མདུན་ངོས།
About Us
  • English
Advertisement
བོད་ཀྱི་དུས་བབ།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
    • གླ་ཡོད་རིན་གོང་།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese
No Result
ཆ་ཚང་གཟིགས།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
    • གླ་ཡོད་རིན་གོང་།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese
No Result
ཆ་ཚང་གཟིགས།
བོད་ཀྱི་དུས་བབ།
English
No Result
ཆ་ཚང་གཟིགས།

སྤྱིན་བདག་མི་དགོས། གྲྭ་བ་མི་བྱེད། {དངོས་སྒྲུང་།} དོན་བཞི།

བོད། ཤ་ཁྲག་རུས་གསུམ།
༢༠༡༠/༠༢/༢༧
Share on FacebookShare on TwitterShare on EmailShare on Whatsapp
་་་་་་་་་དངོས་སྒྲུང་འདི་བདག་ལ་རྒྱུས་མངའ་ཡོད་མཁན་གྱི་གྲྭ་བ་ཞིག་གི་ལོ་རྒྱུས་ཡིན།


སྤྲ་ཁྱིམ་དེ་ཡི་བདག་པོ་ཕོ་གསར་དེ་ཡི་བློ་བཟང་དང་ཁོང་ཚོ་ཚང་མ་ལ་ཇ་ཞིག་བླུགས་ཞོར་དུ། སྔོན་དེར་ཁོང་ཚོ་ནང་དུ་མགྲོན་བསུ་མ་བྱས་པའི་རྒྱུ་མཚན་དག་བཤད་པ་རེད། སྤྱིར་ན་ང་ཚོ་ཚང་མ་བོད་རིགས་གཅིག་པ་རེད། རྒྱ་གར་ལ་འགྲོ་མཁན་ཚོ་ལ་ཇ་རྐྱང་བཀང་རེ་སྡུད་རྒྱུ་དེ་ནི་ང་ཚོས་ལོས་ཐུབ། ང་ཚོས་ལོས་བྱེད། འོན་ཀྱང་། ཉེ་སྔོན་ནས་བཟུང་དེ་ང་ཚོ་ལ་གཞུང་གིས་ཁྲིམས་བཟོས་པ་ལྟར། སྣེ་ལེན་བྱེད་མི་ཆོག་པ་མ་ཟད། འདི་ནས་ཡར་འགྲོ་མཁན་རིག་ན་ཡར་ཞུ་བྱེད་དགོས་པ་དང་། མ་ཞུས་པ་ཡིན་ན་སྒོར་ཆད་གཅོད་པ་དང་། སྣེ་ལེན་བྱས་པ་ཡིན་ན་དེ་བས་ཀྱང་ཆད་པ་ལྕི་མོ་གཅོད་པ་དང་། ཡར་ཞུ་བྱས་པ་ཡིན་ན་བྱ་དགའ་སྤྲོད་པ་སོགས་བྱེད་ཀྱི་ཡོད་པ་ཡིན་དུས། ང་ཚོ་ལ་དངོས་ནས་དཀའ་ངལ་ཡོད་པ་རེད། གང་ཡིན་ཟེར་ན་ང་ཚོ་འདི་ནས་འཚོ་བ་བསྐྱེལ་ནས་འདུག་དགོས་པ་ཡིན་དུས། ཁོང་ཚོས་བཤད་པ་ལ་མ་ཉན་པ་ཡིན་ན། ཉེས་ཆད་གཅོད་ཀྱི་ཡོད་པ་རེད།

དེ་ནས་ཁོས་བློ་བཟང་ལ་བལྟས་དེ་ཁྱེད་རང་གིས་སྐད་ལ་བལྟས་པ་ཡིན་ན་ཁམས་པ་ཞིག་ཡིན་ས་རེད། ལམ་ཁྲིད་ཀྱང་ཁྱེད་རང་ཡིན་ས་རེད། ཁྱེད་རང་སྔོན་ཆད་རྒྱ་གར་དུ་འགྲོ་མྱོང་ཡོད་པ་འདྲ་ཟེར་ནས་ཕོ་གསར་དེས་ཁོང་ཚོས་དཀའ་ངལ་དག་ཞིབ་དུ་བློ་བཟང་དང་རོགས་པ་ཚོ་ལ་བཤད་པ་དང་ཞོར་དུ་བློ་བཟང་ལ་སྐད་ཆ་དེ་འདྲ་ཞིག་དྲིས་དུས་སུ། བློ་བཟང་གིས་ང་རང་ལ་ལམ་ཁྲིད་མིན། ང་ཚོ་ལ་ལམ་ཁྲིད་མེད། ལམ་ཁྲིད་མེད་པ་ཡིན་དུས་འདི་ལྟར་མགོ་འཁོར་ནས་ལམ་བར་ནས་ཉིན་མ་མི་ཉུང་བ་ཞིག་ཡར་མར་གང་དུ་འགྲོ་དགོས་པ་ཡང་མ་ཤེས་པར་ལུས་པ་རེད། སྐུ་མཁྱེན་ང་ཚོ་ལ་ཤར་ཀོམ་པོའི་ཕྱོགས་སུ་འགྲོ་བའི་ལམ་ཁ་ཞིག་སྟོན་རོགས་ཟེར་ནས་བཤད་པ་རེད།

དེ་དུས་ཕོ་གསར་དེ་བགད་མོ་དགོད་ཞོར་དུ། ཁྱེད་རང་ལམ་པ་མིན་ན་མིན། ཡིན་ན་ཡིན། འོན་ཀྱང་། ཁྱེད་ཚོས་ལམ་ཁ་ནོར་ཡོད་པ་མ་རེད། འདི་ནས་ཤར་རྒྱགས་ལ་ཡར་སོང་བ་ཡིན་ན་ཉིན་མ་ཁ་ཤས་ཤིག་གི་རྗེས་སུ་ཁྱེད་ཚོ་ཤར་ཀོམ་པོ་ལ་སླེབས་ངེས་རེད། དོ་ནུབ་ཁྱེད་ཚོ་འདི་ནས་ཆུ་ཚོད་གཉིས་གསུམ་ཞིག་ལ་ལམ་ཁ་འདི་འདེད་ནས་སོང་དང་། ལུག་རྭ་ཞིག་ལ་འཕྲད་ངེས་ཡིན། དེ་ནས་ཞག་འདུག་བྱས་པ་ཡིན་ན་འགྲིག་གི་རེད། གཅིག་བྱས་ན། ལུག་རྫུ་ཞིག་དེ་རུ་བསྡད་ཡོད་ན་ཐང་། ཡོད་ན་མི་དེ་ལ་པ་སངས་ཚེ་རིང་གིས་ང་ཚོ་ཁྱེད་རང་གི་ས་ནས་བསྡོད་ཟེར་གྱི་འདུག་ཞེས་བཤད་ན་འགྲིག་གི་རེད། ཁོ་རང་ངས་ངོ་ཤེས་ཤིག་ཡིན་ཞེས་བཤད་དེ་ཁོང་ཚོ་ཇ་ཚ་བོ་འཐུང་དུ་བཅུགས་པ་དང་རྩམ་པ་རྒྱག་ཚད་ཅིག་ཟ་རུ་བཅུགས་ནས། ནུ་མོ་མཚོ་མོ་སྐྱིད་ལ་ལམ་ཁ་ནས་ཟོས་ཟེར་ནས་ཤ་སྐམ་ཉུང་ཉུང་ཞིག་ཀྱང་སྤྲད་པ་རེད།

ཕོ་གསར་དེས་ཁོང་ཚོ་ལ་འདྲ་དཔར་ཞིག་བསྟན་ནས། བླ་མ་འདི་བ་ཚང་བལ་ཡུལ་དུ་བཞུགས་ཡོད་པ་རེད། ང་ཚོའི་ཡུལ་སྡེ་འདིས་བླ་མ་རེད། ཁོང་ཚང་ལ་མཇལ་དུ་ང་རང་ཡང་ཐེངས་མ་གཅིག་སོང་བ་ཡིན། སྐབས་དེར་ང་རང་ཡང་༧རྒྱལ་བ་རིན་པོ་ཆེ་ཚང་ལ་མཇལ་དུ་འགྲོ་འདོད་ཀྱང་། ཡི་གེ་མེད་པ་དང་སྐད་སོགས་མི་ཤེས་སྟབས་བལ་ཡུལ་ནས་ཁ་ཕྱིར་འཁོར་ནས་ཚོང་ཕྲན་པུ་ཞིག་ཁུར་ནས་ཡོང་བ་ཡིན། རྗེས་མ་གོ་སྐབས་འདྲ་རེག་པ་ཡིན་ན་ང་རང་ཡང་༧རྒྱལ་བ་རིན་པོ་ཆེ་ལ་མཇལ་འདོད་དངོས་ནས་ཆེན་པོ་འདུག་ཟེར་ནས་ཁོང་ཚོ་ལ་སེམས་གསོ་དང་བཅས་ལམ་མཇུག་བྱས།

རྒྱབ་ལ་ཁུར་རྒྱུའི་བྲོ་དང་ཁ་ལ་ཟ་རྒྱུའི་ལྟོ་རེག་སྟབས། ཁོང་ཚོ་དངོས་ནས་ཇེ་མགྱོགས་དུ་སོང་ཡོད་པ་དང་། ལུང་སྟོང་དེ་ནས་གནམ་མཁའི་སྐར་ཚོགས་ལ་ལྟ་ཞོར། ཆུ་ཕྲན་གྱི་ཤག་སྒྲ་ལ་ཉན་ཞོར་ཁོང་ཚོ་རྐང་ལམ་ཕྲ་མོ་དེ་དེད་ནས་ལུག་རྭ་ཞིག་ཡོད་པ་དེ་ལ་སླེབས་རེག་བར་དུ་འགྲོ་རྒྱུའི་སེམས་ཐག་བཅད་པ་རེད།

ལུག་རྭ་དེ་རུ་སླེབས་དུས། ལུག་རྭའི་ནང་དུ་ལུག་གཅིག་ཀྱང་མཐོང་རྒྱུ་མེད་པ་མ་ཟད། ལུག་རྫུ་ཡང་གཏན་ནས་མཐོང་རྒྱུ་མེད་སྟབས། ཁོང་ཚོས་དེ་ནས་ལུག་རྫིའི་རྡོ་ཁང་ནང་དུ་བལྟས་དུས། རྡོ་ཁང་ནང་དུ་ཅ་ལག་ཁ་ཤས་ཤིག་ལས་གང་ཡང་མཐོང་རྒྱུ་མེད་སྟབས། ཁོང་ཚོས་བློ་བཟང་གི་བཤད་པ་ལྟར། ལུག་རྫིའི་རྡོ་ཁང་ལས་མི་ཉལ་རྒྱུ་བྱས་དེ་ལུག་རྭའི་ནང་དུ་མལ་ས་བཅོས་པ་རེད།

མུ་འགོད།

འབྲེལ་ཡོད་གསར་འགྱུར།

༸གོང་ས་མཆོག གསར་འགྱུར།

བོད་རྒྱལ་ལོ་ ༢༡༥༢ ལོར་༧གོང་ས་མཆོག་ནས་བསྩལ་བའི་གསུང་འཕྲིན་ཁག

ཆུ་ཚོད་ ༩ སྔོན་ལ།
༸གོང་ས་མཆོག གསར་འགྱུར།

བོད་རྒྱལ་ལོ་ ༢༡༥༢ ལོར་༧གོང་ས་མཆོག་ལ་མཇལ་བཅར་ཞུ་མཁན་གྱི་གནད་ཡོད་མི་སྣ།

༢༠༢༦/༠༢/༡༦
Mobile App

རྒྱལ་བ་རིན་པོ་ཆེའི་མཚན་དང་ཨེབ་སུ་ཊེན་ (Epstein) གྱི་ཡིག་ཆའི་སྐོར་གྱི་དངོས་ཡོད་གནས་ཚུལ་ལ་ལྟ་བ།

༢༠༢༦/༠༢/༡༤
བོད་དངུལ་འགྲེམས་སྟོན་དུ་དྷ་སྟེང་བོད་ཁྱིམ་སློབ་གྲྭའི་སློབ་ཕྲུག་རྣམས་ཀྱིས་ལྟ་སྐོར་བྱེད་བཞིན་པ། ༢༠༢༦།༢།༡༣ དུས་བབ་གསར་ཁང་གི་པར།
Mobile App

བོད་རང་བཙན་བསྐྱར་ནན་གསལ་བསྒྲགས་ཀྱི་ཉིན་མོ་སྲུང་གཙི་ཞུས།

༢༠༢༦/༠༢/༡༣
ttt
Mobile App

སྤེན་པ་ཚེ་རིང་མཆོག་སླར་ཡང་སྲིད་སྐྱོང་ལ་འོས་འདེམས་བྱུང་བའི་གསལ་བསྒྲགས་གནང་སོང་།

༢༠༢༦/༠༢/༡༣
༸གོང་ས་མཆོག་བཞུགས་སྒར་རྒྱལ་བའི་ཕོ་བྲང་དུ་ཞབས་སོར་བདེ་བར་འཁོད་སོང་།
༸གོང་ས་མཆོག གསར་འགྱུར།

༸གོང་ས་རྒྱལ་བ་རིན་པོ་ཆེ་མཆོག་བཞུགས་སྒར་རྒྱལ་བའི་ཕོ་བྲང་དུ་ཞབས་སོར་བདེ་བར་འཁོད་སོང་།

༢༠༢༦/༠༢/༡༣

མཆན། 6

  1. sha tak ri sim says:
    ལོ་ 16 སྔོན།

    སྤུན་ཟླ་ཁྱེད་ཚོ་ཕེབས་ནས་རང་རང་ལྟ་ཚུལ་གསུངས་པ་དེར་དགའ་ནི་ཡིན། རྗེས་ཕྱོགས་ཀྱང་དུས་ཚོད་གང་ཁོམ་ལ་ཡོང་གི་བསྡོད། ངས་སྒོ་ནས་བལྟས་དེ་འདུག

    Reply
  2. triyungdrung says:
    ལོ་ 16 སྔོན།

    དངོས་གནས་སྙན་མོ་འདུག ཡིན་ན་ཡང་དུམ་ཙམ་ལས་ཀློག་ཁོམ་མ་བྱུང་།
    དགོངས་དག

    Reply
  3. sogyal says:
    ལོ་ 16 སྔོན།

    ཤ་སྐམ་་་་་་རྩེད་མོ། དག་བཅོས།

    Reply
  4. sogyal says:
    ལོ་ 16 སྔོན།

    དུས་ཡུན་གང་འཚམ་རིང་ང་ལ་ལས་དོན་མང་པོ་ཞིག་གི་རྐྱེན་བྱས་ཏེ་དྲྭ་ལམ་དུ་ཡོང་མ་ཐུབ། ཁྱེད་ཀྱི་དངོས་སྒྲུང་རིང་པོ་དེའི་བཅུ་བཞི་བཅོ་ལྔའི་སྐབས་སུ་ཀློག་ཁན་གྱི་གྲས་ཡིན་ཡང་། དེ་ནས་ཀློག་ཐུབ་མ་སོང་། ཡང་བསྐྱར་ཁྱེད་ཀྱི་སྒྲུང་རིང་དེ་ཀློག་པའི་འགོ་བཙུགས་པ་ཡིན།
    ཨ་རོ། ད་སྐམ་དང་། ཚོང་གིས་ཁྱེད་ཀྱི་སྒྲུང་གི་ངོ་བོ་བསྒྱུར་སྲིད། ཉི་མ་ཁ་ཤས་སྔོན་ལ་ང་ཁྱེད་ཚོའི་ལུང་པ་དེར་བསླེབས་ཀྱང་། ཤ་བཙོས་མ་དང་མ་བཙོས་པ་སྟེ། རྗེན་བཟའ་བྱེད་མཁན་མང་པོ་འདུག དེ་དག་དངོས་སྒྲུང་ནང་དུ་ཞུགས་པ་མིན་ལས་ཆེ། རྩེད། ལོ་སར་བཟང་།

    Reply
  5. sha tak ri sim says:
    ལོ་ 16 སྔོན།

    སྐུ་ཉིད་ཕེབས་ནས་ཀློག་པ་དགའ་ཡོད། རྗེས་ཕྱོགས་ཀྱང་ཁོམ་དུས་ཡོང་གི་བསྡོད། ད་ནི་ཟིན་བྲིས་འདི་ལ་མཆན་པུ་ཇེ་ཉུང་དུ་འགྲོ་བཞིན་འདུག ལོ་སར་བའི་ནང་དུ་ཚང་མ་ལས་དོན་ཞིག་གི་ཁོམ་ལོང་སྤྲོད་ཀྱི་མེད་པ་འདྲ།

    Reply
  6. Dre Sha Zen says:
    ལོ་ 16 སྔོན།

    བཀླགས་ཟིན

    Reply

དཔྱད་མཆན་སྤེལ། Cancel reply

Your email address will not be published. Required fields are marked *

སྤྱི་ཚོགས་དྲ་གནས།

ཁྱབ་བསྒྲགས།

དྲ་ངོས་ཀྱི་གནས་ཚུལ་ཚང་མའི་པར་དབང་བོད་ཀྱི་དུས་བབ་ལ་ཡོད།

གློག་འཕྲིན།

editor@tibettimes.net | office@tibettimes.net

ཁ་པར།

+91-98823-47075 | +91-92189-38041 | +91-81972-44372

Welcome Back!

OR

Login to your account below

Forgotten Password?

Retrieve your password

Please enter your username or email address to reset your password.

Log In

Add New Playlist

No Result
ཆ་ཚང་གཟིགས།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
    • གླ་ཡོད་རིན་གོང་།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese