན་ས་གནས་མགོ་འཛིན་ཚོ་ཡིན་པ་དང་། ད་ལྟ་རྨི་ལམ་གྱི་བཟོ་ལྟ་བུར་བྱས་ནས་མི་ལོ་ལྔ་བཅུ་ཕྱིན་ཚར་འདུག ལོ་ལྔ་བཅུའི་རིང་ང་ཚོས་ག་རེ་བྱས་པ་རེད་ཟེར་ན་ངྷ་སར་སྡོད་མཁན་ཚོས་ག་དུས་ཡིན་ནའང་། ས་གནས་མགོ་འཛིན་ཚོས་ཅིག་བྱེད་ཀྱི་མི་འདུག བསྐུལ་ལྕག་དང་ཁ་པར། ཡི་གེ་བཏང་བ་ཡིན་མོད། ལན་འབྱོར་མ་སོང་། ལས་ཀ་བྱེད་ཀྱི་མི་འདུག་ཅེས་སྡུག་སྐད་བརྒྱབ་བསྡད་པ་རེད་ལ། ས་གནས་མགོ་འཛིན་དེ་ཚོས་དེ་ལས་ལྷག་ཅིག་སྡུག་སྐད་བརྒྱབ་བསྡད་པ་རེད། གང་ལྟར་དབུས་ཀྱི་སྣེ་མོ་བས་ས་གནས་ཀྱི་སྣེ་མོ་བ་དེ་ཚོས་མ་བྱས་མ་ཐུབ་པའི་སྡུག་སྐད་བརྒྱབ། ས་གནས་ཀྱི་སྣེ་མོ་བས་དབུས་ནས་མ་བྱས་མ་བལྟས་པའི་སྡུག་སྐད་བརྒྱབ་བསྡད་པ་རེད་ལ། རྒྱུ་མཚན་བཤད་བཅུག་ན་ཕྱོགས་གཉིས་ཀ་བདེན་པ་ཡིན་པའི་བཟོ་འདྲ་བོ་ཞིག་ཡོད།

ཡིན་ནའང་། དོན་དམ་དུ་ང་ཚོའི་ལོ་ལྔ་བཅུའི་བཙན་བྱོལ་བོད་མིའི་གནས་བབ་དེ་ཐ་ཞན་ཞིག་ལ་མ་གྱར་བ་བྱས་ཏེ་གནས་ཐུབ་པ་རེད། དེའི་ངོ་སོའམ་བྱས་རྗེས་དེ་ས་གནས་སུ་སྡོད་མཁན་ཚོས་འཁྱེར་ཆོག་པ་དང། འཁྱེར་དགོས་པ་ཞིག་རེད། རྗེས་སུ་ཡི་རངས་དང་འདོད་ཆུང་ཆོག་ཤེས་བྱེད་ཤེས་ན། བོད་མི་རིགས་ལ་དཀའ་རྙོག་ཆེན་པོ་ཞིག་བྱུང་བའི་སྐབས་དེར་༧གོང་ས་མཆོག་གི་དབུ་འོག་དཔུང་འདེགས་ཀྱི་སྲི་ཞུ་བསྒྲུབ་རྒྱུའི་གོ་སྐབས་བྱུང་བ་དང་། དེ་ཡང་མི་མང་རང་དང་མཉམ་དུ་ཐད་ཀར་དཔུང་པ་གཤིབ་ནས་བསྡད་དེ། གཞི་རིམ་མང་ཚོགས་དང་མཉམ་དུ་ཞབས་ཞུ་བསྒྲུབ་རྒྱུའི་གོ་སྐབས་བྱུང་སོང་། ནོར་འཁྲུལ་དང་འཐུས་ཤོར་ནི་སུ་ལའང་ཡོང་སྲིད་པ་ཞིག་ཡིན་མོད། ལྷག་བསམ་རྣམ་དག་དང་བསམ་བཞིན་དུ་ནོར་འཁྲུལ་བཏང་མེད། བསམ་བཞིན་དུ་ལས་དོན་ལ་འགན་འཁུར་བྱས་པ་མེད་བསམ་པ་སུ་ལ་ཡོད་ནའང་། དེ་ཇི་བཞིན་མི་ཚེའི་འདུན་མ་འགྲུབ་གི་ཡོད་ཅེས་གསུངས།

གཞན་ཡང་། དེ་རིང་འདིར་འཛོམས་རྒྱུ་དེ་གཙོ་ཆེ་ཤོས་འདས་པའི་ལོ་ལྔ་བཅུར་བསྐྱར་ཞིབ་དང་། དེའི་ཉམས་མྱོང་གཞིར་བཟུང་སྟེ་འབྱུང་འགྱུར་གྱི་ལོ་ལྔ་བཅུའི་རིང་ལས་དོན་བྱེད་ཕྱོགས་ཐད། ཐབས་ལམ་བཙལ་རྒྱུའི་ཆེད་དུ་ད་རེབ་ཀྱི་སྲི་ཞུ་བའི་ཚོགས་ཆེན་འདི་བསྐོངས་པ་རེད། ནང་སྲིད་ལས་ཁུངས་ལ་འདི་ལས་ལྷག་པའི་གལ་ཆེའི་ཚོགས་འདུ་གང་ཡང་མེད། ནང་སྲིད་ལས་ཁུངས་ཀྱིས་ད་རེབ་ཉིན་གཉིས་རིང་མ་འོངས་པའི་གཞིས་ཆགས་ཁག་གི་གནས་བབ་ཡར་རྒྱས་དང་། བརྟན་ལྷིང་ངང་གནས་རྒྱུར་ཐབས་ལམ་གང་ཡོད་སོགས། ལོ་ལྔ་བཅུའི་ལས་འཆར་ཐད་ས་གནས་མགོ་འཛིན་རྣམ་པར་ལངས་ཕྱོགས་ཤིག་བསྟན་ཐུབ་ན། ཏན་ཏན་དགེ་མཚན་ཡོང་གི་རེད་ལ། དེ་ལ་རེ་བ་རྒྱག་གི་ཡོད།

ས་གནས་མགོ་འཛིན་ཚོའི་ནང་དུ་དགོང་ལོ་ལྔ་བཅུར་མ་ལོན་པ་མང་བ་དང། ཁྱེད་ཚོ་མང་ཆེ་བ་རྒྱ་གར་རང་དུ་འཁྲུངས་ནས་འཚར་ལོངས་བྱུང་བའི་གྲས་ཡིན་ན། ང་ཚོའི་ལོ་ལྔ་བཅུའི་གོང་གི་བཅུ་ཕྲག་དང་བོ་དང་གཉིས་པའི་གནས་སྟངས་དེ་ཕལ་ཆེར་ཤེས་གི་མ་རེད། བྱུང་རབས་ནས་མར་གཟིགས་དགོས་པའི་གནས་སྟངས་ཤིག་ཆགས་བསྡད་ཡོད། ས་གནས་མགོ་འཛིན་ནང་དུ་ང་དགུ་ལོར་ཕར་ནས་ཚུར་སླེབས་བསྡད་པ་ང་ཚོའི་མི་རབས་ནང་དུ་དགོང་ལོ་བགྲེས་པ་ཉུང་ཤས་ཤིག་མ་གཏོགས་ལྷག་མེད། དེ་ཚོས་ལོ་ལྔ་བཅུའི་ཉམས་མྱོང་ཆ་ཚང་ཤེས་གི་རེད། དེ་ཚོས་ལྔ་བཅུ་ང་གྲངས་ནས་ཁ་སང་དེ་རིང་གི་གནས་སྟངས་བར་དུ་གནམ་ས་ལྟ་བུའི་མི་འདྲ་བ་ཡོད་པའི་གནས་སྟངས་དེ་ཡང་ཐུགས་ཕན་གསོས་གི་རེད་མོད། གསར་བ་དེ་ཚོས་མཁྱེན་གི་མ་རེད། དེ་ཚོ་ང་ཚོའི་ཚོར་བའི་ནང་དུ་ཡོད་དགོས་པ་ཞིག་རེད། ལྷག་པར་དུ་དེ་རིང་སང་ཉིན་གྱི་གཞོན་སྐྱེས་ནང་དུ་མཐོ་རིམ་སློབ་གྲྭ་ཐོན་ཏེ། རྒྱ་གར་དང་རྒྱལ་སྤྱིའི་གནས་བབ་གང་འཚམ་ཤེས་མཁན། སོ་སོའི་ངོས་ནས་དཔལ་འབྱོར་འདུ་འགོད་དང་ལས་དོན་སོགས་གང་ཡིན་ནའང་། གང་ཐུབ་ཐུབ་དང་གང་འཇོན་འཇོན་བྱེད་པའི་ཆེད་དུ་དམིགས་ཡུལ་འཁྱེར་མཁན་འགའ་ཤས་ཀྱིས། ད་དུང་ཡིན་ནའང་ང་ཚོས་སྐྱབས་བཅོལ་གྱི་ངོ་བོ་བཟུང་ནས་རྒྱ་གར་གྱི་མངའ་འོག་ཏུ་ཕྱི་རྒྱལ་མི་རིགས་དེབ་སྐྱེལ་བྱེད་སའི་འོག་ཏུ་དེབ་སྐྱེལ་བྱས་ཏེ། དེའི་ལག་ཁྱེར་བཟུང་ནས་འདུག་པ་དེ་ཞན་ཆ་ཞིག་ཡིན་པ་དང། ད་ལྟ་ང་ཚོས་ངེས་པར་དུ་རྒྱ་བོད་འབྲུག་གསུམ་ནང་གི་ས་གནས་བོད་མི་དེ་ཚོ་རྒྱ་གར་གྱི་ཡུལ་མི་བྱེད་དགོས་པ་དང་། ས་གནས་སོ་སོའི་ཡུལ་མི་བྱས་ཚེ་སྤྱི་ཚོགས་དང་དཔལ་འབྱོར། ཆབ་སྲིད་སོགས་ཡུལ་མིའི་ཐོབ་ཐང་ཡོངས་རྫོགས་ལོངས་སུ་སྤྱོད་ཐུབ་པ་དང་། དེའི་དབང་གིས་སོ་སོའི་འཚོ་ཐབས་དང་སྤྱི་ཚོགས་བདེ་དོན། ཆབ་སྲིད་ཀྱི་ལས་ཀ་སོགས་ཀྱི་ཐད་དུ་ནུས་ཤུགས་ཐོན་ཐུབ་རྒྱུའི་བསམ་ཚུལ་འཛིན་མཁན་མི་ཉུང་བ་ཞིག་འདུག གནད་ཡོད་མི་སྣའི་ནང་དུ་དེ་ལྟ་བུའི་བསམ་བློ་ཅན་འདུག་ལ། རང་ཉིད་ཀྱི་སྐྱབས་བཅོལ་ལག་ཁྱེར་དང་དེབ་སེར་བོ་བཟོ་རྒྱུའི་ཆེད་དུ་དེ་ལྟ་བུའི་བསམ་ཚུལ་འཛིན་མཁན་ཡང་མི་ཉུང་བ་ཞིག་འདུག དེ་ལྟ་བུའི་བསམ་བློ་འཁོར་མི་ཆོག་པ་གང་ཡང་མེད་ཐོག ཁྱེད་ཚོས་དེ་ལྟ་བུའི་བསམ་བློ་འཁོར་བ་ཡག་པོ་མ་རེད་ཟེར་ནས་ཞུ་ཆོག་གི་མ་རེད། ཡིན་ནའང་། བསམ་ཚུལ་དེ་ཞིབ་ཚགས་པོ་དང་གཏིང་ཟབ་པོ་ཞིག་གི་ཐོག་ནས་ཞིབ་འཇུག་བྱེད་པ་དང་། མ་འོངས་པར་གང་དགའ་ཅི་དྲག་གི་ལམ་སྟོན་བྱེད་རྒྱུ་དེ་ང་ཚོ་མགོ་རུ་འདུག་མཁན་ཚོའི་ལས་འགན་རེད་ཅེས་གསུངས། གཞན་ཡང་འདས་པའི་ལོ་ལྔ་བཅུ་དེ་ང་ཚོས་ལས་སླ་བོ་དང་སྐྱིད་པོ་བྱས་ནས་བསྐྱལ་ཡོད་ལ། དཀའ་ངལ་ཡོད་པ་དེ་ཚོ་ཆུང་ཚགས་རེད། ཡིན་ནའང་།  མ་འོངས་པའི་ལོ་ལྔ་བཅུ་དེ་སྐྱིད་པོ་དང་ལས་སླ་བོ་བྱས་ཏེ་བསྐྱལ་ཐུབ་རྒྱུ་ཁག་པོ་རེད།  དེ་ཁྱེད་ཚོས་ཀྱང་གཟིགས་གི་ཡོད་རྒྱུ་རེད་ལ། གལ་སྲིད་དེ་གཟིགས་མ་ཐུབ་ན་ཡ་མཚན་པོ་ཞེ་དྲག་རེད། ༧གོང་ས་མཆོག་དགུང་ལོ་ ༧༥ ཕེབས་འགྲོ་གི་ཡོད་པ་དང་། ཁོང་ལོ་བརྒྱ་དང་ཉི་ཤུར་བཞུགས་པའི་དབང་དུ་བཏང་ནའང་འབྱུང་འགྱུར་གྱི་ལོ་ག་ཚོད་ཅིག་ལ་འདང་གི་འདུག རྒྱ་ནག་གི་ད་ལྟའི་མགོ་ཁྲིད་ཚོས་བོད་ཐོག་འཛིན་པའི་སྲིད་ཇུས་དང་ཕུགས་བསམ་གང་རེད། ང་ཚོ་བཙན་བྱོལ་དུ་ཡོད་པའི་མི་རབས་གསར་བ་དེ་ཚོར་འཇོན་ཐང་དང་གདེང་ཚོད་གང་ཡོད།  གནས་ཡུལ་རྒྱལ་ཁབ་ཁག་གིས་བོད་དོན་ལ་ལྟ་སྟངས་གང་ཡིན། རྒྱ་ནག་གི་ཤུགས་རྐྱེན་རྒྱལ་ཁབ་ག་ཚོད་ཅིག་ལ་སླེབས་ཀྱིན་ཡོད་པ་དང་། ཤུགས་རྐྱེན་དེ་ཚོར་གདོང་ལེན་བྱེད་མཁན་དང་མི་བྱེད་མཁན་ག་ཚོད་ཅིག་འདུག དེ་ཚོར་སྡོམ་བརྒྱབས་ན་ང་ཚོའི་གནས་བབ་དེ་ལས་སླ་བོའི་ཐོག་སྡོམ་རྒྱག་ཐུབ་པ་ཞིག་རེད། དེར་བརྟེན་ང་ཚོ་བཙན་བྱོལ་དུ་ལོ་བརྒྱར་འདུག་དགོས་ཚེ། ལོ་བརྒྱར་འདུག་མ་དགོས་པར་གཞིས་བྱེས་ལྷན་འཛོམས་ཡོང་རྒྱུར་རེ་བ་རྒྱག་གི་ཡོད་པ་དང་། གཅིག་བྱས་ན་ཡོང་མདོག་ཁ་བོ་རེད། རིང་བོ་མ་ཐོག་པར་གཞིས་བྱེས་འཛོམས་རྒྱུའི་རེ་བ་རྒྱག་ཆོག་པ་ཞིག་རེད། ཡིན་ནའང་། རེ་བ་ཡོད་པ་ནང་བཞིན་མ་བྱུང་ན་༧གོང་ས་མཆོག་གིས་ག་དུས་ཡིན་ནའང་། རེ་བ་བཟང་ས་ནས་རྒྱོབས། གྲ་སྒྲིག་སྡུག་ས་ནས་བྱོས་གསུངས་པ་བཞིན་འབྱུང་འགྱུར་གྱི་ལོ་ལྔ་བཅུའི་རིང་གཞིས་བྱེས་ལྷན་འཛོམས་མ་བྱུང་ན། ང་ཚོས་འདས་ཟིན་པའི་ལོ་ལྔ་བཅུ་ལས་སླ་བོ་བྱས་ནས་བསྐྱལ་བ་བཞིན། འབྱུང་འགྱུར་གྱི་ལོ་ལྔ་བཅུ་ལས་སླ་བོ་བྱས་ནས་བསྐྱལ་ཐུབ་ས་རེད་དམ། ལྷག་པར་དུ་ས་གནས་མགོ་འཛིན་ཚོས་གཞིས་ཆགས་ཁག་སོ་སོའི་ནང་གནས་ཚུལ་གང་ཡོང་གི་ཡོད་པ་ཚང་མ་མཁྱེན་བཞིན་ཡོད་སྟབས། འབྱུང་འགྱུར་གྱི་ལོ་ལྔ་བཅུའི་ནང་གང་དང་གང་ཡོང་ས་རེད། གང་དང་གང་ཡོང་ས་མ་རེད། དེ་ཚོ་དགོངས་པའི་ནང་བཞག་སྟེ་ཐེངས་འདིའི་ས་གནས་མགོ་འཛིན་གྱི་ཚོགས་འདུའི་སྟེང་གྲོས་བསྡུར་ལྷུག་པོར་ཡོང་རྒྱུའི་རེ་བ་ཡོད་ཅེས་གསུངས་ཡོད།

ཉིན་དེར་བོད་གཞུང་ནང་སྲིད་དྲུང་ཆེ་དངོས་གྲུབ་རྡོ་རྗེ་ལགས་ཀྱིས། ས་གནས་སོ་སོའི་ནང་ལམ་ལྷོང་འབྱུང་བ་དང་ཚགས་ཚུད་ཡོང་བ། གཞིས་ཆགས་ཀྱི་གནས་སྟངས་ཚད་གང་འདྲ་ཞིག་ཏུ་གཏོང་མིན་དེ་ས་གནས་ཁག་གི་གཞིས་མགོ་ཚོར་རག་ལས་ཡོད་སྟབས། ཁོང་རྣམ་པ་ཚོ་ཧ་ཅང་གི་གལ་ཆེན་པོ་ཆགས་ཡོད་ལ།  ས་གནས་སོ་སོའི་ནང་ཚགས་ཚུད་པོ་བྱུང་ན་བཙན་བྱོལ་བོད་གཞུང་ཚགས་ཚུད་པོ་ཡོང་རྒྱུར་གཞི་གྲུབ་ཡོད་ཅེས་ས་གནས་མགོ་འཛིན་ཚོར་ཐུགས་རེ་ཆེན་པོའི་ཐོག་གསུངས་ཡོད།

འབྲེལ་ཡོད་གསར་འགྱུར།

གཏན་ཉིན་སློབ་གྲྭ་ཁག་གི་ལུས་རྩལ་དགེ་རྒན་རྣམས་ལ་ཟབ་སྦྱོང་སྤྲོད་བཞིན་པ། དུས་བབ་གསར་ཁང་གི་པར། ༢༠༢༥།༥།༡༤
Mobile App

སློབ་གྲྭ་ཁག་གི་ལུས་རྩལ་དགེ་རྒན་རྣམས་ལ་ཟབ་སྦྱོང་སྤྲོད་བཞིན་འདུག

ཆུ་ཚོད་ ༩ སྔོན་ལ།
Mobile App

བཙན་བྱོལ་གྱི་སྐྱེས་མ་དང་རྩོམ་རིག་ཅེས་པའི་དཔྱད་རྩོམ་དཔེ་དེབ་ཅིག་དབུ་འབྱེད་གནང་སོང་།

ཆུ་ཚོད་ ༡༠ སྔོན་ལ།
སྲིད་སྐྱོང་མཆོག་གིས་ཁེ་ན་ཌའི་གྲོས་ཚོགས་འཐུས་མི་ཁག་ཅིག་ལ་མཇལ་འཕྲད་གནང་། ༢༠༢༥།༥།༡༣  སྲིད་སྐྱོང་མཆོག་གི་ངོ་དེབ་ཀྱི་པར།
Mobile App

སྲིད་སྐྱོང་མཆོག་གིས་ཁེ་ན་ཌའི་གནད་ཡོད་མི་སྣ་ཁག་ཅིག་དང་ཐུག་འཕྲད་གནང་།

ཆུ་ཚོད་ ༡༤ སྔོན་ལ།
དྷ་ས་ས་གནས་མགོ་འཛིན་དཀོན་མཆོག་མིག་དམར། དུས་བབ་ཀྱི་པར། ༢༠༢༢།༦།༤
Mobile App

དཀོན་མཆོག་མིག་དམར་ལགས་བསྐྱར་དུ་དྷ་ས་ས་གནས་མགོ་འཛིན་གྱི་འོས་མིར་ལང་རྒྱུ་ཡིན་འདུག

༢༠༢༥/༠༥/༡༣
ཡུམ་ཆེན་གདུགས་དཀར་སྒྲོལ་མ་དང་ཧཱུྃ་ཀར་རྡོ་རྗེ་རིན་པོ་ཆེ་མཆོག པར་འབྲེལ་ཡོད་ནས་འདི་གར་མཁོ་སྤྲོད་གནང་། ཟླ་ཚེས་མི་གསལ།
Mobile App

ཧཱུྃ་ཀར་རྡོ་རྗེ་མཆོག་གི་མ་ཡུམ་གདུགས་དཀར་སྒྲོལ་མ་ལགས་སྐུ་གྲོངས།

༢༠༢༥/༠༥/༡༢
༧གོང་ས་རྒྱལ་བ་རིན་པོ་ཆེ་མཆོག་ལ་འཁྲུལ་ཞིག་བླ་བྲང་དང་གདན་ས་རྫ་རོང་ཐུབ་བསྟན་སྨིན་གྲོལ་མདོ་སྔགས་ཆོས་གླིང་གཉིས་ཀྱིས་བརྟན་བཞུགས་བསྟར་འབུལ་ཞུ་བཞིན་པ། ༢༠༢༥།༥།༡༢
༸གོང་ས་མཆོག གསར་འགྱུར།

འཁྲུལ་ཞིག་རིན་པོ་ཆེའི་ཡང་སྲིད་མཆོག་གི་ཁྲི་སྟོན་མཛད་སྒོ་སྟབས་བདེ་ཞིག་འཚོགས།

༢༠༢༥/༠༥/༡༢

མཆན། 10

  1. རྡོ་རྗེ་རྒྱལ་མཚན། says:
    ལོ་ 15 སྔོན།

    ད་ང་ཡང་བསྐྱར་བཟོད་སྒོམ་མ་ཐུབ་པར་དྲ་ཁང་དུ་བསྙེག་སྟེ་དུས་བབས་རྩོམ་སྒྲིག་པ་ལ་རེ་བསྐུལ་ཞིག་གམ་དྲན་གསོ་ཞིག་མ་བྱེད་ཀ་མེད་ཆགས་སོང།དེ་གང་ཡིན་ཞེ་ན།དུས་བབས་ནང་ཡིག་སྐྱོན་མང་བ་དང་།དམིགས་བསལ་ཚིག་ཕྲད་ཐད་བརྡ་སྤྲོད་གཞུང་དང་མི་མཐུན་པར་མང་དག་འབྱུང་གི་འདུག་ན་དེ་ལ་དམིགས་བསལ་དགོས་པ་གཞན་ཞིག་ཡོད་པའམ་ཡང་ན་མ་དག་རྒྱུན་འབྱམས་སམ་སྣང་ཆུང་དུ་ཤོར་བ་ཡིན་འགྲོ།དཔེར་ན་གོང་གི་བཀའ་བློན་ཁྲི་པའི་བཀའ་སློབ་ཡིག་ཐོག་ཏུ་ཕབ་པའི་ནང་འབྲེལ་སྒྲའི་ཚིག་ཕྲད་རྒྱབ་སྟངས་མིག་ལ་ཟན་པོ་རེ་བརྒྱབས་འདུག་པས་ཡང་སྙིང་ཇི་འདྲ་ཡིན་ལན་ཞིག་ཡོད་པར་མཁྱེན།དགོངས་འགལ་མེད་པ་ཞུ།

    Reply
  2. རྡོ་རྗེ་རྒྱལ་མཚན། says:
    ལོ་ 15 སྔོན།

    sorry i could not write in Tibetan because i did not get the software but what i want to suggest is that in the above Kashag’s statement there is full of gramatically mistakes including the title. please i want to urge the editors to be careful in editing. when we readers generally see lots of mistakes that makes us to lose of interest in reading it.

    Reply
  3. དབྱངས་བུ། says:
    ལོ་ 15 སྔོན།

    གོང་གི་བཀའ་སློབ་ནང་གསལ་ལྟར། བོད་མི་བཙན་བྱོལ་བ་རྣམས་རྒྱ་གར་གྱི་
    མི་སེར་ཐོབ་ཐང་ལེན་ན་དགའ་འམ། ཡང་ན་མུ་མཐུད་ནས་སྐྱབས་བཅོལ་ལག་
    དེབ་བཟུང་ནས་བསྡད་ན་ལེགས། བསམ་བློ་ཞིབ་མོ་གཏོང་དགོས་པའི་གནད་དོན་
    ཞིག་རེད། ༸གོང་ས་མཆོག་གི་བཀའ་སློབ་དང། ལོ་རྒྱུས་ཡིག་ཆར་གཞིས་འགོ་ཚོས་
    ངེས་པར་གཟིགས་ནས་བསམ་ཚུལ་བཏོན་དགོས་སྙམ།

    Reply
  4. གྲྭ་རྒོད says:
    ལོ་ 15 སྔོན།

    མི་ཆགས་པ་ལ་མི་བཟོ་དགོས་པ་རེད་ལ་བཟོ་སྟངས་ཡང་མ་ནོར་བ་བྱེད་དགོས།བཟོ་མཁན་ཞིག་ཡང་དགོས་ལ་དེས་མ་ནོར་བ་བྱེད་དགོས་པ་རེད།

    Reply
  5. གྲྭ་རྒོད says:
    ལོ་ 15 སྔོན།

    ཁྱོད་ཚོ་ལ་ཞུ་རྒྱུ་ཞིག་ཡོད་པ་ནི།འབྱུང་འགྲུར་གྱི་བོད་ནི་དུས་རབ་དང་ཉམས་དུ་འགྲོ་ཐུབ་པའི་བོད་མི་ཞིག་ཡོངས་ཐུབ་ལ་གཞུང་གི་ངོས་ནས་འཛུགས་སྐྲུན་དང་འཛིན་སྐྱོང་སྒྲིགས་འཛུགས་གསུམ་གྱི་ཐོག་འགུལ་སྐྱོད་བྱེད་དགོས་རེད་བསམ་གི་འདུག་

    Reply
  6. རྒྱ་རྡེའུའི་དགེ་འདུན། says:
    ལོ་ 15 སྔོན།

    མི་དམར་ལགས་་་ཐོག་མར་ངའི་ཁྱེད་ལ་རེ་བ་ཞིག་ཞུ་་་རྒྱ་རྡེའུ་ཞེས་བ་ལས་རྒྱཡི་རྡེའུ་མ་གསུངས་རོགས་་་་་ང་སྐྱེས་སའི་གྲོང་ཚོ་དེ་བོད་པ་གཙང་མ་ཡིན་ལགས་་་་་་་་གཞན་ཁྱེད་ཀྱི་གསུངས་བ་བདེན་མོན་་་འོན་ཀྱང་་ཚག་ཚུད་ཡོང་རྒྱུ་ངའི་རེ་བ་མིན་པ་ན་གཏོགས་མ་དགོས་པ་མིན་པ་མཁྱེན་རོགྶ

    Reply
  7. མིག་དམར་ཚེ་རིང་ says:
    ལོ་ 15 སྔོན།

    རེད་ལགས་། རྒྱ་ཡི་རྡེའུ་ལགས། སྤྱིར་ངེད་ཚོ་བཙན་འབྱོལ་བ་རྣམས་ལོ་ངོ་ལྔ་བཅུ་ལས་ཉིན་གཅིག་ཀྱང་བཙན་འབྱོལ་དུ་བསྡད་འདོད་རྩ་བ་ནས་མེད། འོན་ཀྱང་ད་ལྟའི་ཆར་བོད་ཀྱི་རྩ་དོན་སྒྲུབ་རྒྱུར་རང་སོ་སོའི་སྒྲིགས་འཛུགས་དེ་ཚགས་ཚུད་ཞིག་དགོས་རྒྱུ་ནི་གལ་ཆེ་ཞིག་ཡིན། གནའ་མིའི་ཁ་རྒྱུན་དུ་་་་་་་ནང་བཀྲ་མ་ཤིས་ན་་་ཕྱི་དོན་མི་སྒྲུབ་ཞེས་བཤད་སྲོལ་ཡོད་། དངོས་ཡོད་ཀྱི་ཆ་ནས་དགོན་སྡེ་ཁག་དང་གཞི་ཆགས་ཁག་གི་བཙན་བྱོལ་སྤྱི་ཚོགས་ནང་བོད་ཀྱི་ཆོས་དང་རིག་གཞུང་ཁག་མི་མཉམ་རྒྱུན་འཛིན་བྱ་མཁན་ཞིག་ཡིན་པས་ཚོགས་སྡེ་འདི་དག་ཚག་ཚུད་ཞིག་མ་བྱུང་ན་བོད་མི་བཙན་བྱོལ་བ་རྣམས་ཁ་ཐོར་དུ་འགྲོ་རྒྱུའི་ཉིན་ཁ་ཆེན་པོ་ཡོད།

    Reply
  8. སྟོབས་ says:
    ལོ་ 15 སྔོན།

    བཀའ་ཁྲིའི་གསུང་ཀྱི་ཤུགས་་བསྟན་ལ་༧་གོང་ས་མཆོག་གི་རྗེས་ཀྱི་བཙན་བྱོལ་གནས་སྟངས་ལ་གཞིག་ནས་གསུང་གི་འདུག ད་ལྟའི་ཆར་༧གོང་ས་མཆོག་གི་བྱམས་བརྩེའི་དྲོད་ཁོལ་འཛོམས་པའི་ཐུ་འོག་ནས་འུ་ཅག་བཙན་བྱོལ་བོད་ལ་སེམས་ལ་དཀའ་བསྔུལ་ཅུང་ཙམ་ཞིག་ཅིང་འཕྲད་མ་མྱོང་།

    Reply
  9. ནགས་མེ། says:
    ལོ་ 15 སྔོན།

    གསར་འགོད་པ་ལགས། ད་ཐེངས་ཀྱི་གསར་འགྱུར་ཡིག་རིས་འདིས་བརྡ་སྤྲོད་ཀྱི་འགྲོས་མང་པོ་ཞིག་ཐོག་བརྫིས་བྱེད་ཀྱིན་འདུག དཔེར་ན། ཐུབ་གི་མ་རེད་ཟེར་བའི་གི་དང་། གསོས་གི་རེད་ཟེར་བའི་གི ཤེས་གི་མ་རེད་ཟེར་བའི་གི མཁྱེན་གི་མ་རེད་ཟེར་བའི་གི ཤེས་གི་རེད་ཟེར་བའི་གི་སོགས་གང་མང་མང་ཞིག་རང་སྣང་གང་ཤར་གྱིས་གི་གཅིག་པུ་སྦྱར་འདུག་པ་འདི་ཚོ་ཕྱི་སྡོམ་བྱ་དགོས་ངེས་རེད།

    Reply
  10. རྒྱ་རྡེའུའི་དགེ་འདུན། says:
    ལོ་ 15 སྔོན།

    དྲ་གྲོགས་ཚོ་་་་་་་་འབྱུང་འགྱུར་གྱི་ལོ་ལྔ་བཅུ་བསྐྱལ་ཐུབ་མིན་ལ་གྲོས་བསྡུར་བྱེད་སྟང་ལ་ལྟས་ན་ང་ཚོ་ད་དུང་ལོ་ལྔ་བཅུ་ལ་འདི་ལ་འཁྱམས་འདུག་དགོ་ནི་ཨེ་རེད་་་་གསུང་དང་་་་་གཞི་ཆགས་སོགས་ཚག་ཚུད་ཡོང་རྒྱུ་ངའི་རེ་བ་མིན་

    Reply

དཔྱད་མཆན་སྤེལ། Cancel reply

Your email address will not be published. Required fields are marked *

སྤྱི་ཚོགས་དྲ་གནས།

ཁྱབ་བསྒྲགས།

དྲ་ངོས་ཀྱི་གནས་ཚུལ་ཚང་མའི་པར་དབང་བོད་ཀྱི་དུས་བབ་ལ་ཡོད།

གློག་འཕྲིན།

editor@tibettimes.net | office@tibettimes.net

ཁ་པར།

+91-98823-47075 | +91-92189-38041 | +91-81972-44372

Welcome Back!

OR

Login to your account below

Forgotten Password?

Retrieve your password

Please enter your username or email address to reset your password.

Log In

Add New Playlist

No Result
ཆ་ཚང་གཟིགས།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
    • གླ་ཡོད་རིན་གོང་།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese