མདུན་ངོས།
About Us
  • English
Advertisement
བོད་ཀྱི་དུས་བབ།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
    • གླ་ཡོད་རིན་གོང་།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese
No Result
ཆ་ཚང་གཟིགས།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
    • གླ་ཡོད་རིན་གོང་།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese
No Result
ཆ་ཚང་གཟིགས།
བོད་ཀྱི་དུས་བབ།
English
No Result
ཆ་ཚང་གཟིགས།

སྤྱིན་བདག་མི་དགོས། གྲྭ་བ་མི་བྱེད། {དངོས་སྒྲུང་།} དོན་བདུན།

བོད། ཤ་ཁྲག་རུས་གསུམ།
༢༠༡༠/༠༣/༠༢
Share on FacebookShare on TwitterShare on EmailShare on Whatsapp
་་་་་་་་་དངོས་སྒྲུང་འདི་བདག་ལ་རྒྱུས་མངའ་ཡོད་མཁན་གྱི་གྲྭ་བ་ཞིག་གི་ལོ་རྒྱུས་ཡིན།


ཁོང་ཚོ་སུས་ཀྱང་རྣམ་འགྱུར་མི་ལེགས་པ་མ་བསྟན་སྟབས། འགྲོ་རུ་བཅུགས་པ་དང་། ཞོར་དུ་ཁོང་ཚོ་ལ་གོང་དུ་སོང་ནས་དམག་མི་གཞན་གྱིས་འཛིན་བཟུང་བྱས་པ་ཡིན་ན་ང་ཚོས་བཏང་སོང་ཟེར་ནས་བཤད་མི་ཉན་སྐོར་ཞིག་ལག་བརྡ་དང་མགོ་བརྡ་བརྒྱབ་དེ་བཤད་པ་དེར་ཁོང་ཚོས་ཀྱང་མགོ་བོ་གཡུགས་པ་རེད།

མཚན་མོ་དེར་བློ་བཟང་གིས་རང་གི་གྲོགས་པོ་ཤེས་རབ་ལ། བན་སྡེ་འཚོ་དང་ཁོ་གཉིས་བར་གྱི་གཏམ་རྒྱུད་དེ་གླེང་བ་དང་། ད་རེབས་ང་རང་གི་རྐང་བ་འདི་གློ་བུར་དུ་ན་རྐྱེན་ཡང་དེ་དང་འབྲེལ་བ་ཡོད་མི་སྲིད་མ་རེད་ཅེས་རང་གི་སེམས་ནང་གི་དོགས་པ་དེ་དག་བཤད་རྗེས་སུ། ཕྱིར་ཉིན་སྔ་བོ་ལམ་བར་ནས་ཤིག་པ་དང་ཤིང་སོགས་འཐུས་དེ་བསང་ཞིག་གཏོང་རྒྱུའི་གྲོས་བྱས་དེ་ཉལ་བ་རེད།

བསང་དུ་སྔོ་ལྷོག་ལྷོག་གནམ་མཁར་འགྲོ་བཞིན་པའི་སྐབས་སུ། བློ་བཟང་གིས། སེམས་ནང་ནས་འདི་ལྟར་བཤད་པ་རེད། ཁྱེད་རང་དཀར་ཕྱོགས་སྐྱོང་བའི་ལྷ་ཞིག་ཡིན་ན། གཉན་ཁྱེད་ཀྱིས་ང་ལ་གསན་རོགས། བན་སྡེ་འཚོ། དངོས་ནས་མགོ་ནག་མི་རེད། ལྷག་པར་དུ་ཁོ་མོས་ང་རང་གི་དཀའ་ངལ་གཏན་ནས་མ་ཤེས་སྟབས། ང་རང་གི་ཁྲེལ་མེད་བྱས་པ་ཡང་དྲན་སྲིད་པ་ཡིན། དེ་ཡིན་ན་ཁྱེད་རང་གིས་ངའི་ཚབ་བྱས་དེ་ང་རང་ལ་རོགས་ཤིག་བྱོས། ད་ང་རང་འདི་ནས་ཁ་རོག་གེར་འགྲོ་རུ་བཅུགས། དངོས་ནས་དྲང་གནས་ཀྱི་ངས་སུ་ལ་ཡང་ཁྲེལ་གཞུང་མེད་པའི་ལས་ཤིག་བྱེད་འདོད་མེད་ཅེས་བཤད་རྗེས་སུ། ཉིན་མོ་དེར་སླར་ཡང་བློ་བཟང་ཁོ་རང་སྤུན་མཆེད་བཀྲ་ཤིས་དོན་འགྲུབ་དང་རྡོར་སྐྱབས་གཉིས་ཀྱིས་ཁུར་རེ་བྱོས་དེ་སོང་བ་རེད།

ཡ་མཚར་བ་ཞིག་ལ། ཕྱིར་ཉིན་བློ་བཟང་གི་རྐང་བ་ན་རྒྱུ་དེ་ནི་དྲགས་བསྐྱེད་བྱུང་ནས་ཁོ་རང་གི་རྐང་བའི་སྟེང་ནས་ཁོ་རང་ག་ལེར་གོམ་པ་རྒྱག་ཐུབ་པ་བྱུང་བ་རེད། བློ་བཟང་གིས་རང་གི་སེམས་ནང་དུ་སྤྱན་གསུམ་གྱི་བདག་པོ་ཁྱེད་རང་བཀའ་དྲིན་ཆེ་ཞེས་བཤད་དེ་ཁོང་ཚོ་དགའ་དགའ་སྤྲོ་སྤྲོའི་ངང་དུ་བལ་ཡུལ་དམག་མི་ཡོད་པ་རེད་ཟེར་སའི་ས་ཁུལ་རེ་ནས་སྐོང་ཁུལ་འདྲ་བྱེད་བཞིན་སོང་བ་རེད།

ཁོང་ཚོ་ཉིན་མ་མི་ཉུང་བ་ཞིག་གི་རིང་དུ་གོམ་བགྲོད་བྱེད་པའི་ལམ་བར་ནས་ཕྱི་རྒྱལ་རེ་ཟུང་གིས་ཁོང་ཚོ་བལ་སྒོར་གཅིག་སྟོང་ལྔ་བརྒྱ་དང་ཕྱུ་ར་སྐམ་པོ་སོགས་སྤྲད་པ་དང་། ཕྱི་རྒྱལ་བ་གཞན་ཞིག་གིས་ཀྱང་ཁོང་ཚོ་བལ་སྒོར་བརྒྱ་ཕྲག་ཁ་ཤས་ཤིག་གི་ཟ་མ་ཟ་རོགས་ཟེར་ནས་སྤྲད། སྣ་བོ་ཆེ་རྫོང་གི་གོང་དུ་དེ་ནས་དགོན་པ་ཆུང་ཆུང་ཞིག་གི་གནས་ཚང་དུ་བསྡད་ནས། གནས་ཚང་གྲྭ་བ་དེས་ཁོང་ཚོ་ལ་རང་ཉིད་ཀྱང་རྒྱ་གར་དུ་བསྐྱོད་མྱོང་ཡོད་རབས་སྐོར་སོགས་བཤད་པ་རེད།

གང་ལྟར་ཁོང་ཚོ་ཉིན་ཞག་མང་བོ་ཞིག་ལ་གོམ་པ་བརྒྱབ། བལ་ཡུལ་ས་ཐོག་ནས་རི་ལུང་མང་བོ་ཞིག་བརྒྱུད་མཐར། གྲོང་ཁྱེར་ཞིག་གི་འདབས་སུ་འབྱོར་ནས། ཁོང་ཚོ་རླངས་འཁོར་ཞིག་གི་ནང་དུ་བསྡད་ནས་ཡུན་རིང་མ་སོང་བའི་ལམ་བར་དུ་ལམ་སྲུང་དམག་མི་སྐོར་ཞིག་གིས་ཁོང་ཚོ་ལ་ཡི་གེ་ཡོད་མེད་སྐད་ཆ་དྲིས་པ་དེར་ཁོང་ཚོ་ལ་ཡི་གེ་མེད་པ་དང་། རྒྱ་གར་དུ་༧རྒྱལ་བ་རིན་པོ་ཆེ་མཇལ་དུ་ཡོང་བ་ཡིན་ཟེར་ནས་བཤད་དུས་སུ། དམག་མི་དེ་ཡི་ཁོང་ཚོ་ཚང་མ་ཕྱི་རུ་འབུད་དུ་བཅུགས་ནས་དམག་སྒར་ཞིག་དུ་ཁྲིད་དེ་སོང་བ་རེད།

དམག་སྒར་དེ་རུ་སླེབས་མ་ཐག ཁང་བ་ཉིས་ཐོག་ཞིག་གི་སྒང་དུ་དམག་དཔོན་ཆེན་པོ་ཞིག་གིས་མི་ཁ་ཤས་དང་ལྷན་དུ་སྐད་ཆ་བཤད་ནས་བསྡད་ཡོད་སྟབས། ཁོང་ཚོ་འོག་ནས་ཁང་འགྲམ་དེ་ནས་སྒུག་དུ་བཅུགས་པ་རེད། ཁོང་ཚོས་ཞོགས་པ་ཟ་མ་ཡང་ཟོས་མེད་པས་གྲོད་ཁོག་ལྟོགས་ན་ཡང་། བཤད་ས་གང་ཡང་མེད་པར་ཁ་རོག་གེར་རང་རང་གི་ས་རུ་བསྡད་ཡོད་པའི་སྐབས་དེ་འདྲ་ཞིག་ལ། དམག་དཔོན་དེ་ཡོང་ནས་ཁོང་ཚོ་ཁྱེད་ཚོ་གང་ནས་ཡོང་བ་ཡིན། གང་དུ་འགྲོ་རྒྱུ་ཡིན་ཞེས་དྲིས་པ་རེད།

བློ་བཟང་གིས། ང་ཚོ་བོད་ནས་ཡོང་བ་ཡིན། ༧རྒྱལ་བ་རིན་པོ་ཆེ་མཇལ་དུ་འགྲོ་ཡི་ཡོད། སྐུ་མཁྱེན། ང་ཚོ་གཏོང་རོགས་ཟེར་ནས་ཞུ་བ་ཞུས་དུས། དམག་དཔོན་དེས། ཁོང་ཚོ་ལ། ༧རྒྱལ་བ་རིན་པོ་ཆེ་བོད་དུ་ཕེབས་ཚར་བ་རེད། ད་ཁྱེད་ཚོ་ཕྱིར་བོད་དུ་སོང་བ་ཡིན་ན་འགྲིག་གི་ཡོད་པ་རེད། ཁྱེད་རང་ཚོར་ནོར་སོང་བ་རེད་ཅེས་བཤད་པ་དེར། བློ་བཟང་གིས་རྒྱ་གར་སྐད་ཀྱི་སྟེང་ནས་སྐུ་མཁྱེན། ༧རྒྱལ་བ་རིན་པོ་ཆེ། ད་ལྟ་རྒྱ་གར་དུ་བཞུགས་ཡོད་པ་ང་རང་གིས་གསལ་བོ་ཤེས་ཀྱི་ཡོད། ང་རང་ཟླ་བ་ཁ་ཤས་ཀྱི་སྔོན་དུ་བོད་དུ་སོང་ནས་ཕྱིར་རང་གི་ནུ་མོ་འདི་དང་སྤུན་མཆེད་སོགས་ཁྲིད་དེ་ཡོང་བ་ཡིན།

དམག་དཔོན་དེས། ཁྱེད་རང་གིས་མ་ཤེས་པ་རེད་མ་གཏོགས། ཟླ་བ་གཅིག་ཏག་ཏག་སྔོན་དེར་༧རྒྱལ་བ་རིན་པོ་ཆེ་བོད་དུ་ཕེབས་རྒྱུའི་གཏན་འཁེལ་བྱས་འདུག ད་ཁྱེད་ཚོ་ཕྱིར་བོད་དུ་སོང་བ་ཡིན་ན་ཡག་གི་རེད་ཅེས་བཤད་པ་རེད།

མུ་འགོད།

འབྲེལ་ཡོད་གསར་འགྱུར།

པར་བོད་ཀྱི་དུས་བབ་ཀྱི་བསྒྲིགས།
བསམ་ཚུལ།

རྒྱ་ནག་གི་ཆུ་མཛོད་ཆེན་མོ་དེ་ནི་གཙང་པོའི་སྟོད་རྒྱུད་ཀྱི་ཆུའི་འབར་རྫས་ཤིག་རེད།

༢༠༢༦/༠༩/༡༣
AfD party members celebrate victory in Saxony-Anhalt on Sunday [Matthias Schrader/AP]
Mobile App

གཡས་ཐལ་རིང་ལུགས་པའི་མགོ་འཕངས་ཇེ་མཐོ་རེད།

༢༠༢༦/༠༩/༡༡
Hong Kong’s Tiananmen vigil organizers handed lengthy prison terms
Mobile App

དྲུག་བཞིའི་དོན་རྐྱེན་རྗེས་དྲན་ཞུ་མཁན་གསུམ་ལ་བཙོན་འཇུག་ཁྲིམས་ཐག་བཅད།

༢༠༢༦/༠༩/༡༡
ངོ་རྒོལ་ལས་འགུལ་སྤེལ་སྐབས། གཞོན་ནུ་ལྷན་ཚོགས་ཀྱི་པར།
Mobile App

ཞི་ཅིན་ཕིན་རྒྱ་གར་དུ་ཡོང་བར་ངོ་རྒོལ་ཡོད།

༢༠༢༦/༠༩/༡༡
Hong Kong's then Chief Executive Tung Chee-hwa listens during a Legislative Council meeting, October 14, 2004. (REUTERS)
Mobile App

ཧོང་ཀོང་གི་སྤྱི་ཁྱབ་ཏོང་ཅན་ཧྭའི་ཚེ་སྲོག་དང་ལྷན་དུ་རྒྱལ་ཁབ་གཅིག་ལ་ལམ་ལུགས་གཉིས་ཞེས་པའི་སྲིད་ཇུས་མཇུག་བསྒྲིལ།

༢༠༢༦/༠༩/༡༠
Advertisement for App

བོད་ཀྱི་ཟློས་གར་ཚོགས་པའི་ལས་བྱེད་ས་མིག་གསལ་བསྒྲགས།

༢༠༢༦/༠༩/༡༠

མཆན། 8

  1. sha tak ri sim says:
    ལོ་ 17 སྔོན།

    ཟིན་བྲིས་འདིས་བདག་པོ་སྒོམ་སྡེ་ལྷ་རམས་པ་ལགས་དང་། ཚུལ་ཁྲིམས་ཐར་ཕྱིན་ལགས། ཁྱེད་རྣམ་པ་གཉིས་ཀྱིས་བདག་གིས་མཐའ་མའི་རེ་སྐུལ་འདི་ལ་ཅུང་ཙམ་གསན་རོགས་ཞུ། རང་གི་ཞེ་སྡང་དགྲ་བོ་མ་བཏུལ་ན།། ཕྱི་རོལ་དགྲ་བོ་བཏུལ་ཞིང་འཕེལ་བར་འགྱུར།། དེ་ཕྱིར་བྱམས་དང་སྙིང་རྗེ་དམག་དབུང་གིས།། རང་རྒྱུད་འདུལ་བ་རྒྱལ་སྲས་ལག་ལེན་ཡིན།

    ཚུལ་ཁྲིམས་ཐར་ཕྱིན་ལགས། ཉིད་ནས་བདག་ལ་གསལ་བཤད་གནང་བ་བཀའ་དྲིན་ཆེ་ལགས། དྲ་གྲོགས་གཞན་དག་གིས་ཀྱང་སྐུ་ཉིད་ལ་བསམ་ཤེས་གནང་ངེས་ཡིན།

    འདི་སྒོམ་སྡེ་བའི་ཟིན་བྲིས་ཀྱི་འདབས་སུ་མཆན་པུ་བཏབ་པ་ཞིག་ཡིན། སྐུ་ཉིད་ཀྱིས་དེ་ནས་མ་་གཟིགས་པ་ཡིན་ན་འདི་ནས་གཟིགས་ཐུབ་པར་ཤོག

    Reply
  2. sha tak ri sim says:
    ལོ་ 17 སྔོན།

    སྤུན་ཟླ་ཁྱེད་ཅག་ཕེབས་ནས་རང་རང་གི་བསམ་ཚུལ་ལྷུག་པོར་གསུངས་པ་དེར་དགའ་གུས་ཚད་མེད་ཡོད་ལ། ངའི་ཟིན་བྲིས་འདི་ལ་ཁྱེད་ཅག་གིས་ཐུགས་འཁུར་གནང་བ་དེར་དེ་བས་ཀྱང་དགའ་ཡོད། རྗེས་ཕྱོགས་ཀྱང་གང་ཁོམ་ལ་ཕེབས་རོགས་ཞུ།

    Reply
  3. Tentsetso says:
    ལོ་ 17 སྔོན།

    གྲོགས་ལགས། འགྲོ་ཞོར་ལ་སྟབས་རེ་འགྲིག་ན་ཉིད་ཀྱི་ཟིན་བྲིས་ཀློག་བཞིན་ཡོད། མཆན་བུ་འདེབས་རྒྱུ་ཆུ་ཚོད་ཀྱི་ཁོམས་ལོང་ཅུང་ཁག

    Reply
  4. sogyal says:
    ལོ་ 17 སྔོན།

    བཀླགས་ནས་ཕྱིན།

    Reply
  5. Tsultrim Tharshin says:
    ལོ་ 17 སྔོན།

    ཤ་ཁྲག་རུས་གསུམ་ལགས།   
    སྒོམ་སྡེའི་ཟིན་བྲིས་ཀྱི་༼ཚུལ་ཁྲིམས་མཐར་ཕྱིན་སུ་ཡིན་ཤེས་མཁན་ཡོད་དམ་༽ཟེར་བ་དེའི་ནང་དུ་ཁྱེད་ལ་ལན་ཞིག་ཕུལ་ཡོད་པས་གཟིགས་རོགས།   དེ་ནས་གྲགས་པ་རྒྱལ་མཚན་གྱི་མིང་འདི་ལ་ཉིད་རྣམ་རྟོག་ཟ་གི་ཡོད་ན་ཀློག་ཚར་རྗེས་མཆན་འདི་བསུབ་རོགས།   ཉིད་ནས་ཕྲན་ལ་ལན་རེ་གནང་རྒྱུ་ཡོད་ན་སྒོམ་སྡེའི་ཟིས་བྲིས་ནས་གསུངས་རོགས།  ཐུགས་རྗེ་ཆེ།

    Reply
  6. ChongTsang says:
    ལོ་ 17 སྔོན།

    མི་འཁྱམས་ཤ་ཁྲག་རུས་གསུམ་འདིར།
    ལྷ་སྲུང་ཞིག་གི་ཁྱད་ཆོས་ཡོད།
    ཀི་རེ་བཏབས་ན་རྡུལ་རེ་འབུད།
    མིང་རེ་བོས་ན་དོན་རེ་སྟོན།
    ཀྱེེ
    གསོལ་ལོ་གསོལ་ལོ་ལྷ་གསོལ་ལོ།
    ཤ་དང་ཁྲག་གིས་མགྲོན་གསོལ་ལོ།
    རུས་རྐང་ཁུ་བས་ཞལ་གསོལ་ལོ།
    དབྱིན་མོ་སྟུ་ཡིས་ཐུགས་གསོལ་ལོ།
    མ་འདུག་མྱུར་དུ་ཕེབས་གསོལ་ལོ།
    མཆན་བུ་འདེབས་པར་སྔོན་གསོལ་ལོ།

    Reply
  7. མེ་ཆར། says:
    ལོ་ 17 སྔོན།

    དམག་དཔོན་དེས་མགོ་སྐོར་གྱི་ཚིག་དེ་ལ་བསམ་ནས་མཚམས་འཇོག་བྱས་ཡིན། ཉིན་རེ་ཚན་པ་གཅིག་རེ་སྤེལ་ན་ང་ལྟ་བུའི་ཀློག་པ་པོ་དག་ལ་ཉིད་ཀྱི་སྒྲུང་རིང་འདི་མཇུག་པར་དུ་བཀླག་ཐུབ་པའི་དགེ་མཚན་ཆེ་བར་འདོད་པའི་བསམ་ཚུལ་ཡོད་ཞུ་གི་ཡིན།

    Reply
  8. jamgon says:
    ལོ་ 17 སྔོན།

    གྲོགས་བོད། ཤ་ཁྲག་རུས་གསུམ་ལགས། ཡུན་རིང་ཞིག་ལ་ལོ་སར་གྱི་འཚམས་འདྲི་ཙམ་ཡང་བྱེད་མ་ཐུབ་པ་དགོངས་དག་ཞུ་བཞིན་ཡོད་ལ། ལྷག་དོན་ཉིད་ཀྱི་ཟིན་བྲིས་ལ་ལྟ་གཡེང་ཞིག་ཀྱང་བྱེད་མ་ཐུབ་པ་དེ་བས་ཀྱང་དགོངས་སེལ་གནང་རོགས། ད་ལྟ་ཁོམ་སྐལ་ཙམ་བྱུང་བ་འདི་ལས་སྐལ་ཙམ་དུ་སེམས་ནས་མུ་མཐུད་ཕྲིས་དང་ལྷོད་ཀྱི་ཀློག་གིན་ཡོད།

    Reply

དཔྱད་མཆན་སྤེལ། Cancel reply

Your email address will not be published. Required fields are marked *

སྤྱི་ཚོགས་དྲ་གནས།

ཁྱབ་བསྒྲགས།

དྲ་ངོས་ཀྱི་གནས་ཚུལ་ཚང་མའི་པར་དབང་བོད་ཀྱི་དུས་བབ་ལ་ཡོད།

གློག་འཕྲིན།

editor@tibettimes.net | office@tibettimes.net

ཁ་པར།

+91-98823-47075 | +91-92189-38041 | +91-81972-44372

Welcome Back!

OR

Login to your account below

Forgotten Password?

Retrieve your password

Please enter your username or email address to reset your password.

Log In

Add New Playlist

No Result
ཆ་ཚང་གཟིགས།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
    • གླ་ཡོད་རིན་གོང་།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese