མདུན་ངོས།
About Us
  • English
Advertisement
བོད་ཀྱི་དུས་བབ།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
    • གླ་ཡོད་རིན་གོང་།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese
No Result
ཆ་ཚང་གཟིགས།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
    • གླ་ཡོད་རིན་གོང་།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese
No Result
ཆ་ཚང་གཟིགས།
བོད་ཀྱི་དུས་བབ།
English
No Result
ཆ་ཚང་གཟིགས།

གནའ་སྔ་མོ་ནས་བཟུང་རྒྱ་ནག་གི་ཡིན་པའི་བོད།

བོད་ཀྱི་དུས་བབ།
༢༠༡༠/༠༢/༢༤
Share on FacebookShare on TwitterShare on EmailShare on Whatsapp

བོད་ནི་ལོ་རྒྱུས་ཐོག་རྒྱལ་ཁབ་ཅིག་གི་ངོ་བོར་ནམ་ཡང་གནས་མྱོང་མེད་ལ། གནའ་སྔ་མོ་ནས་རྒྱ་ནག་གི་ཁ་བྲལ་ཐབས་མེད་པའི་ཆ་ཤས་ཤིག་ཡིན་ཅེས་ཨ་རིར་ཡོད་པའི་རྒྱ་ནག་གཞུང་ཚབ་ཁང་གིས་བསྒྲགས་འདུག

ཉེ་ཆར་༧གོང་ས་མཆོག་ཨ་རིར་ཕེབས་པ་དང་། སི་ཨིན་ཨིན་གྱི་ལེ་རི་ཁིན་གྱི་བརྙན་འཕྲིན་ཐད་གཏོང་བགྲོ་གླེང་སྟེང་ཕེབས་པ་སོགས་ཀྱི་ཐད་ཨ་རིར་ཡོད་པའི་རྒྱ་ནག་གཞུང་ཚབ་ཁང་གིས་ཕྱི་ཚེས་ ༢༣ ཉིན་ལན་འདེབས་བྱས་ཡོད་ལ། ལན་འདེབས་དེའི་ནང་དུ། ཏཱ་ལའི་བླ་མ་ནི་ཆོས་ལུགས་ཀྱི་དབུ་ཁྲིད་རྣམ་དག་ཅིག་མིན་པར། ཆོས་ལུགས་ཁ་ལ་ཁྱེར་ཏེ་རྒྱ་ནག་གི་མི་རིགས་ཁག་བར་གྱི་གཅིག་གྱུར་ལ་གཏོར་བརླག་དང་ཁ་བྲལ་གྱི་ལས་འགུལ་རྩོམ་མཁན་གྱི་སྲིད་དོན་པ་ཞིག་ཡིན་པར་བཤད།

དེ་བཞིན་ཐེངས་འདིར་ཡང་ཁོང་གིས་ཚད་མཐོའི་རང་སྐྱོང་དང་མིང་དོན་མཚུངས་པའི་རང་སྐྱོང་སོགས་གླེང་སྟེ། ཕྱི་ཟླ་དང་པོའི་ཟླ་མཇུག་ལ་ཁོང་སྒེར་གྱི་སྐུ་ཚབ་དང་ཀྲུང་དབྱང་སྲིད་གཞུང་གི་བར་བྱུང་བའི་གྲོས་མོལ་དེ་ལ་གཏོར་བཤིག་བཏང་ཚུལ་དང་། ཁོང་གི་མཐའ་མའི་དམིགས་ཡུལ་ནི་རྒྱ་ནག་གི་ས་ཆའི་བཞི་ཆ་གཅིག་ཁ་བྲལ་ཏུ་གཏོང་འདོད་པ་དེ་རེད་ཟེར།

གཞན་ཡང་། ཏཱ་ལའི་བླ་མས་རྒྱ་ནག་དང་བོད་རང་སྐྱོང་ལྗོངས་མ་ཡིན་པའི་རྒྱལ་ཁབ་གཞན་ཞིག་རང་གི་ཕ་ཡུལ་ཡིན་པར་ངོས་འཛིན་བྱས་པ་དང་། བོད་ལ་དེ་ཙམ་གྱི་སེམས་ཁུར་མེད་ལུགས་བཤད་ཡོད། འདི་ལྟའི་སྲིད་དོན་པ་ཞིག་གིས་བོད་མི་རིགས་ཀྱི་ངོ་ཚབ་མཚོན་ཐབས་མེད་པར་བཤད་འདུག

རྒྱ་ནག་གཞུང་ཚབ་ཁང་གི་གསལ་བསྒྲགས་དེའི་ནང་དུ་བོད་ཀྱི་ལོ་རྒྱུས་སྐོར་ནས་བཤད་དོན། བོད་ནི་ལོ་རྒྱུས་ཐོག་རྒྱལ་ཁབ་ཅིག་ནམ་ཡང་ཆགས་མྱོང་མེད་ལ། གནའ་ནས་ད་བར་དུ་རྒྱ་ནག་གི་ཁ་བྲལ་ཐབས་མེད་པའི་ཆ་ཤས་ཤིག་ཡིན། ཏཱ་ལའི་བླ་མས་ཡང་དང་བསྐྱར་དུ་བོད་འདི་༼རྒྱལ་ཁབ་༽ཅིག་ཡིན་པར་བཤད་པ་ནི་བོད་རྒྱ་ནག་ལས་ཁ་བྲལ་གཏོང་རྒྱུའི་བསམ་བློ་མ་གཏོགས་ཅི་ཡང་མ་རེད་ཅེས་བཤད་འདུག

དེ་བཞིན་ཨ་རིའི་གཞུང་གི་ངོས་ནས་བོད་འདི་རྒྱ་ནག་གི་ཆ་ཤས་ཤིག་ཡིན་པའི་ངོས་འཛིན་བྱས་པའི་ཁས་ལེན་དེ་སྲུང་གཙི་བྱ་དགོས་པ་མ་ཟད། ཏཱ་ལའི་བླ་མའི་གཟིགས་སྐོར་འདིས་གཏོར་སྐྱོན་གང་བཏང་བ་རྣམས་བསྐྱར་གསོ་བྱ་དགོས་པ་དང་། ཏཱ་ལའི་བླ་མ་དང་བོད་རང་བཙན་གྱི་ལས་འགུལ་སྤེལ་མཁན་ཚོར་སྡིངས་ས་མི་བསྐྲུན་པར་ཨ་རྒྱ་གཉིས་ཀྱི་འབྲེལ་བ་འདི་བརྟན་པོ་དང་གནོད་སྐྱོན་མེད་པ་བཟོ་རྒྱུའི་རེ་བ་ཡོད་ཅེས་བཀོད་འདུག

འབྲེལ་ཡོད་གསར་འགྱུར།

སྐྱབས་རྗེ་བཀའ་ཟུར་ཀིརྟི་རིན་པོ་ཆེ་མཆོག་གི་མཛད་རྣམ་ཤར་སྟག་མོའི་བུ་ཞེས་པའི་འཕྲུལ་དེབ་འགྲེམས་སྤེལ་གྱི་མཛད་སྒོ་དང་དཔྱད་བརྗོད་བགྲོ་གླེང་འཚོགས། བོད་ཀྱི་དུས་བབ་གསར་ཁང་གི་པར། ༢༠༢༥།༥།༩
Mobile App

བཀའ་ཟུར་༧སྐྱབས་རྗེ་ཀིརྟི་རིན་པོ་ཆེ་མཆོག་གི་མཛད་རྣམ་ཤར་སྟག་མོའི་བུ་ཞེས་པའི་འཕྲུལ་དེབ་འགྲེམས་སྤེལ་གྱི་མཛད་སྒོ་འཚོགས།

སྐར་མ ༡༨ སྔོན་ལ།
Mobile App

བོད་རིགས་ཨ་རི་བ་ཨ་ཧྥ་ཊབ་ཀརྨ་སིང་པུ་རི་ཝལ་ལགས་སུ་འོས་བསྡུའི་ཁྲོད་རྒྱལ་ཁ་ཐོབ།

ཆུ་ཚོད་ ༣ སྔོན་ལ།
The Dalai Lama offers blessings to his followers at his Himalayan residence in the northern hill town of Dharamshala, India, on December 20, 2024 [Priyanshu Singh/Reuters]
༸གོང་ས་མཆོག གསར་འགྱུར།

ཡུ་རོབ་གྲོས་ཚོགས་སུ་༧གོང་ས་མཆོག་གི་ཡང་སྲིད་དང་འབྲེལ་བའི་གྲོས་ཆོད་ཅིག་གཏན་འབེབས་བྱུང་། 

ཆུ་ཚོད་ ༣ སྔོན་ལ།
༧གོང་ས་རྒྱལ་བ་རིན་པོ་ཆེ་མཆོག་ཡེ་ཤུའི་ཆོས་དཔོན་རོ་བྷི་ཌི་པེ་ཝེ་སི་མཆོག སྐུ་པར་བོད་ཀྱི་དུས་བབ་ཀྱིས་བསྒྲིགས། ༢༠༢༤།༥།༩
༧གོང་ས་མཆོག གསུང་འཕྲིན།

༧གོང་ས་རྒྱལ་བ་རིན་པོ་ཆེ་མཆོག་ནས་ཡེ་ཤུའི་ཆོས་དཔོན་གསར་པར་འཚམས་འདྲི་མཛད།

ཆུ་ཚོད་ ༤ སྔོན་ལ།
བཙན་བྱོལ་བོད་མིའི་ཆོས་ཚོགས་ཐེངས་ ༡༤ པ་དབུ་འཛུགས་གནང་། ༢༠༡༩།༡༡།༢༧ དུས་བབ་གསར་ཁང་གི་པར།
Mobile App

 བཙན་བྱོལ་བོད་མིའི་ཆོས་ཚོགས་ཐེངས་བཅོ་ལྔ་པ་འཚོག་འཆར་འདུག

ཆུ་ཚོད་ ༤ སྔོན་ལ།
བྷི་རུའུ་ཁིན་སི་བསམ་མཛོད་བསྟི་གནས་ཁང་དུ་བོད་དོན་བཞུགས་མོལ་ཚོགས་འདུ་འཚོགས། ༢༠༢༥།༠༥།༠༧ སྲིད་སྐྱོང་གི་ངོ་དེབ་ཀྱི་པར།
Mobile App

སྲིད་སྐྱོང་མཆོག་གིས་ཨ་རིའི་གྲོས་ཚོགས་མི་སྣ་ཁག་ཅིག་ལ་མཇལ་འཕྲད་གནང་།

ཆུ་ཚོད་ ༥ སྔོན་ལ།

མཆན། 34

  1. kunsal says:
    ལོ་ 15 སྔོན།

    བོད་འདི་ཐོག་མཐའ་བར་གསུམ་དུ་རྒྱ་དང་ཐ་དད་ཡིན་པའི་ལོ་རྒྱུས་སེར་བྱེས་བློ་བཟང་རྣམ་རྒྱགས་ལགས་ནས་བརྩམས་པ་རྡ་ས་བོད་ཀྱི་དཔེ་མཛོད་ཁང་ནས་དཔར་སྐྲུན་གནང་བ་ཞིག་གཤམ་གསལ་དྲྭ་ཚིགས་ལ་གཟིགས།
    http://lingesar.wordpress.com/

    Reply
  2. གླིང་ཚང་བྱ་གླག says:
    ལོ་ 15 སྔོན།

    དྲྭྭ་གྲོགས་རྣམས་པ་ཕོ་རང་ལ་དཔེ་བཞག་ན་ངོ་མ་བོད་ལ་ཤ་ཞན་ཆེ་བའི་མི་ཞིག་ཡིན། འོན་ཀྱང་བདག་ནི་ཤེས་ཚད་ཞན་པའི་དབང་གིས་གར་བྱེད་འདི་བྱེད་མེད་པ་ལུས་ཡོད།
    ད་ལྟའི་ཆར་རྒྱ་ནག་གི་གསར་འགྱུར་འདི་འདྲ་ཞིག་ཡིན་དུས་ངོ་མ་འདུག་མི་བསྡེ་གི ། དེས་ན་ཁྱེད་རྣམས་ཀྱིས་དེ་ལ་ལན་འདེབས་ཞིག་བྱེད་ཐུབ་པའི་རེ་བ་དང་ཡིད་ཆེས་ཡོད། ནམ་ཡང་ང་ཚོ་སེམས་ཤུགས་ཆགས་མི་དགོས། ང་ཚོ་ལ་ལྡན་པ་ཡོད།

    Reply
  3. འབྲི་འབྲོང་། says:
    ལོ་ 15 སྔོན།

    དྲ་གྲོགས་རྣམ་ལོ་རྒྱུས་ལ་བྱང་ཆ་ཆེ་འདོག་དང༌། བྲིས་པའི་ཟིན་བྲིས་དག་ཀྱང་ཀློག་ལོ་བ་ཞིག་འདུག་པས་རྗེས་སུ་ཡི་རང་དང༌། རྣམ་པ་ཚོ་གུས་པའི་དྲི་བ་ཞིག་འབུལ་ན་འདོད། སྤྱིར་ང་ནི་སྒྲུང་ལ་དགའ་བ་དང༌། ལྷག་པར་གེ་སར་ནོར་བུ་དགྲ་འདུལ་གྱི་སྒྲུང་ནི་ངའི་སེམས་ཁོང་གི་འཚོ་བ་ལྟ་བུ་ཞིག་ཡིན། འོན་ཀྱང་གེ་སར་ནོར་བུ་དགྲ་འདུལ་ཞེས་པ་དེ་ཡང་སྙིང་སུ་ཡིན་དང༌། དུས་རབ་གང་དུ་བྱུང་ཡོད་མེད། དངོས་ཡོད་ཡིན་དང་དངོས་མེད་ཡིན། ལྷ་སྒྲུང་ཡིན་དང༌། ལོ་རྒྱུས་ལྡན་པའི་མི་ངོ་མ་ཞིག་བྱུང་ཡོད་མེད་སྐོར་ལ་རྣམ་ཚོའི་མཁྱེན་རབ་ཀློང་ལས་གསལ་བཤད་རེ་གནང་རོགས་ཞུ་རྒྱུ་ཡིན།

    Reply
  4. karma dorje says:
    ལོ་ 15 སྔོན།

    གནའ་སྔ་མོ་ནས་བཟུང་རྒྱ་ནག་གི་ཡིན་པའི་བོད་ཅིག་མེད་པའི་རྒྱུ་མཚན་ནི། ཆོས་རྒྱལ་མེས་དབོན་རྣམ་གསུམ་སྐབས་སུ་བོད་འདི་རྒྱ་ཁོངས་སུ་མེད་པ་ནི། བོད་འདི་ཨེ་ཤི་ཡའི་ནང་ལ་དམག་སྲིད་ཆེ་ཤོས་ཡིན་པས་རྡོ་རིང་ངོས་སུ། རྒྱ་རྒྱ་ཡུལ་ན་སྐྱིད། བོད་བོད་ཡུལ་ན་སྐྱིད། ཅེས་སོགས་ཀྱིས་བོད་རང་བཙན་གསལ་སྟོན་ཡོད་རེད།
    སོག་པོ་ཡོན་རྒྱལ་རབས་ཕྱི་ལོ་ ༡༢༧༡ འགོ་བཙུགས། ཕྱི་ལོ་ ༡༢༤༣ ལོར་བོད་ཡོང་ས་རྫོགས་དབང་བསྒྱུར་བྱས་ཀྱང་། ཕྱི་ལོ་ ༡༢༥༣ སླར་ཡང་བོད་རྒྱལ་ཡོངས་རང་བཙན་སླར་གསོ་བྱུང་པའི་རྗེས་ལ་གཞི་ནས། ཕྱི་ལོ་ ༡༢༧༩ ལོར་རྒྱ་ནག་ཡོངས་སོག་པོའི་མངའ་ཁོངས་སུ་བསྡུས་པ་འདིས་བོད་རྒྱ་ཁོངས་དང་རྒྱ་བོད་ཁོངས་ཀྱི་སྐད་ཆ་ཤོད་སའི་གཞི་ཡོད་མ་རེད།
    ཕྱི་ལོ་ ༡༣༦༨ ལོར་སོག་ཡོན་རྒྱལ་རྒྱུད་ནས་རྒྱ་ནག་རང་བཙན་ཐོབ་ཀྱང་། ཆིང་རྒྱལ་རབ་སྐབས་སུ་ཕྱི་ལོ་ ༡༦༥༣ ལོར་༸གོང་ས་ལྔ་བ་ཆེན་པོས་གཞུང་སོགས་ཀྱིས་བོད་རང་བཙན་རེད།
    ཕྱི་ལོ་ ༡༩༡༡ ལོར་ཡིང་རྒྱལ་རབས་རྩ་མཐོར་ཕྱིན་པའི་དུས་སུ། ༸གོང་ས་༸སྐུ་ཕྲེང་བཅུ་གསུམ་པ་སྐབས་ནས་བཟུང་བོད་རང་བཙན་གཙང་མ་རེད། ༡༩༥༡ ལོར་བཙན་དབང་འོག་དོན་ཚན་ ༡༧ བཙན་འབེབས་བྱས་ནས་བཟུང་ད་བར་བོད་ཧམ་བྱེད་བཞིན་པ་སོགས་མདོར་ན་རྒྱལ་རབས་ནང་ལ་ཞིབ་འཇུག་ག་ཚད་བྱས་ན་དེའི་ཚོད་ཀྱིས་སྔར་བོད་རང་བཙན་ཡིན་པ་གསལ་དུ་གསལ་དུ་འགྲོ་རྒྱུ་ལས་མ་འདས།
    འོན་ཀྱང་ད་ཆ་འཛམ་གླིང་འགྱུར་འགྲོས་དང་བསྟུན་ནས་བོད་རྒྱ་ནག་དང་མཉམ་དུ་བསྡད་ན་གཉིས་སྨན་ཡོངས་ངེས།

    Reply
  5. ཧོར་བུ་ཡེ་ཤེས says:
    ལོ་ 15 སྔོན།

    དབྱིན་མིང་ཅན་དཀར་མ་རྡོ་རྗེ་ལགས།མེད་ན་མེད་པའི་རྒྱུ་མཚན་བཤད་དགོས་པ་རེད་མ་གཏོག་མི་འགྲིག།ད་སྐབས་རྒྱ་ནག་གི་གློག་རྙོན་ཞིག་གི་ནང་དུའང་བོད་དེ་རྒྱ་ནག་གི་རྒྱལ་ཕྲན་ཞིག་ཡིན་པ་བཟོས་འདུག་ད།

    Reply
  6. karma dorje says:
    ལོ་ 15 སྔོན།

    གནའ་སྔ་མོ་ནས་བཟུང་རྒྱ་ནག་གི་ཡིན་པའི་བོད། ཅིག་ཡོད་མརེད།

    Reply
  7. ཧོར་བུ་ཡེ་ཤེས says:
    ལོ་ 15 སྔོན།

    རོལ་མཚོ་སྐྱབས་ལགས།དེ་ལྟར་ཡིན་ན་བཙན་བྱོལ་གཞུང་གི་དབུ་མའི་ལམ་དང་བོད་ཀྱི་གཞོན་ནུ་ལྷན་ཚོགས་དང་བོད་སློབ་ཕྲུག་ཚོགས་པའི་རང་བཙན་སོགས་ཚང་མ་དོར་དགོས་པ་རེད།དེ་ལྟར་བྱ་ན་ཡང་རྒྱ་ནག་གཞུང་གི་ང་ཚོ་ལ་ཐོབ་ཐང་ཆ་ཚང་རྩ་ནས་སྤྲད་ཀྱི་མ་རེད།

    Reply
  8. རོལ་མཚོ་སྐྱབས། says:
    ལོ་ 15 སྔོན།

    ཧོར་བུ་ཡེ་ཤེས་ལགས། བྱེས་ཀྱི་བོད་མི་དམངས་རྣམས་ཀྱང་རྒྱ་མི་དང་ལྷན་དུ་མི་ཚེ་སྐྱེལ་ན་ཟེར་བའི་དོན། ང་ཚོའི་རྒྱ་ནག་གིས་སྟོན་པའི་ཆ་རྐྱེན་ཡོངས་རྫོགས་ཁས་ལེན་ནས་བོད་དུ་ལོག་ན་ཕྱིར་དྲག་མི་འདུག་ཞེས་པའི་དོན་ཡིན་ལགས

    Reply
  9. སྟོབས་ says:
    ལོ་ 15 སྔོན།

    བོད་རྒྱལ་ཁབ་ནི་འཛམ་གླིང་སྤྱི་སྲོལ་ལྟར་རྒྱལ་ཁབ་ཀྱི་ངོས་འཛིན་མ་ཐུབ་ནི་རེད་ཟེར་བའི་དྲི་བ་འདི་ལ་ལན་ཐུང་ཐུང་ཅིག་རྒྱག་གི་ཡིན། བོད་རང་གི་ཕྱི་འབྲེལ་དམ་འཛིན་མ་བྱས་པའི་ལན་པ་དང་བོད་རང་གི་ངོ་བོ་བསྲོང་སྐྱོབས་བྱེད་མ་ཐུབ་པ་དང་བྱེད་མ་ཤེས་པ་སོགས་ཀྱི་འཐུས་ཤོར་སོང་བ་རེད་་ ། ཞིབ་གསལ་མཁྱེན་འདོད་ཡོད་ན་ལོ་རྒྱུས་ཁག་ལ་གཟིགས་རོགས་ཞུ་

    Reply
  10. རྒྱ་རྡེའུའི་དགེ་འདུན། says:
    ལོ་ 15 སྔོན།

    སྟོབས་ལ་བཀའ་དྲིན་ཆེ།

    ༼འཛམ་གླིང་དམག་འཁྲིགས་གཉིས་པ་འཇུག་རྫོགས་པ་ནས་ཁྲིམས་མཐུན་གྱི་རྒྱལ་ཁབ་སོ་སོ་ལ་རྒྱ་དར་དང་རྒྱ་གླུ་ཤོག་དངུལ་སོགས་བདག་དབང་ཡོད་ཚད་རང་སོ་སོར་ལ་སྤྲད་ཡོད ། འོན་ཀྱང་བོད་ནི་སྐབས་དེར་འཛམ་གླིང་སྤྱིའི་སྒྲིག་སྲོལ་བཞིན་རྒྱལ་ཁབ་ཅིག་གི་ངོ་བོ་ལ་ངོས་འཛིན་བྱས་མེད །༽་པས་རྒྱུ་མཚན་ཞིག་གསུངས་རོགས
    གལ་ཏེ་ཆུ་ཚོད་མེད་ན་སྐྱོད་མེད

    Reply
  11. ཧོར་བུ་ཡེ་ཤེས says:
    ལོ་ 15 སྔོན།

    རོལ་མཚོ་སྐྱབས་ལགས་དབུ་མའི་ལམ་དེ་དེ་ལྟར་མ་རེད་དམ།དེ་མིན་ན་དབུ་མའི་ལམ་དེ་ཡང་མེད་པ་བཟོ་དགོས་པ་རེད་དམ།

    Reply
  12. རོལ་མཚོ་སྐྱབས། says:
    ལོ་ 15 སྔོན།

    བོད་དེ་རྒྱ་ནག་གི་ཆ་ཤས་ཡིན་མིན་ལ་མ་ལྟས་པ། ད་ལྟར་བྱུང་དང་འབྱུང་བཞིན་པའི་རྒྱ་ནག་གི་གནས་སྟངས་ལ་གཞིགས་པའི་བསམ་ཚུལ་འགའ་ཞིག་ཞུ་འདོད་བྱུང། ཀྲུང་གོ་རྒྱལ་ཁབ་དེ་འཛམ་གླིང་ཐོག་གི་དཔལ་འབྱོར་དང་སྟོབས་ཤུགས་ཆེ་ཤས་ཞིག་ལ་སླེབས་ཀྱི་ཡོད་པ་ཚང་མའི་མཁྱེན་གསལ་དང་བོད་ལྗོངས་གནས་བཅུད་ཀྱི་གནས་སྟངས་ནི་ཉིན་རེར་བཞིན་སྡུག་ཏུ་འགྱུར་པ་བཅས་ལ་བསམ་ཚེ། གང་ལྟར་བྱེས་ཀྱི་བོད་མི་ཚང་མ་རྒྱ་མི་རིགས་དང་ལྷན་དུ་མི་ཚེ་སྐྱེལ་པ་ཡིན་ན་ཡག་པོ་མེད་འགྲོ་བསམ་པ་བྱུང་།
    རྒྱུ་མཚན་མང་པོ་ཞིག་ཡོད་རིམ་བཞིན་བཀོད་འདོད་ཡོད།

    Reply
  13. སྟོབས་ says:
    ལོ་ 15 སྔོན།

    རྒྱ་རྡེའུ་དགེ་འདུན་གྱི་དྲི་བ་ལན་འདེབས་བྱ་རྒྱུ་ཡིན ། གནའ་སྔ་མོའི་ནས་བོད་རྒྱ་ནག་གི་ཆ་ཤས་རེད་ཟེར་བ་དེ་ལ་ཁུངས་དང་ལུང་ཀྱང་མེད་ལ་དུས་ཚོད་དང་ཉི་མ་སྐར་མ་འདི་རེད་ཟེར་བ་ཞིག་དེ་བས་ཀྱང་་ཁོས་པོ་ལ་སྟོན་རྒྱུ་མེད་ཀྱང་། ཡིན་ནའང་ ། སྐད་ཆ་འདི་དག་ལ་གཞི་བཅོལ་ས་ཤིག་ཡོད་དགོས་ ཕྱིའི་རྒྱལ་ཁབ་དག་གིས་བོད་རྒྱ་ནག་གི་ཆ་ཤས་རེད་ཟེར་བ་ནི་རྒྱ་ནག་གི་རྩ་ཁྲིམས་ཀྱི་མངའ་ཁོངས་སུ་ཚུད་པའི་མི་རིགས་ལྔ་བཅུ་དྲུག་གཞིར་བཞག་ནས་བཤད་ཀྱི་ཡོད་རེད་བསམ་ཡོད ། འཛམ་གླིང་དམག་འཁྲིགས་གཉིས་པ་འཇུག་རྫོགས་པ་ནས་ཁྲིམས་མཐུན་གྱི་རྒྱལ་ཁབ་སོ་སོ་ལ་རྒྱ་དར་དང་རྒྱ་གླུ་ཤོག་དངུལ་སོགས་བདག་དབང་ཡོད་ཚད་རང་སོ་སོར་ལ་སྤྲད་ཡོད ། འོན་ཀྱང་བོད་ནི་སྐབས་དེར་འཛམ་གླིང་སྤྱིའི་སྒྲིག་སྲོལ་བཞིན་རྒྱལ་ཁབ་ཅིག་གི་ངོ་བོ་ལ་ངོས་འཛིན་བྱས་མེད ། ཡིན་ནའང་བོད་ནི་རང་བཙན་རྒྱལ་ཁབ་ཅིག་ཡིན་པ་བསྙོམས་དུ་མེད་བོད་བཙན་པོའི་རྒྱལ་རབ་ཕར་བཞག་གཞུང་ས་དགའ་ལྡན་ཕོ་བྲང་འཛུགས་པ་ནས་དུས་ད་ལྟའི་དཔར་རྒྱལ་ཁབ་ཅིག་ཡིན་པས་སྒྲུབ་བྱེད་མཐའ་ཡས་པ་ཞིག་ཡོད་ཡོད་་བཞིན་རེད ། འོན་ཀྱང་། ཨ་རི་གཙོས་རྒྱལ་ཁབ་མང་དག་ཅིག་གིས་བོད་རྒྱ་ནག་གི་མངའ་ཁོངས་སུ་བསྡུས་པ་དེ་ལ་བཙན་ཤུགས་དང་ཁྲིམས་འགལ་རང་བཞིན་གྱི་བྱ་སྤྱོད་ཡིན་པ་ངོས་ལེན་བྱས་མེད་སྟབས་བོད་མི་གཙོས་མི་རིགས་ལྔ་བཅུ་དྲུག་གི་བདག་དབང་རྒྱ་ནག་ལ་ཡོད་མེད་སྐོར་ལ་སྐད་ཆ་བཤད་མཁན་ཉུང་ཉུང་དུ་གྱུར་ཡོད །

    Reply
  14. ཧོར་བུ་ཡེ་ཤེས says:
    ལོ་ 15 སྔོན།

    དྲ་རོགས་རྒྱ་རྡེའུའི་དགེ་འདུན་ལགས།ངས་ར༼རྒྱ་ནག་གི་གནའ་སྔ་མོ་ནས་༽ཤེ་པ་དེ་ལ་ཅུང་ཙམ་ཞུ་འདོད་བྱུང་།ཁོང་ཚོས་ལོ་རྒྱས་བཤད་ཡོང་དུས་ནས་བོད་རྒྱལ་སྲོང་བཙན་གྱི་རྒྱ་མོ་དེ་མནའ་མ་ལེན་ནས་བཟུང་མེས་རྒྱལ་ཁྱིམ་ཚང་ཆེན་པོ་ནང་ལོག་པ་རེད་ཟེར་ནས་བཤད་པ་ལས་དེ་ཡི་ཡར་སྔོན་དུ་བོད་མི་ཞེས་པ་དེ་མེད་པ་འདྲ།ཧ་ཧ་་་བོད་ལོ་རྒྱུས་བཤད་ན་རྒྱ་ནག་ཚང་ལ་ལོག་བཤད་མ་གཏོག་མི་འདུག་མོ།

    Reply
  15. རྒྱ་རྡེའུའི་དགེ་འདུན། says:
    ལོ་ 15 སྔོན།

    བློ་བཟང་ཐུབ་བསྟན་ལགས་་་་བཀའ་དྲིན་ཆེ།། འོན་ཀྱང་ཁྱེད་ཀྱི་ལན་འདིའི་ངའི་བློ་ཁ་མ་འཚུམས་ཐ ཧམ་བཤད་ཡིན་པ་ངའི་ཡང་ཤེས་ཡོད་མོད་འོན་ཀྱང་ཁོང་ཚོའི་གཞི་དང་དུས་ཞིག་ལ་འཇུས་ནས་བཤད་འུ་ཚུགས་ཀྱི་འདི་བཤད་ནི་ཡིན་འདོད་གི

    Reply
  16. བློ་བཟང་ཐུབ་བསྟན་ says:
    ལོ་ 15 སྔོན།

    ༄༅༑དྲ་གྲོགས་དགེ་འདུན་ལགས་ཀྱིས་དྲི་བ་ལ་ལེན་འདེབས་དཀའ་བ་ཞིག་མ་
    རེད་སྔར་ལོ་རྒྱུས་ལ་ཕྱི་མིག་བལྟས་ན་མཐོང་མི་ཐུབ་པའི་ཐག་རིད་པོ་མ་རེད་
    གནམ་སྔ་མོ་ནས་བོད་རྒྱ་མའི་དང་ཁ་བྲལ་ཐབས་མེད་པའི་ཆ་ཤེས་རེད་གསུང་
    པ་ཧམ་བཤད་རེད་
    གོང་ས་མཆོག་དང་བོ་མི་འབུམ་གཉིས་ཙམ་རང་ཡུལ་བཞག་ནས་མི་ཡུལ་དུ་སྡོད་
    དགོས་དོན་གང་ཡིན་ནམ
    རྒྱ་རྒྱ་ཡུལ་ལ་སྐྱིད་བོད་བོད་ཡུལ་ལ་སྐྱིད་ཟེར་བའི་ཡི་གེ་འདི་བའི་དཔང་རྟགས་
    བྱེད་ཐུབ་གྱི་རེད་

    Reply
  17. སྟོབས་ says:
    ལོ་ 15 སྔོན།

    རྒྱ་རྡེའུའི་དགེ་འདུན་ལགས དེ་རིང་ཁྱེད་ཀྱི་དྲི་བ་ལན་འདེབས་ཁོམ་བྱུང་མ་སོང་དགོངས་དག་ཞུ ། སང་ཉིན་ལན་འབྲི་ཁུལ་བྱེད་དགོས ང་ལ་སྔ་དྲོ་མ་གཏོགས་དུས་ཚོད་མེད་དུས་ཚོད་སྟོང་པ་ནམ་རག་ན་དེ་མ་ཐག་ཟིན་བྲིས་ནང་དུ་འཛུལ་གྱིན་ཡོད ། ད་ང་འགྲོ་རན་སོང་ངས་ཁྱེད་ལ་དགོངས་དག་ཞུ

    Reply
  18. རྒྱ་རྡེའུའི་དགེ་འདུན། says:
    ལོ་ 15 སྔོན།

    སྟོབས་ལགས་་་་་་་་བོད་ཀྱི་གནའ་དཔེ་ཞིབ་གཤེར་ཁང་ལ་ཕྱིར་མིག་ཞིག་བྱེད་རོགས

    Reply
  19. རྒྱ་རྡེའུའི་དགེ་འདུན། says:
    ལོ་ 15 སྔོན།

    སྟོབས་འདི་རྩམ་དྲི་གཏད་ནས་མི་བྲོ་ནི་ཞིག་མིན་འདོད་ཡོད་་་་བཟང་གི་་་་་འགྲོ་གླེང་བྱེད་རྒྱུ་ངས་མི་ཤིས་་སྐད་ཆ་ཞིག་འདྲི་རྒྱུ་ཡོད་་་༼་བོད་ནི་ལོ་རྒྱུས་ཐོག་རྒྱལ་ཁབ་ཅིག་གི་ངོ་བོར་ནམ་ཡང་གནས་མྱོང་མེད་ལ། གནའ་སྔ་མོ་ནས་རྒྱ་ནག་གི་ཁ་བྲལ་ཐབས་མེད་པའི་ཆ་ཤས་ཤིག་ཡིན་ཅེས་ཨ་རིར་ཡོད་པའི་རྒྱ་ནག་གཞུང་ཚབ་ཁང་གིས་བསྒྲགས་འདུག་པ་དེ་་ཁུང་མེད་ལུང་མེད་ཞིག་བཤད་རེད་ཡང་ན་ཅི་ཞིག་ལ་གཞིར་བཞག་ནས་བཤད་པ་རེད་་་རྒྱུ་མཚན་ཞིག་བཤད་གིན་ཡོད་རྒྱུ་རེད་་་་་ད་དུང་གནའ་སྔ་མོ་ནས་་ཞེས་པ་དེ་དུས་ནམ་ཞིག་ནས་འགོ་བཟོང་བ་རེད་་་་་་་ཁུང་ལུང་རེ་ཡོད་ན་གསུང་རོགས་གནང་། བཤད་རྒྱུ་ཞིག་ལ་བསམ་ཚུར་གྱི་ལན་མི་དགོས།།།།།

    Reply
  20. ཅོ་རི་ཉི་མ། says:
    ལོ་ 15 སྔོན།

    སྟོབས་ལགས། ཁྱེད་ཀྱི་ཅོ་རིའི་རྩོམ་ཉོག་ཀློག་འདོད་ཡོད་གསུངས་པར་དགའ་པོ་བྱུང་། ངས་རྩོམ་ཉོག་རེ་བྲིས་སྐབས་སུ་བོད་ཡིག་གི་ཤེས་ཚད་དམའ་བ་ང་ལྟ་བུའི་གོ་ཐུབ་པའི་ཆེད་དུ་བྲིས་ཁུལ་ཡིན། ཁྱེད་ཀྱིས་གོ་ཁག་པོ་འདུག་གསུངས་ན་ང་ལ་ཐབས་ཤེས་མི་འདུག
    དེ་ལས་ཡིག་ནོར་འདུག་གསུངས་ན་ལགས་གསོལ་ཞུ་ཆོག

    Reply
  21. སྟོབས་ says:
    ལོ་ 15 སྔོན།

    རྒྱ་རགས། བོད་ཀྱི་གསང་བ་ཅི་ཞིག་ཕྱི་ལ་ཤོར་ནས་བོད་ཕོངས་པ་རེད ། ཡིང་ན་བོད་ཀྱི་ཅི་ཞིག་སྤུས་སྐུང་བྱས་ནས་བོད་ཕམ་སོང་བ་རེད་དམ ། རྒྱལ་ཁབ་ཅིག་ལ་མཚོན་ན་གསང་བ་ནི་ཚོང་དོན་གསང་བ ། དམག་དོན་གསང་བ ། ཆབ་སྲིད་ནང་ཇུས་གསང་བ ། ཕྱི་འབྲེལ་གསང་བ་སོགས་གསང་བ་མང་དག་ཅིག་གི་ནང་ནས་བོད་ཀྱི་གསང་བ་འདི་ཕྱི་ལ་ཤོར་བས་རྐྱེན་གྱི་བོད་རྒྱལ་ཁབ་འདི་ཕམ་སོང་བ་རེད་ཞེས་འཛུབ་མོ་སྟོན་གྱི་ཨེ་ཡོད ། གལ་སྲིད་ཡོད་ན་ ཁྱེད་ཀྱིས་གསལ་བྱེད་དང་མཆན་ཐུང་བུ་རེ་བྲིས་ན། གུས་པ་སྟོབས་ལ་བློ་བསྐྱེད་ཡག་པོ་ཞིག་རག་ས་རེད

    Reply
  22. གྲྭ་རྒོད says:
    ལོ་ 15 སྔོན།

    དྲ་གྲོགས་ཚོ་དགོངས་དག་ཞུ།མ་ཤེས་པ་ཡིན་ན་ཁག་མེད།དེ་མིན་རྒྱ་ནག་གི་བཤད་པ་དག་ལ་བདག་པོ་བྱེད་དགོས་དོན་མེད་ལ་ཧང་སིང་དགོས་དོན་ཡང་མེད།གང་ཡིན་ཟེར་ན་རྒྱུན་ལྡན་ཞིག་རེད་ལ་དེ་མིན་བཤད་སྟངས་ཡང་ཡོད་པ་མ་རེད་ཟེར་ན་ཆོག་རྒྱ་ནག་གི་བསམ་དོན་ལ་ང་ཚོ་ངོས་ནས་རྒྱབ་ཕྱོགས་ནས་བསམ་བློ་གཏོང་དགོས་པ་རེད་བསམ་གི་འདུག་བོད་རྒྱ་ནག་གི་ཆ་ཤེས་རེད་ཟེར་ན་ཡང་འདྲ་མ་རེད་ཟེར་ན་ཡང་འདྲ་གང་ལྟར་བོད་མི་རང་གི་ལོ་རྒྱས་དང་ར་འཕྱོད་ཐུབ་ན་དེ་ལས་གཞན་གང་ཡང་མེད་ལ།བདེན་པ་སུ་ལ་ཡོད་བོད་ལ་ཡོད་ཟེར་ཆོག་གི་རེད།

    Reply
  23. སྟོབས་ says:
    ལོ་ 15 སྔོན།

    རྒྱ་རྡེའུའི་དགེ་འདུནལགས དེ་རིང་བགྲོ་གླེང་ཅི་ཞིག་མགོ་རྩོམ་གི་ཡིན ། གོང་དུ་བརྗོད་གཞིའི་ཐོག་བགྲོ་གླེང་བྱེད་ཀྱི་ཡིན་ནམ་ཁྱེད་དང་འུ་གཉིས་ཀྱི་ཤུ་མཚང་ཕྱིར་བརྟོལ་རེས་བྱེད་ཀྱིན་ཡིན ། རང་ཉིད་ཀྱིས་འདམ་ཁ་བྱས་ན་ཆོག

    Reply
  24. རྒྱ་རྡེའུའི་དགེ་འདུན། says:
    ལོ་ 15 སྔོན།

    སྟོབས་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་ཚར་སོང་་་་་་་་་་་་་་་ཡོད་་་་་་་་་་་་་་་་་་

    Reply
  25. རྒྱ་རགས། says:
    ལོ་ 15 སྔོན།

    བོད་ཀྱི་སྲིད་དོན་ལ་གསང་བ་གང་ཡང་མེད་ཟེར་ལ། བདེན་པ་བདེན་དྲང་ཡིན་ཟེར། ངོ་མ་དེ་ལྟར་ཡིན་པ་རེད། ངོ་མ་དེ་ལྟར་ཡིན་པས་འུ་ཅག་ཕོངས་སོང་བ་རེད། འདི་ལྟར་བཤད་ན་ཁྱོད་ཚོས་ཅི་བསམ།
    དཔེར་ན།
    མི་གཉིས་ཀྱིས་ཁྱོད་ཤི་ང་གསོན་གྱི་དམར་ཛིང་བྱེད་དུས་གཅིག་ཤོས་ཀྱིས། ངས་ཁྱོད་ཀྱི་མགོ་ལ་མི་གཞུ། ངས་ཁྱོད་ཀྱི་ངོ་ལ་མི་རྒྱག ངས་ཁྱོད་ཀྱི་བྲང་ཁ་ཁ་ཁོ་ནར་གཞུ་གི་ཡིན་ཞེས་སྐད་ཆ་བཤད་ནས་བདེན་པ་བདེན་དྲང་གིས་ཕ་རོལ་གྱི་བྲང་ཁ་ཁོ་ན་དམིགས་འབེན་དུ་བཟུང་ནས་འཐབ་ན་མི་དེ་ཕ་རོལ་ལས་རྒྱལ་སྲིད་དམ། མི་དེའི་འཐབ་སྟངས་ཡང་དག་པ་རེད་ཟེར་ཐུབ་བམ།

    Reply
  26. བསྟན་འཛིན་ཤེས་རབ། says:
    ལོ་ 15 སྔོན།

    མི་ངན་གསུམ་ཁ་མཐུན་ན། ར་མ་ཁྱི་རུ་བསྒྱུར་ཞེས་པའི་ཁ་དཔེ་དེ་ཐོས་ཨེ་མྱོང་།

    Reply
  27. སྟོབས་ says:
    ལོ་ 15 སྔོན།

    ཅོ་རི་ཉི་མའི་འབོལ་རྩོམ་ཀློག་འདོད་ཡོད་ཀྱང་དོན་དག་ཤེས་པ་ལས་སླ་བོ་ཞིག་མ་རེད །
    ངའི་རེ་བ་ལ་རྗེས་ཕྱོགས་ཡིག་ནོར་མེད་པ་དོན་དག་གསལ་པོར་སྟོན་ཐུབ་མཁན་གྱི་འབྲུ་ཚན་ཉུང་ཉུང་རེ་འབྲི་རོགས

    Reply
  28. ཅོ་རི་ཉི་མ། says:
    ལོ་ 15 སྔོན།

    ༧གོང་ས་མཆོག་གིས་རང་ཉིད་རྒྱ་གར་གྱི་བུ་ལྟ་བུ་ཡིན་གསུངས་པ་དེས་ཀྲུང་ཡ་སྲིད་གཞུང་གི་དཔོན་རིགས་ཚོ་མིག་ཟུར་ལངས་ལུགས་ལ་ལྟས་ན། དངོས་གནས་ཀྲུང་ཡ་སྲིད་གཞུང་གི་དཔོན་རིགས་ཚོས་༧གོང་ས་མཆོག་དང་བོད་མི་རིགས་འདི་ཀྲུང་གོ་ཕྱོགས་སུ་མེད་ན་ཀྲུང་གོ་དགྲ་བོ་རྒྱ་གར་དང་ཨ་རི་ལས་རྒྱལ་མི་ཐུབ་པ་འདི་ཡང་ཤེས་ཀྱིས་ཡོད་པ་འདྲ། དེ་འདྲ་མ་རེད་དམ།

    Reply
  29. སྟོབས་ says:
    ལོ་ 15 སྔོན།

    རྒྱ་རྡེའུའི་དགེ་འདུན།
    ཁྱེད་ལ་ལན་ཐུང་ཐུང་ཞིག་བྲིས་ཡོད ། བྲོ་བ་ཡོད་ན་ཐང་གཅིག་གཟིགས་རོགས།

    Reply
  30. ལྷག་པ་ཚེ་རིང༌། says:
    ལོ་ 15 སྔོན།

    སྤྱིར་བཏང་བྱས་ན་རྒྱ་མིས་སྐད་ཆ་འདི་འདྲ་བཤད་པར་ཧང་སངས་དགོས་དོན་མེད། སྐད་ཆ་དེ་འདྲ་རྒྱ་མིས་ཉིན་ལྟར་རླུངས་འཕྲིན་དང་བརྙན་འཕྲིན་ནས་བཤད་བཤད་པ་རེད་ལ། དེ་ལ་དོན་སྣང་སྤྲོད་མཁན་ཡང་དེ་ཙམ་མེད།
    འོན་ཀྱང་རྒྱ་རིགས་འདི་ཚོའི་བཤད་རྒྱུན་ནང༌། བརྫུན་གཏམ་གཅིག་ཐེངས་བརྒྱ་བཤད་ན་བདེན་པར་འགྱུར། ཞེས་པ་དང༌། ཧམ་པ་རི་ཙམ་མ་བཤད་ན་བདེན་པ་གཡག་ཙམ་མི་འཐོབ། སོགས་ཁོང་ཚོའི་སྲིད་བྱུས་དེ་གཡུ་ཅན་གྱི་སྲིད་བྱུས་ཡིན་པ་དེ་ཡང་ང་ཚོས་ཤེས་དགོས་ལ་གཟབ་ཀྱང་དགོས་སོ༎

    Reply
  31. མི་ནག་ཚང་ལུང་རིགས་རྒྱལ། says:
    ལོ་ 15 སྔོན།

    མའོ་ཙེ་ཏུང་གི་བསླབ་བྱ།

    རྫུན་གཅིག་ཐེངས་མ་བརྒྱར་བཤད་ན་བདེན་པར་འགྱུར་འགྲོ་གི་རེད་ཟེར།

    རྩ་དོན་འདི་རྒྱུན་འཁྱོངས་བྱེད་ཀྱིན་ཡོད་པ་རེད།

    Reply
  32. རྒྱ་རྡེའུའི་དགེ་འདུན། says:
    ལོ་ 15 སྔོན།

    ལས་ཅི་ཞིག་བྱས་ཀྱང་ཐོག་མར་རང་ཉིད་ནས་བྱེད་་་་དྲི་བ་དེའི་ལན་ཡང་ཐོག་མེ་རང་ཉིད་ནས་བཏབ་ན་རེད་་་ཧ་ཧ་ངའི་ལན་བཏབ་ཚར་་་་་་་མི་ཉན་པ་ལ་་ཞེས་བ་དེ་ཡིན

    Reply
  33. ཨ་རིག་འགྱུར་མེད། says:
    ལོ་ 15 སྔོན།

    གཅིག
    བོད་ནི་རྒྱ་ནག་གི་ས་ཆའི་བཞི་གཅིག་མ་གཏོགས་མེད་ཟེར་ན་ཁྱེད་ཚོས་ལན་ཇི་ལྟར་གདམ་མམ།
    གཉིས།
    བོད་ནི་ལོ་རྒྱུས་ཐོག་ནམ་ཡང་རྒྱལ་ཁབ་ཅིག་ཆགས་མྱོང་མེད་ཟེར་ན་ཁྱེད་ཚོས་་་་་
    གསུམ།
    ངས་དགོད་སྤྱད་ཅིག་བཤད། ངས་འདི་ལྟར་བཤད་ན་གླེང་བཤད་ལྟ་བུ་ཞིག་རེད། ཡིན་ནའང་། བཤད་ཆོག་པར་ཞུ། རྒྱ་ནག་གིས་བོད་ལ་བལྟས་ཏེ་བོད་མི་རིགས་འདི་སྙིང་རྗེ། སྡོད་མི་ཚུགས་པར་འཕག་འཚག་རྒྱག་གི་འདུག རང་སྡུག་རང་གིས་ཉོས་པ་རེད་ཟེར་གྱིན་ཡོད་སྲིད། ངས་བལྟས་ན་རྒྱ་ནག་འདི་སྙིང་རྗེ། བསྡད་ཀྱིན་བསྡད་ཀྱིན་རྡོ་ཚ་བོའི་སྟེང་གི་གྲོག་མ་ཇི་བཞིན་སྡོད་ཚུགས་ཀྱི་མི་འདུག
    ཁོང་ཚོས་བལྟས་ན་ང་ཚོ་སྙིང་རྗེ་བ་ཞིག་ཡིན་སྲིད་ཀྱི་རེད་ལ། ད་ལྟའི་གནས་སྟངས་ལ་བལྟས་ན་ངས་ཁོང་ཚོ་སྙིང་རྗེ་གི་འདུག

    Reply
  34. རྒྱ་རྡེའུའི་དགེ་འདུན། says:
    ལོ་ 15 སྔོན།

    སྐད་ཆ་དེ་དག་ལ་ཁ་ཡ་བྱེད་ཚོད་ཡོད་ནི་མ་རེད་་་་མི་ཉན་པ་ལ་བཤད་པ་མཚངས་ཟེར་་་་་་སྐད་ཆ་དེའི་རིགས་རྒྱུན་དུ་བཤད་བཤད་པ་རེད་་ངོ་མ་ངོ་ཚ་རྒྱུ་ཞིག་མི་འདུག་་་་

    Reply

དཔྱད་མཆན་སྤེལ། Cancel reply

Your email address will not be published. Required fields are marked *

སྤྱི་ཚོགས་དྲ་གནས།

ཁྱབ་བསྒྲགས།

དྲ་ངོས་ཀྱི་གནས་ཚུལ་ཚང་མའི་པར་དབང་བོད་ཀྱི་དུས་བབ་ལ་ཡོད།

གློག་འཕྲིན།

editor@tibettimes.net | office@tibettimes.net

ཁ་པར།

+91-98823-47075 | +91-92189-38041 | +91-81972-44372

Welcome Back!

OR

Login to your account below

Forgotten Password?

Retrieve your password

Please enter your username or email address to reset your password.

Log In

Add New Playlist

No Result
ཆ་ཚང་གཟིགས།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
    • གླ་ཡོད་རིན་གོང་།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese