མདུན་ངོས།
About Us
  • English
Advertisement
བོད་ཀྱི་དུས་བབ།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
    • གླ་ཡོད་རིན་གོང་།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese
No Result
ཆ་ཚང་གཟིགས།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
    • གླ་ཡོད་རིན་གོང་།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese
No Result
ཆ་ཚང་གཟིགས།
བོད་ཀྱི་དུས་བབ།
English
No Result
ཆ་ཚང་གཟིགས།

ལྔ་བཅུའི་དུས་དྲན་དང་གཞུང་ཞབས་བགྲོ་གླེང་ཚོཊ་འདུ།

བོད་ཀྱི་དུས་བབ།
༢༠༡༠/༠༢/༢༤
Share on FacebookShare on TwitterShare on EmailShare on Whatsapp

༧གོང་ས་མཆོག་གི་རླབས་ཆེན་གྱི་དགོངས་གཞི་དང་མཛད་བྱུས་ཅི་འདྲ་ཡོད་རུང་། དངོས་སུ་ལག་བསྟར་བྱུང་མིན་ནི་སྲི་ཞུ་ལས་བྱེད་པ་ཁོ་ནར་རག་ལུས་ཡོད་སྟབས། འདས་ལོ་ལྔ་བཅུའི་གྲུབ་འབྲས་དང་འཐུས་ཤོར་ཅི་བྱུང་གི་འགན་འཁུར་སྲི་ཞུ་ལས་བྱེད་པར་ཡོད་པའི་དངོས་དོན་གྱི་གནས་ཚུལ་འདི་ནི་གཡོལ་ཐབས་མེད་པ་ཞིག་ཡིན་པས་གྲུབ་འབྲས་ལ་དགའ་སྒོམ་བྱ་རྒྱུའི་སྔོན་དུ་འཐུས་ཤོར་ལ་འགན་ལེན་ངེས་པར་དུ་བྱ་དགོས་ཟེར།

 སྔར་ལོའི་གསུམ་བཅུའི་དུས་དྲན་ནས་ད་ལོའི་གསུམ་བཅུའི་དུས་དྲན་བར་གྱི་ལོ་ཧྲིལ་བོར། བཙན་བྱོལ་བོད་གཞུང་བཀའ་ཤག་གིས་ལྔ་བཅུའི་དུས་དྲན་གོ་སྒྲིག་ཚོགས་ཆུང་ཟུར་འཛུགས་བྱས་ཏེ། ༧གོང་ས་མཆོག་དབུས་བོད་མི་མང་པོ་ཁྱིམ་མཚེས་ཡུལ་གྲུ་ཁག་ལ་སྐྱབས་བཅོལ་དུ་འབྱོར་ཏེ། མི་ལོ་ཧྲིལ་བོ་ ༥༠ འཁོར་བའི་དུས་དྲན་སྲུང་གཙི་ཞུ་བཞིན་ཡོད་ལ། ད་ལོའི་ཟླ་ ༣ ཚེས་ ༡༠ ནས་ལྔ་བཅུའི་དུས་དྲན་ཡོངས་སུ་མཇུག་སྒྲིལ་གྱིན་ཡོད་པའི་གོ་སྐབས་དང་བསྟུན་ཏེ། བོད་གཞུང་གི་ལྷན་ཁང་མ་ལག་དང་བཅས་པའི་གཞུང་ཞབས་ལས་བྱེད་ཆ་ཕྲ་དང་། ས་གནས་གཞིས་མགོ་ཁག་ལྷན་ཞུགས་ཐོག ༼ ལོ་ལྔ་བཅུ་ཉམས་མྱོང་གཞིར་བཟུང་འབྱུང་འགྱུར་ལོ་ལྔ་བཅུའི་མི་རིགས་ཀྱི་རྩ་དོན་སྒྲུབ་ཕྱོགས་ཀྱི་འཆར་སྣང་སྐོར་བགྲོ་གླེང་། ༽ ཞུ་བ་ཞིག་ཚོགས་འཆར་ཡོད་སྟབས། འདི་གའི་གསར་འགོད་པ་ལྔ་བཅུའི་དུས་དྲན་གོ་སྒྲིག་ཚོགས་ཆུང་གི་ཚོགས་གཙོ་བཀྲ་ཤིས་ནོར་བུ་ལགས་ཀྱི་གམ་དུ་བཅར་ཏེ། མི་འགྱངས་པར་ཚོགས་འཆར་ཡོད་པའི་གཞུང་ཞབས་ལས་བྱེད་པའི་བགྲོ་གླེང་ཚོགས་འདུའི་སྐོར་ལ་བཅར་འདྲི་དང་སྦྲགས། འདས་པའི་ལོ་གཅིག་རིང་བཙན་བྱོལ་བོད་མིའི་སྤྱི་ཚོགས་ཁྱོན་ཡོངས་ནས་ལྔ་བཅུའི་དུས་དྲན་སྲུང་གཙི་བྱས་པའི་གནས་སྟངས་སྐོར་རྒྱུས་ལོན་བྱས་པ་ཡིན།

 

བཀྲ་ཤིས་ནོར་བུ་ལགས་ཀྱིས་ཐོག་མར་ཚོགས་ལ་ཉེ་བའི་གཞུང་ཞབས་ལས་བྱེད་ཡོངས་ཀྱི་བགྲོ་གླེང་ཚོགས་འདུ་དེའི་སྐོར་ངོ་སྤྲོད་གནང་དོན། ལྔ་བཅུའི་དུས་དྲན་གྱི་མཛད་རིམ་ནང་གཞུང་ཞབས་ཡོངས་ཀྱི་བགྲོ་གླེང་ཚོགས་འདུ་རྒྱས་འཛོམས་ཤིག་ཡོད་པ་ལྟར། ཟླ་འདིའི་ཕྱི་ཚེས་ ༢༦ དང་ ༢༧ ཉིན་གཉིས་རིང་གཞུང་ཞབས་ལས་བྱེད་ཡོངས་དང་། ས་གནས་གཞིས་མགོ་ཁག དེ་བཞིན་འབྲེལ་མཐུད་པ་ཡོངས་ལྷན་ཞུགས་ཀྱི་ཚོགས་འདུ་རྒྱས་པ་ཞིག་ངྷ་ཤོད་བོད་ཁྱིམ་སློབ་གྲྭའི་ཚོགས་ཁང་ནང་ཚོགས་རྒྱུ་རེད། ཚོགས་འདུ་དེའི་སྟེང་བཀའ་ཤག་དབུ་བཞུགས་ཀྱིས་ཕལ་ཆེར་ཚོགས་བཅར་བ་ ༤༠༠ ལྷག་འཛོམ་འཆར་རེད། ཚོགས་འདུའི་ཉིན་དང་པོར་ཚོགས་བཅར་བ་ཡོངས་ཆུང་ཁག་བགོས་བརྒྱབས་ཏེ། བརྗོད་གཞིའི་ཐོག་བགྲོ་གླེང་གོ་བསྡུར་ཞིབ་ལྷུག་གནང་རྒྱུ་ཡིན་པ་དང་། ཉིན་གཉིས་པར་ཚོགས་ཆུང་ཁག་གི་བསམ་ཚུལ་ཕྱོགས་བསྡོམས་ཀྱིས་གྲོས་ཆོད་འཇོག་རྒྱུ་རེད། བགྲོ་གླེང་ཚོགས་འདུའི་གྲོས་གཞིའི་ཐད་བཀའ་བློན་ཁྲི་པས་ཞུ་སྐུལ་ཞིག་ཀྱང་གནང་འདུག ཅེས་གསུངས་བྱུང་།

 

གཞུང་ཞབས་ལས་བྱེད་པའི་བགྲོ་གླེང་ཚོགས་འདུའི་གྲོས་གཞིའི་ཐད་བཀའ་ཁྲི་མཆོག་གིས་ལམ་སྟོན་ཞིག་གནང་ཡོད་པའི་ནང་བཀོད་དོན། བཙན་བྱོལ་བོད་མི་རྣམས་ཁྱིམ་མཚེས་རྒྱལ་ཁབ་བལ་ཡུལ་དང་། འབྲུག་ཡུལ། ལྷག་པར་རྒྱ་གར་དུ་མི་ཚོགས་མཉམ་སྡོད་ཀྱི་གཞིས་ཆགས་དང་ཆོས་བྱེད་དགེ་འདུན་པའི་དགོན་སྡེ་ཁག ཤེས་ཡོན་སློབ་གྲྭ་ཁག  གཙུག་ལག་སློབ་ཁང་སོགས་གཞི་རྒྱ་ཆེ་བའི་འཛུགས་སྐྲུན་དང་། ཡར་རྒྱས་གསར་གཏོད་ཀྱི་རྣམ་པ་གྲངས་ལས་འདས་པ་ཞིག་བྱུང་ཡོད། དེ་དང་ཆབས་ཅིག་ཞན་ཆའི་ཕྱོགས་ནས་བལྟས་ན་འགྲན་ཟླ་མེད་པའི་ཤེས་ཡོན་སློབ་སྦྱོང་གི་གོ་སྐབས་ཐོབ་ཡོད་ཀྱང་། གནའ་བོའི་བོད་དུ་བྱུང་བ་ལྟ་བུའི་རྩོད་མེད་ཡོངས་གྲགས་ཀྱི་མཁས་དབང་འཐོན་དཀའ་བར་མ་ཟད།  དེང་རབས་ཀྱི་ཁྱད་ལས་པ་དང་། རིག་གཅིག་རྐང་འཛིན་པ་གྲགས་ཅན་ཡང་ཉུང་ཤས་ལས་ཐོན་མེད་ཅིང་། གཞིས་ཆགས་ཁག་ཀྱང་རིམ་པས་ཁ་ཐོར་འགྲོ་ཉེན་ལ་ཕྱོགས་པ་དང་གཞོན་སྐྱེས་མང་ཆེ་བ་ངལ་རྩོལ་གྱི་ནུས་པ་དམན་ཞིང་། གཞན་རྟེན་གྱི་བསམ་བློ་དང་ནུབ་ཕྱོགས་ཡུལ་གྲུ་ཁག་ཏུ་བསྐྱོད་རྒྱུའི་འདུན་སྲེད་ཇེ་ཆེར་འཕེལ་བའི་ཐོག ལྷག་པར་འཇིགས་སྣང་སྐྱེ་འོས་པ་ཞིག་ལ་ཞིག་ལ་བོད་མིར་རང་གཤིས་སུ་གྲུབ་པའི་ཡ་རབས་བཟང་སྤྱོད་ཀྱི་གནས་བབ་ཉམས་དམས་སུ་སོང་སྟེ། གཡོ་རྒྱུ་ཁྲམ་གསུམ་སོགས་ངན་སྤྱོད་སྣ་མང་ལ་ཇི་མི་སྙམ་པར་འཇུག་མཁན་ཇེ་མང་དུ་འགྲོ་བཞིན་པ་བཅས་ལ་བརྟེན། འབྱུང་འགྱུར་བཙན་བྱོལ་བོད་མིའི་གནས་བབ་ཧ་ཅང་ཡིད་དོགས་སྐྱེ་གཞིའི་གནས་སུ་སླེབས་ཡོད། གཉན་འཕྲང་ཅན་གྱི་དུས་སྐབས་འདིར་བཙན་བྱོལ་བོད་གཞུང་གི་སྲི་ཞུ་ལས་བྱེད་པ་ཁེ་གཙང་འདི་ལོ་ཕྱི་ཟླ་ ༣ ཚེས་ ༢༦།༢༧ ཉིན་གཉིས་རིང་རྡ་སར་ཟུར་ཚོགས་ཀྱིས་འདས་པའི་ལོ་ལྔ་བཅུའི་ཉམས་མྱོང་གཞིར་བཟུང་འབྱུང་འགྱུར་ལོ་ལྔ་བཅུའི་བོད་མི་རིགས་ཀྱི་རྩ་དོན་བསྒྲུབ་ཕྱོགས་ཀྱི་འཆར་སྣང་སྐོར་བགྲོ་གླེང་གནང་རྒྱུའི་ལས་རིམ་བསྒྲིགས་ཡོད། འདི་ནི་འཆར་ཅན་གྱི་ཚོགས་འདུ་ལྟ་བུ་ཞིག་མ་ཡིན་པར་སྲིད་ཞུ་ལས་བྱེད་པ་མི་རེ་ངོ་རེས་སྤྱིར་སྲི་ཞུ་བ་ཡོངས་དང་། ལྷག་པར་རང་ཉིད་ཀྱི་སྒོ་གསུམ་གྱི་སྤྱོད་ཚུལ་ལ་བསྐྱར་ཞིབ་ནན་པོ་དང་། དེའི་ཉམས་མྱོང་གཞིར་བཟུང་འབྱུང་འགྱུར་རྩ་དོན་སྒྲུབ་ཕྱོགས་དང་ཐབས་ལམ་གཉིས་ཀར་ངེས་པ་རྙེད་པའི་ལམ་སྟོན་ཞིག་གཏན་འབེབས་ཡོངས་ཐབས་ལ་དམིགས་པ་ཞིག་ཡིན། ཞེས་བཀོད་འདུག

 

ཞུ་སྐུལ་དེའི་ནང་བཙན་བྱོལ་སྤྱི་ཚོགས་ཀྱི་ལེགས་ཉེས་ཅི་བྱུང་གཞུང་ཞབས་ལས་བྱེད་ཚོར་རག་ལས་ཡོད་སྐོར་བཀོད་དོན། མཁྱེན་གསལ་ལྟར་འདས་ལོ་ལྔ་བཅུའི་ནང་བཙན་བྱོལ་བོད་མིའི་སྤྱི་ཚོགས་སུ་ལེགས་ཉེས་ཀྱི་གནས་ཚུལ་ཅི་བྱུང་རྣམས་རྒྱུ་མེད་རང་བྱུང་ལྟ་བུ་མ་ཡིན་པར་བཙན་བྱོལ་བོད་གཞུང་གི་སྲིད་བྱུས་དང་ལས་གཞི་ཁག་ལས་བྱུང་བ་ཤས་ཆེ་བ་དང་། དེ་ཡང་༧གོང་ས་མཆོག་གི་རླབས་ཆེན་གྱི་དགོངས་གཞི་དང་མཛད་བྱུས་ཅི་འདྲ་ཡོད་རུང་། དངོས་སུ་ལག་བསྟར་བྱུང་མིན་ནི་སྲི་ཞུ་ལས་བྱེད་པ་ཁོ་ནར་རག་ལུས་ཡོད་སྟབས། འདས་ལོ་ལྔ་བཅུའི་གྲུབ་འབྲས་དང་འཐུས་ཤོར་ཅི་བྱུང་གི་འགན་འཁུར་སྲི་ཞུ་ལས་བྱེད་པར་ཡོད་པའི་དངོས་དོན་གྱི་གནས་ཚུལ་འདི་ནི་གཡོལ་ཐབས་མེད་པ་ཞིག་ཡིན་པས་གྲུབ་འབྲས་ལ་དགའ་སྒོམ་བྱ་རྒྱུའི་སྔོན་དུ་འཐུས་ཤོར་ལ་འགན་ལེན་ངེས་པར་དུ་བྱ་དགོས། དེ་ནི་བྱུང་རབས་ལ་འཁྲི་བའི་ལས་འགན་ཞིག་ཀྱང་ཡིན། འདས་པའི་གནས་ཚུལ་ཙམ་དུ་མ་ཟད། འབྱུང་འགྱུར་ཡང་བཙན་བྱོལ་བོད་མིའི་ལས་དབང་གི་ཁ་ཕྱོགས་ཅི་འདྲ་ཞིག་ཏུ་འགྲོ་མིན་བརྒྱ་ཆ་མང་ཤོས་བཙན་བྱོལ་བོད་གཞུང་གི་སྲི་ཞུ་བར་རག་ལུས་ཡོད། གནས་ཚུལ་འདི་ལ་ཐུགས་བསམ་གཏིང་ཟབ་བཞེས་པ་ཡིན་ན། བཟོད་པར་དཀའ་བའི་འགན་འཁྲི་ཤིན་ཏུ་ལྕི་བ་ཞིག་ཡོད་པ་དང་ཆབས་ཅིག་བྱུང་རབས་ཀྱི་དོན་སྙིང་ལྡན་པའི་གོ་སྐབས་རླབས་ཆེན་ཞིག་ཀྱང་ཡོད་པ་མཁྱེན་ཐུབ། རྒྱུ་མཚན་དེ་དག་ལ་བརྟེན་བཙན་བྱོལ་བོད་གཞུང་གི་སྲི་ཞུ་བ་རྣམས་ནི་རྒྱལ་ཁབ་དང་སྒྲིག་འཛུགས་གཞན་གྱི་ལས་བྱེད་དང་གཏན་ནས་མི་འདྲ་བར་རླབས་ཆེན་གྱི་མི་རིགས་ཤིག་གི་ཕུགས་འདུན་ཁ་ལོ་བསྒྱུར་མཁན་ཞིག་ཡིན། ཞེས་དང་།

 

 

ཡང་གཞུང་ཞབས་ལས་བྱེད་རེ་ཟུང་གིས་སྤྱི་རྒྱུ་སྒེར་ཟོས་དང་ལྐོག་ཟ་རུལ་སུངས་བྱས་སྟབས། སྦལ་བ་རྨ་ཅན་བཞིན་སྲི་ཞུ་བ་ཡོངས་ཀྱི་གཟུགས་བརྙན་ལ་ནག་ཐིག་འཕོག་གིན་ཡོད་སྐོར་བསྟན་དོན། སྤྱི་ཚོགས་ལ་བཀའ་ཤག་གིས་དུས་རྒྱུན་དུ་སྲི་ཞུ་ལས་བྱེད་པ་རྣམས་རང་རང་གི་ལྟོ་གོས་གཏམ་གསུམ་མམ། འཚོ་བའི་མདུན་ལམ་བློས་གཏོང་བྱས་ཏེ་བོད་མི་རིགས་ཀྱི་རྩ་དོན་ཐོག་དང་བླངས་ཀྱིས་སྲི་ཞུ་སྒྲུབ་མཁན་ཞིག་ཡིན་པར་ངོས་ལེན་བྱེད་ཀྱིན་ཡོད། ང་ཚོའི་ངོས་འཛིན་འདི་དངོས་དོན་ལ་བརྟེན་པ་ཞིག་ཡིན་མིན་ལས་བྱེད་སོ་སོས་རང་གིས་རང་ལ་ཞུ་དག་བྱས་ཏེ། གཏན་ལ་འབེབས་དགོས་པ་ཞིག་ལས་བཀའ་ཤག་གིས་ཤེས་ཐབས་དཀའ། སྤྱིར་བཏང་སྲི་ཞུ་ཕལ་མོ་ཆེ་ལྷག་བསམ་དང་དྲང་བདེན། བརྩོན་ཤུགས་བཅས་ཡི་རངས་བསྔགས་བརྗོད་དང་ཀྱི་གནས་སུ་ཆེ་ཡང་། སྐབས་འཁྲིའི་ལས་འགན་ལ་སྣང་མེད་བྱེད་པ་དང་། ཉེ་དགའ་ཕྱོགས་ལྷུང་། སྤྱི་རྒྱུ་སྒེར་ཟོས། ལྐོག་ཟ་རུལ་སུངས་བྱེད་མཁན་རེ་ཟུང་ཡང་དུས་ནས་དུས་སུ་བྱུང་དང་ཡོང་བཞིན་པ་དིས་སྦལ་བ་རྨ་ཅན་ལྟ་བུས་སྲི་ཞུ་བ་སྤྱིའི་གཟུགས་བརྙན་ལ་ནག་ཐིག་ཕོག་ཡོད་པའང་དངོས་དོན་ཁས་ལེན་མི་བྱེད་ཐབས་མེད་དང་། དེ་དག་སེལ་ཐབས་ཀྱང་ལས་བྱེད་པ་རང་གིས་བྱ་རྒྱུ་ལས་གཞན་གྱིས་བྱ་མི་ཐུབ། གོང་གསལ་གྱི་རྒྱུ་མཚན་དང་གནས་བབ་འདི་དག་གི་འོག་ད་ལན་བགྲོ་གླེང་ཚོགས་འདུའི་ནང་སྤྱི་སྒེར་གཉིས་ཀའི་དངོས་ཡོད་ཀྱི་གནས་བབ་ལ་སྙིང་དོན་འཚོལ་བའི་གཟུ་བོའི་བློས་རང་རང་གི་ནུས་པ་དང་། ཞན་ཆ། ཀླན་ཀ གོ་སྐབས་བཅས་ལ་རྟོག་ཞིབ་མཐིལ་ཕྱིན་གྱི་ལམ་ནས་གཡོ་ཟོལ་སྤངས་པའི་དགོངས་འཆར་ལྷུག་པོ་ཡོང་བའི་རེ་བ་ཤུགས་ཆེན་བྱེད་བཞིན་ཡོད། སྤྱི་ནོར་༧གོང་ས་མཆོག་གིས་རེ་བ་བཟང་ས་དང་གྲྭ་སྒྲིག་སྡུག་ས་ནས་བྱེད་དགོས་པའི་ལམ་སྟོན་ལྟར། འབྱུང་འགྱུར་བོད་མིའི་ལས་དབང་ཐད་རྒྱལ་སྤྱིའི་གནས་བབ་དང་བོད་མིའི་ཤེས་བརྩོན། རྒྱ་ནག་གི་ཆབ་སྲིད་བཅས་ལ་གཞིགས་པའི་ཞིབ་འཇུག་གཏིང་ཟབ་ཀྱི་ལམ་ནས་ཚང་མས་དགོངས་འཆར་ཞིབ་ལྷུག་གནང་བའི་སྐུལ་མ་ཞུ་རྒྱུ་ཡིན། ཞེས་བཀོད་འདུག

 

བཀྲ་ཤིས་ནོར་བུ་ལགས་ཀྱིས་མུ་མཐུད་དུ་ལྔ་བཅུའི་དུས་དྲན་མཇུག་སྒྲིལ་ལ་ཉེ་བའི་སྐོར་ངོ་སྤྲོད་གནང་དོན། ད་ལོའི་གསུམ་བཅུའི་དུས་དྲན་སྐབས་ལྔ་བཅུའི་དུས་དྲན་མཇུག་སྒྲིལ་གྱིན་ཡོད་པ་རེད། དུས་དྲན་གྱི་ལས་རིམ་ནང་གསལ་བ་ལྟར། བཙན་བྱོལ་བོད་མིའི་སློབ་གྲྭ་ཁག་དང་དགོན་སྡེ་ཁག བོད་གཞུང་གི་ལྷན་ཁང་ཁག་བཅས་ཀྱིས་ཁུངས་སོ་སོའི་ལོ་རྒྱུས་དང་འབྲེལ་བའི་དཔེ་དེབ་མང་པོ་ཞིག་དཔར་སྐྲུན་བྱས་དང་བྱེད་མུས་རེད། ང་ཚོའི་གོ་སྒྲིག་ཚོགས་ཆུང་གི་ངོས་ནས་ཀྱང་ལས་བསྡོམས་ལྟ་བུའི་དཔེ་དེབ་ཅིག་དཔར་བསྐྲུན་བྱ་འཆར་ཡོད། དེ་བཞིན་གསུམ་བཅུའི་དུས་དྲན་གོང་དུ་བོད་གཞིས་བྱེས་གཉིས་ནས་༧གོང་ས་མཆོག་ལ་བརྟན་བཞུགས་རྒྱས་པ་ཞིག་འབུལ་རྒྱུ་རེད། དེ་མིན་ས་གནས་ཁག་ཚང་མས་འགན་གཙང་ལེན་ཐོག གཞུང་གི་ངོས་བཞེས་ཡོད་པའི་ལས་རིམ་ཙམ་མ་ཡིན་པར་སོ་སོ་རང་ངོས་ནས་ཀྱང་ལས་འགུལ་འདྲ་མིན་སྤེལ་འདུག རྒྱལ་ཁབ་ཁ་ཤས་ནང་ལྔ་བཅུའི་དུས་དྲན་གྱི་མཛད་རིམ་ལ་དཀའ་ངལ་དོག་ཙམ་རེ་ཡང་འཕྲད་ཡོད། དཔེར་ན། མཛད་རིམ་ནང་བོད་མི་གནས་ཡུལ་རྒྱལ་ཁབ་ཁག་གི་གཞུང་དམངས་ལ་ཐུགས་རྗེ་ལེགས་གསོལ་གྱི་ལས་རིམ་ཤིག་ཡོད་ཀྱང་། བལ་ཡུལ་ལྟ་བུར་མཚོན་ན་ཆབ་སྲིད་ཀྱི་དཀའ་ངལ་འོག་ནས་ལས་དོན་ད་སྔ་བསྒྲུབ་ཐུབ་ཡོད་པ་མ་རེད། དེ་བཞིན་འབྲུག་ཡུལ་དུའང་བྱུང་ཡོད་པ་མ་རེད། དེ་མིན་གྱི་རྒྱལ་ཁབ་ཁག་གི་གཞུང་དམངས་ལ་འཆར་གཞི་ལྟར་བསྒྲུབ་ཐུབ་ཡོད་ལ། ལྷག་པར་དུ་རྒྱ་གར་ལྟ་བུར་མཚོན་ན། རྒྱལ་ས་ལྡི་ལིར་༧གོང་ས་མཆོག་དབུས་བཀའ་བློན་ཁྲི་པ་སོགས་ཆེད་ཕེབས་ཀྱིས་རྒྱ་གར་གཞུང་དམངས་ལ་ཐུགས་རྗེ་ལེགས་གསོལ་ཧ་ཅང་གི་ཡག་པོ་ཞིག་བྱུང་སོང་། ཞེས་གསུངས་བྱུང་།

 

འབྲེལ་ཡོད་གསར་འགྱུར།

ཡུམ་ཆེན་གདུགས་དཀར་སྒྲོལ་མ་དང་ཧཱུྃ་ཀར་རྡོ་རྗེ་རིན་པོ་ཆེ་མཆོག པར་འབྲེལ་ཡོད་ནས་འདི་གར་མཁོ་སྤྲོད་གནང་། ཟླ་ཚེས་མི་གསལ།
Mobile App

ཧཱུྃ་ཀར་རྡོ་རྗེ་མཆོག་གི་མ་ཡུམ་གདུགས་དཀར་སྒྲོལ་མ་ལགས་སྐུ་གྲོངས།

ཆུ་ཚོད་ ༢༠ སྔོན་ལ།
༧གོང་ས་རྒྱལ་བ་རིན་པོ་ཆེ་མཆོག་ལ་འཁྲུལ་ཞིག་བླ་བྲང་དང་གདན་ས་རྫ་རོང་ཐུབ་བསྟན་སྨིན་གྲོལ་མདོ་སྔགས་ཆོས་གླིང་གཉིས་ཀྱིས་བརྟན་བཞུགས་བསྟར་འབུལ་ཞུ་བཞིན་པ། ༢༠༢༥།༥།༡༢
༸གོང་ས་མཆོག གསར་འགྱུར།

འཁྲུལ་ཞིག་རིན་པོ་ཆེའི་ཡང་སྲིད་མཆོག་གི་ཁྲི་སྟོན་མཛད་སྒོ་སྟབས་བདེ་ཞིག་འཚོགས།

ཆུ་ཚོད་ ༢༡ སྔོན་ལ།
Front Slider

བོད་མིའི་སྒྲིག་འཛུགས་ཀྱི་སྤྱི་ཐབ་སྐོར་ལ་བཅར་འདྲི།

༢༠༢༥/༠༥/༡༠
སྐྱབས་རྗེ་བཀའ་ཟུར་ཀིརྟི་རིན་པོ་ཆེ་མཆོག་གི་མཛད་རྣམ་ཤར་སྟག་མོའི་བུ་ཞེས་པའི་འཕྲུལ་དེབ་འགྲེམས་སྤེལ་གྱི་མཛད་སྒོ་དང་དཔྱད་བརྗོད་བགྲོ་གླེང་འཚོགས། བོད་ཀྱི་དུས་བབ་གསར་ཁང་གི་པར། ༢༠༢༥།༥།༩
Mobile App

བཀའ་ཟུར་༧སྐྱབས་རྗེ་ཀིརྟི་རིན་པོ་ཆེ་མཆོག་གི་མཛད་རྣམ་ཤར་སྟག་མོའི་བུ་ཞེས་པའི་འཕྲུལ་དེབ་འགྲེམས་སྤེལ་གྱི་མཛད་སྒོ་འཚོགས།

༢༠༢༥/༠༥/༠༩
Mobile App

བོད་རིགས་ཨ་རི་བ་ཨ་ཧྥ་ཊབ་ཀརྨ་སིང་པུ་རི་ཝལ་ལགས་སུ་འོས་བསྡུའི་ཁྲོད་རྒྱལ་ཁ་ཐོབ།

༢༠༢༥/༠༥/༠༩
The Dalai Lama offers blessings to his followers at his Himalayan residence in the northern hill town of Dharamshala, India, on December 20, 2024 [Priyanshu Singh/Reuters]
༸གོང་ས་མཆོག གསར་འགྱུར།

ཡུ་རོབ་གྲོས་ཚོགས་སུ་༧གོང་ས་མཆོག་གི་ཡང་སྲིད་དང་འབྲེལ་བའི་གྲོས་ཆོད་ཅིག་གཏན་འབེབས་བྱུང་། 

༢༠༢༥/༠༥/༠༩

མཆན། 16

  1. thupsang says:
    ལོ་ 15 སྔོན།

    hi

    Reply
  2. ཅོ་རི་ཉི་མ། says:
    ལོ་ 15 སྔོན།

    ཡང་བསྐྱར་རེ་བ་ཞིག་ཞུ་འདོད་པ་ནི། དཔེར་ན་སུད་སི་རྒྱལ་ཁབ་ནང་དུ་ཁ་ཆེ་བ་སྐྱབས་བཅོལ་ཚོས་གཞུང་གི་སྐྱབས་གསོ་རོགས་དངུལ་གྱི་ཐོག་ཏུ་འཚོ་བ་བསྐྱལ་ཞོར་ཕྲུག་གུ་ག་ཚོད་སྐྱེས་སྐྱེས་བཟོས་ནས་སྐྱེ་དམན་རེ་ལ་ཕྲུག་གུ་བཅུ་ཙམ་རེ་ཡོད་པ་མཐོང་དུས་སུ་ང་ཚོ་བོད་མི་རྣམས་ཀྱིས་འདི་འདྲ་བྱས་ཐུབ་ན་ཅི་མ་རུང་སྙམ་པའི་བློ་ཞིག་སྐྱེ་ཡོང་བ་འདི་ཡང་རང་གི་མི་རིགས་ཉུང་བའི་རྐྱེན་གྱིས་ཡིན་པར་འདྲ།
    ལུང་པ་འདི་ཚོའི་ནང་དུ་ཕྲུག་གུ་ག་ཚོད་ཡོད་པ་དེ་ཚོད་སྐྱབས་གསོ་དངུལ་ནི་ཡོད།འཚོ་བའི་དཀའ་ངལ་ནི་མེད།་ ཕྲུག་གུའི་སློབ་གྲྭ་དང་སློབ་ཡོན་སེམས་འཁྲུལ་བྱས་དགོས་དོན་ནི་མེད།
    གོ་སྐབས་འདི་འདྲ་ཡོད་པ་ནི་རྗེས་སུ་ཁག་པོ་རེད་བསམ་གྱིན་འདུག
    བཙན་བྱོལ་བོད་ཀྱི་མགོ་དཔོན་ཚོའི་ཐུགས་བསམ་ཞེས་རོགས་ཞུ།

    Reply
  3. ཅོ་རི་ཉི་མ། says:
    ལོ་ 15 སྔོན།

    བཙན་བྱོལ་བོད་ཀྱི་མགོ་དཔོན་ཚོས་སྤྱི་བཙན་བྱོལ་མི་མང་དང་སྒེར་གཞི་ཆགས་ཁག་གི་བོད་མིའི་འདོད་པ་དང་བརྟེན་ནས་ལས་དོན་སྒྲུབ་ཀྱི་མེད་པ་འདི། ཡར་ཀློང་གཙང་པོ་གྱེན་དུ་ཁྲིད་པ་དང་གཅིག་མཚུངས་སུ་མངོན།

    དཔེར་ན་བཙན་བྱོལ་བོད་མི་བརྒྱ་ཆ་༨༠་ཐམ་པ་ཡུང་རོ་དང་ཨ་རིའི་ནང་དུ་འཚོ་བ་བསྐྱལ་འདོད་ཡོད་བཞིན་དུ་དེ་ལས་ལྡོག་སྟེ་ནུབ་ཕྱོགས་རྒྱལ་ཁབ་ཁག་ཏུ་བོད་མི་སྐྱབས་བཅོལ་འགྲོ་བ་ལ་བཀག་འགོག་བྱས་པ་འདི་ནི།

    སྤྱི་བོད་མིའི་བློ་ཁ་དང་མི་མཐུན་པ་དང་སྒེར་རྒྱ་གར་བལ་ཡུལ་དུ་བོད་མི་རྣམས་ལ་འཚོ་བའི་དཀའ་ངལ་སེལ་བ་ལ་འགོག་རྐྱེན་བྱས་པ་ཙམ་རེད།
    ངའི་རེ་བ་ལ་ད་རིང་ཚོགས་ཆེན་སྐབས་སུ་འགོག་རྐྱེན་དེ་དག་མེད་པ་བཟོ་ནས་རྒྱ་གར་བལ་ཡུལ་གྱི་བོད་མི་རྣམས་དཔལ་འབྱོར་ཡག་ས་ཞིག་དང་རང་ཉིད་རང་རྐང་སྟེང་དུ་ལངས་ཐུབ་ས་ཤིག་ལ་མདུན་ལམ་སྤྲད་ན་ཡག་པོ་འདུག་ཞུ་རྒྱུ་ཡིན།

    Reply
  4. ཧོར་བུ་ཡེ་ཤེས says:
    ལོ་ 15 སྔོན།

    འབྲུག་ཡུལ་ལ་ཐུགས་རྗེ་ལེགས་གསོལ་ཞུ་མ་ཐུབ་པའི་རྒྱུ་རྐྱེན་ཅི་ཡིན་ནམ།མཁྱེན་མཁན་ཡོད་ན་གསལ་པོ་ཞིག་གསུང་རོགས།འབྲུག་པ་ལ་བོད་པ་ཡང་དཀའ་དྲིན་ཆེན་པོ་ཡིན།
    ད་དུང་བོད་གཞུང་གི་ལས་བྱེད་པ་ལྐོག་ཟ་བ་དེ་ཚོ་དང་སེམས་ཤུགས་མེད་པའི་སྒྱིད་ལུག་པ་རྣམས་རང་གཞུང་མེད་པ་བཟོ་མཁན་གྱི་རྒྱུ་དེ་ཡིན་པའི་གནས་སྐབས་གཞུང་ཞབས་ནས་མེད་པ་བཟོ་ན་བཟང་།ང་ཚོའི་སྤྱི་ཚོགས་ནང་ལས་མེད་མང་པོ་ཡོད་པ་རེད།

    Reply
  5. རྒྱ་རྡེའུའི་དགེ་འདུན། says:
    ལོ་ 15 སྔོན།

    སྟོབས་ལ་བཀའ་དྲིན་ཆེ།

    ༼འཛམ་གླིང་དམག་འཁྲིགས་གཉིས་པ་འཇུག་རྫོགས་པ་ནས་ཁྲིམས་མཐུན་གྱི་རྒྱལ་ཁབ་སོ་སོ་ལ་རྒྱ་དར་དང་རྒྱ་གླུ་ཤོག་དངུལ་སོགས་བདག་དབང་ཡོད་ཚད་རང་སོ་སོར་ལ་སྤྲད་ཡོད ། འོན་ཀྱང་བོད་ནི་སྐབས་དེར་འཛམ་གླིང་སྤྱིའི་སྒྲིག་སྲོལ་བཞིན་རྒྱལ་ཁབ་ཅིག་གི་ངོ་བོ་ལ་ངོས་འཛིན་བྱས་མེད །༽་པས་རྒྱུ་མཚན་ཞིག་གསུངས་རོགས
    གལ་ཏེ་ཆུ་ཚོད་མེད་ན་སྐྱོད་མེད

    Reply
  6. རྒྱ་རྡེའུའི་དགེ་འདུན། says:
    ལོ་ 15 སྔོན།

    བཀའ་ཁྲི་མཆོག་གིས་གནད་འགག་ཅན་གསུངས་འདུག ད་གཞུང་ཞབས་པ་ཚོར་ཐུགས་ཡོད ཚོགས་འདུ་དེའི་ཐོག་གཞེས་ཆགས་ཁ་འཐོར་འགྲོ་ཉེན་དང་སློབ་གྲྭ་ཁག་གི་སློབ་དགེའི་སློབ་མར་ཤེས་ཡོན་སྤྲོད་ཕྱོགས་ཐད་བསམ་གཞིག་དང་འགྲོ་གླེང་གནང་རོགས་ཞེས་རེ་བ་ཞུ་ཞུ།།། ངས་ཚོད་རྩེས་ཞིག་བྱས་ན་འདི་ལྟར་སོང་ན་བོད་མིའི་གཞེས་ཆགས་ཁག་གི་དུད་ཁྱིམ་དག་གཅིག་རྗེས་གཉིས་མཐུད་ཀྱི་སྟོང་རྒྱུ་རེད་་་རྒྱུ་མཚན་་་་་ཉིན་རེ་བཞིན་དུད་ཁྱིམ་སྟོང་བ་མང་དུ་འགྲོ་བཞིན་པ་དེ་རེད། འདི་གང་ཞིག་ནས་མ་འགྲིག་པ་རེད་་་་་བཀའ་ཁྲི་མཆོག་གིས་འདི་འདྲ་ཞིག་གསུངས་འདུག་༼ གཞན་རྟེན་གྱི་བསམ་བློ་དང་ནུབ་ཕྱོགས་ཡུལ་གྲུ་ཁག་ཏུ་བསྐྱོད་རྒྱུའི་འདུན་སྲེད་ཇེ་ཆེར་འཕེལ་བའི་ཐོག༽་ཕར་ཆེར་འདི་གནད་ལ་ཁེལ་ཡོད་པ་འདྲ་ རེད་དམ་དྲ་གྲོགས་ཚོ་་་་་་་སློ་གྲྭ་་ཡང་དེ་བཞིན་རེད་་་་འཛིན་རིམ་བཅུ་གཉིས་དང་མཐོ་སློབ་ཐོན་ཡང་བོད་ཡིག་ཕར་ཞོག་དབྱིན་ཡིག་དང་དབྱིན་སྐད་ཀྱང་རང་མགོ་ཐོན་པ་ཞིག་ཕར་ཆེར་མི་འདུག་ཟེར་ན་ཆོག འདི་སུས་མ་འགྲིག་པ་རེད་དྲ་གྲོགས་རྣམས་པ་་་་་་ཡིག་ནོར་ལ་དག་བཅོང་གནང་རོགས་་་་ཕྲན་ལ་ཕན་པས་སོ་་་་

    Reply
  7. ཅོ་རི་ཉི་མ། says:
    ལོ་ 15 སྔོན།

    ལྐོག་ཟ་རུལ་སུངས་བྱས་པའི་དཔོན་ངན་ཟ་ངོམས་ཅན་འདི་ཚོ་བཙན་བྱོལ་མི་མང་གི་ཆེད་དུ་དགྲ་བོ་རྒྱ་དམར་དང་ཁྱད་པར་མེད།
    བཙན་བྱོལ་བོད་གཞུང་བཙུགས་ནས་ལོ་ངོ་བཞི་བཅུ་ཞེ་གྲངས་ཀྱི་རྗེ་སུ་ཟམ་གདོང་བླ་མ་བཀའ་བློན་ཁྲི་པར་ཕེབས་དུས་བཙན་བྱོལ་བོད་གཞུང་གི་མ་དངུལ་གཅིག་ཀྱང་མེད་པར་མ་ཟད་མི་སྒེར་ལ་བུ་ལོན་ཆགས་ཡོད་པའི་གནས་སྟངས་སྡོད་ཡོད།

    སྤྱི་སྟངས་བོད་མི་ཚོ་ཚོང་ལས་འཇོན་པོ་ཡོད་ཀྱང་ལྐོག་ཟ་རུལ་སུངས་ཀྱིས་རྐྱེན་པས་བཙན་བྱོལ་གཞུང་གི་ཚོང་ལས་ཡར་རྒྱས་འགྲོ་ཐུབ་མེད།
    གལ་སྲིད་ལྐོག་ཟ་རུལ་སུངས་མེད་པ་བཟོ་མ་ཐུབ་ན་བོད་གཞུང་འདི་བོད་མི་ཉམ་ཐག་སྐྱོང་ཐུབ་པའི་གཞུང་ཞིག་ཡོང་ཐུབ་ཐབས་མེད།
    དེ་བརྟེན་ལྐོག་ཟ་རུལ་སུངས་མེད་པ་བཟོ་སྟངས་རིག་གནས་ཤིག་ལ་བརྟེན་ནས་མེད་པ་བཟོ་བ་ལས་ཚེ་འདི་ཕྱི་ལས་རྒྱུ་འབྲས་བཤད་ནས་མེད་པ་བཟོ་ཐབས་མེད།
    དེ་འདྲ་ཡིན་དུས་གཞུང་གིས་ངོས་ནས་ལྐོག་ཟ་རུལ་སུངས་མེད་པ་བཟོ་ཐུབ་པའི་དཔལ་འབྱོར་ཚད་ལྡན་རིག་གནས་སྤྱི་ཚོགས་ནང་དུ་བེད་སྤྱོད་བྱེད་ཀྱིན་གལ་ཆེ་སྙམ།

    Reply
  8. ལུང་རྟོགས། says:
    ལོ་ 15 སྔོན།

    བཀའ་ཁྲི་མཆོག་ནས་དོན་སྙིང་ལྡན་པའི་ལམ་སྟོན་ཞིག་གནང་འདུག་པས་བོད་མི་ཚངས་མ་དང་། ལྷག་པར་དུ་གཞུང་ཞབས་རྣམས་ནས་ལེགས་པར་གཟིག་ཏེ་ཡིད་ལ་བཞགས་དགོས་ལ། ལྷག་ཏུ། 《དེ་དང་ཆབས་ཅིག་ཞན་ཆའི་ཕྱོགས་ནས་བལྟས་ན་འགྲན་ཟླ་མེད་པའི་ཤེས་ཡོན་སློབ་སྦྱོང་གི་གོ་སྐབས་ཐོབ་ཡོད་ཀྱང་། གནའ་བོའི་བོད་དུ་བྱུང་བ་ལྟ་བུའི་རྩོད་མེད་ཡོངས་གྲགས་ཀྱི་མཁས་དབང་འཐོན་དཀའ་བར་མ་ཟད། དེང་རབས་ཀྱི་ཁྱད་ལས་པ་དང་། རིག་གཅིག་རྐང་འཛིན་པ་གྲགས་ཅན་ཡང་ཉུང་ཤས་ལས་ཐོན་མེད་》 སློབ་སྦྱོང་ལ་མཐུས་ཤོར་འགྲོ་བཞིན་པ་འདིའི་ཐད། ༸གོང་ས་མཆོག་ནས་ཀྱང་ལོ་སྔོན་མར་བཀའ་ནན་ཕེབ་ཡོད་པས། བོད་མི་ཡོང་ནས་རིག་པ་བསྒྲིམ་དགོས་པའི་དུས་ལ་སླེབ་ཡོད་པར་སེམས།

    Reply
  9. གྲྭ་རྒོད says:
    ལོ་ 15 སྔོན།

    གཞུང་གི་ལས་བྱེད་པ་ཚོ་བོད་མའི་ནང་གི་གཞོན་སྐྱེས་དག་སྐྱོབས་རོགས་དུས་རབས་འདིས་མི་ཞིག་བཟོ་རོགས།སྒྲིག་གཞི་དང་འཆར་བཀོད་འཛུགས་སྐྲིན་ཚགས་ཚུལ་ཡོང་བ་ཞིག་བྱེད་འབོད་བསྐུལ་ཞུ།

    Reply
  10. འབྲི་འབྲོང་། says:
    ལོ་ 15 སྔོན།

    ཡག་པོ་རེད་བསམ་གྱི་འདུག

    Reply
  11. ཚེ་རིང་བཀྲ་ཤིས། says:
    ལོ་ 15 སྔོན།

    ད་ཐེངས་བཀའ་ཤག་གིས་རང་སྐྱོན་ངོས་ལེན་བྱས་ཏེ། སྐད་ཆ་གནད་དུ་འབབ་པ་འགའ་བཤད་འདུག་ལ། འབྱུང་འགྱུར་ལ་ཕན་པ་གཏོང་སྟངས་ཀྱང་དོན་ལ་གནས་པ་ཞིག་ལོས་ཡིན། འོན་ཀྱང་། ཚོགས་འདུ་དངོས་སུ་ཚོགས་སྐབས་ཀླད་རྙིང་ཚོའི་ཁ་རྗེས་སུ་མི་འབྲང་བར་རང་ཚུགས་ཐུབ་རྒྱུ་གཅེས།

    Reply
  12. ཚེ་རིང་བཀྲ་ཤིས། says:
    ལོ་ 15 སྔོན།

    བཀའ་བློན་ཁྲི་པའི་རིན་བྲལ་གྱི་སྐད་ཆ་འགའ།
    ༼ བཙན་བྱོལ་བོད་གཞུང་གི་སྲི་ཞུ་བ་རྣམས་ནི་རྒྱལ་ཁབ་དང་སྒྲིག་འཛུགས་གཞན་གྱི་ལས་བྱེད་དང་གཏན་ནས་མི་འདྲ་བར་རླབས་ཆེན་གྱི་མི་རིགས་ཤིག་གི་ཕུགས་འདུན་ཁ་ལོ་བསྒྱུར་མཁན་ཞིག་ཡིན། ༽
    ༼ རང་ཉིད་ཀྱི་སྒོ་གསུམ་གྱི་སྤྱོད་ཚུལ་ལ་བསྐྱར་ཞིབ་ནན་པོ་དང་། དེའི་ཉམས་མྱོང་གཞིར་བཟུང་འབྱུང་འགྱུར་རྩ་དོན་སྒྲུབ་ཕྱོགས་དང་ཐབས་ལམ་གཉིས་ཀར་ངེས་པ་རྙེད་པའི་ལམ་སྟོན་ཞིག་གཏན་འབེབས་ཡོངས་ཐབས་ལ་དམིགས་པ ༽
    ༼ འདས་ལོ་ལྔ་བཅུའི་གྲུབ་འབྲས་དང་འཐུས་ཤོར་ཅི་བྱུང་གི་འགན་འཁུར་སྲི་ཞུ་ལས་བྱེད་པར་ཡོད་པའི་དངོས་དོན་གྱི་གནས་ཚུལ་འདི་ནི་གཡོལ་ཐབས་མེད ༽

    Reply
  13. ལྷག་པ་ཚེ་རིང༌། says:
    ལོ་ 15 སྔོན།

    སླར་ཡང་ཞུ་འདོད་པ་ཞིག་ལ། ཡིག་ནོར་གྱི་ནང་དུ་ཤེས་བཞིན་དུ་འབྲི་ནོར་ཤོར་ བ་དབྱངས་དང་རྗེས་འཇུག་སོགས་ཆད་ལྷག་བྱུང་རུང་སྐྱོན་ཆེར་མེད་རུང༌། འགའ་ཤས་ཀྱིས་གོ་དོན་དང་དག་ཆ་ཅི་ཡིན་མི་ཤེས་ཀྱང་སྡིག་པ་མིག་བཙུམས་བྱས་ཏེ་འབྲི་ཡོང་གི་འདུག་པས་དེ་དག་ལ་མུ་མཐུད་དེ་ཞུ་དག་གནང་ན་རང་གི་སྐད་ཡིག་ལ་ཕན་ཐོགས་ཆེན་པོ་ཡོང་ངེས་ཡིན་པས་དགོངས་པར་འཇགས་རོགས།

    Reply
  14. ལྷག་པ་ཚེ་རིང༌། says:
    ལོ་ 15 སྔོན།

    བསེ་རུ་ལགས་ཀྱིས་གང་གསུངས་པ་དེ་དེ་བཞིན་ནོ་ཞུ་བ་དང་ཆབས་ཅིག
    བོད་ཀྱི་སྐད་ཡིག་སྲུང་སྐྱོབ་བྱེད་འདོད་ན། རེ་བའི་ཚབ་ལ་ཉེན་ཀ་ཞེས་མ་ཟེར།
    བོད་ཀྱི་སྐད་ཡིག་སྲུང་སྐྱོབ་བྱེད་འདོད་ན། ཡར་རྒྱས་ཀྱི་ལྡོག་བརྡ་མར་རྒྱས་མིན་པར་རྒུད་པ་དང༌། ཉམས་པ། འབྲི་བ་སོགས་ཡིན་པ་ཤེས་པར་བྱོས།
    བོད་ཀྱི་སྐད་ཡིག་སྲུང་སྐྱོབ་བྱེད་འདོད་ན། མདང་དགོང་ཞོགས་པ་མིན་པར་ཁ་སང་ཞོགས་པ་ཞེས་གསུངས།
    བོད་ཀྱི་སྐད་ཡིག་སྲུང་སྐྱོབ་བྱེད་འདོད་ན། ངས་ཟ་མ་བཟས་ཡིན་ཞེས་པའི་ཚབ་ལ་བཟའ་ཡག་ཅིག་ཡོད་པ་དང༌། བཟའ་ཡག་ཅིག་མེད་པས་ཞེས་མ་གསུང་རོགས།
    ཞེས་གལ་པོ་ཆེར་མཐོང་བ་འགའ་བསྣན་ཏེ་ཞུ་འདོད་བྱུང་ལགས།

    Reply
  15. བསེ་རུ། says:
    ལོ་ 15 སྔོན།

    དྲ་གྲོགས་ཚོར་གསལ་བཤད་ཞུ་རྒྱུར།

    ཁོ་བོ་བསེ་རུས་དེང་སྐབས་དྲ་ངོས་སུ་ཡིག་ནོར་ཞུ་དག་དེ་ཙམ་བྱེད་ཀྱི་མེད་པའི་རྒྱུ་མཚན་ནི།
    དེང་སྐབས་བོད་ཀྱི་དུས་བབ་ཀྱི་དྲ་ངོས་ཀྱི་གསར་འགྱུར་སོགས་ལ་ཡིག་ནོར་སྔོན་མ་དང་བསྡུར་ན་ཇེ་ཉུང་དུ་སོང་ཡོད་པས། དེང་སྐབས་ཞུ་དག་གི་བྱ་བར་དེ་ཙམ་དུས་ཚོད་གཏོང་གིན་མེད།

    སྤྱིར་གསར་འགྱུར་སོགས་ཀྱི་ནང་ལ་ཡིག་ནོར་མེད་པ་མ་རེད། ཡིག་ནོར་རེ་འགའ་ཡོང་གི་ཡོད་པ་དེ་བཙན་བྱོལ་ནང་གི་དུས་དེབ་དང་ཚགས་པར་སོགས་ཀྱི་ཐུན་མོང་གི་ཁྱད་ཆོས་ཤིག་རེད་ལ། ནད་ཡམས་ཤིག་ཀྱང་རེད། དེང་སྐབས་བོད་ནང་ནས་ཀྱང་ཡིག་ནོར་གྱི་སྐོར་གླེང་མཁན་ཇེ་མང་དུ་འགྲོ་གིན་འདུག འདིས་ཅི་ཞིག་བསྟན་གྱི་འདུག་གམ་ཟེར་ན། ཡིག་ནོར་སྤེལ་མཁན་ནམ་ཡིག་ནོར་འབྲི་མཁན་ཇེ་མང་དུ་འགྲོ་གི་ཡོད་པའི་དན་རྟགས་ཤིག་སྟོན་གྱི་འདུག།

    མ་ཎི་བགྲངས་འདོད་མེད་ན། གཤམ་གྱི་ཚིག་རྣམས་བློ་ལ་སྐྱོར་རོགས།

    (བོད་ཀྱི་སྐད་ཡིག་སྲུང་སྐྱོབ་བྱེད་དགོས་ན། ཡིག་ནོར་ལ་དེ་བས་སྣང་མེད་གཏོང་མི་རུང་།)
    (བོད་ཀྱི་སྐད་ཡིག་སྲུང་སྐྱོབ་བྱེད་དགོས་ན། ཡིག་འབྲུ་རེ་རེ་འབྲི་བའི་ཚེ་ན་ཡང་འགན་ཁུར་གྱི་བསམ་བློ་ཡོད་དགོས།)
    (བོད་ཀྱི་སྐད་ཡིག་སྲུང་སྐྱོབ་བྱེད་དགོས་ན། རང་སྐད་དང་གཞན་སྐད་ལྷན་དུ་བསྲེ་མི་རུང་།)
    (བོད་ཀྱི་སྐད་ཡིག་སྲུང་སྐྱོབ་བྱེད་དགོས་ན། རང་ཉིད་ཀྱི་མིང་རྟགས་ཚུན་ནས་དོ་སྣང་བྱ་དགོས།)
    (བོད་ཀྱི་སྐད་ཡིག་སྲུང་སྐྱོབ་བྱེད་དགོས་ན། རང་ཉིད་ཀྱིས་རང་ཉིད་ངེས་པར་ངོ་ཤེས་དགོས།)

    རང་ཉིད་མཚན་དགུང་དུ་གཉིད་མ་ཁུག་སྟབས། དྲ་ངོས་སུ་མྱུལ་བཞིན་འདི་ལྟར་ཐལ་སོང་བས། དཔྱད་ཞིབ་ཡོད་པ་ཞུ།
    བསེ་རུས་མཚན་དགུང་གི་ཆུ་ཚོད་དང་པོར།

    Reply
  16. བསེ་རུ། says:
    ལོ་ 15 སྔོན།

    ལྔ་བཅུའི་དུས་དྲན་དང་འབྲེལ་བའི་༼ ལོ་ལྔ་བཅུ་ཉམས་མྱོང་གཞིར་བཟུང་འབྱུང་འགྱུར་ལོ་ལྔ་བཅུའི་མི་རིགས་ཀྱི་རྩ་དོན་སྒྲུབ་ཕྱོགས་ཀྱི་འཆར་སྣང་སྐོར་བགྲོ་གླེང་། ༽ལ་ཚོགས་ཞུགས་གནང་མཁན་གྱི་སྲི་ཞུ་ཆེ་ཕྲ་ཀུན་ལ་ང་བོད་མི་དཀྱུས་མ་ཞིག་ཡིན་པའི་ངོས་ནས་འཚམས་འདྲིའི་བཀྲ་ཤིས་བདེ་ལེགས་ཞུ་རྒྱུ་དང་། དད་དམ་གཡོ་མེད་དང་ལྷག་བསམ་རྣམ་དག་ངང་ བོད་མི་ས་ཡ་དྲུག་གི་རེ་འདོད་སྙིང་ཁོང་དུ་བཅངས་པའི་སྲི་ཞུ་བ་ཀུན་ལ་ཐུགས་རྗེ་བླ་མེད་དུ་ཆེ་ཞེས་ཞུ་རྒྱུ་དང་། སླད་མར་ཡང་རང་ནུས་ཡོད་རྒུས་ངོ་ལྐོག་རྒྱབ་མདུན་དང་རྒྱུ་འབྲས་གོ་ལྡོག་གི་བྱ་ངན་རིགས་ཀྱི་དྲི་མས་མ་འགོས་པར་བཙན་བྱོལ་བོད་གཞུང་འདི་ཉིད་སྔར་ལས་ཚགས་ཚུད་ཐོག གཞིས་བྱེས་བོད་མིའི་སྙིང་ཁོང་དུ་བཅངས་པའི་བོད་མི་རིགས་ཀྱི་བདེ་རྩ་དང་བཅས་པ་འཇིག་རྟེན་འདིར་གསོན་གནས་ཡོང་ཕྱིར་འགྱོད་མེད་བྱ་བས་དུས་འདའ་བའི་རེ་བ་དང་སྨོན་ལམ་ཡང་འདེབས་རྒྱུ་ཡིན།

    ལྷག་པར་སྐབས་བབ་ཀྱི་བགྲོ་གླེང་གི་མཛད་རིམ་གྱི་གྲུབ་དོན་ཁག་ཆར་པ་ཆུ་གྲོགས་དང་ཉི་མ་མེ་གྲོགས་ལྟར་བོད་གཞིས་བྱེས་གཉིས་ཀྱི་རྩ་དོན་ལ་སྨན་པ་ཞིག་ཡོང་བར་སྨོན།།

    Reply

དཔྱད་མཆན་སྤེལ། Cancel reply

Your email address will not be published. Required fields are marked *

སྤྱི་ཚོགས་དྲ་གནས།

ཁྱབ་བསྒྲགས།

དྲ་ངོས་ཀྱི་གནས་ཚུལ་ཚང་མའི་པར་དབང་བོད་ཀྱི་དུས་བབ་ལ་ཡོད།

གློག་འཕྲིན།

editor@tibettimes.net | office@tibettimes.net

ཁ་པར།

+91-98823-47075 | +91-92189-38041 | +91-81972-44372

Welcome Back!

OR

Login to your account below

Forgotten Password?

Retrieve your password

Please enter your username or email address to reset your password.

Log In

Add New Playlist

No Result
ཆ་ཚང་གཟིགས།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
    • གླ་ཡོད་རིན་གོང་།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese