མདུན་ངོས།
About Us
  • English
Advertisement
བོད་ཀྱི་དུས་བབ།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
    • གླ་ཡོད་རིན་གོང་།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese
No Result
ཆ་ཚང་གཟིགས།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
    • གླ་ཡོད་རིན་གོང་།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese
No Result
ཆ་ཚང་གཟིགས།
བོད་ཀྱི་དུས་བབ།
English
No Result
ཆ་ཚང་གཟིགས།

སྤྱིན་བདག་མི་དགོས། གྲྭ་བ་མི་བྱེད། {དངོས་སྒྲུང་།} དོན་ལྔ།

བོད། ཤ་ཁྲག་རུས་གསུམ།
༢༠༡༠/༠༢/༢༨
Share on FacebookShare on TwitterShare on EmailShare on Whatsapp
་་་་་་་་་དངོས་སྒྲུང་འདི་བདག་ལ་རྒྱུས་མངའ་ཡོད་མཁན་གྱི་གྲྭ་བ་ཞིག་གི་ལོ་རྒྱུས་ཡིན།


བློ་བཟང་དང་ཁོང་ཚོས་དཀའ་ཚེགས་ཆེས་མི་ཉུང་བ་ཞིག་བརྒྱུད་པའི་མཐར། ཤར་ཀོམ་པོའི་གངས་འདབས་སུ་སླེབས་ལ་ཉེ་བའི་སྐབས་ཤིག་གི་མཚན་མོ། ཁོང་ཚོ་དམག་སྒར་ཡོད་སའི་རི་ལུང་ཞིག་དུ་འབྱོར་ནས་ཉིན་བཀང་བོར་གོམ་པ་རྒྱག་མ་ཐུབ་པར། གྱང་ཆག་ཞིག་གི་ནང་དུ་སྐུང་ནས་བསྡད་ན་ཡང་ལམ་བྲོ་ཡང་རྫོགས་ཀྱི་ཡོད་པ་དང་། མི་རེ་ལ་རྩམ་པ་ཕོར་བ་བཀང་རེ་མ་གཏོགས་ཟ་རྒྱུ་ལྷག་མེད་པ་དེ་དག་ཆུ་འཁྱག་དང་ལྷན་དུ་བརྫུས་དེ་ཟོས་རྗེས་སུ། བློ་བཟང་གིས་རང་གི་ཕོར་བའི་ནང་ནས་རྩམ་པ་རྡོག་རྡོག་ཞིག་ལག་ནང་དུ་བཟུང་ནས་ཆུ་ཤོག་ཁུག་མ་ཞིག་གི་ནང་དུ་བསྡུ་ཞོར་དུ། ང་ཚོ་ཚང་མ་ཕོ་གསར་རྐྱང་རྐྱང་རེད། གྲོད་ཁོག་ཅུང་ཙམ་ལྟོགས་ཀྱང་སྐྱོན་ནི་མ་རེད། ངའི་ནུ་མོ་མཚོ་མོ་སྐྱིད་བྱིས་པ་ཡིན་སྟབས་གྲོད་ཁོག་ལྟོགས་མི་ཉན་ཟེར་བཞིན་ཆུ་ཤོག་ཁུག་མའི་ནང་དུ་བཅུགས།

ས་རུབ་པ་དང་ཁོང་ཚོ་རྒྱ་ནག་གིས་ཤར་ཀོམ་པོའི་གངས་འདབས་བར་དུ་གཞུང་ལམ་ཞིག་བཟོ་བཞིན་པ་དེ་ཡི་ནང་ནས་ཤར་རྒྱག་ལ་ཕྱིན་དུས་སུ། བློ་བཟང་གི་སྤུན་མཆེད་བཀྲ་ཤིས་དོན་འགྲུབ་ཀྱིས་བར་སྐབས་ཤིག་ལ། བློ་བཟང་ལ། ཕུ་བོ་ལགས། ད་ནི་ང་རང་གི་ཁ་མ་ན་ནས་གཏན་ནས་འགྲོ་ཐུབ་ཀྱི་མི་འདུག ཁྱེད་ཚོ་སོང་། ང་རང་གིས་ག་ལེར་འདི་ནས་ངལ་གསོ་ཞིག་བྱེད་ཀྱི་ཡིན། གལ་སྲིད་ང་རང་ག་ལེར་ཡོང་མ་ཐུབ་པ་ཡིན་ན་ད་འདི་ནས་ཕྱིར་ཐོན་ཐུབ་ཞིག་འགྲིག་འགྲོ་ངེས་ཡིན་ཟེར་ནས་བཤད་དུས། བློ་བཟང་གིས། དེ་འདྲ་མ་ཟེར། ཁྱེད་རང་གི་ཁ་མ་ན་བཞིན་ཡོད་པ་མ་རེད། ལྟོགས་བཞིན་ཡོད་་པ་རེད། ཤུགས་རྒྱོབས་དང་ང་ཚོ་འདི་ནས་མི་རིང་བར་ཟ་མ་ཞིག་རེག་ངེས་ཡིན་ཟེར་ནས་བཤད་པ་དེར་སྤུན་མཆེད་བཀྲ་ཤིས་དོན་འགྲུབ་ཀྱིས་ཀྱང་ཁ་རོག་གེར་ཤུ་རེ་བྱས་དེ་མུན་ནག་ཁྲོད་དུ་ཚང་མས་ལྷན་དུ་ཕྱིན།

བར་སྐབས་ཤིག་ལ་བློ་བཟང་གིས། གན་ཕྱོགས་སུ་འབྲོག་པ་ཁ་ཤས་ཤིག་ཡོད་ས་རེད། འདི་ནས་ལྕི་བའི་དྲི་མ་བྲོ་བཞིན་འདུག་ཞེས་བཤད་དེ། ཁོང་ཚོ་དེ་ཡི་ཕྱོགས་སུ་ག་ལེར་སོང་དུས། དངོས་ནས་དེ་རུ་ཁོང་ཚོ་ཉེ་སྔོན་ལམ་བར་དུ་མི་ཞིག་དང་འཕྲད་པ་དེ་ཡི་རང་གིས་ཚོང་གྲོགས་ཚོ་ཁྲིད་དེ་གཡག་ལ་ཅ་ལག་བཀལ་ནས་ཚོང་དུ་འགྲོ་བཞིན་པ་དེ་ཡིན་སྟབས། ཁོས་ཀྱང་བློ་བཟང་དང་ཁོང་ཚོ་ལ་ངོ་ཤེས་ཤིག་གི་ཚུལ་དུ་གུར་ཆུང་ཆུང་དེ་ཡི་ནང་དུ་སྣེ་ལེན་བྱས་པ་མ་ཟད། ཇ་ཚ་བོ་བླུད་པ་དང་རྩམ་ཁུག་ཁ་ཕྱེ་ནས་རྩམ་པ་ཟ་རོགས་ཟེར་ནས་ཁོང་ཚོ་ལ་སྣེ་ལེན་བྱས་དུས་སུ། ཚང་མས་རྩམ་པ་གཉིས་རེ་ཟོས་པ་དང་ཁོང་ཚོ་དེ་ནས་འགྲོ་ཁར་ཁོང་ཚོས་ལག་པ་ནས་རྩམ་པ་རས་ཁུག་བཀང་ཉོས་པ་དང་ཆུ་མངར་མོ་ཁ་ཤས་ཤིག་དང་བཅས་ཉོས་དེ་ཁོང་ཚོ་མུ་མཐུད་དུ་ལམ་ལ་ཆས་པ་རེད།

ཟླ་བ་ཇེ་གསལ་དུ་འགྲོ་བཞིན་པ་དང་། ཁོང་ཚོས་མིག་ལམ་དུ་ཤར་ན་འོང་བ་དེ་ནི་གངས་རི་མཐོན་པོ་ཞིག་ཡིན་སྟབས། བློ་བཟང་གིས། གངས་རི་འདི་ནི་ཤར་ཀོམ་པོ་རེད། ད་ང་ཚོ་འདི་ནས་ངལ་གསོ་བྱས་དེ་སང་ཞོགས་སྔ་བོ་ལམ་ལ་ཆས་པ་ཡིན་ན་མ་གཏོགས། དོ་ནུབ་སོང་ན་གངས་རིའི་ནང་ནས་ཉེན་ཁ་ཆེན་པོ་ཡོད་པ་རེད། གངས་ཆག་བར་དུ་ལྷུང་ན་རོ་ཡང་རེག་མི་སྲིད་པ་ལྟ་བུ་ཡིན་ཞེས་བཤད་དུས། ཁོང་ཚོ་དགོད་ཞོར་དུ་ད་རེབས་ཀྱི་འདི་ནི་དངོས་ནས་ཤར་ཀོམ་པོ་རེད་དམ་ཟེར་ནས་ལན་བཏབས་པ་རེད།

ཞོགས་པ་གནམ་མ་བླངས་སྔོན་ཙམ་དེར་ཁོང་ཚོ་ཡར་བླངས་དེ། གངས་རི་སྙེགས་ནས་མདུན་ཕྱོགས་སུ་བསྐྱོད་བཞིན་པའི་ལམ་བར་དུ་འགྲུལ་བ་ཁ་ཤས་ཤིག་དང་འཕྲད་ཀྱང་། ཁོང་ཚོས་སུས་ཀྱང་ཁོང་ཚོ་གང་དུ་འགྲོ་མཁན་ཡིན་མིན་མི་འདྲི་ལ། ཁོང་ཚོས་ཀྱང་ཕར་ལ་སྐད་ཆ་གང་ཡང་མ་བཤད་པར་རང་རང་གི་ལམ་ཁ་དེད་ནས་གང་ཐུབ་ཅི་ཐུབ་ཀྱིས་འགྲོ་བཞིན་ཡོད་པའི་སྐབས་ཤིག་ལ། ཕོ་གསར་ལོ་ན་ཉི་ཤུ་ཟིན་མི་ཟིན་ཙམ་ཞིག་དང་འཕྲད་པ་དེས་ཁོ་རང་རི་བོ་ཕར་ཕྱོགས་ནས་ཡོང་བ་ཡིན་པ་དང་། ལོ་རྟག་པར་བལ་ཡུལ་ནས་གུང་གསེང་སྐབས་སུ་འདི་ལྟར་ཡུལ་ལ་ཡོང་གི་ཡོད་ཅེས་བཤད་དུས། བློ་བཟང་གིས་གོང་དུ་དམག་མི་སྲུང་མཁན་འདུག་གམ་ཟེར་ནས་དྲིས་དུས་སུ།

ལམ་འགྲོ་བ་ཕོ་གསར་དེས་དམག་མི་ཡོད་ས་ད་དུང་ཐག་ཅུང་རིང་བོ་འདུག ཡིན་ཡང་། ཁྱེད་ཚོ་མགྱོགས་པོ་སོང་བ་ཡིན་ན་གངས་འཛེགས་བྱེད་མཁན་གྱི་ཕྱི་རྒྱལ་བ་སྐོར་ཞིག་གི་རས་གུར་ཆུང་ཆུང་རེ་ཕུབ་ནས་ཡོད་པ་དེ་འདྲ་ཞིག་ལ་ཐུག་ངེས་ཡིན། དེ་ཡི་གོང་དུ་འགྲོ་མི་ཉན། དེ་ནས་ཐད་ཀར་གངས་རིའི་ཕྱོགས་སུ་ལམ་ཁ་ཨེ་ཟིན་ལ་བལྟ་དགོས་ཀྱི་ཡོད་པ་རེད་ཅེས་ལན་བཏབ་པ་དེས་ཁོང་ཚོ་ལ་དགའ་སྤྲོ་དང་སེམས་འཚབ་གཉིས་ཀ་སྐྱེ་སུ་བཅུགས་པ་རེད།

ཕྱི་རྒྱལ་བ་རི་འཛེགས་རུ་ཁུག་དེ་ཡི་རས་གུར་འགྲམ་དུ་འབྱོར་ནས་ཁོང་ཚོས་ཇ་ཞིག་སློང་དུས། དེ་ཡི་ནང་དུ་བོད་མི་མ་བྱན་གཅིག་་གཉིས་ཤིག་ཡོད་པ་དེ་དག་གི་སྐད་སྒྱུར་འོག་ཁོང་ཚོ་ལ་ཇ་ཚ་བོ་འཐུང་རྒྱུ་རེག་པའི་སྒང་ལ་མངར་ཟས་ཀྱི་རིགས་མི་ཉུང་བ་ཞིག་ཀྱང་སྤྲད་པ་རེད། སྐབས་དེར་བོད་པ་མ་བྱན་དེ་གཉིས་ཀྱིས། ཁོང་ཚོ་ལ་ཁྱེད་ཚོ་ཕྱིར་ལོག་ན་ཡག་པོ་འདུག དེང་སང་གངས་བཀས་དེ་ཁ་སང་འདི་ནས་ཕར་འགྲོ་མཁན་གྱི་བུ་མོ་ལོ་ན་བཅུ་བདུན་ཅན་ཞིག་གངས་གསུབ་དུ་ཤོར་ནས་ང་ཚོས་རོགས་བྱས་དེ་སྲོག་སྐྱོབས་ཨེ་ཐུབ་བལྟས་ཀྱང་། ཐར་སྲོག་སྐྱོབས་ཐུབ་མ་སོང་ཟེར་ནས་བློ་བཟང་དང་ཁོས་འགྲོ་རོགས་ཚང་མ་ལ་དེ་ལྟར་བཤད་པ་རེད།

མུ་འགོད།

འབྲེལ་ཡོད་གསར་འགྱུར།

Brahma Chellaney  is an Indian geostrategist and columnist.Photo : Sri Lanka Campaign for Peace & Justice
Mobile App

རྒྱ་ནག་གིས་ཞིབ་བཤེར་གྱི་ལག་པ་རིང་དུ་བརྐྱངས་ནས་རྒྱལ་སྤྱིའི་ལྟ་སྟངས་ལ་འགྱུར་བ་གཏོང་བཞིན་ཡོད།

ཆུ་ཚོད་ ༢ སྔོན་ལ།
Mobile App

ཁ་མཆུ་ཨང་ ༢༣ པའི་གཏན་འབེབས་ཀྱི་ཉན་ཞིབ་འཚོགས། 

ཆུ་ཚོད་ ༤ སྔོན་ལ།
Mobile App

ཨ་རིའི་གྲོས་ཚོགས་གོང་མའི་ནང་བོད་ཀྱི་མ་འོངས་འགན་སྲུང་ཁྲིམས་འཆར་ངོ་སྤྲོད་གནང་།

ཆུ་ཚོད་ ༦ སྔོན་ལ།
Editorials

ཤོད་མཁན་ཇེ་མང་། ཉན་མཁན་ཇེ་ཉུང་།

༢༠༢༦/༠༨/༡༡
Taiwan's President Lai Ching-te (2nd-L) and Defence Minister Wellington Koo (3rd-L) (Photo by I-Hwa Cheng / AFP via Getty Images)
Mobile App

ཐའེ་ཝན་གྱིས་དམག་ཤུགས་བསྐྱེད་ནས་རྒྱ་ནག་གི་བཙན་འཛུལ་ལ་འགོག་རྒོལ་བྱ་རྒྱུ་ཡིན་འདུག 

༢༠༢༦/༠༨/༡༡
TTT
Mobile App

འབྲས་སྤུངས་ཁྲི་ཟུར་རྗེ་བཙུན་དཀོན་མཆོག་དཔག་བསམ་དཔལ་བཟང་པོ་མཆོག་དགོངས་པ་རྫོགས།

༢༠༢༦/༠༨/༡༡

མཆན། 2

  1. sha tak ri sim says:
    ལོ་ 16 སྔོན།

    ཇིང་སྲས་མིག་གསུམ་པ་ལགས། ང་ཚོ་མ་བྱན་ཟེར་བའི་མིང་ཚིག་ཡོད་པ་རེད་འདུག སྤྱིར་ན་འདི་ནི་ཟས་གཡོས་སྤྱོར་བྱེད་མཁན་གྱི་ཕོ་མོ་གཉིས་ཀ་ལ་གོ་བ་བླངས་ན་འགྲིག་གི་འདུག བུད་མེད་ལ་བྱན་མོ་དང་བུ་ལ་བྱན་ཕོ་ཟེར་སྲོལ་ཡང་འདུག

    བྱན་ཟེར་བ་ནི་སྤྱིར་བཏང་བྱང་དུ་ཆུབ་པའི་དོན་དང་འདྲ་བ་བོ་རེད།

    Reply
  2. free sopu says:
    ལོ་ 16 སྔོན།

    བོད་པ(མ་བྱན)འདིས་དོན་ཅི་རེད་ལགས་རྩ་བ་ནས་གོ་མྱོང་མེད་པར་བསམ།

    Reply

དཔྱད་མཆན་སྤེལ། Cancel reply

Your email address will not be published. Required fields are marked *

སྤྱི་ཚོགས་དྲ་གནས།

ཁྱབ་བསྒྲགས།

དྲ་ངོས་ཀྱི་གནས་ཚུལ་ཚང་མའི་པར་དབང་བོད་ཀྱི་དུས་བབ་ལ་ཡོད།

གློག་འཕྲིན།

editor@tibettimes.net | office@tibettimes.net

ཁ་པར།

+91-98823-47075 | +91-92189-38041 | +91-81972-44372

Welcome Back!

OR

Login to your account below

Forgotten Password?

Retrieve your password

Please enter your username or email address to reset your password.

Log In

Add New Playlist

No Result
ཆ་ཚང་གཟིགས།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
    • གླ་ཡོད་རིན་གོང་།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese