མདུན་ངོས།
About Us
  • English
Advertisement
བོད་ཀྱི་དུས་བབ།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
    • གླ་ཡོད་རིན་གོང་།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese
No Result
ཆ་ཚང་གཟིགས།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
    • གླ་ཡོད་རིན་གོང་།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese
No Result
ཆ་ཚང་གཟིགས།
བོད་ཀྱི་དུས་བབ།
English
No Result
ཆ་ཚང་གཟིགས།

སྤྱིན་བདག་མི་དགོས། གྲྭ་བ་མི་བྱེད། {དངོས་སྒྲུང་།} དོན་བརྒྱད།

བོད། ཤ་ཁྲག་རུས་གསུམ།
༢༠༡༠/༠༣/༠༣
Share on FacebookShare on TwitterShare on EmailShare on Whatsapp
་་་་་་་་་དངོས་སྒྲུང་འདི་བདག་ལ་རྒྱུས་མངའ་ཡོད་མཁན་གྱི་གྲྭ་བ་ཞིག་གི་ལོ་རྒྱུས་ཡིན།


སྐར་ཆ་ཁ་ཤས་རིང་དུ་དམག་དཔོན་དེས་ཁོང་ཚོ་ལ་སྐད་ཆ་ཡར་མར་སྣ་ཚོགས་ཤིག་དྲིས་པ་དེ་ཡི་ལན་དུ་བློ་བཟང་གིས་རང་གི་གང་ཤེས་པ་དག་ཞིབ་དུ་བཤད་རྗེས་སུ། དམག་དཔོན་དེས་དམག་མི་གཞན་ཞིག་ལ་ཁོང་ཚོ་ཁྲིད་ནས་ཟ་མ་ཟ་རུ་འགྲོ་རོགས་ཞེས་སྐུལ་བ་ལྟར། ཁོང་ཚོ་དམག་མི་ཞིག་གི་རྗེས་སུ་སྙེགས་ནས་དམག་སྒར་དེ་ནས་ཟ་མ་ཟ་ས་ཞིག་དུ་སོང་ནས་འབྲས་དང་སྔོ་ཚལ་དཀྲུགས་མ་བཅས་དམག་མི་ཚོས་ཁ་ལག་ཟ་སའི་ཐབ་ཚང་ནང་ནས་གྲོད་ཁོག་རྒྱག་ཚད་ཅིག་ཟོས་པ་དང་། ཞོར་དུ་ཁོང་ཚོས་ཕན་ཚུན་ལ་ད་ནི་འུ་ཅག་ཁྲིམས་ཁང་བརྒྱུད་དེ་བལ་ཡུལ་གྱི་བོད་གཞུང་སྣེ་ལེན་ཁང་དུ་བཙོང་སྲིད་པ་རེད་ཅེས་སེམས་ཁྲལ་བྱས་ན་ཡང་། ཁ་ལག་ཟས་ཚར་རྗེས་སུ་དམག་དཔོན་དེས་ཁོང་ཚོ་ལ། ད་ཁྱེད་རང་ཚོ་རླངས་འཁོར་ཞིག་བཀག་ནས་བལ་ཡུལ་དུ་སོང་ན་འགྲིག་གི་རེད་ཅེས་བཤད་པ་རེད།

དེ་དུས་ཁོང་ཚོ་དངོས་ནས་བློ་ཡུལ་ལས་འདས་པའི་སྐད་ཆ་དེས་ཅུང་ཙམ་ཡིད་མི་ཆེས་པ་ལྟ་བུ་ཞིག་ཆགས་ན་ཡང་། དམག་མི་ཞིག་གིས་ཁོང་ཚོ་ཁྲིད་དེ་རླངས་འཁོར་འགོག་དུ་སོང་བ་དང་། རླངས་འཁོར་བཀག་ནས་དམག་མི་དེས་རླངས་འཁོར་ཁ་ལོ་བ་དེ་ལ་སྐད་ཆ་ཞིག་བཤད་ན་ཡང་། དེ་ཁོང་ཚོ་སུས་ཀྱང་མ་གོ་སྟབས། སེམས་མི་བདེ་བའི་ངང་དུ་རླངས་འཁོར་ནང་དུ་བུད་དེ་ཆུ་ཚོད་ཁ་ཤས་ཤིག་སོང་བའི་ལམ་ཁ་ཞིག་ནས། སླར་ཡང་འགག་སྒོ་ཞིག་དུ་འཕྲད་ནས་རླངས་འཁོར་ནང་གི་མི་ཚང་མ་ས་རུ་འབབ་དུ་བཅུགས་དེ་འགག་སྒོ་དེ་ནས་རང་རང་གི་ཅ་ལག་ཁུར་ནས་འགག་སྒོའི་ཞིབ་གཤེར་བརྒྱུད་དེ་འགྲོ་དགོས་པ་ཆགས་པ་རེད།

བློ་བཟང་དང་ནུ་མོ་མཚོ་མོ་སྐྱིད། ཤེས་རབ་རྒྱ་མཚོ་ཁོང་གསུམ་ག་ལེར་སྔོན་དུ་མི་དམངས་དང་ལྷན་དུ་འགག་སྒོའི་ཞིབ་གཤེར་བརྒྱུད་དེ་སོང་ན་ཡང་། ཁོང་ཚོས་རྒྱབ་དུ་ཁུར་བའི་ཅ་ལག་ནང་དུ་ཕྱི་ནས་འོང་བའི་ཅ་ལག་གང་ཡང་མེད་པ་དང་བློ་བཟང་ལ་དྲི་བ་ཞིག་དྲིས་པ་དེར་བློ་བཟང་གིས་ཕྱིར་རྒྱ་གར་གྱི་སྐད་ནས་ལན་ཞིག་བཏབ་སྟབས། ཁོང་ཚོ་གང་ཡང་མ་བཤད་པར་འགྲོ་རུ་བཅུགས་ན་ཡང་། བློ་བཟང་གི་སྤུན་མཆེད་བཀྲ་ཤིས་དོན་འགྲུབ་དང་རྡོར་སྐྱབས་ལ་བསྔོག་གཤེར་བྱེད་སྐབས་སུ། བཀྲ་ཤིས་དོན་འགྲུབ་ཀྱི་རྒྱབ་ཁུག་ནང་ནས་ཁོང་ཚོས་ལྷ་ས་ནས་ཁུར་འོང་བའི་རྒྱ་ནག་གི་བརྙན་སྡེར་ཁ་ཤས་ཤིག་མཐོང་བ་དང་། ཁོ་གཉིས་ལ་ལག་ཁྱེར་སྟོན་ཤོག་ཟེར་ནས་དྲིས་དུས། ཁོ་གཉིས་ལ་ལག་ཁྱེར་སྟོན་རྒྱུ་མེད་སྟབས་དེ་ནས་བཀག་པ་རེད།

བློ་བཟང་གིས་ངང་ཚུལ་དེ་མཐོང་ནས་ཁ་ལོ་བ་དེར་ཞུ་བ་བྱས་དེ་ཁོ་རང་དང་ལྷན་དུ་འགྲོ་རོགས་གནོང་ཟེར་ནས་བཤད་དུས། ཁ་ལོ་བས་ཀྱང་རླངས་འཁོར་ནང་གི་མི་ཚང་མས་ཁོ་གཉིས་ལ་སྒུག་ཡོད་པ་དེ་ཡི་ངོ་ལྡོག་མ་ཐུབ་པ་དང་ཡང་ན། གོང་ནས་དམག་མི་དེས་ཁོ་རང་ལ་རེ་བཅོལ་ཞིག་བྱས་ཡོད་པ་གང་ཡིན་མི་ཤེས་ཀྱང་། བློ་བཟང་གི་ལྷན་དུ་སོང་ནས་ཁོང་ཚོ་སྔོན་ནས་དམག་སྒར་ནས་ལྷོད་དེ་ཁོ་རང་གི་རླངས་འཁོར་ནང་དུ་བཞག་པ་ཡིན་རབས་བཤད་པ་དེས་འགག་སྒོ་དེ་ནས་ཁ་ལོ་བ་དེས་སྐད་ཆ་ལ་ཡིད་ཆེས་བྱས་དེ་ཁོང་ཚོ་འགྲོ་རུ་བཅུགས་པ་རེད།

ཁོང་ཚོ་ས་རུབ་ནས་དུས་ཚོད་གང་ཙམ་ཞིག་གི་རྗེས་སུ་བལ་ཡུལ་གྱི་རྒྱལ་ས་ཀ་ཐ་མན་ཀྲོ་ལ་འབྱོར་རྗེས་སུ། བློ་བཟང་གིས། ཁྱེད་ཚོ་འདི་ནས་བསྡོད་དང་ང་རང་སོང་ནས་གླ་བྱེད་རླངས་འཁོར་ཞིག་ཁྲིད་དེ་འོང་། ད་ནི་ང་ཚོ་བདེ་བར་འབྱོར་སོང་བ་རེད་ཅེས་བཤད་དེ་ནུ་མོ་མཚོ་མོ་སྐྱིད་ལག་མགོར་ཁྲིད་དེ་གླ་བྱེད་རླངས་འཁོར་ཞིག་འཚོལ་དུ་སོང་བ་རེད།

གླ་བྱེད་རླངས་འཁོར་ཁ་ལོ་བ་དེས་བོད་གཞུང་སྣེ་ལེན་ཁང་གང་དུ་ཡོད་མེད་མ་ཤེས་པར་མཆོད་རྟེན་རྣམ་གསུམ་གྱི་མཐའ་ནས་སྐོར་བ་ཐེངས་ཤིག་བརྒྱབ་དུས། བློ་བཟང་གིས་གང་དུ་འགྲོ་དགོས་མིན་དེ་གསལ་བོ་དྲན་ནས་ཁ་ལོ་བ་དེར་ལམ་སྟོན་བྱས་ནས་ཁོང་ཚོ་ནམ་ཕྱེད་ཙམ་ལ་སྣེ་ལེན་ཁང་གི་སྒོ་འགྲམ་དུ་འབྱོར་བ་དང་། ཚང་མ་སེམས་ཁོང་རུས་པའི་གཏིང་ནས་སྔ་ན་མེད་པའི་དགའ་སྤྲོ་ཞིག་དང་བཅས་སྣེ་ལེན་ཁང་དུ་ནང་དུ་འཛུལ་ནས་གསར་འབྱོར་ཞིག་ལ། མི་སུ་ལ་ང་ཚོ་གསར་དུ་སླེབས་མིན་ཐོ་འགོད་བྱེད་དགོས་པ་རེད་ཅེས་བཤད་དུས་སུ། མི་དེས་ཁོང་ཚོ་ཟླ་བ་རྡོ་རྗེ་ཟེར་བ་ཞིག་ཡོད་པ་དེ་ཡི་ཁང་བ་བསྟན་པ་རེད།

བློ་བཟང་གིས། ཟླ་བ་རྡོ་རྗེ་ལ། རང་ཉིད་ནི་སྔ་མོ་རྒྱ་གར་དུ་སླེབས་མྱོང་བ་ཞིག་ཡིན་ལ། འདི་ན་ངས་མཉམ་དུ་ཡོད་པའི་མི་བཞི་འདི་དག་སྔོན་ཆད་རྒྱ་གར་དུ་ཡོང་མྱོང་ཡོད་པ་མ་རེད། འདི་ཚོ་ཐོ་འགོད་ཞིག་བྱེད་རོགས་ཞེས་བཤད་དུས། ཟླ་བ་རྡོ་རྗེ་ཡིས། ད་ནི་མི་ཐོ་འགོད་བྱེད་མཁན་ཡོད་པ་མ་རེད། མཚན་དཀྱིལ་རེད། ཁྱེད་རང་ཡང་གཞན་དུ་འགྲོ་ས་ཁག་པོ་རེད། དོ་ནུབ་ཁྱེད་རང་ཡང་འདི་ནས་ཉལ་ན་འགྲིག་གི་རེད། སང་ཉིན་ཁྱེད་རང་གིས་ཁོང་ཚོ་ལ་ཐོ་འགོད་བྱེད་རོགས་ཟེར་བཞིན་ཁོང་ཚོ་ཉལ་ཁང་ཡོད་ས་བསྟན་པ་དང་། ཁྱེད་ཚོ་ལམ་ཁ་གང་ནས་ཡོང་བ་ཡིན་ཞེས་དྲིས་པ་རེད།

ང་ཚོ་ཤར་ཀོམ་པོ་བརྒྱུད་དེ་འོང་བ་ཡིན།
ལམ་པ་དེ་ནས་ཐར་གྱི་མི་འདུག་ཟེར་གྱི་འདུག ཁྱེད་ཚོ་་
ང་ཚོ་ལ་ཡང་ཐེངས་མ་ཁ་ཤས་ཤིག་ལ་དམག་གིས་འཛིན་བཟུང་བྱས་སོང་།
དེས་ན། ཁྱེད་ཚོ་གང་ཡང་མ་བྱས་པར་ལྷོད་པ་རེད་དམ།
རེད། རེད།
ཁྱེད་ཚོ་མི་ཉུང་བས་ཡིན་སྲིད། དེ་མིན་ང་ཚོ་ལ་ཁ་སང་རང་བརྡ་འབྱོར་བ་ལྟར་ན་ལམ་བར་ནས་མི་བཞི་བཅུ་ཙམ་ཞིག་བཟུང་ནས་སྣ་བོ་ཆེ་རྫོང་དུ་བཀག་འདུག སང་ཉིན་སྣེ་ལེན་ཁང་གི་མི་ལེན་དུ་འགྲོ་བཞིན་ཡོད་པ་རེད་སོགས་དོགས་པ་དང་བཅས་པའི་སྐད་ཆ་མི་ཉུང་བ་ཞིག་བཤད་རྗེས། ཁོང་ཚོ་ལ་བདེ་མོ་བཞག་ནས་བུད་སོང་བའི་རྗེས་སུ། མཚན་མོ་དེར་བློ་བཟང་གིས་མགོ་བོ་ས་ལ་བཞག་མ་ཐག གཉིད་ཐེངས་གཅིག་གིས་ནམ་བླངས་པ་ཡང་མ་ཤེས་པ་རེད།

མུ་འགོད།

འབྲེལ་ཡོད་གསར་འགྱུར།

པར་བོད་ཀྱི་དུས་བབ་ཀྱི་བསྒྲིགས།
བསམ་ཚུལ།

རྒྱ་ནག་གི་ཆུ་མཛོད་ཆེན་མོ་དེ་ནི་གཙང་པོའི་སྟོད་རྒྱུད་ཀྱི་ཆུའི་འབར་རྫས་ཤིག་རེད།

༢༠༢༦/༠༩/༡༣
AfD party members celebrate victory in Saxony-Anhalt on Sunday [Matthias Schrader/AP]
Mobile App

གཡས་ཐལ་རིང་ལུགས་པའི་མགོ་འཕངས་ཇེ་མཐོ་རེད།

༢༠༢༦/༠༩/༡༡
Hong Kong’s Tiananmen vigil organizers handed lengthy prison terms
Mobile App

དྲུག་བཞིའི་དོན་རྐྱེན་རྗེས་དྲན་ཞུ་མཁན་གསུམ་ལ་བཙོན་འཇུག་ཁྲིམས་ཐག་བཅད།

༢༠༢༦/༠༩/༡༡
ངོ་རྒོལ་ལས་འགུལ་སྤེལ་སྐབས། གཞོན་ནུ་ལྷན་ཚོགས་ཀྱི་པར།
Mobile App

ཞི་ཅིན་ཕིན་རྒྱ་གར་དུ་ཡོང་བར་ངོ་རྒོལ་ཡོད།

༢༠༢༦/༠༩/༡༡
Hong Kong's then Chief Executive Tung Chee-hwa listens during a Legislative Council meeting, October 14, 2004. (REUTERS)
Mobile App

ཧོང་ཀོང་གི་སྤྱི་ཁྱབ་ཏོང་ཅན་ཧྭའི་ཚེ་སྲོག་དང་ལྷན་དུ་རྒྱལ་ཁབ་གཅིག་ལ་ལམ་ལུགས་གཉིས་ཞེས་པའི་སྲིད་ཇུས་མཇུག་བསྒྲིལ།

༢༠༢༦/༠༩/༡༠
Advertisement for App

བོད་ཀྱི་ཟློས་གར་ཚོགས་པའི་ལས་བྱེད་ས་མིག་གསལ་བསྒྲགས།

༢༠༢༦/༠༩/༡༠

མཆན། 2

  1. sha tak ri sim says:
    ལོ་ 17 སྔོན།

    འོད་ལགས། སྐུ་ཉིན་གང་བསམ་པ་འདི་རུ་ཕེབས་ནས་གསུང་ས་པ་དེར་བཀའ་དྲིན་ཆེ། རྗེས་ཕྱོགས་ཀྱང་སྐུ་ཉིན་གང་དྲན་པ་དང་གང་བསམ་པ་དག་གསུང་ཐུབ་པར་སྨོན།

    Reply
  2. ChongTsang says:
    ལོ་ 17 སྔོན།

    བོད་ཤ་ཁྲག་རུས་གསུམ་ལགས། ཉིད་ཀྱིས་གསུངས་པ་བཞིན་ང་ཡང་སྒོམ་སྡེ་ལྷ་རམས་པ་ཟེར་བའི་རྒན་རབས་པ་འདི་གཙིག་ཏུ་བཀུར་མཁན་ཞིག་ཡིན་ཞེས་བཤད་ཀྱང་གཅམ་པའི་ཚིག་མིན་པ་ངས་ཁྱེད་ལ་གསལ་བཤད་བྱས་པ་ཡིན། ཁྱེད་ནས་གཅིག་བརྒྱ་རུ་བཟོ་བའི་སྐད་ངན་རླུང་བསྐུར་གྱི་བྱེད་སྟངས་དེ་སྤངས་ན་ལེགས། གང་ཡིན་ཟེར་ན་ངས་ཀུན་གྱི་མཐུན་ལམ་ཆེད་སྒོམ་སྡེ་ལྷ་རམས་པ་ལ་གནས་ལུགས་དང་དྲང་བདེན་གྱི་སྒོ་ནས་གོ་རྒྱུ་ཙམ་སྤྲད་པ་ལས་གུས་བརྩི་དང་གདེང་འཇོག་བྱས་མེད་པའི་གནོང་འགྱོད་གང་ཡང་མེད། དེ་བཞིན་ཁྱེད་ཀྱང་དུས་བབ་ཟིན་བྲིས་ཀྱི་གལ་ཆེའི་ཟིན་བྲིས་པ་ཞིག་ལ་ངོས་འཛིན་གདེང་འཇོག་ཞུས་ཡོད། རྣམ་པ་ཙམ་ལ་མ་བལྟ་དོན་ལ་སོམས། དེ་དོན་ཡང་ཤེས་པར་གྱིས།

    Reply

དཔྱད་མཆན་སྤེལ། Cancel reply

Your email address will not be published. Required fields are marked *

སྤྱི་ཚོགས་དྲ་གནས།

ཁྱབ་བསྒྲགས།

དྲ་ངོས་ཀྱི་གནས་ཚུལ་ཚང་མའི་པར་དབང་བོད་ཀྱི་དུས་བབ་ལ་ཡོད།

གློག་འཕྲིན།

editor@tibettimes.net | office@tibettimes.net

ཁ་པར།

+91-98823-47075 | +91-92189-38041 | +91-81972-44372

Welcome Back!

OR

Login to your account below

Forgotten Password?

Retrieve your password

Please enter your username or email address to reset your password.

Log In

Add New Playlist

No Result
ཆ་ཚང་གཟིགས།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
    • གླ་ཡོད་རིན་གོང་།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese