ཕྱི་ཚེས་ ༢༥ ཉིན་རྒྱ་ནག་ཧི་པེ་ཞིང་ཆེན་དུ་ཡོད་པའི་ལིན་ཧྭ་ཕྱེ་རྩམ་བཟོ་གྲྭར་གས་གཏོར་དོན་རྐྱེན་བྱུང་སྟེ། མི་ ༡༣ རྐྱེན་འདས་སུ་གྱུར་བ་དང་། མི་ ༥༠ ལྷག་ལ་རྨས་སྐྱོན་ཕོག་ཡོད། ད་དུང་མི་ ༥ རྙེད་སོན་བྱུང་མེད་པ་རེད། བཟོ་གྲྭ་དེ་ནི་རྒྱ་ནག་རྒྱལ་ཡོངས་སུ་ཕྱེ་རྩམ་ཐོན་བསྐྱེད་ཀྱི་ཚད་ཆེས་མཐོ་བའི་བཟོ་གྲྭ་དེ་ཡིན་པ་དང་། བཟོ་གྲྭ་དེའི་སྤྱིའི་མ་དངུལ་གྲངས་འབོར་ནི་རྒྱ་སྒོར་དུང་ཕྱུར་ ༡༠ ལས་བརྒལ་ཡོད་པ་དང་། ད་ལྟ་བཟོ་གྲྭ་དེར་ལས་བཟོ་བ་ ༣༣༠༠ ལྷག་ཡོད་པ་རེད།
དྲ་ངོས་ཀྱི་གནས་ཚུལ་ཚང་མའི་པར་དབང་བོད་ཀྱི་དུས་བབ་ལ་ཡོད།
ད་ཡིན་ན་རྒྱུ་འབྲས་འཁོར་སོང་། རྒྱ་ནག་གི་དཔོན་རིགས་རྣམས་ཀྱིས་ལས་ངན་བསགས་པའི་རྣམ་སྨིན་དེ་དོན་མེད་མི་སྲས་ཚོའི་མགོ་ལ་སྨིན་པ་འདྲ།
སྙིང་རེ་རྗེ།
འདས་པོ་དེ་ཚོར་ཨོྃ་མ་ཎི་པདྨེ་ཧཱུྃ། ཕྱེ་རྩམ་ཟེར་ན་ཕྱེ་དང་རྩམ་ལ་ཟེར་བ་ཨེ་རེད། ལིན་ཧྭ་ནི་བཟོ་ལས་ཀྱི་ལས་རྟགས་སམ་ཅི་ཞིག་རེད།